Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་རིགས་ཀྱི་དཔའ་རྒོད་གཅིག་ང་ཚོ་དང་གཏན་དུ་ཁ་བྲལ་སོང་།

Posted on 2020-10-21 By ཁ་བརྡ No Comments on བོད་མི་རིགས་ཀྱི་དཔའ་རྒོད་གཅིག་ང་ཚོ་དང་གཏན་དུ་ཁ་བྲལ་སོང་།

ངམ་རིང་ཡོན་ཏན་རྒྱ་མཚོ།

སྤྱིར་སྐྱེ་རྒ་ན་འཆི་ནི་ཟློག་མེད་འཇིག་རྟེན་གྱི་ཆོས་ཉིད་ཡིན་པས།ཁ་ཆེ་ཕ་ལུས་“ཡོང་གིན་ཡོང་གིན་འགྲོ་གིན་འགྲོ་གིན་འདུག དོན་དུ་ཡོང་མི་ཚང་མ་འགྲོ་མི་རེད།”གསུངས་པ་ལྟར་དུས་ཀྱི་སྔ་ཕྱི་ཙམ་མ་གཏོགས་ང་ཚོ་ཚང་མ་ལམ་བུ་དེར་འགྲོ་མི་ཡིན་སྟབས། ལོ་ན་སྨིན་པའི་སྐྱེ་བོ་སྤྱིར་བཏང་བ་ཞིག་ཕྱི་མའི་ལམ་དུ་བཞུད་པར་དེ་ཙམ་ཧང་གསང་དགོས་དོན་མེད་ཀྱང་། བོད་མི་རིགས་འདིར་ལར་ཞེན་ཆེ་ཞིང་། ཡོད་ཚད་མི་རིགས་འདིའི་ཆེད་དུ་བློས་གཏོང་གནང་སྟེ། མི་ལོ་བཅུ་ཕྲག་གསུམ་ལྷག་ཙམ་རིང་མགུལ་ལ་ལྕགས་ཐག་དང་སྐུ་ལ་བཙོན་གོས་སྔོན་པོ་གྱོན་སྟེ་རྒྱའི་བཙོན་ཁང་ནང་མནར་གཅོད་མྱངས་མྱོང་མཁན་གྱི་དཔའ་རྒོད་གཅིག་ང་ཚོ་དང་ཁ་བྲལ་ཏེ་འཇིག་རྟེན་ཕྱི་མའི་ལམ་དུ་ཕེབས་སྐབས། གཟུགས་མེད་ཡ་ཆུང་སེམས་སུ་ཇི་མི་སྙམ་པའི་ཚོར་སྣང་སྐྱུར་མོ་ཞིག་ང་ལ་རང་བཞིན་གྱིས་སྦྱིན་སྦྱིན་བྱུང་ལ། ཁྱེད་རྣམས་ལའང་དེ་ལྟར་བྱུང་ཤས་ཆེ། དེ་བས་ཀྱང་བློ་ཕམ་དགོས་པ་ཞིག་ནི། ཁོང་རང་ཉིད་དང་འདྲ་བའི་རྒྱལ་གཅེས་དཔའ་རྒོད་ཚོའི་སྒེར་སེམས་མེད་པའི་བློས་གཏོང་ལ་གྲུབ་འབྲས་མ་ཐོབ་གོང་ནས་ཕྱི་ལམ་དུ་ཕེབས་དགོས་བྱུང་པ་རེད། དེ་ལྟ་བུའི་བོད་མི་རིགས་ཀྱི་རླབས་ཆེན་དཔའ་རྒོད་ནི་གཞན་སུ་ཡང་མིན་པར་དགུང་གྲངས་ ༩༣ ལ་ཕེབས་པའི་བོད་མི་རིགས་ཀྱི་རང་དབང་འཐབ་བརྩོད་པ་སྟག་སྣ་འཇིགས་བཟང་ལགས་ཡིན།ཁོང་འཇིག་རྟེན་ཕྱི་མའི་ལམ་དུ་ཕེབས་མཚམས་སུ་སྤྱི་ཚོགས་དྲ་ལམ་དུ་མྱང་ངན་གུས་འདུད་ཞུ་མཁན་མང་པོ་བྱུང་སོང་ལ་ཁོང་གི་སྐུ་པར་ཡང་མི་ཉུང་བ་ཞིག་གཅིག་རྗེས་གཉིས་མཐུད་ཀྱི་དྲ་བའི་སེང་ནས་མཐོན་བྱུང་། ཁོང་གི་སྐུ་པར་དེ་དག་གི་ཁྲོད་ནས་ངའི་སེམས་ལ་གཟུག་གཟེར་འཕར་མ་སྦྱིན་མཁན་ཞིག་ནི་བཙོན་གོས་སྔོན་པོཧྲུལ་པོ་ཞིག་གི་སྟེང་མགུལ་ལ་ལྕགས་ཐག་གཡོགས་པའི་སྐྱིད་ཡ་བའི་བཙོན་ཁང་ནང་བསྒྲོན་པའི་ཁོང་གི་སྐུ་པར་དེ་རེད། སྐམ་ལ་རིད་པའི་ཁོང་གི་བཞིན་རས་དང་། སྔོ་ལ་ཧྲུལ་བའི་བཙོན་གོས་སྔོན་པོ།ཁོང་གི་མགུལ་ལ་བཙན་གྱིས་གཡོགས་པའི་ལྕགས་ཐག་རྣམས་པར་རིས་དེའི་ནང་ནས་མཐོང་སྐབས།མིག་ཤེས་ཀྱི་ཡོལ་བའི་རྒྱབ་ལ་གབ་པའི་ངའི་མིག་ཟུང་ནས་འཆི་མ་དབང་མེད་དུ་ཤོར་སོང་ལ། ཡ་ཆུང་སེམས་སུ་ལན་འདེབས་མེད་པའི་དྲི་རྟགས་ཀྱང་མི་ཉུང་བ་ཞིག་འཁོར་བྱུང་། དེ་བཞིན་དུ་སྐུ་པར་དེའི་ཐོག་ནས་ངས་རྗེས་དཔག་ཐུབ་པ་ནི།གཤིན་རྗེའི་ར་བ་དང་གཉིས་སུ་མེད་པའི་རྒྱའི་བཙོན་ཁང་ནང་ཁོང་གིས་ལུས་སེམས་གཉིས་ཀྱིས་དཀའ་སྡུག་ཅི་ཙམ་མྱངས་མིན་དེ་རེད། ངའི་ཀླད་པའི་ནང་འཁོར་བའི་ལན་འདེབས་མེད་པའི་དྲི་རྟགས་ནི། མི་སྐུ་གཟུགས་ཆུང་ཆུང་ཞིག་ལ། དེ་ལྟ་བུའི་བློས་གཏོང་བྱེད་ཕོད་པའི་བློ་སྟོབས་དང་། ཆོད་སེམས་ཤིག་གང་ནས་བྱུང་མིན་དང་། དམར་པོའི་སྲིད་གཞུང་གི་སྒྲོམ་གཞིའི་ནང་དེ་ལྟ་བུའི་རྒྱལ་ཞེན་དེ་གང་ནས་བྱུང་མིན་དེ་རེད། དྲི་བ་རྗེས་མ་དེའི་ལན་འདེབས་འཚོལ་ཆེད་ངས་མི་ལོ་ཉི་ཤུ་གོང་ལ་ཕྲན་གྱི་སློབ་གྲོགས་ཆབ་སྲིད་བཙོན་ཟུར་ཞིག་གིས་དམ་པ་ཁོང་གི་སྐོར་ལ་གསུངས་པའི་བཀའ་མོལ་དུམ་བུ་ཞིག་ལ་ཕྱིར་དྲན་བྱ་དགོས་བྱུང་།དེ་ཡང་དེ་སྔོན་རང་ཉིད་ནོར་གླིང་དུ་ཡོད་སྐབས་ཕྲན་གྱི་སློབ་གྲོགས་ཆབ་སྲིད་བཙོན་ཟུར་ཞིག་གིས་དམ་པ་དེ་ཉིད་ཀྱིས་བཙོན་ཁང་ནང་གོ་སྐབས་ནམ་བྱུང་ལ་བཙོན་གྲོགས་ཚོར་བོད་ཀྱི་བརྡོ་སྤྲོད་ལ་སོགས་པའི་བོད་ཡིག་སློབ་འཁྲིད་གནང་གི་ཡོད་ལུགས་གསུངས་ཤིང་་ཁོང་གིས་གསུངས་པའི་བཀའ་མོལ་དེའི་ཁྲོད་ནས་ངས་རྟོགས་ཐུབ་པ་ནི་ཁོང་གིས་བོད་མི་རིགས་ཀྱི་རིག་གཞུང་ལ་བཅངས་པའི་བརྩེ་སེམས་དེ་ཡིན་ཞིང་། དེ་ནི་ཁོང་གིས་མི་རིགས་འདིའི་ཆེད་ཡོད་ཚད་བློས་གཏོང་ཐུབ་པའི་རྒྱལ་ཞེན་གྱི་བསམ་བློའི་འབྱུང་ཁུངས་དེ་ཡིན་སྲིད་པའི་ཚོད་དཔག་རང་བཞིན་གྱི་ལན་འདེབས་དེ་རེད། གང་ལྟར་ཁོང་ནི་ང་དང་ང་འདྲ་བའི་སྐྱེ་བོ་མང་པོ་ཞིག་གི་སེམས་ནང་གི་དྲི་རྟགས་མང་པོ་ཞིག་ལ་ལན་འདེབས་མ་རག་གོང་ནས་ཕྱི་མའི་ཡུལ་དུ་ཕེབས་ཟིན་སོང་། ཐ་ན་ཁོང་གི་འཁྲུངས་ཡུལ་ངོ་མ་དེ་ཡང་གང་ཡིན་ང་ཚོས་གསལ་རྟོགས་མ་ཐུབ་གོང་ནས་ཁོང་བཞུད་ཟིན་སོང་། དེ་ལྟ་བུའི་ལན་འདེབས་མེད་པའི་དྲི་རྟགས་མང་པོ་ཞིག་ང་ཚོའི་མདུན་དུ་ལྷག་པ་ནི། གཅིག་ནས་ང་ཚོ་མང་པོ་ཞིག་གིས་ཁོང་བཙོན་གྲོལ་ཐོབ་རྗེས་“ལ་བུད་སོང་ལ་རྩེ་སྐུ་བཞུགས་གནང་”ཟེར་བའི་དཔེ་ལྟར་གཞུང་འབྲེལ་གྱི་གཟིགས་སྐྱོང་འཐུས་ཚང་གནང་བ་ལས་གཞི་རིམ་སྤྱི་ཚོགས་ཀྱིས་ཁོང་གིས་བློས་གཏོང་དང་རྒྱལ་ཞེན་གྱི་མཛད་རྗེས་ལ་དགོས་ངེས་ཀྱི་མཐོང་ཆེན་ཕུལ་མ་ཐུབ་པ་དང་།གཉིས་ནས་ཤེས་ལྡན་མི་སྣ་དང་འཐབ་བརྩོད་ཀྱི་དབུ་ཁྲིད་ཚོས་ཁོང་གི་རྒྱལ་ཞེན་གྱི་བསམ་བློའི་འབྱུང་རྩ་སྔོགས་ཏེ་མི་རབས་རྗེས་མའི་སློབ་སྦྱོང་བྱ་ཡུལ་སྐུ་ཚེའི་ལོ་རྒྱུས་འཐུས་ཚང་འབྲི་ཐུབ་མེད་པ་སོགས་མདོར་ན་ང་ཚོ་གཞི་རིམ་སྤྱི་ཚོགས་ཀྱིས་དགོས་ངེས་ཀྱི་འོས་འགན་ཚུལ་བཞིན་མ་ཁྱེར་བའི་དབང་གིས་ཁོང་གིས་ང་ཚོར་ལན་འདེབས་མེད་པའི་དྲི་རྟགས་མང་པོ་ཞིག་བཞག་སྟེ་ཕེབས་སོང་། ཐ་ན་རང་རིགས་གཞོན་སྐྱེས་མི་ཉུང་བ་ཞིག་ཞིག་གི་སེམས་སུ་ཡང་སྙིང་སྟག་སྣ་འཇིགས་བཟང་ལགས་སུ་ཡིན་མིན་ཀྱང་མི་ཤེས་པའི་སྐབས་འདིར་རྒྱང་རིང་དུ་ཕེབས་སོང་།

སྣ་ཚོགས།

Post navigation

Previous Post: ཨ་ཅེ་མེ་ཏོག་གཡང་འཛིན་མའི་འགྱུར་དེབ།
Next Post: ངའི་སྲིད་སྤྱིའི་འོས་ཁོངས་སུ་”ཆོལ་ཁ་”གང་ནས་ཡིན་མི་ཤེས་པའི་”ན་གཞོན་”གཉིས་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme