Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ།

Posted on 2019-01-09 By ཁ་བརྡ 2 Comments on བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ།

གཞུང་པ་ཚེ་དབང་བསོད་ནམས་ནས།
 
འཇིག་རྟེན་གྱི་ས་གཞི་་ཆེན་པོ་འདི་ཆགས་པ་ནས་མི་གི་འགྲོ་བ་འཕེལ་བའི་རྒྱུད་རིམ་ལ་ཕྱི་མིག་བལྟ་སྐབས་མི་རིགས་དང་ས་ཁོངས་བདག་དབང་རྒྱུད་ནས་མི་རིགས་སོ་སོར་དབང་བའི་ས་ཆ་དང་མི་རིགས་དེ་མཉམ་དུ་འཚོ་ཐུབ་པའི་སྒྲིག་འཛུགས་སམ་སྲིད་གཞུང་དེའི་འགན་ཁུར་འོག་སྲིད་གཞུང་དེ་ལ་འགོ་འཁྲིད་མཁན་གྱི་རྒྱལ་པོ་འམ་དཔོན་པོ་མི་རྗེ་སོགས་ཐ་སྙད་འདྲ་མིན་གྱི་འོག་ཏུ་མི་རིགས་རང་ཉིད་འཚོ་གནས་ཐུབ་པའི་འཚོ་བའི་མདུན་ལམ་དུ་ས་ཞིང་འདེབས་ལས་དང་དུད་འགྲོ་སེམས་ཅན་གསོ་སྐྱོང་ཚོང་ལས་སོགས་མི་རིགས་ཞིག་གསོོན་ཉམས་ཐུབ་པའི་སྐད་ཡིག་དང་རིག་གཞུང་སོགས་ཐུན་མོང་མ་ཡིན་པའི་ཤེས་རིག་གི་མདུན་ལམ་དེ་དག་མི་རིགས་ཚང་མར་གཅིག་རྒྱུར་དུ་ཡོད་པ་ནས་བོད་མི་རིགས་འདི་ཡང་སྐད་ཡིག་དང་རིག་གཞུང་གི་སྲོལ་བཟང་མ་དར་སྔོན་གྱི་ལོ་རྒྱུས་ནི་འཛམ་གླིང་གི་ལུང་པ་ཚང་མ་གཅིག་མཚུངས་ལྟར་རྡོའི་དུས་རབས་ནས་ཟངས་ཀྱི་དུས་རབས་སོགས་དུས་སྔ་མོའི་ལོ་རྒྱུས་ལ་སུ་གཅིག་གི་ཁུངས་ལྡན་གྱི་འབྲེལ་བཤད་དཀའ་བ་དང་སྐད་ཡིག་དང་རིག་གཞུང་གི་སྲོལ་བཟང་གཏོད་ནས་བོད་ཡུལ་འདི་བཞིན་ཐོག་མ་ཞང་ཞུང་རྒྱལ་རབས་སྐབས་བོན་གྱི་བསྟན་པ་དར་ནས་ཕྱིས་སུ་བོན་ཆོས་བན་སྡེ་ལ་རྒྱུར་བའི་ལོ་རྒྱུས་མང་ན་ཡང་དོན་དངོས་ཐོག་བོད་དུ་རྒྱལ་པོའི་ཐོག་མ་རྗེ་གཉའ་ཁྲི་བཙན་པོ་ནས་རྒྱུད་པའི་བོད་ཀྱི་ཆོས་རྒྱལ་མི་དབོན་རྣམ་གསུམ་གྱི་སྐུ་དུས་སུ་བོད་མི་རིགས་ཀྱི་ལས་དབང་དར་ནས་འཛམ་གླིང་གསུམ་ཆ་གཉིས་ལ་བོད་ཀྱི་དབང་རྒྱུར་བའི་ལོ་རྒྱུས་ཡིག་མཛོད་མང་པོའི་ནང་མཇལ་རྒྱུ་ཡོད་ན་ཡང་དོན་དངོས་སུ་བོད་མིའི་ལས་དབང་ལ་འཕེལ་འགྲིབ་དང་འགྱུར་ལྡོག་དར་རྒུད་འོག་ནས་བོད་སིལ་བུར་འཐོར་བའི་ལོ་རྒྱུས་ལ་ཕྱི་མིག་བལྟ་སྐབས་བོད་ཀྱི་སྤྱི་ཚོགས་འཚོ་བའི་ལམ་ལུགས་ནང་ཀྱག་ཀྱོག་གི་ལམ་ཕྲང་དོག་པོའི་འོག་བོད་མི་རིགས་འདི་གསོན་གནས་ཐུབ་པ་ནི་སྐབས་དེའི་བོད་མི་རིགས་ཀྱི་ལས་དབང་དར་རྒུད་ཀྱི་ས་མཚམས་ནས་དར་བའི་དུས་སྐབས་ཞིག་ཡིན་འདུག་ལ་རྒྱལ་པོ་གླང་དར་གྱི་སངས་རྒྱས་ཀྱི་བསྟན་པ་བསྣུབས་ཟེར་བའི་ལོ་རྒྱུས་ལ་དཔྱད་སྐབས་སངས་རྒྱས་ཀྱི་བསྟན་པ་བསྣུབས་པ་ཙམ་མ་ཟད་བོད་ཀྱི་རྒྱལ་པོའི་རིང་ལུགས་ལ་འཇུག་བསྡོམས་རྒྱབ་ནས་གསར་བརྗེའི་ལམ་ལ་ཁ་ཕྱོགས་པའི་རྣམ་པ་བསྟན་པ་ནས་གླང་དར་གྱིས་བོད་ཀྱི་རྒྱལ་པོའི་ལམ་ལུགས་ལ་འཇུག་བསྡོམས་རྒྱབ་མེད་ན་བོད་དེ་ཕྱི་ལོ་ ༡༩༥༩ སྐབས་ལ་འབྲུག་དང་བལ་ཡུལ་ནང་བཞིན་རྒྱལ་པོའི་འོག་གནས་ཡོད་ན་རྒྱ་མི་བོད་དུ་ཡོང་ཐུབ་མེད་ངེས་དང་སོག་པོའི་དམག་དཔུང་གི་རྒྱབ་བསྟེན་འོག་གོང་ས་ལྔ་པ་ཆེན་པོའི་རབ་བྱུང་བཅུ་གཅིག་ཆུ་རྟ་ལོ་ཕྱི་ལོ་ ༡༦༤༢ ལོར་དགའ་ལྡན་ཕོ་བྲང་གི་སྲིད་གཞུང་བཙུགས་ནས་ཕྱི་ལོ་ ༡༩༥༩ བར་མི་ལོ་་༤༠༠མ་ཟིན་ཙམ་རིང་བོད་དེ་རང་བཙན་གྱི་རྒྱལ་ཁབ་བྱས་ནས་འཛམ་གླིང་ཤར་ནུབ་ཀྱི་རྒྱལ་ཁབ་ཁག་དང་འདྲ་མཉམ་གྱི་ཚོང་འབྲེལ་ལམ་ཡིག་དང་ཕྱི་མི་བཀག་རྒྱ་སོགས་རྒྱལ་ཁབ་འདྲ་མཉམ་ཐོག་ཕྱི་འབྲེལ་སྲིད་ཇུས་འོག་ཁྲིམས་མཐུན་ཕར་འགྲོ་ཚུར་ཡོང་གི་ལམ་བཟང་འོག་བོད་མི་རིགས་འཚོ་བཞིན་པ་དེ་དག་ནི་མི་ལོ་༤༠༠ མ་ཟིན་ཙམ་རིང་བོད་མི་རིགས་ཀྱི་ལས་དབང་དར་བའི་འོག་ཏུ་གངས་རིའི་འཕྲོད་དུ་ང་ཚོ་སྐྱིད་ཉལ་གྱིས་འཛམ་གླིང་ལ་ཁ་ཕྱོགས་མ་ཐུབ་ནས་རྗེས་ལུས་ནང་ལྷག་པ་ནས་ཕྱི་ལོ་ ༡༩༥༩ ལོར་རྒྱ་མིའི་བོད་ལ་ལས་སླ་པོའི་ཐོག་ནས་དྲག་གནོན་གྱིས་གོང་ས་མཆོག་གི་དབུ་འཁྲིད་འོག་བཀའ་ཤག་ལྷན་བཅར་སྐུ་འཁོར་དང་བཅས་རྒྱ་གར་འཕགས་པའི་ཡུལ་དུ་བཙན་བྱོལ་དུ་ཞབས་སོར་འཁོད་པའི་རྗེས་སུ་བོད་མི་ཁྲི་ཚོ་བརྒྱད་ལྷག་ཙམ་ཞིག་རྒྱ་གར་དུ་འབྱོར་ནས་དགའ་སྐྱོ་བཟུང་འབྲེལ་གྱི་ཚོར་བ་ཟབ་པོའི་འོག་ཏུ་འགན་འཁུར་ནས་གནས་སྐབས་འཚོ་བའི་མདུན་ལམ་རྒྱ་གར་བྱང་ཤར་ཁུལ་གྱི་མངའ་སྡེའི་ནང་ལམ་བཟོའི་སྒྲིག་འཛུགས་འོག་ཁྱོ་ག་ལ་ཉིན་གླ་སྒོར་ ༡/༧༥ དང་སྐྱེས་དམན་ལ་ཉིན་གླ་སྒོར་ ༡/༥༠ བཅས་སྔ་དྲོ་ཆུ་ཚོད་༨ ནས་ཕྱི་དྲོ་ཆུ་ཚོད་༥ བར་ལས་དགོས་པ་དང་ཉིན་དགུང་ཆུ་ཚོད་༡ ཉིན་ལྟོ་ཟ་རྒྱུའི་དུས་ཚོད་ལ་ངལ་བསུ་བྱ་རྒྱུ་དང་ཧི་མ་ཅལ་མངའ་སྡེའི་ས་གནས་མན་ཌི་ནས་འགོ་བཙུགས་ནས་པོན་ཌོ་དང་ནོ་ཀི་མུ་ན་ལི་རོ་བྲང་ལ་སྒར་ཞ་དང་པི་ཏི་ཅམ་པ་དང་རམ་པུར་སིམ་ལ་དང་རྒྱ་གར་བྱང་ཤར་ཁུལ་ཀ་རྡོར་གང་གསུམ་ལ་ཆེན་ལ་ཆུང་སོགས་ལ་བོད་པས་ལམ་བཟོ་རྒྱུགས་ནས་དེང་སང་ས་ཁུལ་དེ་ཚོར་འགྲུལ་ཞུད་བྱ་རྒྱུར་དཀའ་ཚེགས་གང་ཡང་མེད་པ་ནི་བོད་མི་བཙན་བྱོལ་བའི་བྱས་རྗེས་རླབས་ཆེན་ཞིག་ཡིན་ན་དེ་དག་གི་བོད་མིའི་ལས་དབང་དང་འབྲེལ་བ་ཡོད་པའི་དགའ་སྐྱོ་བཟུང་འབྲེལ་གྱི་ཚོར་བ་ཟབ་པའི་བོད་མིའི་ལས་དབང་དུ་བསྐོས་པའི་དར་རྒུད་ཀྱི་འཕེལ་འགྲིབ་ཞིག་ཡིན་པ་དང་གོང་ས་མཆོག་གི་རླབས་ཆེན་དགོང་གཞིའི་འོག་སྐབས་དེའི་རྒྱ་གར་གྱི་སྲིད་བློམ་དམ་པ་ནེ་རུ་ལྷན་བཀའ་བསྡུར་གནང་ནས་བོད་མི་རིགས་འདི་གསོན་གནས་ཐུབ་པའི་ཆེད་བོད་མི་བཙན་བྱོལ་བ་ཚོར་རྒྱ་གར་གྱི་མངའ་སྡེ་ཁག་གི་ནང་གཞིས་ཆགས་ཐུབ་པའི་ས་ཆ་གནང་ནས་བཟོ་གཞིས་ཁག་གསར་འཛུགས་དང་འབྲེལ་ས་ཞིང་འདེབས་ལས་དང་བཟོ་ལས་འཛུགས་བསྐུན་དང་བོད་ཀྱི་ནང་ཆོས་རིག་པ་སླར་གསོའི་ཆེད་ཆོས་སྒར་ཁག་སླར་གསོའི་མཐུན་སྦྱོར་དང་མ་འོངས་བོད་ཀྱི་སོན་རྩ་བོད་ཕྲུག་ཚོར་བོད་མི་རིགས་ཀྱི་སྐད་ཡིག་སློབ་གསོ་གཙོ་བོར་འཛིན་པའི་ཐོག་དེང་དུས་ཀྱི་ཕྱི་ནང་ཤེས་བྱ་རིག་པར་སྦྱང་བརྩོན་ཐུབ་པའི་ཆེད་གཏན་ཉིན་སློབ་གྲ་ཁག་གསར་འཛུགས་རྒྱུད་ནས་དེང་སྐབས་བཙན་བྱོལ་སྤྱི་ཚོགས་ནང་དེང་དུས་དང་མཐུན་པའི་ཤེས་ཡོན་རིག་པའི་དཔུང་ཁག་སྟོང་ཚོ་སྐྱེ་སྲིང་ཐུབ་ནས་འཛམ་གླིང་མི་མང་མཉམ་འགྲོ་སྡོད་སྤྱོད་གསུམ་ལ་འདྲ་མཉམ་དུ་སྒོ་སྐབས་ཡོད་པ་ནི་བོད་མི་རིགས་ཀྱི་ལས་དབང་གི་འཕེལ་འགྲིབ་དེ་ཡར་ངོའི་ཟླ་ལྟར་གོང་ནས་གོང་དུ་འཕེལ་བཞིན་པ་དང་བོད་མིའི་ཆོས་སྲིད་གཉིས་ཀྱི་དབུ་འཁྲིད་སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་དུས་གསུམ་གསལ་གཟིགས་འོག་མ་འོངས་བོད་ཀྱི་ཆབ་སྲིད་ལམ་ལུགས་དེ་མི་མང་མང་གཙོའི་ལམ་ལུགས་ལ་ཁ་ཕྱོགས་ནས་མ་འོངས་བོད་ཀྱི་མང་གཙོའི་རྩ་་ཁྲིམས་ཟིན་བྲིས་གསལ་བསྒྲགས་དང་སྦྲགས་བཙན་བྱོལ་སྤྱི་ཚོགས་ནང་མང་གཙོའི་སྒྲིག་འཛུགས་བཙུགས་ནས་བཙན་བྱོལ་བོད་མིའི་བཅའ་ཁྲིམས་གཏན་འབེབས་རྒྱུད་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་(.  Legislature  ) དང་འཛིན་སྐྱོང་བཀའ་ཤག་  ( Executive  )  དང་ཁྲིམས་ལུགས་དབང་འཛིན་ཆེས་མཐོའི་ཁྲིམས་ཁང་ (Judiciary  ) བཅས་འཛམ་གླིང་གི་མང་གཙོ་སྤྱིའི་ལམ་ལུགས་ལ་ཁ་ཕྱོགས་ནས་མི་ལོ་དྲུག་བཅུ་འགྲོ་བཞིན་པ་ནས་ཕྱི་ལོ་༢༠༡༡ ལོར་གོང་ས་མཆོག་གི་ཆབ་སྲིད་ཀྱི་སྐུ་དབང་ཡོངས་རྫོགས་མི་མང་ལ་གནང་ནས་དེ་སྔའི་མི་ལོ་བཞི་བརྒྱ་མ་ཟིན་ཙམ་གྱི་དགའ་ལྡན་ཕོ་བྲང་ནས་བོད་ཀྱི་ཆབ་སྲིད་བསྐྱངས་པའི་ལམ་ལུགས་ལ་འཇུག་བསྡོམས་རྒྱབ་ནས་བོད་མི་མང་འདི་མང་གཙོ་ཡང་དག་པའི་ལམ་ལུགས་ཁྲིམས་ཀྱི་དབང་བསྒྱུར་ནང་འཁྲིད་པ་སོགས་བོད་མི་རིགས་ལ་བཀའ་དྲིན་ཤིན་ཏུ་ཆེ་བས་མགོན་པོ་གང་གི་བཀའ་དྲིན་ནི་སྟོང་གསུམ་རིན་ཆེན་བདུན་གྱིས་བསྐང་ནས་ཕུལ་ཀྱང་ཆ་ཤས་ཙམ་ཡང་ཞལ་བར་དཀའ་བ་དང་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ལ་དངོས་ཤུགས་རྒྱུད་གསུམ་ནས་མཐུན་སྦྱོར་གནང་མཁན་ཕྱི་ནང་གི་མི་རིགས་གཏོང་འཕོད་ཅན་ཚོའི་བྱམས་བརྩེ་དང་གཞན་ཕན་ལ་བསྔགས་བརྗོད་ཀྱི་མེ་ཏོག་ཕུལ་བཞིན་ཡོད་ལ་ད་ལྟའི་དུས་སྐབས་འདིར་བོད་མི་རིགས་ཀྱི་ལས་དབང་དར་བའི་སྒོ་སྐབས་དང་བསྟུན་ནས་གོང་ས་མཆོག་གི་དགོང་གཞི་དང་བཙན་བྱོལ་བོད་མིའི་ཁྲིམས་བཟོ་སྤྱི་འཐུས་གྲོས་ཚོགས་ནས་སྤྱི་མོས་གྲོས་ཆོད་ལམ་ནས་གཏན་ལ་ཕབ་པའི་སྲིད་ཇུས་བོད་རྒྱའི་འབྲེལ་ལམ་དེ་དབུ་མའི་ལམ་རྒྱུད་ནས་འགྲོ་དགོས་པ་དེ་ང་ཚོའི་དམ་ཆ་ཡིན་ལ་མཁས་ལེན་ཡང་ཡིན་ལ་མཆོད་སེམས་ཀྱང་ཡིན་ལ་ཁྲིམས་སྒྲིག་ཀྱང་ཡིན་ན་གཞིས་བྱེས་བོད་མི་མང་ནས་ལྷག་བསམ་གཡོ་མེད་ཐོག་ནས་འགན་ཁུར་དགོས་པ་དེ་བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་དང་འབྲེལ་བ་གཏིང་ཟབ་ཡོད་པའི་ངོས་འཛིན་ཡང་ཞུ་གི་ཡོད་ལ་བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ་འདི་བཞིན་གང་ཟག་སྒེར་གྱི་བསམ་ཚུལ་གསལ་སྟོན་ཞུས་པ་འདིའི་ཀྱང་མ་འོངས་བོད་ཀྱི་ཁ་ཕྱོགས་ལ་བོད་མི་གཞིས་བྱེས་གཉིས་ནས་མཉམ་རུབ་ཀྱི་འགན་ཁུར་ཐུབ་པའི་ཡིད་ཆེས་དང་བཅས་བདེན་པ་ཉིད་རྒྱལ་རྒྱུར་ཅིག།

ཀོ་ལི་གྷལ་གཞིས་ཆགས་གཞུང་པ་ཚེ་དབང་བསོད་ནམས་ནས་ཕྱི་ལོ་ ༢༠༡༩ ཕྱི་ཟླ་ ༡ པོའི་ཚེས་ ༨ཉིན་བལ་ཚོང་ས་གནས་ནན་ཏི་ནས་ཟིན་བྲིས་སུ་བཏབ།

བསམ་ཚུལ།

Post navigation

Previous Post: ༧སྤྲུལ་སྐུ་ངག་དབང་ཡོན་ཏན་རྒྱ་མཚོ་ལ་གདམས་ལག་འཆང་གི་མེ་ལོང་རབ་གསལ།
Next Post: སྐྱིད་ཤོད་ལྷ་རྗེ་དགེ་བ་འབུམ།

Comments (2) on “བོད་མི་རིགས་ཀྱི་ལས་དབང་འཕེལ་འགྲིབ་ལ་དཔྱད་པའི་གཏམ།”

  1. རང་བྱུང་རིག་པའི་རྡོ་རྗེ says:
    2019-01-14 at 1:08 am

    གཞུང་པ་ཚེ་དབང་ལགས་ནས་ཡག་པོ་བྲིས་འདུག རྒྱལ་དབང་ལྔ་བས་སྲིད་དབང་བཟུང་པ་དེ་ནོར་འཁྲུལ་ཚབས་ཆེན་ཞིག་རེད། ཡིན་ནའང་བོད་པ་ཚོར་ད་དུང་རྨོངས་དད་ཀྱིས་སྒྲིབ་ནས་ཡོད་སྟབས་འདི་འདྲ་བཤད་ས་ཅང་ཡོད་པ་མ་རེད། སྤྱིར་རྒྱལ་དབང་ལྔ་བས་སྲིད་དབང་མ་བཟུང་ན་ལེགས་མོད། འོན་ཀྱང་བཟུང་ནས་སྲིད་དབང་ལ་ཤུགས་རྒྱབ་ཡོད་ན་ཧ་ཅང་གི་འགྲིག་པ་རེད། ཁོང་གི་ནོར་འཁྲུལ་ཚབས་ཆེ་ཤོས་ཏེ་སྲིད་དབང་སྲ་བརྟན་དུ་མ་བཏང་བ་དེ་རེད། དགོས་རྒྱུ་ཆོལ་གསུམ་གཅིག་སྒྲིལ་དང་ས་མཚམས་བརྟན་པོ་མ་བཟོས་པར་། མི་དགོས་རྒྱུ་འཛམ་གླིང་གི་རྒྱལ་པོའི་ཕོ་བྲང་བརྫིག་ཤོས་གཉིས་པ་ཕོ་བྲང་པོ་ཏ་ལ་བཞེངས་རྒྱུར་སྟོབས་ཤུགས་ཡོད་ཚད་བཀོལ་ནས་བསྡད་པ་རེད། བོད་ཡུལ་ནི་འཛམ་གླིང་གི་རྒྱལ་ཁབ་ཆེ་སྐྱོ་ཤས་གྲས་རེད། པོ་ཏ་ལ་ནི་འཛམ་གླིང་རྒྱལ་པོའི་ཕོ་བྲང་ཡག་ཤོས་གཉིས་པ་རེད། འདི་ནི་ཤིན་ཏུ་ནས་ངོ་ཚ་དགོས་པ་རེད། དགའ་ལྡན་ཕོ་བྲང་རུལ་སོང་ཡིན་པ་འདིས་བསྟན་ཚར་བ་རེད། ཡིན་ཡང་ད་དུང་བོད་བླུན་ཚོས་འདི་རྟོགས་ག་ལ་ཐུབ། ནམ་ཞིག་རྒྱལ་དབང་ལྔ་བར་ཞྭ་མོ་ནག་པོ་ཞིག་གཡོག་ངེས་རེད། ཡིན་ཡང་ཕྱིས་དྲག་པ་རེད། །

  2. རང་བྱུང་རིག་པའི་རྡོ་རྗེ says:
    2019-01-14 at 1:15 am

    གཞུང་པ་ལགས། དགའ་ལྡན་ཕོ་བྲང་གི་དངོས་གནས་ཆོས་སྲིད་གཉིས་ཀྱི་དབང་ཆ་མི་མང་ལ་སྩལ་ནས་དམངས་གཙོར་བསྒྱུར་བ་རེད་དམ། ངས་ནི་སྤོབས་པ་དང་བཅས་ཅིས་ཀྱང་མ་རེད་ཅེས་བརྗོད་བཞིན་ཡོད། རྒྱུ་མཚན་ནི་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme