Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

སྐད་འཕྲིན་ཚོགས་པ་ཁག་ཅིག་དང་མི་སྒེར་འགའ་ནས་གནང་བའི་ཞལ་འདེབས།

Posted on 2013-04-062013-04-06 By ཁ་བརྡ་ 13 Comments on སྐད་འཕྲིན་ཚོགས་པ་ཁག་ཅིག་དང་མི་སྒེར་འགའ་ནས་གནང་བའི་ཞལ་འདེབས།

ཕྱི་ཚེས་བཞི་ཉིན་གྱི་ཉིན་གུང་རྒྱབ་ནས་བཟུང་ང་རང་ལྡི་ལི་བོད་སྒར་བསམ་ཡས་གླིང་བོད་དགོན་གྱི་ཁྱམས་རྭ་ལ་གུར་ཆུང་ཕུབ་ནས་ཉིན་གཉིས་གསུམ་རིང་དུ་ངལ་གསོ་རྒྱུའི་གཏན་འཁེལ་ནས་ཉིན་དཀར་ཉེ་འགྲམ་གྱི་ངོ་ཤེས་དག་གི་ཁང་བའི་ནང་དུ་སོང་ནས་ངལ་གསོ་བཞིན་ཡོད་ལ། མཚན་མོ་གུར་ཆུང་དུ་ཉལ་དུ་འགྲོ་བཞིན་ཡོད།
ཕྱི་ཚེས་ལྔ་ཉིན་གྱི་ས་རུབ་ལ་ཉེ་བའི་སྐབས་སུ་དགོང་ཟས་ཤིག་ཟོས་ནས་བསྡད་ཡོད་དུས་ཕྱི་ལོག་ན་མི་འགའི་ང་རང་ལ་ཐུག་འཕྲད་དུ་ཕེབས་འདུག་གསུངས་པ་དང་ཁོང་ཚོ་ནང་དུ་སྣེ་ལེན་བྱས།  ཁོང་ཚོ་ནི་དྲ་ཐོག་གི་ཚོགས་པ་འགའ་ཡི་སྣེ་ཁྲིད་མཁན་ཞེ་གཅིག་རེད་འདུག  མཐུན་སྒྲིལ་ཚོགས་པ་ཞེས་པའི་དྲ་ཐོག་གི་སྣེ་ཁྲིད་མཁན་ཨ་ཅག་དེ་ནི་བཞུགས་ཡུལ་ཨ་རི་དང་ཁོ་མོའི་མཚན་ལ་ཚེ་གཡང་སྒྲོལ་མ་ཟེར་བ་དང་ཁོ་མོས་མཐུན་སྒྲིལ་ཚོགས་པ་ཞེས་པའི་སྐད་འཕྲིན་གྱི་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་ནི། བོད་མི་རིགས་ཀྱི་སྐད་ཡིག་འདི་དུས་རབས་དང་འཚམ་པའི་བསྐྱེད་བསྲིངས་དང་སྐད་དང་ཡི་གེ་ལ་བསྲེས་སླད་མི་འགྲོ་བ། འཛམ་གླིང་ཁུགས་སོ་གང་སར་གནས་པའི་སྤུན་ཟླ་དག་གིས་མཉམ་རུབ་ཐོག་རང་མི་རིགས་ཀྱི་མཐུན་སྒྲིལ་སྔར་ཡོད་ཀྱི་སྒང་ལ་ཤུགས་ཆེ་རུ་གཏོང་ཆེད་དུ་ཁོ་མོ་ནས་འགོ་བཙུགས་ཏེ་ད་ལྟའི་འཆར་ཚོགས་མི་བཞི་བཅུས་སྐད་འཕྲིན་བརྒྱུད་རང་མི་རིགས་ཀྱི་སྐད་ཡིག་ལ་སྲི་ཞུ་གང་ཐུབ་ཀྱི་ཕྱོགས་སུ་གོམ་པ་རེ་རེ་བཞིན་སྤོ་ཡི་ཡོད་ཅེས་གསུངས་པ་དང་ངའི་ཞི་བའི་འཐབ་རྩོད་ལ་ཁོ་མོ་གཙོ་བའི་ཚོགས་པ་ཐུན་མོང་ནས་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་དུ་ཧིན་སྒོར་༨༧༠༠།ཞལ་འདེབས་སུ་གནང་སོང་།

ཞི་བདེ་རང་དབང་ཚོགས་པ་ཞེས་པའི་སྐད་འཕྲིན་གྱི་ལམ་ནས་བོད་མི་རིགས་ཀྱི་རང་དབང་རྩོད་ལེན་བྱེད་ཐབས་དང་གཞིས་ལུས་སྤུན་ཟླ་དག་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་མཚོན་པའི་ཆེད་དུ་བཙུགས་པ་ཞིག་རེད་འདུག་པ་དང་། ཁོང་ཚོས་དམིགས་ཡུལ་གཙོ་བོ་ནི་ཇི་ལྟར་བོད་མི་རིགས་ཀྱི་རང་དབང་དང་བདེན་པ་རྩོད་ལེན་བྱེད་པར་ཞི་བ་རང་གི་སྟེང་ནས་འགྲོ་ཐབས་སུ་བགྲོ་གླེང་གནང་ས་ཞིག་ལ་དམིགས་པ་ཞིག་ཡིན་པ་དང་སྐད་འཕྲིན་ཚོགས་པ་འདིས་ངའི་ཞི་བའི་འཐབ་རྩོད་ལ་རྒྱབ་སྐྱོར་གྱི་རྣམ་པ་མཚོན་བྱེད་དུ། སྐད་འཕྲིན་ཚོགས་པ་འདིའི་ཚོགས་མི་རྒྱ་གར་ལྷོ་ཕྱོགས་སེ་ར་དགོན་པའི་གནས་བཞུགས་དགེ་འདུན་པ་སྟོབས་ལགས་ཀྱིས་ཚོགས་པ་ཐུན་མོང་གི་ཚབ་གནང་ནས་ཞལ་འདེབས་སུ་ཧིན་སྒོར་༡༤༠༠༠།གནང་སོང་།

གངས་ཅན་འཛོམས་ས་ཞེས་པའི་སྐད་འཕྲིན་ཚོགས་པ་འདིས་ཚོགས་མི་ཐུན་མོང་གིས་ངའི་ཞི་བའི་འཐབ་རྩོད་ལ་སེམས་གཏིང་ནས་རྒྱབ་སྐྱོར་དང་ལམ་བར་གྱི་སྐོམ་ཆུ་བཟའ་བཏུང་སོགས་ལ་བེད་སྤྱོད་གཏོང་རོགས་ཞེས་ཧིན་སྒོར་༥༠༠༠།གནང་སོང་།  སྐད་འཕྲིན་ཚོགས་པ་འདི་གསུམ་གྱིས་ཐུན་མོང་གི་འདྲ་ས་ནི་བོད་མི་རིགས་ཀྱི་སྐྱིད་སྡུག་མཉམ་མྱོང་བྱེད་པར་དྲ་ཐོག་གི་གླེང་མོལ་བྱེད་ས་ཞིག་ཆགས་ཡོད་པ་དང་། ཚོགས་མི་དག་ཀྱང་འཛམ་གླིང་གི་ཁུགས་སོ་གང་སར་གནས་བཞུགས་བྱེད་མི་ཆགས་འདུག་པ་དེ་འདྲ་ཡིན་པར་གསུངས།

སེ་ར་སྟོབས་ལགས་བརྒྱུད་དེ་སེ་རའི་དགེ་བཤེས་པད་དབང་ལགས་ནས་ཧིན་སྒོར་༢༠༠།ཞལ་འདེབས་སུ་གནང་། ད་དུང་སེ་རའི་སྟོབས་ལགས་རྒྱུད། སུད་སིར་གནས་བཞུགས་མཚན་ལ་རྒྱལ་མཚན་ཞུ་བ་ཞིག་གིས་ཧིན་སྒོར་༣༠༠༠།ཞལ་འདེབས་སུ་འབྱོར།  ལྷོ་ཕྱོགས་དགའ་ལྡན་སོག་པ་ཁང་ཚན་གྱི་དགེ་འདུན་པ་ཨ་མཚན་མིང་ཅན་གྱིས་སྔ་གཞུག་གཉིས་ལ་མི་བཏང་ནས་ཧིན་སྒོར་༢༠༠༠།ཞལ་འདེབས་གནང་། རྡ་སའི་འབྲེལ་བ་ལས་ཁུངས་ཀྱི་ལས་བྱེད་ཐུན་མོང་ནས་ངའི་ཕ་རྒན་གྱི་ལག་པར་ཞལ་འདེབས་ཧིན་སྒོར་༡༤༠༠།གནང་འདུག་པ་དང་དུས་བབ་གསར་འགོད་པ་དཔལ་ལྡན་ལགས་ནས་ཁོ་རང་སྒེར་ངོས་ནས་ཧིན་སྒོར་༥༠༠།བསྐུར་འདུག  རྙིང་མའི་གྲྭ་བ་ན་ནིང་ཞི་བའི་གོམ་བགྲོད་ལ་ཉིན་འགར་མཉམ་ཞུགས་གནང་མཁན་གྱི་དགེ་འདུན་པ་ཡོན་ཏན་ལགས་ཀྱིས་ད་ལོར་ཁོ་རང་ཉིན་འགར་མཉམ་ཞུགས་བྱེད་བློ་ཡོད་ཀྱང་། ལས་བྲེལ་གཞན་ཞིག་གིས་ཞུགས་མ་ཐུབ་པ་དེར་དགོངས་དག་ཞུས་པ་དང་ཁྱབ་ཅིག་ཞལ་འདེབས་སུ་ཧིན་སྒོར་༡༠༠༠།གནང་སོང་།

གསལ་བཤད་ཐུང་ཐུང་ཞིག་ཞོར་འཕྲོས་སུ་ཞུ་དགོས་པ་ཞིག་ལ། ལམ་བར་དང་ཞི་བའི་གོམ་བགྲོད་ལ་ལམ་དུ་མ་ཆས་གོང་དེར་ལྷག་བསམ་དང་ཤེས་ཡོན་ཅན་རང་རིགས་སྤུན་ཟླ་ཁག་གཅིག་གིས་ཞལ་འདེབས་འགའ་རེ་གནང་བ་དེ་དག་གི་མཚན་འདི་རུ་བཀོད་མ་ཐུབ་པ་དེར་དགོངས་འགལ་མེད་པ་ཞུ་ལགས། སུད་སིར་གནས་བཞུགས་བོད་རིགས་སྤུན་ཟླ་ཞིག་གིས་མི་ལག་བརྒྱུད་དེ་སུད་སྒོར་བརྒྱ་གནང་བ་དེ་ཡི་མཚན་ད་ལྟ་འདི་ནས་དྲན་མ་གསོས་པ་སོགས་ལ་དགོངས་འགལ་མེད་པ་ཞུ་བ་དང་ཆབས་ཅིག རིགས་རུས་ཀྱི་ལར་ཞེན་སྙིང་ཁོང་རུས་པའི་གསེང་ན་གཡོ་བ་མེད་པར་གནས་པའི་བོད་རིགས་སྤུན་ཟླ་དག་གི་རླབས་ཆེ་བའི་ཐུགས་ཁུར་དང་བྱམས་སྐྱོང་གནང་བ་དང་། ཞི་བའི་གོམ་བགྲོད་སྔ་གཞུག་གཉིས་ལ་རོགས་རམ་དང་ཞལ་འདེབས་གནང་མཁན། སྤྱི་སྒེར་གང་ན་སུ་འཚོ་བ་དག་གི་བྱ་བ་ལམ་འགྲོ་འོང་བ་དང་བོད་མི་རིགས་ཀྱི་བདེན་མཐའ་མྱུར་དུ་སེལ་ནས། གཞིས་བྱེས་ལྷན་འཛོམས་ཡོང་བ་དང་༧རྩ་བའི་བླ་མ་གངས་རིའི་མགོན་པོ་༧རྒྱལ་བ་ཡིད་བཞིན་ནོར་བུ་མི་རིང་བར་ཁ་བ་གངས་རིའི་ལྗོངས་སུ་ཕེབས་ཐུབ་པ་དང་རྒྱ་བོད་ཞི་འགྲིག་འོང་ནས། འཛམ་གླིང་ལ་ཞི་བདེའི་ལེའུ་གསར་བ་ཞིག་འགོ་འཛུགས་ཐུབ་པའི་སྨོན་འདུན་དང་བཅས་ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས་༦།༤།༡༣ལྡི་ལུ་བསམ་ཡས་བོད་སྒར་དུ་གུས་པ་དང་བཅས།

གསར་འགྱུར།

Post navigation

Previous Post: བདག་དང་ཕ་ཡུལ།
Next Post: ཁྱེད་ཀྱིས་དེད་པའི་ལམ་བུ།

Comments (13) on “སྐད་འཕྲིན་ཚོགས་པ་ཁག་ཅིག་དང་མི་སྒེར་འགའ་ནས་གནང་བའི་ཞལ་འདེབས།”

  1. མདའ་མོ་བ། says:
    2013-04-06 at 5:28 am

    བཀའ་དྲིན་ཆེ། ཐུགས་རྗེ་ཆེ། ང་ཚོ་ལ་ཁྱེད་རང་ལྟ་བུ་ཉུང་འདུག

  2. བློ་ཚེ། says:
    2013-04-06 at 6:12 am

    ༧རྒྱལ་བ་བོད་དུ་ཕེབ་ཐུབ་པའི་ཆད་དུ་བྱ་བ་ལྷག་བསམ་བྱས་ཉན་ཁྱེད་ལྟ་བུ་མེད།

  3. འཇིགས་མེད་ཐོས་པ་རང་གྲོལ། says:
    2013-04-06 at 11:05 am

    གང་ལྟར་ལྷོད་ལྷོད་བྱས་ནས་ཕེབས་རོགས། བོད་ལ་ཁྱེད་འགྲོ་མི་ཐུབ་པ་ནི་ང་ཚོ་ཚང་མའི་སེམས་ལ་གསལ་གསལ་ཁྲིག་ཁྲིག་ཡིན་པ་རེད། སྐྱོན་མི་འདུག་ཐབས་ཤེས་འདྲ་བྱས་ཞལ་འདེབས་འདྲ་བསྡུས་ན་ཡང་རང་དགར་ཉལ་བསྡད་ལས་ཡག་གི་རེད་བསམ་ཡོད།

    ཁྱེད་འདྲ་བོད་ཡིག་ཡག་པོ་ཅན་ཚོས་དེ་ལས་སློབ་གྲྭ་ཁག་ཏུ་སློབ་དགེ་རེ་བྱེད་ཐུབ་ན་དངོས་ཡོད་ཀྱི་ཕན་ཐོགས་ས་དེ་ཡིན་པར་བསམ་མོ།། བསམ་འཆར་ཙམ་ཡིན་ལགས།

  4. དྲ་གཉིད་ says:
    2013-04-06 at 1:33 pm

    ཁྱེད་རང་ནས་བོད་དོན་ཆེད་ཉིན་མང་པོ་གོམ་བགྲོད་མི་དགོས་ཉིན་གཅིག་རང་གནང་དང་འཚོ་བ་ཟབ་མོ་ཞིག་སྤྲོད་ངེས་རེད། གལ་ཏེ་དེ་འདྲ་མ་བྱུང་ན་བོད་དོན་ཆེད་དཀའ་ངལ་ཚད་མེད་སྐྱོན་མཁན་ཁོང་ལ་བསླབ་བྱ་བྱ་རྒྱུ་གཞག་ནས་ཁྱེད་རང་རང་དོན་ཁོ་ན་བསྒྲུབ་ཤིག་ཀྱེ། ལར་ནས་གོམ་བགྲོད་པ་ཁོང་ཟས་བཟའ་དགོས་པ་དང་གོས་གྱོན་དགོས་པ་ཙམ་ཡང་མི་ཤེས་པར་འཆལ་གཏམ་སྨྲ་རྒྱུ་བཞག་ན་མཛེས་སོ།། །།

  5. amdo baglab says:
    2013-04-06 at 2:35 pm

    གླིང་ཚ་ལགས་ཧ་ཅང་གི་སྙིང་སྟོབས་ཆེ་ལ་་་་་་་་་་ངང་རྒྱུད་རིང་བ་ཁྱེད་ལྟ་བུ་ད་དུང་ཁ་ཤས་ཤིག་ཡོད་ན་ང་ཚོ་བོད་པ་ཚོར་ཕན་ཐོག་ཀྱང་དེ་ནི་ཁྱེད་ཉིད་ཁོ་ན་ངེས། འོན་ཀྱང་ཁྱེད་ཀྱིས་སེམས་ཤུགས་མ་ཆག་པར་སྔར་གྱི་དམ་བཅའ་བཞིན་འཇུག་འཐུད་ཐུབ་པའི་རེ་བ་དང་ཡིད་ཆེས་ཡོད། འོན་ཀྱང་འཇུག་མཐའ་ཁྱེད་ཉིད་རྒྱ་དམར་གྱི་བཙོན་འོག་ཏུ་ལོ་ནས་ལོ་འཐུད་དེ་འདུག་དགོས་མི་འོང་ངམ་བསམ་ནས་སེམས་འཁྲལ་ཤིན་ཏུ་ཆེ། ཁྱེད་ལ་བདག་ལྟའི་ཞུ་འོས་མ་མཆིས་རུང་གང་ཐད་ནས་གཟབ་སྟེ་རྒྱ་དམར་གྱི་བཙོན་འོག་ཏུ་མ་ཤོར་བ་ཞིག་གནང་གལ་ཆེ།

  6. ཨ says:
    2013-04-06 at 2:55 pm

    དྲ་གཉིད་ལགས་་་་སྐད་ཆ་ལ་བདག་རྒྱག་དགོས་དང་མི་དགོས་པའི་དབྱེ་བ་མང་པོ་ཞིག་ཡོད་རེད། ང་རང་ཚོའི་ཕ་མ་དྲིན་ཅན་རྣམ་པས་་་་་འདང་བརྒྱབ་ནས་སོམས་་་་ཤོད་་་་སྒྲུབས་་་གསུངས་པ་དེ་ཚོ། ང་རང་ཚོའི་ས་ཁ་ས་ཐོག་ནས་དར་བའི་སློབ་གསོ་ཞིག་མ་རེད་དམ།

  7. སྡོང་ཆུ་མིག says:
    2013-04-06 at 3:15 pm

    འཇིགས་མེད་ཐོས་པ་རང་གྲོལ་ལགས། ཁྱོད་རང་གི་འགན་མ་ཁུར་པའི་རྟགས་རེད། ཁྱོད་རང་གི་ཁ་ཚུམ་ནས་བསྡད་ན་ཡག་པོ་རེད་ལོ། ཁྱོད་རང་གི་བོད་མི་རིགས་ཀི་ཆེད་དུ་ག་རེད་བྱེད་ཀི་ཡོད། ཁ་མཁས་པོ་མ་བཤད་ལོ།

  8. མེ་རིའི་ངར་མོ། says:
    2013-04-06 at 3:58 pm

    ཁྱེད་ལ་རྗེས་སུ་ཡི་རངས་ཡོད། ཡིན་ཀྱང་གུས་མོའི་བསམ་ཚུལ་ལ་ཁྱེད་རང་གི་ཆབ་སྲིད་ལས་འགུལ་དེ་གནང་བར་ལྡི་ལིར་ཕེབས་པ་ཡིན་དུས་ཉིན་གསུམ་བཞི་རིང་ལྡི་ལིའི་བོད་སྒར་ལ་མ་བཞུགས་ནས་ལྡི་ལིའི་རྒྱལ་ཡོང་གི་སྐད་གྲགས་ཡོད་པའི་ས་ཆ་ཁག་ཞིག་ལར་བཞུགས་ན་བོད་དོན་དང་ཉིད་ཀྱི་ལས་འགུལ་ཐོག་ཁྱབ་བསྒྲགས་དེ་བས་ཆེ་བ་ཡོང་མོད།

  9. ཧྲི་དར་ཆོས་རྒྱལ་ says:
    2013-04-06 at 4:12 pm

    གླིང་ཚ་ལགས་ཁྱོད་ཀྱི་སྙིང་སྟོབས་དང་ལྷག་བསམ་ལ་གུས་རྩིས་དང་ཐུགས་རྗེ་ཆེ་བཅས་བོད་རྒྱལ་ལོ།

  10. ཀུན་དགའ says:
    2013-04-06 at 5:35 pm

    གངས་རི་དཔའ་པོ་དང་དཔའ་མོའི་མཆོད་སེམས་ཁྱེད་ཀྱིས་སེམས་སུ་བཅོང་ནས་མདུན་དུ་སྐྱོད་བ་རྗེས་སུ་ཡི་རངས་ཡོད་་་

  11. འདྲེ་རྐང་ཐོ། says:
    2013-04-06 at 11:32 pm

    འདྲེ་རྐང་ང་རང་ཆོུད་གཅིག་གཉིས་ཙམ་ལས་ཁྱེད་དང་མཉམ་དུ་གོམ་བགྲོད་འགྲོ་ཁོམ་མེད་རུང་་་་་ངེས་པར་དུ་ཡོང་རྩིས་ཡོད་་་་དེ་དུས་ཁ་བརྡ་ལྷོད་ལྷོད་བྱས་ཆོག་་་་བུ་རྒོད་པོ།

  12. བོད། ཤ་ཁྲག་རུས་གསུམ། says:
    2013-04-07 at 5:09 am

    སླར་ཡང་མི་སྒེར་ཁག་གཅིག་གིས་འབྱོར་བའི་ཞལ་འདེབས།

    སྐད་འཕྲིན་མཐུན་སྒྲིལ་ཚོགས་པ་ནས་ཧིན་སྒོར་༢༠༠༠།གནང་།
    རྒྱུད་སྨད་བློ་བཟང་བྱང་ཆུབ་ལགས་ནས་ཧིན་སྒོར་༥༠༠།གནང་།
    འགྱུར་མེད་ཟེར་བ་ནས་ཧིན་སྒོར་༢༠༠།གནང་།
    དོན་འགྲུབ་གླིང་མདོ་སྨད་ས་གནས་རྒྱུན་ལས་ནས་ཧིན་སྒོར་༡༡༠༠།གནང་།
    ཀ་ལུ་མེན་གྲོང་བཀྲ་ཤིས་རྣམ་རྒྱལ་ཧིན་སྒོར་༢༠༠།གནང་།
    ཀ་ལུ་མེན་ཀྲོང་གནས་བཞུགས་བསོད་ནམས་སྟོབས་ལྡན་ནས་ཧིན་སྒོར་༡༥༠།གནང་སོང་བ་བཅས་ལ་ང་སྒེར་ནས་ཁོང་ཚོས་བསམ་པའི་དྭང་བླང་གིས་ཕུལ་བའི་ཞལ་འདེབས་འདི་དག་ཆུད་ཟོས་སུ་མི་འགྲོ་བར་བདག་གིས་སྨོན་ལམ་འདེབས་པ་གཅིག་བུ་མིན་པར་ངའི་རང་ཉིད་ཀྱི་ཤ་ཁྲག་རུས་གསུམ་འདི་བེད་སྤྱད་ནས་བོད་མི་རིགས་ཀྱི་སྲི་ཞུ་གང་ནས་ཅི་ཐུབ་བྱེད་རྒྱུར་ཁོང་ཚོས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བ་དེར་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་རྒྱུ་ཡིན།

    ས་ཡ་དྲུག་གི་བུ་གླིང་ཚ་ཚེ་བརྟན་རྡོ་རྗེ་ནས།༧།༤།༡༣ལྡི་ལུ་ནས།

  13. ཨ says:
    2013-04-07 at 1:00 pm

    འདྲེ་རྐང་མིང་ཅན་ལགས་ནི། ང་ཚོའི་ནང་ནས་ཁ་མིག་ཡར་ལྟ་བྱ་སའི་མཚན་གཞི་ཐོག་མ་དེ་རེད། དེའི་རྒྱུ་མཚན། རང་གི་ཁོམ་སྐབས་ལ་ལྟོས་ཏེ་དཔའ་གླིང་དང་ལྷན་དུ་གོམ་བགྲོད་བྱ་རྒྱུའི་སྐད་ཆ་དེས་ཡིན། ཅི་འདྲའི་ཡི་རངས་འོས་ནི་དེ་འདྲ་ཞིག བདག་གིས་དྲ་ཐོག་ཞིག་ནའི་ཐོས་པ་ཐོག་མ་ཡིན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme