གཞུང་པ་ཚེ་དབང་བསོད་ནམས།
དུས་རབས་བདུན་པའི་ནང་བོད་ཀྱི་རྒྱལ་པོ་ཆོས་རྒྱལ་མི་དབོན་རྣམ་གསུམ་གྱི་སྐུ་དུས་དང་ལྷག་པར་དུ་བོད་ཀྱི་རྒྱལ་པོ་སོ་གསུམ་པ་སྲོང་བཙན་སྒམ་པོའི་སྐུ་དུས་སུ་བོད་མིའི་ཆབ་དཔལ་རིག་གསུམ་དེ་འཛམ་གླིང་ནང་གཟེངས་སུ་ཐོན་པ་ནས་འདས་པའི་རྒྱལ་རབས་དང་ལོ་རྒྱས་ཁག་ནས་གསལ་སྟོན་གནང་བ་ནི་བོད་ཀྱིས་དམག་ཤུགས་དེ་ད་ལྟའི་ཁ་ཆེའི་རྒྱལ་ཁབ་ཨི་རན་བར་སླེབས་པའི་ལོ་རྒྱུས་ཡོངས་གྲགས་དང་བོད་ཀྱིས་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་དང་བལ་ཡུལ་གཉིས་ཀྱིས་བུ་མོ་ཡང་བོད་ཀྱི་རྒྱལ་པོའི་དབང་ཐང་དང་གཟི་བརྗིད་དམག་ཤུགས་སོགས་ལ་འཇིགས་ནས་བོད་ཀྱི་རྒྱལ་པོ་སྲོང་བཙན་སྒམ་པོའི་བཙུན་མོར་འབུལ་དགོས་བྱུང་བའི་གནས་སྟངས་ཡང་བྱུང་བ་དང་། དུས་ཀྱི་འགྱུར་བ་དང་སྤྱི་ཚོགས་ཀྱི་འཕེལ་རིམ་འོག་ནས་བོད་ཀྱི་རྒྱལ་པོའི་ཆབ་སྲིད་ཡང་ཡུན་རིང་མ་གནས་པར་བོད་ཀྱི་རྒྱལ་པོ་ཞེ་གཉིས་པ་འུ་དུམ་བཙན་པོ་འམ་གླང་དར་མས་བོད་ཀྱི་རྒྱལ་པོའི་ལམ་ལུགས་ལ་འཇུགས་བསྡོམས་རྒྱབ་ནས་བོད་སྤྱི་ལ་དབང་བའི་རྒྱལ་པོའི་དུས་རབས་རྫོགས་ནས་ལུང་ཆུང་རེ་ལ་དཔོན་ཆུང་རེ་དང་སྡེ་ཚོ་རེ་ལ་འགོ་དཔོན་རེ་བྱས་ནས་ལོ་བཞི་བརྒྱ་ཙམ་དེ་མུར་གངས་རིའི་ཁྲོད་ལྷག་པ་ནས་བོད་ཀྱི་སྤྱི་ཚོགས་འདི་སྔོན་ཐོན་ནས་རྗེས་ལུས་ནང་ལྷུང་ནས་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་ནས་གངས་རིའི་ཁྲོད་དུ་ཁེར་ཀྱང་གི་འཚོ་བ་ལ་མི་ལོ་བཞི་བརྒྱ་ཙམ་བོད་སིལ་བུའི་དུས་རབས་ནས་སྤྱི་ལོ་༡༢༥༣ ནས་ ༡༣༥༨ བར་ས་སྐྱའི་ལོ་ ༡༠༥ སྲིད་སྐྱང་པ་དང་། སྤྱི་ལོ་ ༡༣༥༨ ནས་ ༡༤༩༨ བར་ཕག་སྒྲུའི་ལོ་ ༡༤༠ སྲིད་སྐྱང་པ་དང་། སྤྱི་ལོ་༡༤༩༨ ནས་ ༡༥༦༦ བར་རིན་སྤུང་ནས་ལོ་ ༦༨ སྲིད་སྐྱང་པ་དང་། སྤྱི་ལོ་ ༡༥༦༦ ནས་ ༡༦༤༢ བར་སྡེ་པ་གཙང་པས་ལོ་ ༧༦ སྲིད་སྐྱང་པ་དང་། སྤྱི་ལོ་ ༡༦༤༢ ནས་ ༡༩༦༠ བར་དགའ་ལྡན་ཕོ་བྲང་ནས་ལོ་ ༣༢༢ སྲིད་སྐྱང་པ་དང་། སྤྱི་ལོ་ ༡༩༥༩ ལོར་བོད་ཀྱི་ཁྱིམ་མཚེས་རྒྱལ་ཁབ་རྒྱ་ནག་ནས་བོད་ལ་དྲག་པོའི་བཙན་གནོན་གྱིས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱིས་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་༧ སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་དབུ་ཁྲིད་འོག་ཁོང་གི་བཀའ་ཤག་ལྷན་རྒྱས་དང་ཡབ་གཞིས་སྐུ་འཁོར་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཞབས་སོར་བདེ་བར་འཁོད་པའི་ཕེབས་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་རྒྱ་བལ་འབྲུག་གསུམ་ནང་བཙན་བྱོལ་དུ་འབྱོར་བའི་བརྒྱུད་རིམ་ནས་ ༧ གོང་མཆོག་གིས་རླབས་ཆེན་མཛད་འཕྲིན་འོག་ནས་གནས་ཡུལ་རྒྱ་གར་གཞུང་མང་གཉིས་ནས་བོད་མི་བཙན་བྱོལ་བ་ཚོར་མཛའ་བརྩེའི་རོགས་སྐྱོར་འོག་བོད་མིའི་ངོ་བོ་སྲུང་སྐྱོབས་དང་། བོད་པའི་ཆོས་དང་རིག་གཞུང་སྐད་ཡིག་དང་བཅས་པ་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོའི་ཆེད་བོད་མི་བཙན་བྱོལ་བའི་གཞིས་ཆགས་དང་། སློབ་གྲ། ཆོས་སྒར་སོགས་རང་ཡུལ་གཉིས་པ་ལྟབུའི་རང་དབང་ཆ་ཚང་ཡོད་པ་ནས་ང་ཚོའི་ལུང་པ་དགྲ་ལ་ཤོར་ན་ཡང་སོ་སོའི་ཕ་མེས་ནས་བརྒྱུད་པའི་བོད་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་གོམས་གཤིས་དང་བཅས་པ་མི་ཡུལ་དུ་སྲུང་སྐྱོབས་ཐུབ་པ་ནི་སྤྱི་ནོར་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གི་དབུ་ཁྲིད་པའི་ང་ཚོ་བོད་མི་རིགས་ཀྱིས་བྱས་རྗེས་རླབས་ཆེན་ཞིག་ཡིན་པ་དང་། བོད་ནང་ཡོད་པའི་བོད་མི་ཚོ་རྒྱ་མིའི་བཙན་འོག་ཏུ་སྒོ་གསུམ་རང་དབང་བྲལ་ནས་རྒྱ་མིའི་དུག་རྩུབ་ཅན་གྱིས་སྲིད་བྱུས་འོག་ཉིན་ཁྱོལ་ན་མཚན་མི་ཁྱོལ་བ་དང་མཚན་ཁྱོལ་ན་ཉིན་མི་ཁྱོལ་བའི་དུས་ཚོད་ནང་བོད་ཀྱི་སྐད་ཡིག་དང་རིག་གཞུང་གསོན་གནས་ཐུབ་པའི་ནུས་པ་དང་ཆ་རྐྱེན་ཐབས་ལམ་སོགས་མེད་པ་དང་། བཙན་བྱོལ་ནང་ཡོད་པའི་བོད་མི་འབུམ་གཅིག་ལྷག་ཙམ་ཡོད་པ་དེ་ཡང་ལོ་རབས་དགུ་བཅུའི་ནང་དབུས་བོད་མིའི་སྒྲིག་འཛུགས་ནས་བོད་མི་གཅིག་སྟོང་ཨ་རིར་གཞིས་སྤོས་གནང་བའི་རྗེས་འབྲེལ་བཙན་བྱོལ་བོད་མི་ན་གཞོན་མང་པོས་ཐབས་ཤེས་འདྲ་མིན་བརྒྱུད་ནས་ཨ་རིས་མཚོན་པའི་ནུབ་ཕྱོགས་ལུང་པ་མང་པོའི་ནང་གནས་སྤོས་གནང་ནས་དེང་སྐབས་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་བོད་མིའི་གྲངས་ཚད་དང་ཕྱི་རྒྱལ་ཁག་ལ་ཡོད་པའི་བོད་མིའི་གྲངས་ཚད་གཉིས་མང་ཉུང་འདྲ་བོ་འདྲ་བོ་ཆགས་པ་ནས་མ་འོངས་བོད་མི་རིགས་ཀྱིས་ཕ་མེས་ནས་བརྒྱུད་པའི་སྐད་ཡིག་དང་རིག་གཞུང་གསོན་གནས་ཐུབ་པའི་རེ་བ་དང་གདེངས་ཚོད་སུ་གཅིག་གི་བཤད་མི་ཐུབ་པའི་གཡང་གཟར་ལྷག་པ་ནས་༧ གོང་ས་༧ སྐྱབས་མགོན་ཆེན་པོ་མཆོག་གིས་མ་འོངས་སྔོན་གཟིགས་དང་དུས་གསུམ་གསལ་གཟིགས་ཀྱིས་བོད་རྒྱའི་དཀའ་སྙོགས་སེལ་རྒྱུའི་ཐབས་ལམ་བཟང་ཤོས་གཉིས་སྨན་དབུ་མའི་ལམ་ཡིན་པའི་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་དགོངས་གཞི་མི་མང་ལ་གསལ་སྟོན་གནང་བ་ནས་བཙན་བྱོལ་བོད་མི་བརྒྱ་ ༦༤ དང་གྲངས་ཆུང་ ༦༠ གིས་༧གོང་ས་མཆོག་གིས་ཐུགས་ཐག་གང་བཅད་ལ་མོས་མཐུན་ཡོད་པའི་བརྡ་ལན་ཕུལ་ནས་སྤྱི་ལོ་ ༡༩༩༧ སྤྱི་ཟླ་ ༩ པའི་ཚེས་ ༡༨ ཉིན་བོད་མི་མང་གི་སྐུ་ཚབ་སྤྱི་འཐུས་གྲོས་ཚོགས་ནས་དབུ་མའི་ལམ་ལ་སྤྱི་མོས་རྒྱབ་སྐྱོར་གྱིས་གྲོས་ཆོད་བཞག་པ་ནས་བོད་མི་ཚང་མས་ཤེས་དགོས་པ་དེ་དབུ་མའི་ལམ་གྱིས་དགོས་འདུན་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་མི་རིགས་ས་གནས་རང་སྐྱོང་གི་བཅའ་ཁྲིམས་ནང་གསལ་བའི་རང་སྐྱོང་གི་གནས་བབས་ཚད་ལྡན་ཞིག་ཆོལ་གསུམ་བོད་རིགས་ཡོངས་རྫོགས་གཅིག་ཏུ་སྒྲིལ་བའི་རང་སྲིད་རང་སྐྱོང་མིང་དོན་མཚུངས་པ་ཞིག་གི་དགོས་འདུན་སྟོན་པ་འདི་ལ་བོད་མི་ཚང་མས་མོས་མཐུན་གནང་དགོས་པ་དེ་བོད་མི་རིགས་དང་། བོད་ཀྱིས་ཆོས་དང་རིག་གཞུང་། སྐད་ཡིག་དང་བཅས་པ་གསོན་གནས་ཐུབ་པའི་ཆབ་སྲིད་ཀྱི་ཐབས་ལམ་བཟང་ཤོས་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད་ལ་ངོ་སྤྲོད་ཡང་ཞུ་འདོད་བྱུང་།