Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མིའི་བདེན་པར་རྒྱབ་སྐྱོར་སུས་་ཀྱང་བྱེད།

Posted on 2009-03-16 By དགེ་རབ་ 1 Comment on བོད་མིའི་བདེན་པར་རྒྱབ་སྐྱོར་སུས་་ཀྱང་བྱེད།

ཉི་མ་རྒྱལ་པོ་ཤར་པ། ཝཱ་ྞ་མཐོ་སློབ།
ཀྱི་ཧུད། བོད་མི་ཚོ་རང་ཡུལ་གཞན་དབང་དུ་ཤོར། ལས་ཀྱིས་མཇལ་བའི་བྱམས་བརྩེ་ལྷད་མེད་ཀྱི་ཕ་མ་ཟུང་དང་སྐྱིད་སྡུག་མཉམ་མྱོང་བྱེད་པའི་སྤུན་ཟླ་དང་ཁ་འབྲལ་དུ་སོང་སྟེ། མི་འདོད་པའི་སྡུག་བསྔལ་སེམས་གཏིང་དུ་འཁྱེར། སྐྱོ་པའི་མིག་ཆུས་མཁུར་ཚོ་བཀར་སྟེ། དཀའ་སྡུག་ཆེན་པོས་རི་ལུང་དང་ཆུ་ྐླུང་དུ་མ་བརྒལ་ནས་གཞན་ཡུལ་དུ་འབྱོར།
རེ་ཡ། ཁྱེད་རྣམས་ལ་རྒྱ་གཞུང་གིས་མནར་གཅོད་ཚད་མེད་གཏོང་བཞིན་པ་དེ་ལ་ང་ཚོས་ཀྱང་སེམས་པས་ག་ལ་བཟོད་ཐུབ། སྲོང་པོར་ཞུས་ན། སྙིང་ཁར་གྲི་བཙུགས་པའི་ན་ཟུག་གི་ཚོར་སྣང་དྲག་པོ་རབ་དང་རིམ་པ་མང་པོ་བྱུང་མྱོང་ལ། ད་དུང་ཡང་གཡལ་མེད། བོད་ཀྱི་རིག་གཞུང་ལ་གཅེས་ཞེན་དང་། འགྲོ་བ་མིའི་ཐོབ་ཐང་། རང་དབང་། དྲང་བདེན་ལ་ཡིད་རྟོན་བྱེད་མཁན་ནམ་རིག་གཞུང་དང་གོམས་སྲོལ་གཅིག་པའི་ཧི་མ་ལ་ཡའི་རིགས་རྒྱུད་རྣམས་ཀྱིས་ཤ་རུས་གཅིག་པའི་བོད་རིག་སྤུན་ཟླ་རྣམས་ལ་རྟག་ཏུ་རྒྱབ་སྐྱོར་བྱས་དང་བྱེད་མུས་ཡིན་ལ། འབྱུང་འགྱུར་དུས་ལའང་གདུང་སེམས་མཉམ་སྐྱེད་བྱ་རྒྱུའི་ལྷག་བསམ་དམར་ཆུང་སྙིང་གི་ཁོང་དུ་བཅངས་ཡོད།

ཀི་ལྡིར། རྒྱ་ནག་ལ་སོགས་པའི་དམར་ཤོག་གི་གཞུང་དང་ཚོགས་པ་ཁག་ཅིག་གིས་འགྲོ་བ་མིའི་ཐོབ་ཐར་དང་སྤྱིར་སྣོད་ཀྱི་འཇིག་རྟེན་དུ་དགོས་ངེས་ཀྱི་ཞི་བདེ་ལ་རྩིས་མེད་རྡོག་རོལ་བཏང་དང་གཏོང་བཞིན་པ་མ་ཟད། ནང་བཅུད་ཀྱི་སེམས་ཅན་ཀུན་གྱི་འཚོ་བའི་གཞི་མར་གྱུར་བའི་བམས་དང་སྙིང་རྗེ་ཐ་སྙད་ཙམ་ཡང་མི་འདོད་ཅིང་། རང་གཞན་གཉིས་ཀ་ཕུངས་ལ་སྦྱོར་བའིབྱ་སྤྱོད་ངན་པ་ཇེ་མང་ནས་ཇེ་སྡུག་ཏུ་སྤེལ་དང་སྤེལ་བཞིན་ཡོད་ལ། ལྷག་པར་དུ་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་དཔལ་འབོར་དང་དྲག་སྤྱོད་ཀྱི་སྟོབས་ཤུགས་ཆེ་རུ་འགྲོ་མུས་བཞིན། བགྲང་བ་ཉི་ཤུ་རྩ་གཅིག་པའི་དུས་རབས་ཀྱི་འཕོ་འགྱུར་གྱི་ཁྲོད་དུ་རྒྱལ་ཁབ་ཕན་ཚུན་དབར་འཆམ་མཐུན་གྱི་འབྲེལ་ལམ་གོང་འཕེལ་དུ་སྐྱོད་བཞིན་ཡོད་ཀྱང་། དེ་ཚོའི་དབར་ཞི་མེད་འཁྲུག་རྩོད་ཀྱི་མེ་རི་སྐྲུན་མཁན་ནམ་ཉོག་ཟིང་ཀྱི་ཆག་སྒོ་སློང་མཁན་གཙོ་བོ་ཆགས་ཡོད་པ་མ་ཟད། དེང་སང་འཛམ་གླིང་ནང་དུ་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་། དེ་བཞིན་ཁོར་ཡུག་སྲུང་སྐྱོབ་སོགས་ཀྱི་ཐད་ཐུགས་འཁུར་བཞེས་མཁན་གྱི་གང་ཟག་སྒེར་བ་དང་སྤྱི་ཚོགས་དང་རྒྱལ་ཁབ་ཆེ་ཆུང་བར་གསུམ་མི་ཉུང་བ་ཞིག་གི་སྙིང་ཁར་གསོ་ཐབས་དཀའ་བའི་རྨ་ཁ་བཟོས་དང་བཟོ་མུས་རེད།
གལ་ཏེ་རྒྱ་ནག་གཞུང་དྲང་བདེན་ལ་རྒྱབ་སྐྱོར་དང་འཚེ་མེད་ཞི་བའི་ལམ་ལུགས་ལ་བརྩི་སྲུང་དང་ལེན་བྱེད་མཁན་ཞིག་ཡིན་ན། རྒྱ་གཞུང་གིས་བཙན་པོས་དབང་སྒྱུར་བྱེད་མི་དགོས་པར་རྒྱལ་ཁབ་གཞན་དང་གཞན་གྱིས་དེའི་སྲིད་བྱུས་ལམ་ལུགས་ལ་བརྩི་སྲུང་བྱེད་མི་སྲིད་པའང་མིན། འོན་ཀྱང་། རྒྱ་ནག་གིས་དྲག་སྤྱོད་ཀྱི་སྟོབས་ཤུགས་ངོམས་ནས་རང་གི་ཁྱིམ་མཚེས་རྒྱལ་ཁབ་མང་པོ་ཞིག་ལ་གདུག་རྩུབ་ཚད་མེད་གཏོང་བཞིན་པ་ནི་འཛམ་གླིང་མི་དམངས་ཀྱིས་མིག་འཐོང་ལག་ཟིན་ཡིན་ལ། ངོ་ཚ་ཁྲེལ་མེད་ཀྱིས་འཛམ་གླིང་གང་སར་ཧར་རྒྱ་ཚ་བོའི་དྲག་ཆར་ཕབ་ནས་ཉམ་ཆུང་འགྲོ་བའི་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་ཁོར་ཡུག་ལ་གནོད་ཚབས་ཆེས་ཤིན་ཏུ་ཆེ་བཏང་དང་གཏོང་བཞིན་པ་དང་། འཛམ་གླིང་ཞི་བདེའི་དེད་དཔོན་༸གོང་ས་མཆོག་ལ་སོགས་པ་སྐྱེས་བུ་དམ་པར་མཚན་སྨོད་བྱེད་པ་ནི་འཛམ་གླིང་ལོ་རྒྱུས་ཀྱི་རྡོ་རིང་སྟེང་དུ་གསུབ་ཐབས་ཡོད་རེ་སྐན། མདོར་ན་དྲག་སྤྱོད་རིང་ལུགས་པའི་རྒྱལ་ཁབ་དང་སྤྱི་ཚོགས་ནི་དེང་སང་སྐྱེ་འགྲོ་ཀུན་གྱི་མིག་ཁར་ཚེར་མ་ལྟ་བུ་ཞིག་རང་བཞིན་གྱིས་གྱུར་ཡོད་པ་ཡིན། རྐྱེན་དེའི་དབང་གིས་རྒྱ་གཞུང་ལ་མ་རང་པའང་ཅི་ལ་མིན།་ རྐྱེན་དེའི་དབང་གིས་རྒྱ་གཞུང་ལ་མ་རང་པའང་ཅི་ལ་མིན།
བོད་མི་ཚོ། ཁྱེད་ཅག་ལ་དྲང་བདེན་གྱི་དཔང་པོ་ཡོད། ཁྱེད་ཅག་གི་དྲང་བདེན་ལ་རྒྱབ་སྐྱོར་སུས་ཀྱང་བྱེད། གདོང་དམར་བོད་མི་ཚོ། གཉའ་གནོན་ལ་མགོ་མ་སྒུར། དྲག་གནོན་ལ་དཔའ་མ་ཞུམ། ཁྱེད་ཚོས་ཞི་བའི་ཐལ་མོ་སྙིང་ཁར་སྦྱར་ནས་་འདྲང་བདེེན་གྱི་དར་ལྕོག་དགུང་མཐོར་ཀེར་ཏེ་རང་མི་རིགས་དང་རིག་གཞུང་གི་འཐབ་རྩོད་ལ་རྒྱུན་མི་ཆད་པར་ཉི་མ་ནས་ཉི་མ། ཟླ་བ་ནས་ཟླ་བ། ལོ་ནས་ལོ། མི་རབས་ནས་མིརབས་འགོར་ནའང་སེམས་ཤུགས་ཀྱི་གདུགས་ནམ་ཡང་ཕབ་མི་རུང་། བོད་ཀྱི་གཏམ་དཔེར་དཀའ་བའི་བྲག་རྡོ་དང་མ་ཐུག་ན། བདེ་བའི་སྤངས་ལ་སླེབས་མི་ཐུབ་ཅེས་བརྗོད་པ་ལྟར། ཁྱེད་བོད་མི་རྣམས་པས་གཞན་ཡུལ་དུ་གནས་པའི་རིང་སྡུག་དཀའ་ལས་ཕྲེད་ཀྱང་དེ་ལ་སྲན་ཐུབ་པར་གནང་དང་། བདེ་བའི་ཉི་མ་རང་ཡུལ་དུ་ཤར་ཡོངས་ཞེས་བདག་གིས་ལྷག་བསམ་གི་གཞེན་སྐུལ་ཞིག་འདི་ནས་ཕུལ་ལོ།

རྩོམ་རིག

Post navigation

Previous Post: ངའི་སེམས་ཤུགས་ཀྱི་ཡོང་ས་རྩ་བ་དེ་ངའི་པ་ལགས་རེད།
Next Post: མདོ་སྨད་ལོ་རྒྱུས་ཆེན་མོ་རྩོམ་པ་པོ་ཧོར་གཙང་འཇིགས་མེད་ཀྱི་ངོ་སྤྲོད་མཚམས་སྦྱོར་སྙིང་བསྡུས།

Comment (1) on “བོད་མིའི་བདེན་པར་རྒྱབ་སྐྱོར་སུས་་ཀྱང་བྱེད།”

  1. གཞིས་ལུས་བོད་པ། says:
    2009-03-18 at 12:17 am

    ངས་ད་ལྟ་CCTVབརྙན་འཕྲིན་བརྙན་འཕྲིན་གསར་འགྱུར་ལ་བལྟས་པ་ཡིན། ཤིང་རྩ་བསྟན་འཛིན་ཆོས་གྲགས་གཙོ་བྱས་པའི་བོད་ཀྱི་འཐུས་ཚབ་སྡར་མ་ཁ་ཤས་ཀྱིས་ཨ་རི་ན་སྐྱག་པ་གཏོང་གི་འདུག བོད་ལ་རང་དབང་སོགས་གོ་ཡང་མ་མྱོང་བ་མང་པོ་ཞིག་ཡོད་ཚུལ་བཤད་འདུག སྡར་མ་དེ་ཚོ། རྒྱུག་ཁྱི་དེ་ཚོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme