Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི། བཙན་བྱོལ་བོད་མི། བཙན་བྱོལ་བོད་གཞུང་། བཙན་བྱོལ་བོད་མིའི་གཞུང་།

Posted on 2011-04-262011-04-26 By དབང་ཕྱུག་ 19 Comments on བོད་མི། བཙན་བྱོལ་བོད་མི། བཙན་བྱོལ་བོད་གཞུང་། བཙན་བྱོལ་བོད་མིའི་གཞུང་།

གོང་ས་མཆོག་གིས་ཏཱ་ལའི་བླ་མ་སྐུ་ཕྲེང་རིམ་བྱོན་དག་གིས་བོད་ཀྱི་ཆབ་སྲིད་སྐྱོང་བའི་རྒྱུན་དེ་ད་ནས་མཚམས་འཇོག་རྒྱུའི་ཐག་གཅོད་དང་ཆབས་ཅིག དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ཡང་སྐབས་བསྟུན་འགྱུར་བ་གཏོང་དགོས་པའི་གསུང་འཕྲིན་ཕེབས་ཡོད་སྟབས། བཅའ་ཁྲིམས་བསྐྱར་བཅོས་ཟིན་བྲིས་ཚོགས་ཆུང་གི་ངོས་ནས། ༼མ་འོངས་པར་བཙན་བྱོལ་བོད་མིའི་གཞུང་གི་སྒྲིག་འཛུགས་ཀྱི་ལས་ཐམ་དང་ལས་རྟགས་སུ་གངས་སེང་ཁ་སྤྲོད་ཡིན་པ་གང་ཞིག་ལ་དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་གི་ཚབ་ཏུ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཅེས་འགོད་རྒྱུའི་རྒྱབ་གཉེར་ཞུས།༽ཞེས་སྙན་ཐོའི་ནང་བཀོད་ཡོད། དེ་ནི་ཚིག་སྣ་བསྟུངས་ནས་བཤད་ན། དགའ་ལྡན་ཕོ་བྲང་གཞུང་གི་ལས་རྟགས་དང་ལས་ཐམ་སྟེང་ན་༼བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ༽ཞེས་འཁོད་པ་དེ་ཚབ་ཏུ༼བདེན་པ་ཉིད་རྒྱལ་གྱུར་ཅིག༽ཅེས་འཁོད་རྒྱུའི་སྙན་ཐོ་ཞིག་རེད།

དེ་དང་འབྲེལ་ནས་གླེང་དགོས་ངེས་ཤིག་ནི། ད་ལྟའི་བར། བཙན་བྱོལ་བོད་གཞུང་ཞེས་པའི་མིང་བྱང་དང་ངོ་བོ་དེ་ག་རང་དུ་བསྡད་ཡོད་ནའང་། ད་ནས་བཙན་བྱོལ་བོད་གཞུང་གི་ངོ་བོ་དེ། ༼བཙན་བྱོལ་བོད་མིའི་གཞུང་༽ཞེས་པར་འཕོ་འགྱུར་འགྲོ་དགོས་པར་ཡང་རྩ་ཁྲིམས་ཟིན་བྲིས་པ་ཚོས་རྒྱུ་མཚན་སྣ་ཚོགས་བགྲང་གི་ཡོད། རྒྱུ་མཚན་གཅིག་ལ། ཁྲིམས་མཐུན་ཡིན་མིན་ཟེར་བ་ཞིག་འཁྱེར་སླེབས་ཡོད། ང་ཚོས་ད་ལྟའི་བར་དུ། བཙན་བྱོལ་བོད་གཞུང་འདི་ལོ་རྒྱུས་ལྡན་པའི་གཞུང་ཞིག་གི་རྒྱུན་ཡིན་པའི་སྐོར་གླེང་གིན་ཡོད་ནའང་། ད་ཆར། ལོ་རྒྱུས་ལྡན་པའི་གཞུང་གི་མིང་བྱང་ལ་འགྱུར་བ་གཏོང་བ་དེ་ལོ་རྒྱུས་ཀྱི་དགོས་མཁོ་ཡིན་པ་གླེང་གིན་གླེང་གིན་ལ། བཙན་བྱོལ་བོད་མིའི་གཞུང་ཞེས་པར་འགྱུར་བ་གཏོང་རྩིས་ཀྱི་སྐབས་འདིར། ང་ཚོས། བཙན་བྱོལ་བོད་གཞུང་དང་། བཙན་བྱོལ་བོད་མིའི་གཞུང་གཉིས་ལ་ཁྱད་པར་ག་རེ་ཡོད་མེད་སྐོར་གླེང་རྒྱུ་གལ་ཆེན་པོ་རེད།

བཙན་བྱོལ་བོད་གཞུང་ལབ་ན། བཙན་དབང་མནར་གཅོད་གང་ཞིག་ལས་བྱོལ་བའི་གཞུང་སྟེ། སྔ་མོའི་གཞུང་གི་རྒྱུན་ཞིག་ལ་གོ་བ་དང་། དེར་རྒྱལ་ཁབ་དང་མི་རིགས་གཉིས་ཀའི་བདེ་སྡུག་གི་འགན་དབང་མུ་མཐུད་ལྡན་པ་ཞིག་ཆགས་ཡོད།

བཙན་བྱོལ་བོད་མིའི་གཞུང་ལབ་ན། བཙན་བྱོལ་སྤྱི་ཚོགས་ནང་འཚོ་གནས་ཀྱི་བོད་མིའི་བདེ་སྡུག་ཁོ་ནར་ལྟ་སྐྱོང་དང་འགན་ཁུར་ཡོད་པའི་གཞུང་ཞིག་ལ་གོ་བ་ཡིན། གང་གིས་ན། བོད་མི་རིགས་ལས་བཙན་བྱོལ་བ་ཆགས་ཡོད་པའི་བོད་མིའི་གཞུང་ཡིན་པས་རེད།

དེ་བས་ན། ད་ལྟ་བཙན་བྱོལ་བོད་གཞུང་ནས་བཙན་བྱོལ་བོད་མིའི་གཞུང་ལ་འགྱུར་བ་གཏོང་སྟངས་འདིས། ད་ནས་བོད་གཞུང་ཞེས་བོད་སྤྱི་བར་འགན་ཁུར་བའི་གཞུང་དེ་མེད་པར་བྱས་ནས། ད་ལྟ་བར་ལ་བོད་སྤྱི་བའི་ལས་དོན་གྱི་འགན་དབང་དང་ལྡན་པའི་གཞུང་དེ། བཙན་བྱོལ་དུ་འཚོ་སྡོད་བོད་མི་ཁོ་ནའི་བདེ་སྡུག་འཚོ་གནས་ལ་འགན་ཁུར་བ་ཙམ་གྱི་ངོ་བོར་འཕོ་འགྱུར་འགྲོ་རྒྱུ་ཡིན་པ་འདྲ་བས། སྔར་དང་བསྡུར་བས་གཞི་རྒྱ་ཆུང་ངུ་ཞིག་ཆགས་རྒྱུ་ཡིན་པ་ཞིག་གསལ་གྱི་ཡོད། འདི་ལྟར་ན། གཞིས་ལུས་རྒྱ་ཆེའི་མི་མང་ནས་བོད་གཞུང་ཟེར་བ་ཞིག་མེད་པར་གོ་ནས། དྲི་བ་མང་པོ་ཞིག་སླེབས་ངེས་པ་ཞིག་ཆགས་ཡོད།

ཟིན་བྲིས་ཚོགས་ཆུང་གི་ཟིན་བྲིས་དེའི་ནང་། གཞུང་གི་མིང་བྱང་དང་། ལས་ཐམ། ལས་རྟགས་སོགས་ལ་ ཚིག་བཅོས་རེ་གནང་འདུག་ནའང་། རྒྱལ་གླུའི་ཚིག་ལ་༼གནམ་བསྐོས་དགའ་བ་བརྒྱ་ལྡན་༽ཞེས་པ་ཞིག་ཡོད་པ་དེར་འགྱུར་བ་འགྲོ་དགོས་མིན་གྱི་སྐོར་དེ་སྙན་ཐོའི་ནང་གསལ་མེད་པ་འདྲ། བོད་གཞུང་དགའ་ལྡན་ཕོ་བྲང་ཞེས་པའི་མིང་བྱང་ལ་འགྱུར་བ་ངེས་ཅན་གཏོང་དགོས་ཀྱི་ཡོད་པ་ཡིན་ན། རྒྱལ་གླུའི་ཚིག་འདིར་ཡང་འགྱུར་བ་འགྲོ་དགོས་པ་ཞིག་ལས། གཅིག་དེར་འགྱུར་བ་བཏང་། གཅིག་དེར་འགྱུར་བ་མ་བཏང་བ་ཡིན་ན། དེ་ནི་ལས་ཀ་གཙང་མ་ཞིག་ཆགས་ཀྱི་ཡོད་པ་མ་རེད། གཅིག་ཐང་ན། ཟིན་བྲིས་ཚོགས་ཆུང་གིས་ད་ནས་རྒྱལ་གླུ་འདི་ཡང་གཏོང་མཚམས་འཇོག་དགོས་པའི་རྒྱབ་གཉེར་ཞུ་བའང་ཡོང་མི་སྲིད་པ་གང་ཡང་མ་རེད།

བོད་མི། བཙན་བྱོལ་བོད་མི། བཙན་བྱོལ་བོད་གཞུང་། བཙན་བྱོལ་བོད་མིའི་གཞུང་། ཐ་སྙད་འདི་ཚོ་ནི་ཁྱབ་རྒྱ་ཆེ་ཆུང་གི་ཆ ནས་ཁྱད་པར་ངེས་ཅན་ཡོད་པའི་ཐ་སྙད་རེ་ཆགས་ཡོད།

སྣ་ཚོགས།

Post navigation

Previous Post: བཅའ་ཁྲིམས་བསྐྱར་བཅོས་ཀྱི་རགས་ཟིན་དང་པོའི་བཞི་པ་ནས་ཟུར་བཏོན་དོན་ཚན་ཁག
Next Post: རྟོགས་བརྗོད་འབྲི་སྟངས་གཞན་ཞིག

Comments (19) on “བོད་མི། བཙན་བྱོལ་བོད་མི། བཙན་བྱོལ་བོད་གཞུང་། བཙན་བྱོལ་བོད་མིའི་གཞུང་།”

  1. ལྷ་སྡེ་གནམ་ལོ་ཡག says:
    2011-04-26 at 4:45 am

    བཙན་བྱོལ་བོད་གཞུང་གིས་ལོ་ངོ ༤༠རིང་གཞུང་འབྲེལ་སྟེང་བཀོལ་བཞིན་པའི༼ The Central Tibetan Administration of His Holiness the Dalai Lama༽ཐད་ཀར༼ The Central Tibetan Administration of the elected leader༽ལ་འགྱུར་བ་མི་གཏོང་བར་༼བཙན་བྱོལ་བོད་མིའི་གཞུང་༽ལྟ་བུར་འགྱུར་བ་བཏང་བ་ཡིན་ན། རྒྱ་ནག་གཞུང་གིས་དེང་གི་བར་བཙན་བྱོལ་བོད་གཞུང་དེ་བཞིན་༼ཏཱ་ལའི་རུ་ཚོགས༽ཟེར་བར་བསྒྱུར་ཨེ་ཐུབ་ལ་ཤུགས་བརྒྱབ་པར་ལམ་འགྲོ་བྱུང་བ་ཞིག་ཡིན་པས། བོད་མི་ཚོར་གདམ་ག་མེད་པ་མིན་ཡང་གདམ་ག་བྱེད་ཤེས་མིན་དེར་ལོ་རྒྱུས་ཀྱིས་གོ་སྐབས་གཅིག་གནང་ཡོད་པ་ནི་
    བྱེད་སྟངས་འདི་རིགས་ལ་ཁྱོན་ཡོངས་ནས་ངོ་རྒོལ་བྱེད་འདུན་ཡོད་མེད་ལ་ཐུག་ཡོད།

  2. རེབ་གོང་བཀྲ་ཤིས། says:
    2011-04-26 at 5:33 am

    རྒྱལ་ཁབ་ཀྱི་དགོས་མཁོ་མེད་མཁན། མི་རིགས་ཀྱི་འདུ་ཤེས་མེད་མཁན། ཆབ་སྲིད་ཀྱི་ལངས་ཕྱོགས་མེད་མཁན་ཟེར་ན་འདི་འདྲ་ལ་གོ་དགོས་པ་རེད། ༧གོང་ས་མཆོག་གིས་ཆབ་སྲིད་ཀྱི་དབུ་ཁྲིད་ལས་བགྲེས་ཡོལ་གནང་དོན་ནི་བོད་ལ་དམངས་གཙོ་ཚད་ལྡན་ཞིག་ཡོང་ཆེད་ཡིན་པ་ལས། བོད་དེ་གང་ཡིན་འདི་ཡིན་མེད་པ་ཞིག་དུ་བསྒྱུར་ཕྱིར་ག་ལ་ཡིན། བོད་ཀྱི་བདེན་དོན་དེ་ཉིད་ལས་ཀྱི་སྣེ་མོ་བ་ཁྱེད་ཚོས་རྩ་བརླགས་བཏང་དང་གཏོང་བཞིན་འདུག་པ་ལྟར། ད་ཡང་༼བདེན་པ་ཉིད་རྒྱལ་གྱུར་ཅིག༽ཅེས་པའི་སྨོན་ཚིག་སྐམ་པོ་ཞིག་དགའ་ལྡན་ཕོ་བྲང་གི་མིང་བྱང་གི་ཚབ་ཏུ་འཁྱེར་ཡོང་བ་ནི་དངོས་གནས་ཁྱད་མཚར་ཞིག་རེད།
    ཚུལ་འདི་ཐད་ནས་བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་བསམ་བཞིན་དང་བསམ་བཞིན་མིན་པའི་ངང་གཉིས་ཀར་བྱས་འཛོལ་མི་ཉུང་བ་ཞིག་བཟོས་ཡོད། བཀའ་ཁྲི་མཆོག་གི་ད་ལྟའི་བཞེད་་ཕྱོགས་དེ་འདྲ་ཞིག་ཡིན་ན། དེ་སྔའི་༼ བཙན་བྱོལ་བོད་གཞུང་གི་གྲུབ་འབྲས་སྤྱི་དང་བྱེ་བྲག་༽ནང་གི་བརྗོད་དོན་གཙོ་བོ་འགའ་ཞིག་རྫུན་གྱི་ཕུང་པོར་གྱུར་པ་མིན་ནམ་སྙམ། ཞེན་པ་ཨ་འཐས་སུ་སོང་བའི་དགའ་ལྡན་ཕོ་བྲང་གི་མཚན་གནས་སྒང་ལ་ཐོན་དུས་མཛད་ཕྱོགས་མ་བདེ་བ་ཞིག་ཡོད་པ་འདྲ། བཙན་བྱོལ་བོད་གཞུང་ཞེས་ལབ་བདེ་བོ་མི་འདུག་ན། འབྲེལ་མེད་དོན་གཞན་ཡིན་པའི་བཙན་བྱོལ་བོད་མིའི་གཞུང་ཞེས་ནམ་ནམ་ཞར་ཞར་ལ་བརྗོད་དགོས་དོན་གཏན་ནས་མི་འདུག ༧གོང་ས་མཆོག་གི་དགོངས་བཞེད་ལྟར་གྱི་དམངས་གཙོ་ཚད་ལྡན་ཞིག་ལ་དགོངས་པ་བཞེས་ཀྱི་ཡིན་ཚེ། དགའ་ལྡན་ཕོ་བྲང་གཞུང་གི་མཚན་གནས་བསྡུ་དགོས་པས་མ་ཚད། བོད་ཀྱི་རྒྱལ་གླུ་དང་རྒྱལ་དར་གཉིས་ཀ་ལ་ཡང་བསྒྱུར་བཅོས་རེ་གཏོང་དགོས་ངེས་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2011-04-26 at 7:49 am

    བཙན་བྱོལ་བོད་མིའི་གཞུང་། །
    བདེན་པ་རྒྱལ་གྱུར་ཅིག
    ང་རང་རྒྱལ་གྱུར་ཅིག
    ཁོང་ཡང་རྒྱལ་གྱུར་ཅིག
    བོད་རྒྱལ་གྱུར་ཅིག
    རྒྱལ་གྱུར་ཅིག

  4. བོད་ཁམས་ཉི་མ་། says:
    2011-04-26 at 8:08 am

    ཟམ་གདོང་སྤྲུལ་སྐུ་བྱེད་རྒྱུ་མང་དྲག་ན་གསེར་སྐུ་ཟང་སྐུ་ལ་འགྱུར་ཡོང་།

  5. ཚེ་བསམ་ says:
    2011-04-26 at 11:11 am

    དེང་སྐབས་ང་ཚོའི་མིག་ལ་མཐོང་རྒྱུ་ཡོད་པའི་བོད་རང་བཙན་གཙང་མ་ཡིན་པའི་སྒྲུབ་བྱེད་གཙོ་བོ་ནི་
    བོད་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་བྲིས་པའི་དངུལ་ལོར་ཞིག་འདུག
    ངས་ཀྱང་དཔང་རྟགས་དེ་བསྟན་ནས་བོད་ནི་རང་བཙན་རྒྱལ་ཁབ་ཅིག་ཡིན་ཞེས་དཔང་རྟགས་དངུལ་ལོར་དེ་བསྟན་གི་ཡོད།འོན་ཀྱང་ད་ནས་བཙན་བྱོལ་བོད་གཞུང་ གི་ངོ་བོ་དེ། ༼བཙན་བྱོལ་བོད་མིའི་གཞུང་༽ཞེས་པར་འཕོ་འགྱུར་འགྲོ་དགོས་པར་ཡང་རྩ་ཁྲིམས་ཟིན་ བྲིས་པ་ཚོས་རྒྱུ་མཚན་སྣ་ཚོགས་བགྲང་གི་ཡོད།
    འོ་ན་བཙན་བྱོལ་བོད་མིའི་གཞུང་འདིའི་འོག་ལ་བཙན་བྱོལ་མ་ཡིན་པའི་བོད་མི་དེ་ཚོ་འདུ་གི་ཡོད་དམ་མེད་ཡོད་ན་བཙན་བྱོལ་བོད་མིའི་གཞུང་ཞེས་པ་ལ་འགྲེལ་བཤད་གསལ་པོ་ཞིག་སྐྱོན་རོགས་གནོང་།
    རང་ཉིད་བསམ་ཚུལ་གོང་གསལ་བདེན་པ་ཉིད་རྒྱལ་གྱུར་ཅིག༽ཅེས་འཁོད་རྒྱུའི་སྙན་ཐོ་དེ་ལེགས་ཆ་གང་ཡང་མཐོང་གི་མི་འདུག
    དྲ་གྲོགས་ཚོས་གནས་ཚུལ་འདི་ལ་བསམ་ཚུལ་ལྷུག་པོ་ཡོང་བའི་རེ་བ་ཡོད།
    བོད་རྒྱལ་ལོ་བཙན་བྱོལ་བོད་གཞུང་རྒྱལ་ལོ།

  6. གཞིས་ལུས་ངོ་ཚབས says:
    2011-04-26 at 11:34 am

    ད་ང་ཚོ་དང་ང་ཚོའི་གཞུང་ང་ཚོའི་སྣེ་ཁྲིད་བཅས་ལ་གྲུབ་འབྲས་ལྡན་ལ་གཟེངས་སུ་ཐོན་པའི་ནུས་པ་རེ་
    འདོན་རྒྱུ་མེད་ཚོད་རེད་ལ་ཡར་ཐོན་དང་སྟོབས་ཆེ་བའི་རྒྱལ་ཁབ་ཏུ་གྲགས་པ་དག་ལ་ཡང་ཤ་རུས་ལ་ཕན་པའི་བཀོད་པ་རེ་མེད་ཁོ་ཐག་རེད་
    དེ་ལས་མ་འོངས་པའི་ཀྲུང་གོ་དམངས་གཙོའི་ལམ་དུ་མྱུར་སྐྱོད་ཀྱི་ལམ་བུ་དེ་ལ་རེ་བ་རྒྱབ་ན་འོས་འཚམས་རེད་ དགའ་ལྡན་ཕོ་བྲང་གཞུང་ཕྱིར་བསྡུ་བྱས་ཀྱང་རུང་མ་བྱས་ཀྱང་རུང་གཞིས་བྱེས་གཉིས་ཀྱི་མི་དམངས་ཀྱི་མངོན་འདོད་ནི་ད་ལྟའི་བཙན་བྱོལ་གཞུང་གི་བྱེད་ཕྱོགས་དང་རྒྱང་རིང་ནས་རྒྱང་རིང་དུ་བཞུད་བཞིན་ཡོད་པ་ནི་ལོང་བས་བལྟས་ན་རྒྱལ་ཁམས་ཞེས་པ་ལྟར་རེད་

  7. འབྲོང་བུ་སོག་ཚ། says:
    2011-04-26 at 12:11 pm

    བཙན་བྱོལ་སྒྲིག་འཛུག་ལ་འགྱུར་བ་གཏོང་དགོས་ཕྱིན། བོད་ཀྱི་དེང་སྐབས་ཀྱི་རྒྱལ་གླུ་ལའང་འགྱུར་བ་ངེས་པར་དགོས། གང་ལགས་ཤེ་ན། གནམ་བསྐོས་དགའ་བ་བརྒྱ་ལྡན་དབུ་འཕང་གུང་ལ་རེག ཞེས་པའི་ད་ཡོད་དགའ་ལྡན་པ་སྟེ་ཆོས་ལུགས་བྱེ་བྲག་ཞིག་གིས་ཟིན་པའི་གཞུང་དེ་དོན་གྱི་བདག་པོ་རང་ནས་བསྡུས་ཟིན་པས། དེ་དང་འབྲེལ་ཡོད་ཁག་རང་བཞིན་གྱིས་སྣོན་ཕྲི་སྤོ་སྐྱོག་དགོས་པ་གདོན་མི་ཟའོ། ཕྱོགས་མཚུངས་དགའ་ལྡན་ཕོ་བྲང་ཞེས་པའི་མཐའ་སྙད་དེ། བཙན་བྱོལ་བོད་གཞུང་ཞེས་བཏགས་ན་རྒྱུན་གྱི་ཆ་ནས་བོད་སྤྱི་ལ་ཁྱབ་པའི་གཞུང་གི་མིང་དུ་རང་བཞིན་གྱི་མཐོང་བས་དེ་དོན་གནང་གྲུབ་ཞུ། ཟབ་མདོང་སྤྲུལ་སྐུ་ལ་བློ་མ་གཏད་མ་གཏོགས་དེ་ལ་དགའ་ལྡན་ཕོ་བྲང་ཟེར་དུས་སྡུག་ནད་མི་འཐེག་པ་ཞིག་ཡོད་པས་ཤི་ན་གློད་ཐབས་བྲལ་བས་ཁོའི་བསམ་ཐོག་ཏུ་སོང་ན་རྙོགས་རྫིང་གི་རྒྱུན་མི་ཆད།

  8. yum says:
    2011-04-26 at 1:10 pm

    འོས་བསྡུ་ལས་ཁང་གི་བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་བྱང་ཨ་རི་དང་ཡུ་རོབ་ཁོངས་དངོས་གཞིའི་འོས་མི་རྣམས་ཀྱི་ངོ་སྤྲོད་གསལ་བསྒྲགས་བསྐྱངས་པར་ཆོལ་ཁ་དང་ཆོས་བརྒྱུད་དབྱེར་མེད་ནོར་བ།

    ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཨ་རི་དང་ཁེ་ན་ཌ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།
    ༅༅། བོད་མི་མང་སྤྱི་འཐུས་སྐབས་ ༡༥ པའི་ཡུ་རོབ་ཆོས་བརྒྱུད་ཁོངས་སྔོན་འགྲོའི་འོས་གཞི་གཤམ་གསལ།

  9. བཀྲ་ཤིས་ནག་ལྡང་། says:
    2011-04-26 at 1:34 pm

    ང་ངའི་ཕ་རྒན་དང་མ་རྒན་རྣམ་པ་གཉིས་དང་གཞུང་ཁ་ཁ་ཆགས་འདོད་མི་འདུག
    ད་ག་རེ་བྱེད་དགོས་ན་དཀོན་མཆོག་གསུམ་པོ་མཁྱེན།

  10. རིགས་པའི་རལ་གྲི says:
    2011-04-26 at 1:39 pm

    ང་ཚོོས་གཞུང་དགའ་ལྡན་ཕོ་བྲང་ཕྱོགས་ལས་རྣམ་རྒྱལ་ཞེས་པའི་མིང་བྱང་དེ་བསྒྱུར་ནས། བདེན་པ་ཉིད་རྒྱལ་གྱུར་ཅིག། ཅེས་པ་དེ་མིང་བྱང་ལ་བཀོད་ན་ཆེས་མི་རུང་སྟེ། མིང་གསར་པ་དེ་སྨོན་ཚིག་འདྲ་བ་མ་གཏོགས་རྒྱལ་ཁབ་ཞིག་གི་མིང་མི་འདྲ་བ་དང་། ད་ལྟ་ཆབ་སྲིད་ཀྱི་བབ་ལ་གཞིག་ན་སྔར་གྱི་མིང་བྱང་དེས་གནོན་ཤུགས་ཆེ་བ་དང་། གལ་སྲིད་མིང་བྱང་བསྒྱུར་དགོས་ཚེ་རང་དབང་གི་ཉིན་མོ་མིང་བྱང་རྒྱལ་གླུ་སོགས་བསྒྱུར་དགོས་རིགས་ཕྱོགས་འཐེན་མེད་པའི་མང་གཙོའི་ལམ་ནས་ཐག་གཅོད་བྱེད་ཆོག། འོན་ཀྱང་དགོས་པ་དང་རྒྱུ་མཚན་ཡོད་ཚེ་བོད་མི་རྣམས་ཀྱི་རྣ་བར་འཐད་ཅིང་། ཡིད་ལ་འགྲོ་བའི་མིང་བྱང་སྙན་མོ་ཞིག་ཅི་ནས་ཀྱང་མི་དགོས། གཞན་ཆོ་མེད་པའི་མིང་བྱང་དེ་ག་རེ་བྱེད། ༧གོང་ས་མཆོག་གིས་མང་གཙོ་མཚན་ཉིད་ཚང་བ་ཞིག་ལ་དགོངས་ནས་གསུངས་པ་ལས་ཡིན་ཅིག་མིན་ཅིག་བསྒྱུར་དགོས་གསུངས་ཀྱི་མེད། རྒྱུ་མཚན་ཞེས་པའི་མིང་བྱངདེ་བསྒྱུར་དགོས་ཚེ་ཞེས་གསུངས་པས་སོ།།

  11. འཇང་གཡུ་ལྷ་ཐོགས་འགྱུར་ says:
    2011-04-26 at 3:44 pm

    མ་རེད་མ་རེད ད་ང་ཚོའི་བཀའ་བློན་ཁྲིར་པ་ཡང་ཕྱི་བསྡོད་རྒྱ་མི་ཞིག་ཡིན་ཙང་ བོད་གཞུང་དགའ་ལྡན་ཕོ་བྲང་གི་མིང་བསྒྱུར་ནས་ ཕྱི་བསྡོད་རྒྱ་མིའི་གཞུང་ཟེར་ན་ གང་འདྲ་འདུག

  12. yum says:
    2011-04-26 at 3:49 pm

    ༢༡༽ ཀླུ་ཚང་ནས།
    སྤྱི་ལོ་ ༢༠༡༡ ཟླ་ ༤ ཚེས་ ༡༨ གི་ཆུ་ཚོད་ ༡༧ སྐར་མ་ ༥༠
    བཀའ་བློན་ཁྲི་བ།
    མཁས་དབང་བློ་བཟང་སེང་གེ་ཐོབ་པ་ཀི་ཀི་བསོ་བསོ་ལྷ་རྒྱལ་ལོ། བོད་རྒྱལ་ལོ།

    དབུས་གཙང་།
    ཡེ་ཤེས་ཕུན་ཚོགས། ཟླ་སྒྲོན། ཀརྨ་ཡེ་ཤེས། སྐལ་བཟང་དགྲ་འདུལ། སྒྲོལ་མ་ཚེ་རིང། པདྨ་འབྱུང་གནས། ཟླ་བ་ཚེ་རིང་། ངག་དབང་ལྷ་མོ། དེ་བརྒྱད་ལས་དབུས་གཙང་སྤྱི་འཐུས་གཉིས་ལ་བརྒྱ་ཆ་ལོན་མེད།

    མདོ་སྟོད་སྤྱི་འཐུས།
    སྐལ་བཟང་རྒྱལ་མཚན། གསར་རྟ་ཚུལ་ཁྲིམས། འཇུ་ཆེན་དཀོན་མཆོག འཇམ་དབྱངས་བཟོད་པ། དབུ་དཀར་གཡུ་སྒྲོན། ཆོས་སྐྱོང་དབང་ཕྱུག དབྱངས་ཅན་སྒྲོལ་དཀར། ཚུལ་ཁྲིམས་བསྟན་འཛིན། དགེ་བཤེས་གཡུང་དྲུང་རྒྱལ་མཚན། གངས་ལྷ་མོ། བཅས་བཅུ་དེ་རེད།

    མདོ་སྨད
    སྤེན་པ་ཚེ་རིང། ཐུབ་བསྟན་ལུང་རིགས། བསོད་ནམས་རྒྱལ་མཚན། སྒྲོལ་དཀར་སྐྱབས། ཡེ་ཤེས་སྒྲོལ་མ། རྒྱ་རོང་ཟླ་བ་ཚེ་རིང། འཕེལ་རྒྱས་སྒྲོལ་མ། རྒྱ་རིགས་ཐར། ཀི་ཏི་སྒྲོལ་དཀར་ལྷ་མོ། མོག་རུ་བསྟན་པ།

    བོན་པོ། དགེ་བཤེས་སྨོན་ལམ་མཐར་ཕྱིན། དགེ་བཤེས་རྣམ་དག་གཙུག་ཕུད།

    རྙིང་མ། བསོད་ནམས་བསྟན་འཕེལ། རྒྱ་རི་བུ་ཕྲུག

    བཀའ་བརྒྱུད་ལ། ཀརྨ་ཆོས་འཕེལ། བསྟན་པ་ཡར་འཕེལ།
    ས་སྐྱ། ནོར་བུ་ཚེ་རིང་། ཆོས་གྲགས་རྒྱ་མཚོ།

    དགེ་ལུགས། ཨ་ཕྲུག་དང་། རོང་པོ་བློ་བཟང་སྙན་གྲགས།

    ཨ་རི། ནོར་བུ་ཚེ་རིང། བདེ་སྐྱིད་སྒྲོལ་དཀར།

    ཡུ་རོབ། ཐུབ་བསྟན་དབང་ཆེན། ཆུང་བདག་ཀོ་རེན།

  13. ཨ་གངས་ཞེན། says:
    2011-04-26 at 5:37 pm

    དགའ་ལྡན་ཕོ་ཕྲང་གི་མིང་བྱང་ལ་བསྒྱུར་བཅོས་བཏང་ནས་ཚབ་ལ་བདེན་པ་གཉིས་རྒྱལ་གྱུར་ཅིག་ཟེར་བ་འདིའི་གོ་དོན་ཅི་ཞིག་ཡིན་ན། འབྲེལ་ཅི་ལྟར་རྒྱག་ མིང་བྱང་བསྒྱུར་བཅོས་བཏང་ཚེ་བོད་རང་བཙན་ཡིན་པའི་བདེན་དཔང་ལ་ནག་བསུབས་བཏང་བ་མ་ཡིན་ནམ། ཕྱོགས་གཞན་ཞིག་ནས་བཤད་ན་ དགྲ་བོའི་འདོད་ཕྱོགས་དང་མཐུན་པ་ཞིག་མ་རེད་དམ། ༧གོང་ས་མཆོག་གིས་དགོང་འཆར་བཏོན་པ་ལས་བཙན་བཀའ་མ་རེད་འདི་ངེས་བར་དུ་བསྒྱུར་བཅོས་གཏོང་དགོས་བའི་ངེས་བ་མེད།

  14. yum says:
    2011-04-26 at 8:20 pm

    དགའ་ལྡན་ཕོ་ཕྲང་གི་མིང་བྱང་ལ་བསྒྱུར་བཅོས་བཏང་ནས་ཚབ་ལ་བདེན་པ་ཉིད་རྒྱལ་གྱུར་ཅིག་ཟེར་བ་འདིའི་གོ་དོན་ཅི་ཞིག་ཡིན་རྒྱུ་མཚན་གསུངས་པ།
    http://www.youtube.com/watch?v=9zvl93qwTbw

  15. བློ་བཟང་ཚེ་རིང་། says:
    2011-04-27 at 2:25 am

    འགྲིགས་ཡོད་པ་མ་རེད། མ་འགྲིགས་པ་ཚང་མ་མགོ་ནས་མ་འགྲིགས་པ་རེད། གོང་ས་ཏཱ་ལའི་བླ་མས་དམངས་གཙོ་ཡང་དག་ཅིག་ལ་བསྐྱོད་པའི་ཕྱིར་དུ་དགོངས་པ་ཞུ་བའམ་བགྲེས་ཡོལ་ལ་འགྲོ་ཟེར་བ་དེ་ལ་གོ་རྒྱུ་ཅི་ཡང་མི་འདུག དམངས་གཙོ་སྔོན་མ་ཞིག་ནས་གསོལ་རས་བསྩལ་ཟིན་པ་མ་རེད་དམ། རྒྱལ་བ་རིན་པོ་ཆེས་ངོ་མ་དམངས་གཙོའི་ལམ་ལ་གུས་བརྩི་ཞུ་འདོད་ཡོད་ན་ང་ཚོས་རྒྱལ་བ་རིན་པོ་ཆེ་ལ་འོས་ཤོག་བླུགས་ནས་སླར་ཡང་དབུ་ཁྲིད་དུ་བསྐོ་བཞག་བྱེད་ཆོག བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གསོལ་བ་བཏབ་པ་རྩིས་མེད་དུ་བཏང་བ་དེ་དམངས་གཙོའི་ལམ་ལུགས་ལ་གུས་བརྩི་མ་གནང་བ་དང་བོད་མི་མང་གི་རེ་བ་ལ་ཐུགས་བསམ་མ་བཞེས་པ་རེད། དམངས་གཙོའི་སྤྱི་ཚོགས་ཤིག་ལ་མཚོན་ན་སྤྱི་འཐུས་ལྷན་ཚོགས་ལས་གལ་ཆེན་ཞིག་མེད་པ་ཁོང་གིས་ལོས་དགོངས། སྤྱི་འཐུས་ལྷན་ཚོགས་ནི་མི་མང་གི་སྐུ་ཚབ་ཡིན་པ་ཡང་ཁོང་གིས་ལོས་མཁྱེན། རྒྱལ་བ་རིན་པོ་ཆེས་དགོངས་ཞུ་ཐེངས་མ་བརྒྱ་ལ་བྱས་ཀྱང་རྒྱ་ནག་གི་སྐྱོན་བརྗོད་མི་བྱེད་ས་ཞིག་ལ་འབྲོ་ས་རག་གི་མ་རེད། འཛམ་གླིང་འདི་ན་དམངས་གཙོའི་ཡུལ་ལུང་མང་པོར་རྒྱལ་པོ་རྒྱལ་མོ་འདུག རྒྱལ་བ་རིན་པོ་ཆེས་བོད་ཀྱི་སྲིད་དབང་བཟུང་ན་ང་ཚོའི་དམངས་གཙོ་དེ་དམངས་གཙོ་ཡང་དག་ཏུ་མི་འགྱུར་དོན་ཅི་ཡིན་ནམ། དབྱིན་ཇིའི་རྒྱལ་མོ་ལ་ལྟོས་དང་། དགུངས་ལོ་བརྒྱད་ཅུའི་ནང་ལ་ཟིན་ཚར་འདུག དབྱིན་ཇི་རང་ཉིད་ཐེ་བའི་རྒྱལ་ཁབ་བཅུ་དྲུག་གི་རྒྱལ་མོ་ཡིན་ཟེར་གྱིན་འདུག ད་དུང་ཡང་ཆབ་སྲིད་ཀྱི་ལས་དོན་ལ་འཁྲུག་ཐག་ཆོད་འདུག ཡུ་རོབ་འདྲ་བོ་ཡིན་ན་རྒྱལ་པོ་རྒྱལ་མོ་ཡོད་པའི་ཡུལ་ལུང་པ་བཅུ་གཉིས་ཙམ་ཡོད་ཟེར་གྱིན་ཡོདཔ་རེད། སྦེལ་རྗམ། ཌེན་མག ལག་ཟིམ་སྦོག ཧོ་ལན་ཌི། ནོར་ཝེ། སི་ཕན། སི་ཝི་ཌིན། དབྱིན་ཡུལ་སོགས་རེད། ཡུལ་ལུང་པ་གང་དྲག་དྲག་དེ་ཚོ་རེད། ཡུལ་ལུང་པ་འདི་ཚོ་དམངས་གཙོ་མ་རེད་ཟེར་མཁན་ཡོད་པ་མ་རེད། དེིའི་གྲས་ཀྱི་ཡེ་ཤུའི་ཁ་ཐོ་ལིག་གི་དབུ་འཛིན་ཕོབ་ལྟ་བུ་ཡིན་ན་ཆོས་ལུགས་ཀྱི་འགྲོ་སྟངས་བརྒྱུད་ནས་འདེམས་བསྐོ་བྱ་སྲོལ་ཡོད་པ་རེད། ཡིན་ན་ཡང་དེ་ཡང་རྒྱལ་པོའི་ལམ་ལུགས་ཀྱི་གྲས་སུ་བཞག་འདུག ཤར་ཕྱོགས་ལ་ཡང་རི་པིན་དང་། ཁེམ་བྷོ་ཌི་ཡ། ཐའེ་ལན་ཌི། མ་ལེ་ཤི་ཡ། ཧིན་ཌོ་ནི་ཤི་ཡ། འབྲུག་ཡུལ་སོགས་ལ་རྒྱལ་པོ་ཡོད་ཀྱང་ལུང་པ་དེ་ཚོ་དམངས་གཙོ་ཡང་རེད། དམངས་གཙོ་ཡིན་མིན་ཟེར་བ་དེ་ཁྲིམས་དང་། ལམ་ལུགས། ལྷག་པར་ཡང་མི་མང་ལ་རང་གི་སྲིད་གཞུང་འདེམས་པའི་དབང་ཆ་ཡོད་མེད་ཀྱི་སྟེང་ནས་ཐག་གཅོད་དགོས་པ་མ་གཏོགས་རྒྱལ་པོ་རྒྱལ་མོ་ཡོད་མེད་ཀྱིས་དབྱེ་བ་འབྱེད་ཐུབ་གི་མ་རེད། རྒྱལ་བ་རིན་པོ་ཆེས་འགན་དབང་ད་ཡོད་ལས་ཆེ་ཙམ་ཞིག་འཁུར་མ་ཐུབ་ན་ཡང་དགོངས་པ་ཞུས་ནས་འདུག་པའི་དུས་ཚོད་ཅིག་ངོ་མ་མ་རེད།

  16. yum says:
    2011-04-27 at 3:28 am

    ང་ཚོས་ད་ལྟའི་བར་དུ་བཙན་བྱོལ་བོད་གཞུང་རྩ་ཁྲིམས་ཟིན་བྲིས་ཁྲིམས་མཐུན་མིན་བ་ཞིག་འཁྱེར་ནས་ལོ་རྒྱུས་ལྡན་པའི་གཞུང་ཞིག་གི་རྒྱུན་ཡིན་པའི་སྐོར་གླེང་གིན་ཡོད། ལམ་ལུག་ཡོད་མ་རེད།

  17. ཚ་སྒང་ཕོ་ཉ། says:
    2011-04-27 at 4:57 am

    བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བའི་མིང་དེ་ངེས་པར་དུ་སྒྱུར་དགོས་ངེས་ཞིག་རེད་དམ།
    ག་སྲིད་སྒྱུར་དགོས་ཀྱང་དེའི་མིང་ཚབ་ལ་བདེན་པ་གཉིས་རྒྱལ་གྱུར་གཅིག་ཟེར་ན་གོ་རྒྱུ་འདྲ་ཡོད་དམ།

    རྒྱལ་ཁབ་ཞིག་གི་མིང་ལ་ཁྱད་ཆོས་གཅིག་ངེས་པར་དུ་ཚང་དགོས་པ་ནི་རྒྱལ་ཁོང་དེའི་མི་མང་མང་ཆེ་བས་རང་ཉིད་རྒྱལ་ཁབ་དེའི་ཆབ་འབང་ཡིན་པར་ངོས་འཛིན་ཐོབ་པར་ཕན་ཐོག་ཡོད་པའི་མིང་ཞིག་དགོས་དཔེ་ན།
    ༼ཀྲུང་ཧྭ་མི་དམངས་སྤྱིའི་མཐུན་རྒྱལ་ཁབ།༽ ཟེར་བ་དང་་་རྒྱ་གར་ལ་་་་༼ཧིན་དྷུའུ་སི་ཐཎ་༽ ཟེར་བ་ལྟ་བུ། མིང་དེའི་ཐོག་ནས་ཆབ་འབང་མང་ཕྱོགས་ཀྱིས་རང་ཉིད་རྒྱལ་ཁབ་དེའི་ཆབ་འབང་ཞིག་ཡིན་པ་ངོས་འཛིན་ཐོབ་ཐབས་བྱས་ཡོད། དགའ་ལྡན་ཕོ་བྲང་ཟེར་བ་དེས་ཀྱང་རི་བོ་དགེ་ལྡན་པའི་མིང་སྣེ་འཁྱེར་ནས་སྲིད་དབང་རྒྱུན་རིང་འཛིན་ཐོབ་པ་ཡང་ཆབ་འབང་མང་ཆེ་བའི་སེམས་ངོག་སུ་རང་ཉིད་རྒྱལ་ཁོང་དེ་ཡིན་པར་ངོ་འཕྲོད་པར་ཐན་ཐོག་བྱུང་ཡོད་ངེས་རེད། ཡིན་ན་ཡང་དུས་ཀྱི་དབང་གི་འགྱུར་དགོས་པ་དང་འགྱུར་འོས་པ་ཞིག་ཡིན་ཀྱང། གོ་རྒྱུ་གང་ཡང་མེད་པའི་བདེན་པ་གཉིས་རྒྱལ་གྱུར་གཅིག་ཟེར་ན་ཅི་ཟེར་ཀྱི་ཡོད། ཟིན་བྲིས་ཚོགས་ཚུང་སྙོན་པ་ཆག་སོང་བ་མིན་ནམ། ད་དུང་བཙན་བྱོལ་བོད་གཞུང་དེ། བཙན་བྱོལ་བོད་མིའི་གཞུང་ལ་སྒྱུར་བ་ནི་་་་དོན་ཀྱི་བདག་པོ་གཞིས་ལུས་རྒྱལ་ཆེ་མི་མང་ཟེར་བའི་མིང་ཚིག་དེ་ནུས་མེད་རྐྱག་རྫུན་ཡིན་པར་ར་སྤྱོད་ཞིག་བྱས་པ་ཅི་ལ་མིན། རྒྱ་དམར་གྱིས་ནམ་རྒྱུ་དུ་ཏྭ་ལ་ཁ་བྲལ་རིང་ལུགས་དང་དེའི་རྗེས་འབྲང་ཁ་བྲལ་རིང་ལུགས་པཉུང་ཤས་ཞིག་གི་ཚོགས་པ། ཟེས་བ་དེ་ཡང་དོན་གྱིས་ཁས་ལན་བྱས་པར་མ་ཡིན་ནམ། མདོ་སྡུས་ནས་བཤད་ན་བོད་གཞུང་དགའ་ལྡན་ཕོ་བྲང་ཟེར་བའི་ཚབ་ལ་་་་བདེན་པ་གཉིས་རྒྱལ་གྱུར་གཅིག་ཟེར་ན་མུ་མཐུན་རྩ་བ་ནས་མེད།

  18. མི says:
    2011-04-27 at 8:22 pm

    བློ་བཟང་ཚེ་རིང་ལ་རྒྱབ་སྐྱོར་བརྒྱ་ཆའི་བརྒྱ་ཐམས་པ་ཡོད། ཡིན་ནའང་ད་ཐང་གི་འདིའི་རྒྱབ་ན་རྒྱ་གར་དང་རྒྱ་ནག་གི་གནོད་ཤུགས་ཆེན་པོ་ཞིག་བསླེབས་འདུག བོད་རང་བཙན་གྱི་ངོ་རྟགས་ཡོད་ཚད་མེད་པར་བཟོ་ཡ་རེད།

  19. ལུང་རྟོགས། says:
    2011-04-28 at 9:15 am

    རྒྱལ་བ་རིན་པོ་ཆེ་ལས་མཁས་ཙམ་ཞིག་དང་། གཟིགས་རྒྱང་རིང་ཙམ་ཞིག་ཐོན་མི་འདུག་གམ། ཧཧཧ

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme