Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རང་ལུས་མེར་བསྲེགས་པ་ནི་བོད་མིའི་མདུན་ལམ་ཆུ་ལ་བསྐྱུར་བའི་གླེན་རྟགས་ཚ་ཤོས་ཤིག་རེད།

Posted on 2014-12-232014-12-23 By ཁ་བརྡ་ 25 Comments on རང་ལུས་མེར་བསྲེགས་པ་ནི་བོད་མིའི་མདུན་ལམ་ཆུ་ལ་བསྐྱུར་བའི་གླེན་རྟགས་ཚ་ཤོས་ཤིག་རེད།

གངས་ཤར།
 
ཉེ་ཆར་བུད་མེད་ན་ཆུང་མ་ཤ་ཚ་བ་ཞིག་དང་། གྲྭ་པ་ཕོ་གསར་ཤིག་གིས་རང་ལུས་མེར་བསྲེགས་པ་འདིས། རྒྱ་ནག་ནང་ལ་མི་ཚང་མའི་ཡིད་ལ་འཇིགས་སུ་རུང་བའི་རྒྱུ་ཞིག་བསྐྲུན་པ་དང་། རྒྱ་མི་ལྟ་ཅི། སྤྱིར་བཏང་གི་བོད་པ་རྣམས་ཀྱང་འཇིགས་ངད་དང་། འགྱོད་སེམས། ད་དུང་བཤད་མི་ཕོད་པའི་སྙིང་གཏམ་དུ་མས་བཅིངས་ཡོད། ང་རང་རྒྱ་ནག་ལ་བསྡད་ནས་རྩོམ་འདི་འབྲི་བཞིན་ཡོད། དུས་ཚོད་མང་པོ་མེད།

རང་ལུས་མེར་བསྲེགས་པའི་རིག་གཞུང་འདི་བོད་ལ་དར་བ་ནས་བཟུང་། མི་ཀུན་གྱི་ཡིད་ལ་འཇིགས་སྣང་དང་། གཤོངས་མི་ཐུབ་པ། བསམ་མི་ཕོད་པའི་འདུ་ཤེས་ཤིག་བསྐྲུན་སོང་། ངའི་ངོ་ཤེས་རྒྱ་མི་ནང་ཆོས་ལ་དད་ཅན་རྣམས་ཀྱིས་བཤད་རྒྱུར། “རང་ལུས་མེར་བསྲེགས་པ་འདིས་ནང་ཆོས་རྒྱབ་ལ་ཡིབས་པའི་བོད་པའི་ཀླ་ཀློའི་འདུ་ཤེས་ཟབ་མོ་ཞིག་མངོན་པར་བྱེད།”ཟེར།

བོད་མོ་འགའ་རེས་བཤད་རྒྱུར། “ཕྲུ་གུ་རང་ལུས་ལ་ཅི་དགར་མེར་བསྲེགས་འཇུག་པ་འདི་ངོ་མ་སྐྲག་ཡ། འདི་ངས་མི་ཐུབ་ལ། ངའི་སྤུན་ཉེ་ཚོར་རྩ་བ་ནས་བྱེད་མི་འཇུག ཆབ་སྲིད་མེད་ནའང་མེད། རང་བཙན་མེད་ན་འང་མེད། བུ་ཕྲུག་གསོན་པོར་མེ་ལ་བསྲེགས་པའི་རིག་གཞུང་འདི་ངེད་ལ་མི་དགོས།”ཅེས་ཚིག་ཐག་ཆོད་པོས་གསུངས་པ་གསལ་པོར་དྲན།

བྱིས་པ་རང་ལུས་མེར་བསྲེག་པ་འདིར་བཀག་སྡོམ་དང་། སྔོན་འགོག   སློབ་གསོ། ལམ་སྟོན་ཡེ་ནས་མེད་པར། ཡི་རངས་དང་། སེམས་ཤུགས་ཅན། དཔའ་བོ་ཟེར་བའི་ངེད་ཚོའི་ཆབ་སྲིད་ཀྱི་རིག་གཞུང་འདི་ངོ་མ་རང་ལུས་མེར་བསྲེགས་པའི་གནས་ཚུལ་ལས་འཇིགས་ངད་པ་ཡིན་པ་དེ་ཁ་ས་གཞི་ནས་ཚོར་བྱུང་། བུད་མེད་ན་ཆུང་མ་འདི་འདྲ་ཞིག་གིས་རྒྱུ་མཚན་འདི་བཤད་མེད་པར་རྩ་ཆེའི་རང་ལུས་མེར་བསྲེགས་སྐབས། ཕྱི་ནང་གཉིས་ལ་བཞུགས་པའི་མི་ཆེན་བླ་ཆེན་ཚོས་ཁུ་སིམ་མེར་གོ་མེད་ཚོད་མེད་ལྟ་བུར་བཞུགས་པ་དང་། བོད་ཡིག་དག་ཆ་མེད་ལ། ཕྱི་རྒྱལ་གྱི་སྐད་ཡིག་ལ་བྱང་པ་མེད་པའི་ཕྱི་ནང་གཉིས་ཀ་སྨིན་མེད་པའི་མི་བུ་འགའ་ཞིག་དྲ་བར་ཡོང་ནས་”མི་རིགས་ཀྱི་དཔའ་མོ།”། “ཡི་རངས་ཞུ།”ཞེས་པ་བྲིས་པ་མཐོང་དུས། ད་གཟོད་འཇིགས་སྣང་བསླེབས།

བླ་རུང་གི་གྲྭ་པ་ཞིག་ལ་ཁ་པར་བཏང་ནས། མཁན་ཚུལ་བློ་དང་། རྒན་ཚོས་རང་ལུས་མེར་བསྲེགས་པ་འདིའི་སྐོར་ལ་ཅི་གསུངས་དྲིས་པར། ཅི་མི་གསུངས། གསུང་བདེ་པོ་ཡོད་ས་མ་རེད་ཟེར། ངས། འོ་ན་མཁན་ཚུལ་བློས་སེམས་ཅན་གྱི་སྲོག་ལ་འདི་ལྟར་གཅེས་མཐོང་གནང་ནས་འབྲོག་པ་ཚོར་སེམས་ཅན་གསོད་མི་འཇུག་པར། འབྲོག་མོ་ཚོས་རང་ལུས་མེར་བསྲེགས་པ་འདིར་གསུང་བདེ་པོ་མེད་པར་ཁུ་སིམ་མེར་བཞུགས་པ་འདི་ཅི་འདྲ་རེད་ཟེར་དུས། ཁོ་ཡང་ཁོང་ཁྲོ་ལངས་ནས། ཁྱོད་སྡུག་ཁུ་རེ་མ། ཁྱེད་འཇོན་པོ་ཡོད་ན་ཁྱོད་ཀྱིས་བློ་སྐོན་གྱིས། འདི་ང་ཚོ་ཆོས་པ་ཚོའི་ལས་འགན་མ་རེད་ཟེར།

ཆོས་ཕར་ཞོག   མིའི་སྐད་ཆ་བཤད་ན། སྙིང་རྗེ་དང་ཡ་ང་མེད་པ། བསམ་ཤེས་དང་ཚོར་བ་མེད་པ། མདུན་ལམ་དང་རྒྱུ་མཚན་མེད་པའི་སྤྱི་ཚོགས་ཞིག་གིས་བོད་ཀྱི་རིག་གཞུང་གི་སྣེ་ཁྲིད་པ་འདི་འཇིགས་སྣང་རེད།

སྤྱི་ཟླ་༡༢ ཚེས་༢༣ ཉིན། པེ་ཅིང་ནས།

བསམ་ཚུལ།

Post navigation

Previous Post: གྲྭ་བ་ཞིག་གིས་རང་ལུས་མེར་བསྲེཊ་གནང་བ།
Next Post: སླར་ཡང་གསོལ་འདེབས་ཤིག་ཞུ་དགོས།

Comments (25) on “རང་ལུས་མེར་བསྲེགས་པ་ནི་བོད་མིའི་མདུན་ལམ་ཆུ་ལ་བསྐྱུར་བའི་གླེན་རྟགས་ཚ་ཤོས་ཤིག་རེད།”

  1. ལུང་རྟོགས། says:
    2014-12-23 at 11:48 pm

    ཁྱི་ཁ་ཚུམས། རྒྱ་བླ་ཞིག་གི་སྐད་ཆ་རེད། རྒྱ་བླ་ཚོ་ལ་རྒྱུ་ནོར་དགོས་པ་ལས་མི་རིགས་མི་དགོས། རྒྱ་བླ་ཚོ་ལ་རྒྱ་མོ་དགོས་པ་ལས་རིག་གཞུང་མི་དགོས། རྒྱ་བླ་ཚོས་རྒྱ་དངུལ་དང་རྒྱ་མོའི་ཆེད་དུ་བོད་མི་རིག་རང་དབང་དང་བཅས་པ་བཙོང་རྒྱུ་ལ་ཐེ་ཚོམ་གང་ཡང་མེད། རྒྱ་བླ་ཚོ་རྒྱ་དངུལ་དང་རྒྱ་མོས་སླུས་ཚར་བས་བོད་མི་རིགས་ལས་རྒྱ་ནག་ལ་དུང་བ་ཆེ། ཁོ་ཚོ་ནི་བོད་གངས་ཅན་པའི་བསྟན་བཤིག་ངོ་མ་དེ་ཡིན། ལྕེ་སྟེང་གི་བྲོ་བ་ཙམ་གྱི་ཆེད་དུ་སེམས་ཅན་མང་པོའི་སྲོག་བཅད་པ་དང་། མི་རིགས་ཤིག་གི་རང་དབང་གི་ཆེད་དུ་རང་སྲོག་བློས་གཏོང་བ་གཉིས་གོ་ས་ཅིག་ལ་བཞག་ནས་སྐད་ཆ་བཤད་སྟངས་འདིས་སྟེང་ནས་ཀྱང་ལེགས་ཉེས་མི་ཤེས་པའི་ཁྱི་གཤིས་དེ་གསལ་པོ་སྟན་འདུག

  2. མེ་ཏོག་དཀར་པོ says:
    2014-12-24 at 12:05 am

    སྤྱིར་མི་འགྲིག་པ་མེད་ཙམ་འདུག་མོད་བྱིས་པ་ཟེར་བ་འདི་དོན་ལ་མི་གནས་པ་ཞིག་རེད།

  3. བློ་བཟང་། says:
    2014-12-24 at 12:34 am

    པེ་ཅིང་ནས་བྲིས་པ་ཡིན་ཐག་ཆོད་རེད། བོད་མི་རྣམས་ཨུ་ཐུག་ནས་རང་སེྲག་ངོ་རྒོལ་བྱེད་བཞིན་པ་མ་གཏོགས། སུས་ཀྱང་དགའ་བཞིན། སྤྲོ་བཞིན། ཡིད་ཚིམ་བཞིན། སེམས་ལྷོད་ལ་བབ་ནས་སེྲག་གིན་ཡོད་པ་མ་རེད། རང་སྲེག་ངོ་རྒོལ་འདི་བྱེད་ཐབས་ཡག་ཤོས་རེད་ཟེར་མཁན་སུ་ཡང་མེད། འོན་ཀྱང་རང་སྲེག་གི་རྒྱུ་རྐྱེན་གང་ལ་ཐུག་ཡོད་མེད་དང་། རང་སེྲག་གནང་མཁན་ཚོར་གདེང་འཇོག་བྱེད་ཚུལ་ཐད། ཁ་གཏོང་ཆོག་ཆོག སྡོམ་ཚིག་འཇོག་ཆོག་ཆོག་ཆིག་ཡོད་ལེ་མ་རེད། ཚོར་སྐྱེན་རྣོ་བའི་གནད་དོན་འདིའི་ཐད། མགོ་མ་ཚོས་ན། ཧ་མ་གོ་ན། རྒྱུས་མེད་ན། དཀྲོག་གཏམ་དང་མི་སེམས་ལ་གཟན་པའི་སྐད་ཆ་མ་བཤད་བ་ཡག་གི་རེད།
    རང་སྲེག་བྱེད་དུ་འཇུག་མཁན་སུ་ཡང་ཡོད་པ་མ་རེད། དེ་ཕྱི་ནང་ཞིབ་འཇུག་པ་ཚོས་གསལ་པོ་བཟོས་ཚར་རེད།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-12-24 at 1:15 am

    མེར་སྲེག་གི་འོངས་དོན།།

    རྒྱ་གཞུང་ལ་སྙིང་ན།།
    བོད་རིགས་ལ་ཡ་ང་།།

    ཆབ་སྲིད་ལ་མགོ་འཐོམས།།
    བཙན་འོག་དེ་རྒྱུན་རིང་།།

    མི་རིགས་ཀྱི་དབྱེ་འབྱེད།།
    དཔལ་འབྱོར་གྱི་གྲལ་རིམ།།

    རང་ས་རུ་གྲངས་ཉུང་།།
    ཕྱི་མི་ཡིས་གདུག་རྩུབ།།

    མེར་སྲེག་ལས་ཅི་བྱེད།།
    གངས་ཤར་གྱིས་གསུངས་དང་།།

    རྒྱ་རིགས་ཚོས་ཤེས་དགོས།། །།

  5. ཇུས་ཏོག says:
    2014-12-24 at 1:24 am

    དར་་མ་ཁ་གཡང་ཆེན་པོ་དེ་དཔའ་བོ་དགྲ་ཁར་དབྱུགས་འདོད་མ་རེད་དམ་་།
    རང་ལུས་མེར་བསྲེགས་ལ་རྗེས་སུ་ཡིད་རང་ཞུ་མཁན་ཚང་ཁོང་ཚོ་ནང་བཞིན་
    མེེ་ནང་མ་ཕྱོང་པར་ཁྱི་འཁྱམས་ནང་སྤྱི་་ཚོགས་ནང་ངཀྲུགས་་ཤིང་རྒྱབ་ནས་ཉི་མ་མ་སྐྱེལ་རོགས་།

  6. ལུང་རྟོགས། says:
    2014-12-24 at 1:39 am

    རང་ལུས་མེར་བསྲེགས་གཏོང་བ་ནི་མི་རིགས་འདིས་རང་དབང་གི་ཆེད་དུ་རེད་ལ། རིག་གཞུང་འདི་སྲུང་སྐྱོབ་ཀྱི་ཆེད་དུ་རེད། ཁོང་ཚོ་དཔའ་བོ་མིན་ན་སུ་དཔའ་བོ་ཡིན། ཁྱི་འཁྱམ་བཞིན་སྤྱི་ཚོགས་དཀྲུག་མཁན་ནི་རྟག་པར་དྲ་རྒྱའི་ནང་དུ་རང་གི་མི་རིགས་དང་རིག་གཞུང་བླ་མ་དང་དབུ་ཁྲིད་ཚོ་ལ་ཁ་གཏོང་ནས་འཁྱམ་སྡད་མཁན་དྲ་འབུ་ཁྱོད་ཚོ་ཡིན་པ་ཤེས་པར་གྱིས།

  7. ཇུས་ཏོག says:
    2014-12-24 at 1:39 am

    དར་་མ་ཁ་གཡང་ཆེན་པོ་དེ་དཔའ་བོ་དགྲ་ཁར་དབྱུགས་འདོད་མ་རེད་དམ་་།
    རང་ལུས་མེར་བསྲེགས་ལ་རྗེས་སུ་ཡིད་རང་ཞུ་མཁན་ཚང་་མ་ཁོོང་ཚོ་ནང་བཞིན་
    མེེ་ནང་མུ་་འཐུད་ནས་ཕྱོང་དང་དགའ་བསུ་ཡོད་།།ང་ནི་ཀྲག་གི་།བོད་ནང་གི་བོད་མི་ཚོ་ཕྱི་ལ་ཡོད་པའི་བོད་པ་ཚོར་་རེ་བ་ཆེན་པོ་བཅོལ་ཡོད་ཀྱང་རེ་སྟོང་ལ་འཇོག་
    པའི་ཉེན་ཁ་འདུག་
    །རང་སྐྱིད་པོ་བཏང་མི་གཡང་ལ་ཕྱོང་བཅུག་།མེ་སྤར་་ཧ་ཧ་

  8. དྲི་མེད་ལྷག་བསམ། says:
    2014-12-24 at 1:45 am

    མ་འདྲིས་པའི་བཤེས་གཉེན་ཆེན་པོ་མཁན་པོ་ཚུལ་ཁྲིམས་བློ་གྲོས་ལ་ཁ་ཟེར་བྱེད་མཁན་ཨ་མདོའི་དགེ་ལུགས་པའི་ཚོགས་ཁག་ཅིག་རེད། བོད་པས་བོད་ལ་གནོད་བསྐྱལ་བ་རེད། ད་ལོ་བླ་རུང་ལ་སྐྱོན་བརྗོད་བྱེད་པའི་ཡི་གེ་རྒྱ་ནག་གཞུང་ལ་ཕུལ་འདུག དེ་རྩད་གཅོད་བྱས་ནས་གསེར་རྟའི་རྫོངས་དཔོན་ཕེ་ཅིན་ལ་འགྲོ་དགོས་ཐུག གཞུང་གི་ལས་བྱེད་པ་མང་པོ་ཞིག་གསེར་རྟ་ལ་མངགས་ཏེ་རྟགས་དཔྱད་བྱས་མཐར་བླ་རུང་ནི་སློབ་སྦྱོང་གི་སྟེ་གནས་ཞིག་ལས་ཆབ་སྲིད་ཀྱི་ཉེས་པ་མེད་པའི་དཀར་འདོན་བྱུང་འདུག བླ་རུང་ལ་སྐྱོན་བརྗོད་མཁན་རྣམས་ཀྱི་བྲིས་པའི་ཡི་གེ་ཕྲན་ལ་ཡང་རེ་གཉིས་ཐོབ་ཡོད། རང་བཙན་དགོས་ཟེར་མཁན་གྱི་་བླ་རྒན་འགའ་ཞིག་དང་། རྒྱ་ནག་གི་ལས་བྱེད་བླ་ཆེན་རུ་ཁག་ཅིག་གིས་བྲིས་པ་རེད། དགོས་གལ་ཐུག་ན་སྤེལ་ཆོག བོད་པའི་སྤྱི་ཚོགས་འདི་དགོད་རེ་བྲོ། །

  9. སྤོབས་པ་མཐའ་ཡས། says:
    2014-12-24 at 1:51 am

    རྩོམ་ཡིག་འདི་འབྲི་མཁན་ལ་དམིགས་ཡུལ་གཞན་ཅི་ཡང་མི་འདུག འདི་མཁན་པོ་ཚུལ་ཁྲིམས་བློ་གྲོས་ཟེར་བ་དེར་མི་དགའ་མཁན་ཞིག་རེད། བོད་མི་ས་ཡ་དྲུག་གི་ནང་ནས་ཚུལ་ཁྲིམས་བློ་གྲོས་ཀྱི་རྐེ་ནས་བཙུར་སྟངས་ལ་བལྟས་ན་ཤེས་ཡོང་གི་འདུག མི་དེས་ཁྱེད་རང་ལ་བཤད་པ་དེ་བདེན་པ་རེད། རང་ལུས་མེར་སྲེག་ལ་འདོད་པ་མེད་ནས་གོ་སྐོན་བློ་འགུགས་བྱེད་འདོད་ཡོད་ན་ཁྱེད་རང་གིས་གྱིས་དང་ཅིས་མི་ཆོག གྲུང་གོ་སྲིད་གཞུང་ཡང་ཁྱེད་དང་མཉམ་དུ་འདུག

  10. གསལ་ལེ་རྒྱལ། says:
    2014-12-24 at 2:05 am

    པེ་ཅིན་ནས་ཟེར། ཡིན་ནའང་པེ་ཅིན་གྱི་མི་ཞིག་གིས་བྲིས་བ་ཡིན་ནམ་ཁྱི་ཞིག་གིས་བྲིས་བ་ཡིན་ཞེས་བ་འདི་ངའི་དྲི་བ་ཡིན། རང་ལུས་མེར་སྲེག་གནང་མཁན་དག་གི་ཚེ་སྲོག་གི་རིན་ཐང་ལ་བརྩི་བཀུར་བྱེད་དགོས། དེ་ནི་གཙོ་བོའི་གཙོ་བོ་རེད། འདི་ནི་ང་ཚོ་ཚང་མའི་ཆེད་དུ་རེད། འདི་ནི་པེ་ཅིན་གྱི་སྒོར་མོ་ལེན་པའི་ཆེད་དུ་མ་རེད། རང་ལུས་མེར་སྲེག་འདི་སྒོར་མོ་འབའ་ཞིག་བསམ་མཁན་ཚོར་མཚོན་ན་གླེག་རྟགས་ཤིག་ཡིན་པ་ཚང་མས་ཤེས་ཡོད། དེ་བས་ཁྱོད་ཀྱི་སྐད་ཆ་འདིས་རང་ཉིད་སྒོར་དོན་པ་ཞིག་ཡིན་པ་ལས་མི་རིགས་རིང་ལུགས་ཤིག་ཡིན་པ་མཚོན་མི་ཐུབ། ཡིན་ནའང་སྐད་ཆ་འདིས་ཁྱོད་ལ་སྒོར་མོ་འགའ་རེག་ཡོད་པར་སྨོན། ད་མང་པོ་མི་བཤད། ངས་ཁྱི་སྐད་བཤད་མི་ཤེས།

  11. པདྨ says:
    2014-12-24 at 2:44 am

    འདྲ་ཆགས་མོ་འདྲ་ཞིག་བྲིས་འདུག ཡིན་ན་ཡང་བླ་རུང་དང་བླ་ཆེན་སྒེར་མིང་འཛིན་པ་དེ་ཞེ་འཁོར་ཀུན་སློང་ངན་པས་བྲིས་པ་ཤར་ཏག་རེད། དེས་ན་དྲི་མེད་ལྷག་བསམ་མཆོག་གིས་བླ་རུང་ལ་སྐྱོན་བརྗོད་མཁན་རྣམས་ཀྱི་བྲིས་པའི་ཡི་གེ་ཕྲན་ལ་ཡང་རེ་གཉིས་ཐོབ་ཡོད། རང་བཙན་དགོས་ཟེར་མཁན་གྱི་་བླ་རྒན་འགའ་ཞིག་དང་། རྒྱ་ནག་གི་ལས་བྱེད་བླ་ཆེན་རུ་ཁག་ཅིག་གིས་བྲིས་པ་རེད། དགོས་གལ་ཐུག་ན་སྤེལ་ཆོག བོད་པའི་སྤྱི་ཚོགས་འདི་དགོད་རེ་བྲོ། །ཞེས་གསུངས་འདུག དགོད་བྲོ་བ་དང་སྐྱུད་བྲོ་བའི་ཡིག་ཆ་ཡོད་རབས་གོ་ཐོས་ལས་རིག་མ་ཐལ། དེས་ན་དྲ་གྲོགས་ལྷག་ཅན་མཆོག་གིས་འདིར་འགོད་པར་མཁྱེན་ནོ། བཟང་ངན་གང་ཡིན་ཤེས་ན་བཟང་། བདེན་རྫུན་སོ་སོས་ཐག་གཅོད་ཆོག་གི་ཡ།

  12. ཆུ་ཐིགས་སྔོན་མོ says:
    2014-12-24 at 3:08 am

    ཕེ་ཅན་ལ་ཡོད་པའི་རྒྱ་ཕོགས་ཟོས་པའི་བོད་པ་ཞིག་གིས་སྐད་ཆ་རེད་་་་

  13. ལུང་རྟོགས། says:
    2014-12-24 at 3:50 am

    རང་ལུས་མེར་སྲེག་ལ་ཡི་རང་ཞུ་མཁན་ཚང་མ་རང་ཉིད་ཀྱང་མེ་ནང་ལ་མཆོང་དགོས་པ་རེད་ཟེར་ན་དེ་ནི་གནས་ལུགས་མི་ཤེས་པའི་ཁྱི་སྐད་རྒྱག་སྟངས་ཤིག་རེད། ཁྱེད་རང་གྷན་དྷི་ལྟ་བུའི་འཇོན་ཐང་ཅན་དང་བྱེད་རྗེས་ཅན་ཞིག་ཅིའི་ཕྱིར་མི་བྱེད་པ་ཡིན། ཁྱེད་རང་གྷན་དྷི་ལ་ཡི་རང་བྱེད་མཁན་ཞིག་ཡིན་པས་སོ་ཟེར་ན་གོ་རྒྱུ་ཅི་འདུག འཇིག་རྟེན་འདིས་སྟེང་གི་རང་དབང་ཡོད་ཚད་ལ་ལས་རྒྱུ་ནོར་དང་ལུས་སྲོག་སོགས་བློས་བཏང་བྱས། ལ་ལས་དེ་དག་ལ་རྒྱབ་སྐྱོར་བྱས་ནས་བྱུང་བ་ཞིག་རེད་མ་གཏོགས། མི་ཅིག་གིས་རང་དབང་གི་ཆེད་དུ་རང་སྲོག་གཏོང་ན་དེ་ལ་རྒྱབ་སྐྱོར་བྱེད་མཁན་ཚང་མས་དེ་བཞིན་དུ་གཏོང་དགོས་པ་རེད། གཏོང་མ་ནུས་ན་དེ་ལ་རྒྱབ་སྐྱོར་བྱེད་རྒྱུ་ཡོད་མ་རེད་ཟེར་ན་དེ་ནི་ལྐུགས་པ་ལ་ཕུག་རྗེན་པ་ཟ་མཁན་གྱི་སྐད་ཆ་བཤད་སྟངས་རེད།

  14. ཅོ་རི་ཉི་མ། says:
    2014-12-24 at 5:22 am

    དྲི་མེད་ལྷག་བསམ་འདི་ཐམས་ཅད་མཁྱེན་པ་ཞིག་ཡིན་ས་རེད།

    ༡་་་རྩོམ་ཡིག་འབྲི་མཁན་ཨ་མདོ་བ་ཡིན་པ་དང་།
    ༢་་་་དགེ་ལུགས་པ་ཡིན་པ།
    ༣་་་བླ་རུ་སྒར་ལ་སྐྱོན་བརྗོད་རྒྱ་གཞུང་ཕུལ་ཡོད།
    ༤་་་ཀོང་ཧོང་དམངས་གཙོའི་ལས་འགུལ་དང་ཆ་གཞི་ཡོངས་རྫོགས་རྒྱ་གཞུང་གི་དངུལ་སྤྲད་ཉོས་ཟིན་པ།
    ༥་་་བོད་ཀྱི་བླ་ཆེན་ཚོ་ལ་རྒྱ་དཔོན་ལྐོག་ཟ་རུལ་ཚོས་དངུལ་སྤྲད་ནས་བོད་བླ་ཚོས་བོད་མགོ་གནོན་པའི་ཐབས་ཇུས་བཏོན་བཞིན་ཡོད་པ་རེད་ཅེས་སོགས་ཉིན་གཉིས་ཀྱི་ནང་དུ་བཤད་སོང་། སྐད་ཆ་འདི་དྲི་མེད་ལྷག་བསམ་གྱིས་ཇི་ལྟར་ཤེས་པ་ཡིན་ནམ་་་ཞེས་པ་དྲི་བ་རེད། རྒྱ་གཞུང་གི་ལས་བྱེད་ཤིག་དང་ཡིན་གྱི་མ་རེད་བ།

    སྐད་ཆ་འདི་དག་གི་ནང་དུ་ལྷག་བསམ་རྣམ་དག་གི་དཀྲུགས་གཏམ་ག་ཚོད་མི་འདུག་དམ། རྩོམ་འབྲི་མཁན་ཨ་མདོ་རེད་ཟེར་དུས་ཆོལ་ཁའི་དཀྲུགས་གཏམ་ཤུགས་ལ་འཐེན་པ་རེད།
    རྩོམ་འབྲི་མཁན་དགེ་ལུགས་རེད་ཟེར་བ་དང་ཚུལ་བློ་ལ་སྐྱོན་བརྗོད་བྱེད་ཀྱི་འདུག་ཟེར་དུས་དགེ་ལུགས་དང་རྙིང་མའི་བར་ལ་དཀྲུགས་གཏམ་བཤད་པ་རེད།

    གཞན་རྒྱ་གཞུང་གིས་ཉོས་རབས་དང་རྒྱ་གཞུང་ལ་སྐྱོན་བརྗོད་ཡི་གེ་གཏོང་ཡོད་རབས་བཤད་པ་ནི་བཙན་བྱོལ་སྤྱི་སྟངས་ཀྱི་མི་ལ་ལྐོག་གྱུར་རེད། རྒྱ་གཞུང་དང་རྒྱའི་ལས་བྱེད་པ་ལ་འབྲེལ་ཆེན་པོ་མེད་ན་གནད་དོན་འདི་འདྲ་སུ་ཡིས་ཤེས་ཀྱི་རེད་དམ།་་་ཧཧཧ

  15. ཇུས་ཏོག says:
    2014-12-24 at 5:31 am

    རང་ལུས་མེར་བསྲེགས་སྙིང་སྟོབས་་གོ་ཆ་་བརྟན་།
    རྒྱལ་ཁབ་མི་རིགས་རྩ་དོན་ཆེད་དུ་བཏང་།
    དོན་སྨིན་ཇི་བྱུང་བོད་མིའི་སྔོན་བསག་ལས་།
    ཕ་མ་ནང་མི་སྡུག་བསྔལ་ནང་དུ་བཅུག་།

  16. ཀློང་ཆུང་ says:
    2014-12-24 at 7:44 am

    ཨ་མདོ་དགེ་ལུགས་པ་རང་བཙན་རྩོད་མཁན་རྒྱ་མིའི་ལས་བྱེད་ཁྱི་དེའི་སྐད་ཆར་མི་མང་ཆེ་བ་ལས་རྒྱུ་མཚན་གཏིང་ཟབ་པ་ཤོད་ཀྱི་འདུག་སྙམ། ཆོས་ལུགས་དང་ཆོལ་ཁའི་དུག་གིས་ཚོས་པའི་མི་ལས་ཁྱི་བློ་དཀར་འདི་ང་ལ་སྣང་བ་མང་བ་འགྲོ་སོང་། ངས་ཤེས་པ་ནི། རྩོམ་པ་པོ་ཁོང་བུད་མེད་མཛེས་མ་ཞིག་རེད།

    ཨའོ། ཨའོ། ཨའཽ།

  17. དྲི་མེད་ལྷག་བསམ། says:
    2014-12-24 at 8:13 am

    ཅོ་རི་ལགས། ཁྱོད་ཅག་བོད་དོན་བཤད་མཁན་ཚོའི་ལོང་བས་གླང་ཆེན་རེད། ཕ་རོལ་བའོའི་གསང་བའི་གནས་ཚུལ་མ་ཤེས་ཀྱང་ཚགས་པར་ལ་བལྟ་ཤེས་དགོས་རྒྱུ་མིན་ནམ། ༡་་་རྩོམ་ཡིག་འབྲི་མཁན་ཨ་མདོ་བ་ཡིན་པ། ༢་་་་དགེ་ལུགས་པ་ཡིན་ཚུལ་་གཉིས་རྒྱ་གཞུང་གིས་བཤད་པ་རེད། དཀྲུགས་གཏམ་ཡིན་སྲིད། ང་ལའང་དོགས་པ་ཡོད་ནས་ཡི་གེ་སྦྲགས་མེད། 
    ༣་་་བླ་རུ་སྒར་ལ་སྐྱོན་བརྗོད་རྒྱ་གཞུང་ཕུལ་ཡོད། འདི་གསེར་རྟ་རྫོང་ལ་ཡོགས་གྲགས་ཀྱི་སྐད་ཆ་རེད། རྫོང་དཔོན་གྱིས་བཤད་པ་རེད། འདི་དོན་ལ་དགོན་པ་དང་གཞུང་གཉིས་ཀས་ལན་འདེབས་མང་པོ་བྱས་པ་ཉི་མ་ལྟར་གསལ་བ་རེད། གསེར་རྟ་ཕྱོགས་ན་ངོ་ཤེས་འདྲ་ཡོད་ན་ཁ་པར་ཐོངས་དང་གོ་ངེས་རེད། 
    ༤་་་ཀོང་ཧོང་དམངས་གཙོའི་ལས་འགུལ་དང་འཆར་གཞི་ཡོངས་རྫོགས་རྒྱ་གཞུང་གི་དངུལ་སྤྲད་ཉོས་ཟིན་པ། ཚག་པར་སྒང་ལ་ཐོན་འདུག སྔོན་ཆད་ཐེ་ཝན་ངོ་རྒོལ་ཚོགས་པའི་སྣེ་ཁྲིད་施明德 ་ཟེར་བའི་བློ་པུད་པའི་སྐད་དང་ཡི་གེ་གཉིས་ཀ་ཧོང་ཀོག་གི་བསྒྲགས་སོང་། མ་ཟད་འདིའི་དོན་དུ་གསར་འགྱུར་འགོད་མཁན་ཀྱི་ཚོགས་འདུ་ཡང་འཚོགས་པས་ཀུན་ལ་རྒྱུས་ཡོད་པ་ཞིག་ཉིད་ཀྱིས་མ་གསན་པ་རེད། 
    ༥་་་བོད་བླ་ཚོས་བོད་མགོ་གནོན་པའི་ཐབས་ཇུས་བཏོན་ཕ་ལོ་༥་སྔོན་རྒྱ་ནང་པའི་ཚོགས་གཙོས་一诚法师ཟེར་བས་བོད་ལ་འཛིན་པའི་སྲིད་འཇུས་དེ་བོད་ཀྱི་བླ་ཆེན་མི་ཆེན་ག་གེ་མོ་མཁྱེན་རྒྱ་ཆེ་བའི་དགོངས་འཆར་རེད་ཡོངས་ཁྱབ་ཏུ་བསྒྲགས་སོང་། བོད་ཀྱི་བླ་ཆེན་ཚོ་ལ་རྒྱ་དཔོན་ལྐོག་ཟ་རུལ་ཚོས་དངུལ་སྤྲད་སྐུ་རིམ་སྒྲུབ་ཡོད་མེད་ཁོ་རང་ཚོས་བཏོན་པའི་རྣམ་ཐར་པར་རིས་ཅན་ཚོར་བལྟས་པས་ཤེས། ད་འདར་ནས་ཡོད་སྲིད། བོད་ཀྱི་ཤེས་ཡོན་པར་འདོད་པ་ཚོས། སྐྱིད་ས་ཞིག་ནས་རྨི་ལམ་ལ་འཁྲུལ་ནས་མི་སྡོད་པར། རྣ་བས་ཉན། མིག་གིས་བལྟས། གཞན་ལ་དྲིས་ན་དངོས་དོན་ལ་ཉེ་ཞིང་རྣམ་དཔྱོད་གོང་དུ་འཔེལ་བའི་གྲོགས་སུ་འགྲོ་ངེས་པའོ། །འདི་ལྟར་བཤད་པས་ཁྱོད་བློ་འཁྲུགས་པའི་རྒྱུ་རུ་འགྲོ་ན་དགོངས་དག་ཞུ། །

  18. དྲི་མེད་ལྷག་བསམ། says:
    2014-12-25 at 12:01 am

    ཆོས་ལུགས་དང་ཆོལ་ཁ་སུ་ལའང་ཞབས་འདྲེན་མཁན་ཡོད་ལ། ཞབས་འདེབས་མཁན་ཡང་ཡོད། ཚིག་གཅིག་བཤད་མ་ཐག་དེའི་རྗེས་སུ་ཤར་གྱིས་ཞུགས་མི་དགོས། བོད་འདི་དོགས་པ་ཟ་སླ། དཀྲོགས་གཏམ་མང་། མཐུན་སྒྲིལ་ཞན། དེ་བརྒྱུད་རིམ་ཞིག་རེད། དོན་དུ། པཎ་ཆེན་རིན་པོ་ཆེས། ང་ལ་རྒྱ་ཕྲུག་བྱས་ཀྱང་ཆོག ཚོང་པ་བརྒྱག་པ་བྱས་ཀྱང་ཆོག བོད་ཀྱི་བསྟན་པ་དང་མི་རིགས་ལ་ཕན་པ་ཞིག་འགྲུབ་ན་དེས་ཆོག ཅེས་གསུངས་ཡོད། འདི་ལྟར་བསམ་ཚེ་སུས་ཕན་དང་སུས་གནོད་ཡང་ཤེས་དཀའ། བསམ་བཞིན་བསམ་བཞིན་ཆབ་སྲིད་ནི་གཡོ་སྒྱུའི་འཁོར་ལོ་ཞིག་རེད། དེའི་གསང་བ་རྟོགས་པ་ལ་རང་ཉིད་དེར་ཞུགས་དགོས། ཕྲན་ལྟ་བུར་དེའི་སྐལ་བ་ཆད། ཟ་ཉལ་ཙམ་གྱིས་མི་ཚེ་སྐྱེལ་རྒྱུ་རང་རེད། ཅོ་རི་སོགས་ཀྱི་རྒྱ་ནག་གི་བདུན་ཕྲག་རྗེས་མའི་གསར་འགྱུར་དང་། ལོ་རྗེས་མའི་སྤྱི་ཟླ་༤་བའི་གསར་འགྱུར་ལ་ངེས་པར་གཟིགས་དགོས། དེས་སྟོབས་ལྡན་རྒྱལ་ཁབ་གནས་ཚུལ་རེ་གཉིས་ཤེས་པར་ངེས་སོ། །།

  19. ཟུར་གནས། says:
    2014-12-25 at 1:07 am

    བོད་ནང་ལ་མི་གསོན་པོ་མེར་བསྲེགས་པ་དེར། བོད་ཀྱི་བླ་ཆེན་རྣམས་དང་། བོད་གཞུང་གིས་ཅི་ཡང་མི་སྨྲ་བའི་རྟུལ་བཞུགས་འཛིན་པ་དེར་ང་ལ་ཡང་དྭོགས་པ་ཡོང་བཞིན་གདའ། ད་མང་པོ་བཤད་ཀྱི་མིན། བླ་ཆེན་མི་ཆེན་ལ་ཕོགས། ཁོང་རྣམ་པའི་ཆོས་སྐྱོང་མི་ལུས་སུ་གྲུབ་པ་རྣམས་ཀྱིས་ཐུབ་ན་མཐུ་དང་མི་ཐུབ་རྫུན་བཤད་ནས། མགོ་ལ་བརྒྱབ་སྲིད། ད་བདེ་མོ།

  20. གནམ says:
    2014-12-25 at 1:15 am

    འདིའི་སྐོར་འདི། དགྱ་དཔོན་གཅིག་ལ་ཁ་པར་བཏང་ཨེ་མྱོང་། ཁྱོད་པེ་ཅིན་ན་ཡོད་ན་ཡག་པོ་རེད། ཁྱོས་མགོ་ནག་རྩམ་ཟན་ཞིག་གི་བདེ་སྡུག་འདི་དགྱ་ཁྱི་གཅིག་ལ་ཡང་གསལ་བཤད་བྱེད་འདོད་ཨེ་ཤར། བཤད་ཨེ་ཐུབ། བཤད་ཨེ་ཕོད།
    ཡ་ང་བའི་འཇིག་རྟེན་ན། ཡ་ང་བའི་གནས་ཚུལ་འབུད་བཞིན་པ་རེད། བུད་ནས་ལོ་འགའ་འགོར་སོང་། འདི་བླ་མ་དང་གྲྭ་བས་བཅོས་ཐུབ་རྒྱུ་ཞིག་ཡིན་ན། བླ་མ་དང་གྲྭ་བ་ཚོ་གཙོ་བས་ཇི་ལྟར་རང་ལུས་བསྟན་དོན་དུ་སྲེག་དགོས་བ་རེད། ལྐུགས་སྐད་མ་ཤོད། སྤྱང་མདོག་གིས་དགྱ་གཡོ་མ་ཁྲབ། དགྱ་ལྟོ་རག་གི་ཡོད་ན་ཡང་། བོད་ཆོས་བཀོལ་བཞིན་པ་མ་བརྗེད། ཅི་འདྲ་འདྲའི་མྱི་སྡུག་ཐུག་ཞིག།

    བོད་འདི་མེ་སྲེག་ལས་ཐར་ཐུབ་མི་ཐུབ། སྐྱོབས་ཐུབ་མི་ཐུབ། དགྱ་དཔོན་ཚོ་དང་དགྱ་ནག་མི་དམངས། ལྷག་ཏུ། ཁྱོད་ཀྱི་མདུན་ན་ཆོས་ཞུ་བའི་ནང་པ་ཚོར་འགན་ཡོད་པ་ཞིག་ཡིན་པ་མ་ཤེས་སམ། ངོ་མི་ཚ་བའི་སྐད་ཆ་མ་ཤོད། མྱི་དྲི་མི་བྲོ་བ་ཚོ།

    ལོ་ཆུང་ན་འདྲ། ཆེ་ན་འདྲ། ཡོན་ཏན་ཡོད་ན་འདྲ། མེད་ན་འདྲ། ཉིན་རེ་ནས་ཉིན་རེར། དགྱ་ནག་གི་བསུན་གཙེར། མཐོང་ཆུང་། ཆད་གསོད། ལས་མི་དྲང་བ། རང་དབང་མེད་པ། གོ་སྐབས་མེད་པ། མི་རིགས་ཀྱི་དབྱེ་འབྱེད། སྐད་ཡིག་ལ་དམའ་འབབ། རིགས་གཞུང་ལ་གཙོག་ལྟ། ཕ་བསད། མ་བཅོམ་འགྲོ་བའི་བྱེད་ལས་ནི་མྱིག་གིས་རིག་རིག་དང་རྣ་བས་གོ་གོ་བ་རེད།

    དགྱའི་བཙོན་ན་ཡོད་པའི་བོད་མི་གསོན་པོར་ཡོད་པ་ཚོའི་བདེ་སྡུག་དང་རེ་མདུན་སྔོག་དུ། དགྱ་ནག་བཙོན་ཁང་རེ་ལ་རྒྱུས་ལོན་བྱེད་དུ་སོང་ཡོད་དམ། ང་ཚོར་ཤི་བ་ལས་མྱངས་བཞིན་པའི་གསོན་པོ་མང་། གསོན་དུ་བཞག་པའི་དགོས་མདུན་ལ་ཅི་ཞིག་སྤྲད་ཡོད། སྤྲད་འདུག།

    ཁྱི་ངན་པས། ཕར་བརྒྱུགས་ནས་རྐུན་མ་མི་དམུར་བར། ཚུར་ཡོང་ནས་སྒོ་ཆོན་དམུར་ནི་རེད། ཁྱི་འདི་ཅན་པོ་དང་མྱི་འདི་ཅན་པོ། ཝ་བཤོལ་མ་ཤེས་བ་རེད། དཔའ་བོ་མ་རེད།
    ཁྱོད་བོད་ལ་དུང་ན། ཤ་ཚ་ན། འཇོན་ནི་ཞིག་ཡིན་ན། དགྱ་མི་གཅིག་གི་སྙིང་རྗེ་སློང་དང་། དགྱ་དཔོན་གཅིག་གི་དབང་ཤུག་སློང་དང་། ཉམས་ཆུང་བོད་མིའི་རེ་བ་སྦྱིན་དང་། སྡུག་བསྔལ་བསལ་དང་།

    དགྱ་ཁྱི་དང་དགྱ་མི་ཟེར་བ་འདི་ལས་སྡུག་གཅིག་གང་ན་ཡོད། ངོ་མ་སྙིང་ལང་གི། དྲག་སྔགས་ཞིག་ཡོད་རྒྱུ་ན། ཚང་མ་རབ་སེ་འཇོག་ས་རེད།

  21. དགྲ་ལྷ་ནག་པོ says:
    2014-12-26 at 2:08 am

    ང་ཚོ་བོད་མི་འཁྱམས་པ་ཚོས་བོད་ནང་དུ་རང་བསྲེག་གནང་མཁན་དག་ལ་དཔའ་བོ་དང་རྗེས་སུ་ཡི་རང་ཡོད་ཟེར་བའི་སྐད་ཆ་མི་བཤད་ན་། རྗེས་སུ་ཡུ་རང་མེད། ཁྱེད་བླུན་པོ་རེད། ཁྱེད་རིག་འཚོ་མ་ཟིན་མཁན་རེད། ཁྱོད་ལ་མགོ་སྐོར་ཐེབས་པ་རེད། ཡང་ན་ཁྱོད་ལ་བཙན་སྐུལ་བྱས་ནས་རེད། ཟེར་དགོས་ལེ་རེད་དམ། ཅི་ཟེར་དགོས་ལེ་རེད།
    ཁོང་ཚོ་སུས་བསྲེགས་བཅུག་པ་རེད། ཅའི་ཆེད་དུ་རེད། སོ་སོ་སངས་རྒྱས་ཡ་གི་ཆེད་དུ་མ་རེད་ལ། སོ་སོ་ལ་་མིང་གྲགས་གཟི་བརྗིད་ཐོབ་ཆེད་དུ་དེ་བས་མ་རེད། འཇིག་རྟེན་ནས་འདུག་ཐབས་མེད་པའི་གནོན་ཤུགས་ཤིག་ཡོད་པ་རེད། ཤི་གསོན་གཉིས་ཀྱི་བར་མཚམས་ལ་སུ་ཞིག་གིས་དེད་པ་རེད། འདམས་ཁ་དེ་སུས་སྤྲད་པ་རེད། དེ་བཀག་འགོག་བྱ་མཁན་སུ་རེད། རང་བསྲགས་འགོག་པའི་འགན་བབ་སུ་ལ་ཡོད་པ་རེད། གཤེད་མ་ཞིག་གིས་མི་ཞིག་བསད་པ་ལ་ཆ་བཞག་ན། ང་ཚོས་ཤི་བོའི་བདག་པོ་ལ་ཁྱེད་ཀྱི་མི་དེའི་མགོ་བཅད་ཀྱང་ཤི་ཆོག་གི་མེད་པའི་སློབ་གསོ་གཏོང་ཟེར་ལེ་རེད་དམ། གཤེད་མ་དེར་ཁྱེད་ཀྱིས་དོན་མེད་དུ་མི་གསོད་རྒྱུར་མཚམས་བཞོག་ཟེར་དགོས་ལེ་རེད། མདོར་རྩ་དེ་རེད། གངས་ཤར་ཟེར་བ་འདི་ལྟ་བུའི་ལྟོ་ཁུག་ན་རྩྭ་མ་གཏོགས་མེད་མཁན་གྱི་ཁྱི་སྤྲངས་འདི་ཚོས་སྙིང་ལ་ནད་ཚོ་བཟོ་ཡོང་གི། ཕར་རྒྱ་རྒན་མ་ལབ་གོང་ ཚུར་ལངས་སྐྱག་ལབ་ཡོང་གི་འདུག ་

  22. བོད་ལ་ཞེན says:
    2014-12-26 at 2:13 pm

    ཁྱོད་རྒྱ་སྐྱག་ཚ་པོ་རླངས་པ་མ་ཡལ་བ་ཟོ

  23. ལུང་རྟོགས། says:
    2014-12-26 at 10:17 pm

    མཆན་འདེབས་མཁན་ཟུར་གནས་ཞེས་པ་འདི་དང་རྩོམ་འབྲི་མཁན་གང་ཤར་ཞེས་པ་འདི་གཉིས་མི་ཅིག་རེད་འདུག གོང་གི་རྩོམ་ཆག་འདི་ནི་ཁ་སང་བོད་ནང་ལ་དཔའ་མོ་ཞིག་གིས་རང་ལུས་མེར་བསྲེགས་བྱས་པའི་གནས་ཚུལ་ཞིག་བཀོད་སོང་བ་དེའི་གཤམ་ལ། ཟུར་གནས་ཞེས་པའི་དྲ་འབུ་འདིས་མཆན་ཞིག་བཏབ་འདུག་པ་དེ་ལ་གཞི་བྱས་ནས་བྱས་ནས་བྲིས་པ་གསལ་པོ་འདུག གང་ལྟར་དོག་པ་ཟ་དགོས་ས་རྒྱ་གཞུང་དང་རྒྱ་ནག་གི་འགོ་ཁྲིད་ཚོ་ལ་མི་ཟ་བར། ཟ་མི་དགོས་ས་བོད་གཞུང་དང་བོད་ཀྱི་བླ་ཆེན་རྣམས་ལ་ཟ་བ་འདིས་སྟེང་ནས་ཁོ་སུ་ཡིན་མིན་གསལ་པོ་སྟན་འདུག

  24. བདེན་འཚོལ། says:
    2014-12-29 at 4:18 am

    ད་་་་སྡིག་པ་ཁུར༌༌༌་མི་ཤེས། མཁས་པས་བཤད་ན་ཅི་ཡང་བདེན་ཟེར་བ་ལྟར། ང་བདེན་འཚོལ་གྱིས་གཞིགས་ན་ཚང་མའི་སྐད་ཆ་ལ་རྒྱུན་མཚན་ཏོག་ཙམ་ཏོག་ཙམ་འདུག ཨ་རོ་་་ད།་་་ ངེད་བོད་པ་ཚང་གི་ལས་དབང་འདི་ཅི་འདྲའི་དཀའ་མོ་གདའ།

  25. ཇུས་ཏོག says:
    2014-12-29 at 10:38 am

    རང་ལུས་མེར་བསྲེགས་་རླབས་ཆེན་བྱ་པ་ལ་།
    རྗེས་སུ་ཡིད་རང་་ཞུ་མཁན་དྲ་འབུ་མང་།
    གྱང་བལྟ་བྱས་ནས་་དྲ་་འབུ་ཉི་མ་བསྐྱལ་།
    ཁ་དམག་རྒྱབ་ནས་དྲ་འབུ་ཉི་མ་བསྐླྱལ་།
    མེར་བསྲེགས་རེ་བ་སྟོང་པར་བཞག་།
    གཞི་་ཡོད་ཚོ་མེ་ལ་ནམ་ཡང་བསྲེགས་མི་ཉན་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme