Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མོ་རྣམ་རྒྱལ་ཆོས་སྐྱིད་ལགས་ཀྱི་རེ་སྐུལ།

Posted on 2015-02-082015-02-08 By ཁ་བརྡ 48 Comments on བོད་མོ་རྣམ་རྒྱལ་ཆོས་སྐྱིད་ལགས་ཀྱི་རེ་སྐུལ།

བསམ་ཚུལ།

Post navigation

Previous Post: སྨག་འོག་གི་སེམས་འགྱུ
Next Post: རྒྱང་རིང་གི་ཨ་མ།

Comments (48) on “བོད་མོ་རྣམ་རྒྱལ་ཆོས་སྐྱིད་ལགས་ཀྱི་རེ་སྐུལ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2015-02-08 at 2:00 pm

    ཁྱེད་ཀྱི་གསུངས་པ་ལ་ངས་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ལྷག་ཞུས་ཡོད་ལགས།། །།

  2. ཡེ་ཤེས་དཔལ། says:
    2015-02-08 at 2:22 pm

    ཁྱེད་ཀྱིས་གསུངས་པ་ལ་ངས་ཀྱང་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ལྷག་ཞུ་བཞིན་ཡོད་ལགས།།

  3. ས་མཐའི་མིག་ཆུ། says:
    2015-02-08 at 2:28 pm

    ཁྱོད་ལ་རྒྱབ་སྐྱོར་ཡོད་དེ་དོན་གྱི་བདག་པོ་དགའ་ལྡན་ཕོ་བྲང་གི་དབུ་ལས་རྣམ་པར་དེ་འདྲའི་འཚོར་སྣང་ཨེ་ཡོད་ན། ཁོང་ཚོར་དངུལ་དགོས་པ་ལས་གོང་ས་མཆོག་་གི་སྐུ་འཕྱ་གལ་ཆེན་པོ་མ་རེད།

  4. ཆུ་ཐིགས་སྔོན་མོ says:
    2015-02-08 at 2:40 pm

    ཐུགས་རྗེ་ཆེ་་་་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཡོད་་་

  5. དུད་འགྲོ་ says:
    2015-02-08 at 2:57 pm

    རྒྱབ་སྐྱོར་ཡོད་ལགས་

  6. སྤུ་གྲི་རེག་གཅོད། says:
    2015-02-08 at 3:00 pm

    ཁྱེད་ཀྱི་ལྷག་བསམ་ཡིན་ས་རེད། ཡིན་ན་ཡང་རྒྱལ་བ་རིན་པོ་ཆེ་ལ་ཁྱེད་རང་སྐུ་ངལ་གསོ་དགོས་རེད་ལབ་ན་། ཁོང་གི་ཐུགས་ལ་ག་རེ་དགོངས་ཀྱི་ཡོད་ན་ངས་ཧ་མི་གོ།

  7. གནམ says:
    2015-02-08 at 3:33 pm

    ཏག་ཏག་རེད། རྒྱབ་སྐྱོར་ཡོད། ཡིན་ན་ཡང་། ད་ལྟ་སྐུ་གཟུགས་ཡག་ཐག་ཆོད་རེད་འདུག། བཀྲ་ཤིས་བདེ་ལགས། སྐུ་ཚེ་རིང་། བསམ་དོན་འགྲུབ།

  8. རྟ་བདུན་དབང་བོ says:
    2015-02-08 at 4:10 pm

    ཁྱེད་རང་ལ་ལྷག་བསམ་ཡག་པོ་འདུག ཡིན་ནའང་སྐུ་ལུས་འགུལ་སྐྱོད་ཅི་ཙམ་བྱས་པ་དེ་ཙམ་གྱིས་སྐུ་གཟུགས་མཁྲེགས་ཀྱིན་འགྲོ་ཀི་ཡོད་པ་རེད། དཔེར་ན་ལུས་རྩལ་ཅི་ཙམ་བྱས་པ་ཙམ་གྱིས་གཟུགས་པོ་བདེ་ཞིང་ཡང་མོར་འགྲོ་བ་མ་ཟད་ན་ཚ་སོགས་འབྱུང་གི་མེད་པ་གསལ་པོ་རེད། གཙོ་བོ་དེ་ང་ཚོ་བོད་རིགས་ཡོངས་རྫོགས་ཀྱིས་༧གོང་ས་མཆོག་གི་ཅི་གསུང་བཀའ་སྒྲུབ་དང་དུ་བླང་ནས་ཐུགས་བསམ་མི་དཀྲུགས་རྒྱུ་དེ་གལ་ཆེ་ཤོས་རེད། ༧གོང་ས་མཆོག་སྐུ་ཚེ་བརྟན་པར་འདོད་ན་རྫུན་དང་གཡོ་སྒྱུ་སོགས་གཞན་ལ་གནོད་པའི་ལས་སོགས་སྤང་རྒྱུ་དང་ཁྱད་པར་དུ་བོད་ཀྱི་ཞབས་འདྲེན་དུ་མ་སོང་བ་ཞིག་བསྒྲུབ་ཐུབ་ན་དེ་གས་འཐུས་པ་རེད། །

  9. ིརིག་པའི་བུ says:
    2015-02-08 at 5:18 pm

    མོས་སྐུ་སྒེར་ཡིག་ཚང་རྒྱལ་བ་རིན་པོ་ཆེ་མི་སེམས་མཁན་དང་། རྒྱལ་བ་རིན་པོ་ཆེ་ཡང་གཞན་གྱིས་བེད་སྤྱོད་བཏང་ཆོག་ཆོག་གི་དུད་འགྲོ་ཇི་བཞིན་རེད་བསམ་གི་ཡོད་ས་རེད། དོན་དངོས་སྐུ་སྒེར་ཡིག་ཚང་མོས་བསམ་པ་ནང་བཞིན་རྒྱལ་བ་རིན་པོ་མི་སེམས་མཁན་དང་། སེམས་སྟངས་མི་ཤེས་མཁན་གྱི་ལྐུག་པ་མ་རེད། དོན་མེད་སེམས་ཁྲལ་མ་བྱེད།

  10. ཆོས་འཕེལ་དར་རྒྱས་ says:
    2015-02-08 at 6:29 pm

    མཆན་གསུམ་པ་དེས་ག་རེ་གསུང་བ་ཧ་གོ་མ་སོང་། དགའ་ལྡན་ཕོ་བྲང་གི་བདག་པོ་རྒྱལ་བ་རིན་པོ་ཆེ་མ་རེད་དམ།

  11. རྡུལ་ཕྲན། says:
    2015-02-08 at 7:47 pm

    རྒྱལ་བ་རིན་པོ་ཆེ་མཆོག་གིས་སྐུ་ངལ་གསོས་ཚར་ན་བོད་པས་སྐུ་ངལ་གསོ་འཇོག་ནི་རེད། དེ་བས་ཁོང་གིས་དགུང་གྲངས་ཀྱི་ན་བབ་ལ་མ་ལྟོས་བར་སྐུ་ངལ་བསྐྱོན་དགོས་བྱུང་བ་རེད།
    དོན་ངོ་མ་བོད་པ་ཚོས་༧གོང་ས་མཆོག་སྐུ་ངལ་གསོ་འཇུག་རྒྱུ་ཡིན་ཟེར་ན། བོད་པ་ཚོས་རང་ངོ་རང་ཤེས་དང་། རང་བདག་རང་ཐུབ་བྱེད་ཐུབ་དགོས་པ་དེ་རེད། དེ་མིན་སྐུ་ངལ་གསོ་རོགས་ཟེར་བ་ཙམ་གྱིས་སྐུ་ངལ་གསོ་ཐུབ་ཀྱིན་མེད་དོ།

  12. བློ་བཟང་ says:
    2015-02-08 at 9:18 pm

    འཛམ་གླིང་རྒྱལ་སྤྱིའི་སྟེང་༧གོང་ས་མཆོག་གི་མཛད་འཕྲིན་ཇི་ཙམ་རྒྱས་ན་བཟང་། ཡིག་ཚང་ནས་དམ་ཟབ་དགོས་པ་ནི་བོད་མི་ནང་ཁུལ་ཚོགས་པ་སྐྱིད་སྡུག་ཡོད་ཚད་ནས་གདན་འདྲེན་ཞུས་པ་ནི་དགོས་པ་དེ་ཙམ་མ་མཐོང་།

  13. BONPO says:
    2015-02-08 at 10:16 pm

    བུ་མོ་ལགས། ཉན་ཡོད། གོ་ཡོད། བོད་གངས་ཅན་པའི་བུ་མོ་ཁྱེད་ཀྱི་ལྷག་བསམ་ལ་རྗེས་སུ་ཡི་རངས་ཞུ། །

  14. ཀློང་ཆུང་ says:
    2015-02-09 at 12:40 am

    ཕོ་རབ་བརྒྱ་ལས་ལྷག་པའི་སྟོབས། བླ་མ་སྟོང་ལས་ལྷག་པའི་རྟོགས་པ། སྤྲུལ་སྐུ་ཁྲི་ལས་ལྷག་པའི་ཞབས་འདེགས། བུད་མེད་ཕལ་པ་ཞིག་གི་ངག་ལས་འཕྱུར་སོང་།

    འོ་ཡག་བྱུང་། གོ་སོང་། ཐུགས་རྗེ་ཆེ།

  15. དུད་འགྲོ་ says:
    2015-02-09 at 2:14 am

    བློ་བཟང་གི་སྐད་ཆ་དེ་བདེན་པ་རེད་

  16. འཇམ་གཅེས། says:
    2015-02-09 at 2:41 am

    བརྒྱ་ཆ་བརྒྱ་ཐམ་པ་རྒྱབ་སྐྱོར་གཙང་མ་ཡོད། སྙིང་ནས་བཀའ་དྲིན་ཆེ། སྐད་ཆའི་ནང་དོན་གསེར་སྲང་སྟོང་གིས་ཉོ་མི་ནུས་པའི་རིན་ཐང་དང་ལྗིད་ཁོག་འདུག་་་་

  17. རྡོ་རྗེ་། says:
    2015-02-09 at 2:42 am

    དབུས་སྐད་ཉན་གསལ་བོ་མི་ཤེས་།དྲ་གྲོགས་ལྷན་རྒྱས་རྣམས་པས་གོང་གི་ནང་དོན་ལ་འསྒྱུར་གནང་རོགས་། བཀའ་དྲིན་ཆེ་།

  18. ལྷ་སྲས་དར་མ། says:
    2015-02-09 at 3:28 am

    འབོད་སྐུལ་ཞུ་ཡུལ་ནོར་བ་རེད་མ་གཏོགས་ཞུ་སྤོབས་ཀྱི་ལྷག་བསམ་དེ་ལེགས། གོང་ན་མེད་པ་དགའ་ལྡན་ཕོ་བྲང་གི་མདུན་ན་འདོན་དེ་དག་ལ་ཞུ་དགོས་རེད། ངོ་མ་རེད་སྐུ་ངལ་ཚད་མེད་རེད།

  19. རྡོ་རྗེ་། says:
    2015-02-09 at 3:51 am

    གོང་གི་བརྙན་འཕྲིན་ནང་གི་འབོད་སྐུལ་ནང་དོན་ཅི་རེད་། དྲ་གྲོགས་རྣམས་ཀྱིས་ཡི་གེ་འབྲི་རྒྱུ་གནང་རོགས་།

  20. དྲི་མེད་ལྷག་བསམ། says:
    2015-02-09 at 3:55 am

    ལྷག་བསམ་སྙིང་སྟོབས་ལ་ཐུགས་རྗེ་ཆེ་ཞུ་བ་དང་། རྒྱབ་སྐྱོར་ཡོད། ༡༽འཕྲོད་རྟེན། འོན་ཀྱང་རྒས་པའི་རིགས་ལ་་དྲན་པ་མི་ཉམས་པར་བསམ་བློ་མང་དུ་གཏོང་འཇུག་དགོས། ལུས་པོ་མི་རྒུད་པར་འགུལ་སྤྱོད་མང་དུ་གཏོང་འཇུག་དགོས། ཚེ་རིང་པོ་ཡོང་བར་འཚོ་བའི་འདུ་ཤེས་བརྟན་པོ་སྤྲད་དགོས། མདོར་ན། ཁ་ཟས། སྤྱོད་ལམ། སྨན། སེམས་ཁམས་སྐྱིད་པོ་སོགས་ལ་གཟབ་དགོས། ༧གོང་ས་མཆོག་ལའང་དེ་བཞིན་རེད། གཙོ་བོ་བླ་སྨན་པ་རྣམས་ཀྱིས་བརྟགས་དཔྱད་བྱེད་པ་ལས། འདི་རེད་ཅེས་གཅིག་དཔེ་ཀུན་འགེབ་བྱེད་རྒྱུ་མེད། སྨན་གཞུང་ལས། སྟོབས་ལྡན་གོམས་པར་གྱུར་ལ་གནོད་མི་འགྱུར། །ཅེས་པ་ལྟར་༧ཁོང་ལ་བྲེལ་བ་ཚ་བོ་དེ་མི་ཚེའི་གོམས་གཤིས་ཆགས་ཡོད། དེ་ལ་འགྱུར་བ་ཕྲན་བུ་བཏང་ན་མ་གཏོགས། འགྱུར་བ་ཆེན་པོ་བཏང་ན། འབྱུང་ཁམས་འཁྲུགས་པ་ནད་གྱི་རྩ་བ་ཡིན། །ཟེར་བ་ལྟར་སྔར་གོམས་གཤིས་ཡོད་པའི་འབྱུང་ཁམས་ལ་འགྱུར་འགྲོ་བས་ཕན་ལས་གནོད་པ་ཆེ། །བོད་སྨན་དང་རྒྱ་སྨན་སུ་ཡིན་ཀྱང་འདིའི་ཕྱོགས་ལ་ལྟ་ཚུལ་གཅིག་རེད། ། ༢༽ཞབས་བརྟན། བརྟན་བཞུགས་མང་པོ་ཞུ་བ་དང་། ཞབས་བརྟན་འདོན་པ་དང་ཚེ་ཐར་གྲངས་ཅན་མ་འགྲུབ་ཀྱང་རུང་། སྐུ་ཚེ་བརྟན་པར་ཅི་གསུང་བཀའ་སྒྲུབ། ཐུགས་སེམས་སྤྲོ་བོ་ཡོང་པའི་ཐབས་ལ་བརྩོན་རྒྱུ་ཤིན་ཏུ་གལ་ཆེ་བར་ངེས། རབ་ན་བཀའ་སྒྲུབ་དགོས། མ་བྱུང་ན་ཐུགས་དཀྲུགས་མི་རུང་། ཕྲན་ལྟ་བུར་མཚོན་ན་བཀའ་སྒྲུབ་ཐུབ་མཁན་ཞིག་མིན་ཡང་བཀའ་ལ་རྒོལ་བ་བྱེད་མཁན་གྱི་རིགས་ཀྱང་མིན། རྒྱང་རིང་ས་ནས་དག་སྣང་བྱས་ནས་སྡོད་མཁན་ནོ། །

  21. ཀརྡོ་གཉེར་ཕྱག་པ་ says:
    2015-02-09 at 4:07 am

    སྐུ་ཚེ་ཡུན་རིང་བརྟན་པ་ལ། །
    ་
    ཕྱི་ཡི་ཞབས་རིམ་འཕྲོད་བསྟེན་དགོས། །
    ནང་གི་ཞབས་རིམ་བཀའ་སྒྲུབ་དགོས། །
    གསང་བའི་ཞབས་རིམ་དམ་གཙང་དགོས། །
    ཞབས་རིམ་ཕྱི་ནང་གསང་གསུམ་དགོས། །

    སྐུ་ལྷོད་བཞུགས་ཙམ་ཕན་པར་དཀའ། །
    ཤིནད་ཏུ་བྲེལ་ཆེས་གནོད་པའང་སྲིད། །
    སྐུ་ཡི་ཁམས་དང་དུས་བསྟུན་གྱིས། །
    མཛད་རིམ་མུ་མཐུད་ཡོད་ན་བཟང་། །
    ་
    དེ་རིང་ང་ཡི་ཞུ་ཐལ་ལགས། །

  22. ཁྱུང་སེ། says:
    2015-02-09 at 7:51 am

    བུ་མོ་འདི་ཡི་སྐད་ལ་ཉན་མཁན་དང་བཞིན་ལ་བལྟ་མཁན་འཚང་འགག་རེད་འདུག

  23. རིག་པའི་ཡེ་ཤེས། says:
    2015-02-09 at 8:01 am

    ཁྱེད་ཀྱིས་རེ་བསྐུལ་ལ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་ཐམ་པ་ཡོད། སྐུ་ཚེ་་རིང་།

  24. lobsang199 says:
    2015-02-09 at 8:06 am

    ཁྱེད་ཀྱི་སྐད་ཆ་དེ་ལྷག་བསམ་གྱི་སྐད་ཆ་རེད། དེའི་ཆ་ནས་རྒྱབ་སྐོར་ཞུ་ཡི་ཡོད། འོན་ཀྱང་དཀའ་ལས་མང་པོ་ཞིག་རང་གི་སེམས་ཀྱིས་ཟོ་ཡི་ཡོད་པ་རེད། དེས་ན་ང་ཚོའི་དཔེ་དེ་ཁོང་ལ་བཀབ་ན་མི་འོས། ང་ཚོ་བོད་མི་མང་པོ་ཞིག་གིས་རྒྱལ་བ་རིན་པོ་ཆེ་མཇལ་ཁ་ཞུ་རྒྱུར་ཚང་ཁ་སྐྱོན་ཡང་བཀའ་སྒྲུབ་རྒྱུར་རྒྱང་རིང་པོ་འདུག་དེ་མི་འཚམས་པ་ཞིག་རེད།

  25. ཀུན་དགའ says:
    2015-02-09 at 8:25 am

    རྒྱལ་བ་རིན་པོ་ཆེའི་སྐུ་ཕྱྭ་མི་བདེ་ཡིན་རྒྱུ་རེད་དམ་། དྲ་རྒྱ་ཐོག་མགོན་ས་མཆོག་གི་སྐུ་ཕྱྭ་མི་བདེའི་གསར་འགྱུར་མང་པོ་ཡོད་ནི་རེད་། ཆོས་སྐྱིད་ཀྱིས་ཅི་བཤད་ཐལ་།

  26. ཇུས་ཏོག says:
    2015-02-09 at 8:51 am

    རྒྱལ་བ་རིན་ཆེའི་སྐུ་ཆ་གལ་ཆེན་པོ་ཡིན་པ་ཤེས་ཀྱི་ཡོད་ན་་གསང་བ་ཕྱི་བཏོར་བྱས་ནས་དྲ་རྒྱའི་ནང་བཀོད་དེ་ལ་རྒྱབ་སྐྱོར་མེད་།
    སྡེ་སྲུང་བཀའ་བློན་དང་སྡེ་སྲུང་དྲུང་ཆེ་་ལ་གསང་བའི་ཐོག་ནས ་སྙན་སེང་ཞུ་དགོས་པ་རེད་།
    སྐུ་ཆ་དང་འབྲེལ་བའི་ལས་དོན་ཡོངས་རྫོགས་གསང་བའི་སྒང་ལ་འཇོག་
    དགོས་རེད་དེ་མིན་གསང་བ་ཕྱི་གྲགས་བྱས་ནས་་སྐུ་ཆ་ལ་སྲུང་ཁག་པོ་རེད་།

  27. ཀུན་དགའ says:
    2015-02-09 at 10:00 am

    https://www.facebook.com/photo.php?fbid=10152535734742531&set=a.483063297530.263167.615972530&type=1&fref=nf&pnref=story

  28. པདྨ says:
    2015-02-09 at 10:22 am

    སོ་སོས་ཁེ་ཕན་གཉེར་བ་ལས། བུ་མོ་འདི་བཞིན་སྙིང་ནས་རྡོལ་བའི་འབོད་ཚིག་སྐུལ་བ་དེ་འདྲ་དཀོན་མོ་རེད། ཡི་རང་ཡོད་དོ། ངས་བསམ་ན་སྤྱི་དོན་དང་བོད་མི་མང་གི་ཕྱིར་རྒྱལ་ཁབ་རྣམས་སུ་ཕེབས་པ་དང་སྲིད་འཛིན་དང་བོད་དོན་གནང་བ་དག་ལ་མཚམས་བཞག་མི་རུང་། དེ་མིན་སྒེར་གྱི་ཆོས་ཚོགས་དང་སྒེར་མི་ཕྱུག་པོ་བཟོ་ཆེད་དུ་ཉིན་མཚན་དུ་བེད་སྤྱོད་མིང་སྙན་པོ་གདན་འདྲེན་ལས་དོན་ངོ་མ་སོ་སོའི་ཚོང་གི་ཆེད་དུ་རྒྱལ་བ་རིན་པོ་ཆེ་བེད་སྤྱོད་བྱེད་པ་རྣམས་མཚམས་བཞག་ན་མཛེས་སོ།

  29. བྱམས་པ། says:
    2015-02-09 at 10:55 am

    ལྷག་བསམ་ལ་རྒྱབ་སྐྱོར་བྱེད། ༸གོང་ས་མཆོག་གིས་རྒྱལ་སྤྱིའི་ཐོག་གི་མཛད་འཕྲིན་བསྐྱང་ན་བཟང་། ནང་ཁུལ་གྱི་མཛད་སྒོ་ཆུང་ཚགས་རིགས་མ་བསྐྱངས་ན་ལེགས།

  30. གངས་བུ། says:
    2015-02-09 at 4:47 pm

    ཨ་་མ་དེ་ཡི་ལྷག་བསམ་ལ་རྒྱབ་སྐྱོར་ཡོད། སྔོན་མ་དང་མི་འདྲ་བར་མཛད་རིམ་ཉུང་དུ་བཏང་འདུག། གཙོ་བོ་དེ་ནི། བོད་པ་མི་རེ་ངོ་རེ་ནས་༧་གོང་ས་མཆོག་གིས་ཅི་གསུངས་ལག་ལེན་བསྟར་ན་། ཁོང་གི་སྐུ་ཚེ་ཡུན་ཏུ་གནས་ཀྱི་རེད།

  31. སྤོབས་པ་མཐའ་ཡས། says:
    2015-02-09 at 7:28 pm

    རྒྱལ་བ་རིན་པོ་ཆེས་ཆབ་སྲིད་ཀྱི་འགན་དབང་ཡོངས་སུ་རྫོགས་པ་ལས་སྐུ་ངལ་གསོས་ཚར་བ་རེད། ཁོང་རང་ཕེབས་ན་བཞུགས་ན་ཁོང་རང་གི་རང་དབང་རེད། ཞུ་འདོད་ན་ཁོང་རང་ལ་ཞུ་རོགས་ཀྱིས། རྒྱལ་བ་རིན་པོ་ཆེ་བཞུགས་མི་འཇུག་མཁན་སུ་གཅིག་ཀྱང་ཡོད་པ་མ་རེད། ཁོང་རང་སྐུ་མཚམས་ལ་བཞུགས་འདོད་ན་ཡང་བཞུགས་ཆོག་ཆོག་རེད། འདྲེ་ཤར་ལ་བཞག་ནས་གླུད་ནུབ་ལ་མ་གཏོང་རོགས། སེམས་ཁྲལ་དགོས་ས་དེ་བོད་མི་མང་དང་བོད་ཀྱི་མདུན་ལམ་རེད་མ་གཏོགས་རྒྱལ་བ་རིན་པོ་ཆེ་སྐུ་སྒེར་ལ་ང་ཚོ་ལྟ་བུས་སེམས་ཁྲལ་བྱེད་དགོས་ས་ཞིག་མ་རེད་ཞུ་འདོད་བྱུང་། སེམས་ཁྲལ་མི་དགོས་ས་ལ་སེམས་ཁྲལ་བྱས་བསྡད་ན་གྱོང་རག་མཁན་དེ་ང་རང་ཚོ་རེད།

  32. ཇུས་ཏོག says:
    2015-02-09 at 9:17 pm

    བོད་མི་མང་དང་བོད་ཀྱི་མདུན་ལམ་གྱི་སྲོག་རྩ་ངོ་མ་དེ་རྒྱལ་བ་རིན་པོ་ཆེ་རེད་།
    ཧ་ཧ་ཧ

  33. རྒྱ་གར་རྨ་བྱ། says:
    2015-02-10 at 3:53 am

    སེམས་བྲེལ་འདི་འདྲ་ཡོད་པ་བོད་པ་ཚང་མར་གཅིག་མཚུངས་ལྟ་བུ་རེད། འོན་ཀྱང་རང་ཉིད་ཀྱིས་འཁུར་ཞིག་བླངས་ནས་དྲ་ཐོག་ནས་བསྒྲགས་ཐུབ་པའི་སྤོབས་པ་དེ་ལ་ངོ་བསྟོད་ཡོད། འདི་འདྲ་དགོས་པ་རེད།

    རྒྱལ་བ་རིན་པོ་ཆེའི་སྐུ་འཕྱྭ་ནི་འཛམ་གླིང་ས་ཕྱོགས་གང་དུ་ཕེབས་པ་དེ་དང་དེས་འགན་འཁུར་གྱི་ཚད་མཐོ་ཤོས་དེ་ཡོད་པ་རེད་སེམས་ཀྱིན་ཡོད།

    དོན་གྱི་གཙོ་བོ་ང་ཚོ་དུས་ཀྱི་འཕོ་འགྱུར་གྱི་འགྲོས་དང་བསྟུན་པའི་གྲུང་པོ་དགོས་པ་དང་། ནང་སྙིང་ང་ཚོ་བོད་མི་རེ་རེ་རང་ཉིད་ཀྱི་རྐང་སྟེང་དུ་སྲ་ཐག་ཆོད་ཀྱིས་ལངས་ཐུབ་དགོས་པ་དེ་ནི། ང་ཚོ་དེ་རིང་གི་འགྲན་རྩོད་ཀྱི་གཡལ་འདི་ནས་འགྱེལ་མི་འགྲོ་བའི་རྩ་བ་དེ་རེད། དེ་ལ་འབུངས་དགོས་པ་རེད།

    དྲ་རྒྱའི་དུས་རབས་བཞིན་ཡག་པོ་དང་སྣང་བ་འགྲོ་བོར་ལབས་འདུག་པར་དགའ་སྤོབས་ཡོད།

  34. ཀརྡོ་གཉེར་ཕྱག་པ་ says:
    2015-02-10 at 4:24 am

    ཨ་མདོའི་ཕྲུ་གུ་ལྷ་མོ་དོན་གྲུབ་ལ། །
    ཏྰ་ལའི་བླ་མར་གསོལ་བར་གུས་ཕྱག་འཚལ། །

    ཏྰ་ལའི་བླ་མ་བཅུ་བཞི་པ་ཡི་མཚན། །
    བསྟན་འཛིན་རྒྱ་མཚོར་གསོལ་ལ་གསོལ་བ་འདེབས། །

    བསྟན་འཛིན་རྒྱ་མཚོས་རྡོ་རྗེ་འཆང་དངོས་སུ། །
    བཞེངས་མཛད་རྩ་བའི་བླ་མས་བྱིན་གྱིས་རློབས། །

    རང་འབྱུང་རིག་པའི་རྡོ་རྗེས་ཐལ་ཚིག་ལ། །
    འཇིགས་ནས་གློ་བུར་བྲིས་ཐལ་འདི་ན་ཤོར། །

  35. ཀློང་ཆུང་ says:
    2015-02-10 at 6:52 am

    རྒྱལ་བ་རིན་པོ་ཆེས་ཤར་ནུབ་ལ་བརྒྱུགས་ནས་མི་མང་ལ་སེམས་བཟང་པོ་བྱེད་པའི་བཀའ་སློབ་དང་། བཟོད་པའི་ལག་བསྟར་མྱོང་ཁྲིད། དེ་བཞིན་ཆོས་ཞུ་བའི་འདོད་མོས་ལྟར་དུས་འཁོར་དབང་ཆེན་གནང་བ་དེས། མི་མང་པོ་ཞིག་ལ་ཕན་པ་ཡོད་པ་དེ་ངའི་མྱོང་བས་བསྒྲུབས་ཡོད། དཔེར་ན་རྒན་རིག་རྡོར་གྱི་གོང་གི་མཆན་དེ་མཐོང་མ་ཐག་ལམ་གསེང་ཁོང་གི་མིང་ངོ་མ་དང་ངོ་དེབ་ཁ་བྱང་འདིར་འཇོག་འདོད་བསླེབས་སོང་། འོན་ཀྱང་རྒྱལ་བ་རིན་པོ་ཆེས་བཟོད་པ་བྱེད་པའི་དགོས་པ། བཟོད་པའི་ཕན་ཡོན། བཟོད་པ་བྱེད་སྟངས་སོགས་གསུངས་པ་རྣམས་ཡིད་ལ་ཤར་ནས། གསུང་འདི་དྲན་སོང་།

    “ང་རང་ཚོར་དམའ་འབེབ་གཏོང་མཁན་དང་ཚིག་རྩུབ་ཤོད་མཁན་དེ་ཚོ་ཆགས་སྡང་དབང་གིས་དེ་ལྟར་བྱེད་པ་ལས། སེམས་སྐྱིད་པོ་དང་བག་ཕེབས་པོའི་སྐབས་སུ་དེ་ལྟར་ཤོད་ཀྱི་མེད། ཆགས་སྡང་སེམས་ལ་བཞུགས་དུས་སེམས་སྐྱིད་པོ་མེད། དེའི་ཁ་ནས་སྐད་ཆ་ཡག་པོ་ཞིག་ཐོན་མི་སྲིད། ད་དེ་ལ་མ་སྐྱིད་པ་ཅིའི་ཕྱིར་བགྱིད། ཁོང་ཚོའི་སེམས་ལ་ན་ཚ་ཞིག་ཡོད་པ་བརྟན་བརྟན་རེད། ད་དེ་ལ་སྙིང་རྗེ་སྐྱེ་མ་ཐུབ་རུང་ཁོང་ཁྲོ་སྐྱེས་ན་ནོར་བ་རེད།” གསུངས།

    དེ་བསམ་བློ་འཁོར་ནས་རྒན་རིག་རྡོར་ལ་གནོད་སེམས་དྲག་པོ་འཕྱུར་བ་དེ་རེ་ཞིག་འཇགས་ཐལ། ཀརྨ་པ་མཁྱེན་ནོ། རྒྱལ་བ་རིན་པོ་ཆེ་མཁྱེན་ནོ། བླ་མ་ས་སྐྱ་པ་མཁྱེན་ནོ། མཁན་ཆེན་ཡིད་བཞིན་ནོར་བུ་མཁྱེན་ནོ། བླ་ཆེན་ཁྱེད་རྣམ་པའི་བྱིན་རླབས་ཡིད་ལ་བཞུགས་པར་ཤོག

  36. དྲི་མེད་ལྷག་བསམ། says:
    2015-02-10 at 7:48 am

    ལེགས་སོ། གཟིགས་ཤིག 【Nam Tso 2013 】Rekulgyi Dayang ~ Tibetan Song

  37. བདེན་པའི་ཕོ་ཉ་ says:
    2015-02-10 at 8:53 am

    རང་བྱུང་རིག་པའི་རྡོ་རྗེ་ཟེར་བའི་མིང་རྫུན་དེ་དོད་ཚོགས་གི་མི་ཡིན་པ་དངོན་གསུམ་དུ་གྲུབ་

  38. གནམ says:
    2015-02-10 at 9:46 am

    ༼19 རྡོ་རྗེ་།་ལགས་ཀྱིས་མཆན་བཏབ་པ།:
    February 9th, 2015 at 3:51 AM
    གོང་གི་བརྙན་འཕྲིན་ནང་གི་འབོད་སྐུལ་ནང་དོན་ཅི་རེད་། དྲ་གྲོགས་རྣམས་ཀྱིས་ཡི་གེ་འབྲི་རྒྱུ་གནང་རོགས་།༽

    གོང་གི་བོད་སྐད་དེ། ཡིག་ཐོག་ལ་འབྲི་མ་ཐུབ་པ་དེ་འདྲ་གང་ཡང་མི་འདུག། ཡིན་ན་ཡང་། མི་གཅིག་གི་སྐད་ཡིག་ཡིག་ཐོག་ལ་འཇོག་ཐུབ་ན་ཡང་། ས་ཡ་ཁ་ཤས་ཤིག་དཀའ་སེ་འདུག་པས། དེ་ལས་རྡོ་རྗེ་རང་གིས། ཐོས་བརྩོན་ལ་ཤུགས་ཞིག་བརྒྱབས་པ་ཡིན་ན། ཉིན་ཞིག་ཁྱེད་ཉིད་ལ་སྤོབས་པ་ཞིག་རྒྱས་སྲིད་པས། ཡི་གེ་མི་སྒྱུར་རྒྱུ་བྱེད། རྣ་བ་གཏོད་ལ་ཉན་ཡག་བྱས་དང་ག་ལེ་ག་ལེར་གོ་ཡོང་གི་རེད། ཧ་ཧ་ཧ།
    གཙོ་བོ་མོས་འདི་འདྲ་ཞིག་བཤད་འདུག། སློབ་མས་རང་གི་བླ་མ་ལ་གུས་བཀུར་ཕུལ་བ་ལས། བུ་ཕྲུག་གིས་ཕ་མ་ལ་བྱམས་སྐྱོང་སྤྲད་པ་ནང་བཞིན་ཞིག་ཡོང་གི་མི་འདུག་པས། ༧གོང་ས་མཆོག་ལ། སོ་སོའི་དྲིན་ཆེན་གྱི་ཕ་མ་གཉིས་ལས་ལྷག་ཞིག་གི་བྱམས་སྐྱོང་ཞིག་སྟེར་ཐུབ་པ་མ་བྱུང་ན་ཡང་། དེ་ལས་མི་དམན་པ་ཞིག་དགོས་འདུག་ཟེར་བཞིན་འདུག། སྐུ་ན་བགྲེས་བོ་ཡིན་པ་ནི་རྒྱུ་མཚན་ལ་བཀོད་འདུག།
    བུ་མོ་ཞིག་གིས་ཕ་མ་ལ་བཅངས་བའི་བརྩེ་བ་ནི། བུ་མོ་ལས་གཞན་པས་རྟོག་ཚུལ་མེད་པ་ཞིག་ཡིན་པ་རེད། དེ་ན། བུ་མོ་འདི་ལ་ཁག་མི་འདུག།
    ལོ་ལོན་དུས་སྐུ་ངལ་གསོ་དགོས་བ་ནི་འཇིག་རྟེན་ཡོངས་གྲགས་རེད། ཆོས་དང་མཚན་རིག་གང་གི་ཆ་ནས་ཡང་རྩོད་པ་ཡོད་པ་མ་རེད། ཕྱི་རྒྱལ་ཕྱོགས་ན། མྱི་ལོ་དྲུག་ཅུ་རྩ་སྟོད་ནས། ངལ་གསོ་བའི་དུས་སུ་བགོས་ཡོད་པ་གོ་མྱོང་ཡོད། བདེན་པ་ཡིན་རྒྱུ་རེད་འདོད།

    གོང་ན་ཁ་ཤས་ཤིག་གིས་རྒྱུག་དགོས་བ་རེད་འདུར་དགོས་བ་རེད་ཟེར་ན་ཡང་། དེ་ནི་ཀླད་པའི་ནང་ན་རྩམ་སྐྱ་ཙམ་མ་གཏོགས་མེད་མཁན་ཚོ་ལོས་ཡིན་འདོད་ཡོད།

    དོལ་འདྲེ་བ་འགའ་ཡང་བསླེབས་འདུག། ཆོས་དད་ལ་ཇུས་གཏོགས་མེད་མཁན་ཚོ་ཡང་བསླེབས་འདུག། ཡ་མི་བྱེད་ཁོ་ཐག་ཡིན། ཁ་བྲོ་བའི་ཁ་བསྔོགས་ན། བཀྲ་མ་ཤིས་བའི་ལས་འཁོར་ཡོང་འགྲོ།

  39. གནམ says:
    2015-02-10 at 9:48 am

    ཁ་མ་་་་་་

  40. མཚམས་སྤྲིན། says:
    2015-02-10 at 1:50 pm

    རྒྱབ་སྐྱོར་ཡོད། བཀའ་་དྲིན་ཆེ།

  41. རང་ཤར་རིག་གྲོལ་རྩལ says:
    2015-02-10 at 2:08 pm

    སྤོབས་པ་མཐའ་ཡས་མཆན་་༣༡ལ་མོས་མཐུན་ཡོད། སེམས་ཁྲེལ་མི་དགོས་ས་སེམས་ཁྲེལ་རང་རེད།
    ༧གོང་ས་མཆོག་བཞུགས་ན་ཕེབས་ན་རང་དབང་རེད། སྐུ་མཚམས་ལ་བཞུགས་ཀྱང་སུ་ཞིག་གིས་འགོག་གིས་མ་རེད། དགུང་ལོ་མཐོན་པོ་སླེབས་འདུག སྐུ་མཚམས་ལ་བཞུགས་ན་ལེགས་པར་སྙམ།
    འོན་ཀྱང་སངས་རྒྱས་ལ་ཀ་ཁ་བསླབས་ཟེར་བའི་དཔེ་བཞིན་རེད། ༧གོང་ས་མཆོག་སྐུ་ཚེ་ཞབས་པད་བརྟན་པར་ཤོག །

  42. དགའ་ཡ་ says:
    2015-02-10 at 3:00 pm

    སྙིང་ནས་བཀའ་དྲིན་ཆེ།

  43. དགའ་ཡ་ says:
    2015-02-10 at 3:04 pm

    གོང་གི་བོད་སྐད་དེ། ཡིག་ཐོག་ལ་འབྲི་མ་ཐུབ་པ་དེ་འདྲ་གང་ཡང་མི་འདུག། ཡིན་ན་ཡང་། མི་གཅིག་གི་སྐད་ཡིག་ཡིག་ཐོག་ལ་འཇོག་ཐུབ་ན་ཡང་། ས་ཡ་ཁ་ཤས་ཤིག་དཀའ་སེ་འདུག་པས། དེ་ལས་རྡོ་རྗེ་རང་གིས། ཐོས་བརྩོན་ལ་ཤུགས་ཞིག་བརྒྱབས་པ་ཡིན་ན། ཉིན་ཞིག་ཁྱེད་ཉིད་ལ་སྤོབས་པ་ཞིག་རྒྱས་སྲིད་པས། ཡི་གེ་མི་སྒྱུར་རྒྱུ་བྱེད། རྣ་བ་གཏོད་ལ་ཉན་ཡག་བྱས་དང་ག་ལེ་ག་ལེར་གོ་ཡོང་གི་རེད། ཧ་ཧ་ཧ།
    གཙོ་བོ་མོས་འདི་འདྲ་ཞིག་བཤད་འདུག། སློབ་མས་རང་གི་བླ་མ་ལ་གུས་བཀུར་ཕུལ་བ་ལས། བུ་ཕྲུག་གིས་ཕ་མ་ལ་བྱམས་སྐྱོང་སྤྲད་པ་ནང་བཞིན་ཞིག་ཡོང་གི་མི་འདུག་པས། ༧གོང་ས་མཆོག་ལ། སོ་སོའི་དྲིན་ཆེན་གྱི་ཕ་མ་གཉིས་ལས་ལྷག་ཞིག་གི་བྱམས་སྐྱོང་ཞིག་སྟེར་ཐུབ་པ་མ་བྱུང་ན་ཡང་། དེ་ལས་མི་དམན་པ་ཞིག་དགོས་འདུག་ཟེར་བཞིན་འདུག། སྐུ་ན་བགྲེས་བོ་ཡིན་པ་ནི་རྒྱུ་མཚན་ལ་བཀོད་འདུག།
    བུ་མོ་ཞིག་གིས་ཕ་མ་ལ་བཅངས་བའི་བརྩེ་བ་ནི། བུ་མོ་ལས་གཞན་པས་རྟོག་ཚུལ་མེད་པ་ཞིག་ཡིན་པ་རེད། དེ་ན། བུ་མོ་འདི་ལ་ཁག་མི་འདུག།
    ལོ་ལོན་དུས་སྐུ་ངལ་གསོ་དགོས་བ་ནི་འཇིག་རྟེན་ཡོངས་གྲགས་རེད། ཆོས་དང་མཚན་རིག་གང་གི་ཆ་ནས་ཡང་རྩོད་པ་ཡོད་པ་མ་རེད། ཕྱི་རྒྱལ་ཕྱོགས་ན། མྱི་ལོ་དྲུག་ཅུ་རྩ་སྟོད་ནས། ངལ་གསོ་བའི་དུས་སུ་བགོས་ཡོད་པ་གོ་མྱོང་ཡོད། བདེན་པ་ཡིན་རྒྱུ་རེད་འདོད།

    གོང་ན་ཁ་ཤས་ཤིག་གིས་རྒྱུག་དགོས་བ་རེད་འདུར་དགོས་བ་རེད་ཟེར་ན་ཡང་། དེ་ནི་ཀླད་པའི་ནང་ན་རྩམ་སྐྱ་ཙམ་མ་གཏོགས་མེད་མཁན་ཚོ་ལོས་ཡིན་འདོད་ཡོད།

    དོལ་འདྲེ་བ་འགའ་ཡང་བསླེབས་འདུག། ཆོས་དད་ལ་ཇུས་གཏོགས་མེད་མཁན་ཚོ་ཡང་བསླེབས་འདུག། ཡ་མི་བྱེད་ཁོ་ཐག་ཡིན། ཁ་བྲོ་བའི་ཁ་བསྔོགས་ན། བཀྲ་མ་ཤིས་བའི་ལས་འཁོར་ཡོང་འགྲོ།

  44. དགའ་ཡ་ says:
    2015-02-10 at 3:07 pm

    གཙོ་བོ་མོས་འདི་འདྲ་ཞིག་བཤད་འདུག། སློབ་མས་རང་གི་བླ་མ་ལ་གུས་བཀུར་ཕུལ་བ་ལས། བུ་ཕྲུག་གིས་ཕ་མ་ལ་བྱམས་སྐྱོང་སྤྲད་པ་ནང་བཞིན་ཞིག་ཡོང་གི་མི་འདུག་པས། ༧གོང་ས་མཆོག་ལ། སོ་སོའི་དྲིན་ཆེན་གྱི་ཕ་མ་གཉིས་ལས་ལྷག་ཞིག་གི་བྱམས་སྐྱོང་ཞིག་སྟེར་ཐུབ་པ་མ་བྱུང་ན་ཡང་། དེ་ལས་མི་དམན་པ་ཞིག་དགོས་འདུག་ཟེར་བཞིན་འདུག། སྐུ་ན་བགྲེས་བོ་ཡིན་པ་ནི་རྒྱུ་མཚན་ལ་བཀོད་འདུག།
    བུ་མོ་ཞིག་གིས་ཕ་མ་ལ་བཅངས་བའི་བརྩེ་བ་ནི། བུ་མོ་ལས་གཞན་པས་རྟོག་ཚུལ་མེད་པ་ཞིག་ཡིན་པ་རེད། དེ་ན། བུ་མོ་འདི་ལ་ཁག་མི་འདུག།
    ལོ་ལོན་དུས་སྐུ་ངལ་གསོ་དགོས་བ་ནི་འཇིག་རྟེན་ཡོངས་གྲགས་རེད། ཆོས་དང་མཚན་རིག་གང་གི་ཆ་ནས་ཡང་རྩོད་པ་ཡོད་པ་མ་རེད། ཕྱི་རྒྱལ་ཕྱོགས་ན། མྱི་ལོ་དྲུག་ཅུ་རྩ་སྟོད་ནས། ངལ་གསོ་བའི་དུས་སུ་བགོས་ཡོད་པ་གོ་མྱོང་ཡོད། བདེན་པ་ཡིན་རྒྱུ་རེད་འདོད།

    གོང་ན་ཁ་ཤས་ཤིག་གིས་རྒྱུག་དགོས་བ་རེད་འདུར་དགོས་བ་རེད་ཟེར་ན་ཡང་། དེ་ནི་ཀླད་པའི་ནང་ན་རྩམ་སྐྱ་ཙམ་མ་གཏོགས་མེད་མཁན་ཚོ་ལོས་ཡིན་འདོད་ཡོད།

  45. ལྡོང་གསེར་མིག says:
    2015-02-10 at 3:16 pm

    ཨ་ཅག་ལགས་ཀྱི་སེམས་ཁྲེལ་དང་མིག་ཆུ་ལ་རྒྱབ་སྐྱོར་ཞུ། ཡིན་ན་ཡང་། བོད་གཞུང་དང་ལྷག་པར་དགའ་ལྡན་ཕོ་བྲང་གི་མི་སྣ་ཚོས་༧གོང་ས་མཆོག་གི་ཕེབས་བཞུད་ལ་བཀག་འགོག་ཞུ་མི་ཐུབ་པ་ཐག་ཆོད་རེད། ངས་ཁོང་གི་སྐུ་འཁོར་དུ་རྒྱུན་བཅར་ཞུ་བཞིན་པའི་མི་སྣ་གལ་ཆེན་ཞིག་དང་ལྷན་དང་༧གོང་ས་མཆོག་གི་ཉིན་རེའི་མཛད་རིམ་སྐོར་ལ་བཀའ་འདྲི་ཞུས་པ་ཡིན། ཁོང་གིས་གསུངས་པ། ༧གོང་ས་མཆོག་ལ་ཨ་རི་ནས་རྒྱ་གར་དང་རྒྱ་གར་ནས་ཨ་རི་སོགས་ཤར་ནུབ་རྒྱལ་ཁབ་གང་ལ་ཕེབས་ཀྱང་ང་ཚོ་ལྟར་ཉིན་མཚན་གོ་ལོག་པའི་སྐྱོན་གཉིད་མི་ཁུག་པ་སོགས་མེད་ཅིང་། ས་གནས་གང་དུ་འབྱོར་རྗེས་ “ད་ག་རེ་བྱ་དགོས་རེད། སྡོད་འདུག་ནས་ཕན་པ་ཡོད་པ་མ་རེད། དུས་ཚོད་འཕྲོ་བརླག་མ་གཏོང་། ” ཞེས་དུས་ཚོད་སྐར་ཆ་གཅིག་ཀྱང་གསེར་རྡོག་རྡོག་རེ་ལས་ལྷག་པའི་རྩ་ཆེན་ནམ་དམ་འཛིན་གནང་བ་དང་། གནམ་གྲུར་ཆུ་ཚོད་ག་ཚོད་འཕུར་དགོས་ཀྱང་ང་ཚོ་མི་དཀྱུས་མ་ལྟར་གཡས་འགྱེལ་གཡོན་འགྱེལ་མི་དགོས་པར་ཐད་ཀར་ཏིང་འཛིན་ལ་བཞུགས་པའམ་དཔེ་ཀློག་གནང་གི་རེད་ཟེར། དྲ་གྲོགས་ཚོས་གོ་ཡོད་རྒྱུ་རེད། ༧གོང་ས་མཆོག་གིས་ངས་དཔེ་ཀློག་བྱེད་པའི་དུས་ཚོད་ཡག་ཤོས་གནམ་གྲུའི་ནང་དུ་ཡིན་གསུངས་པ་ལྟར་རེད། གཅིག་ནས་འཛམ་གླིང་ལ་གཡས་སྐོར་གཡོན་སྐོར་ཅི་ཙམ་གནང་བས་སྐུའི་མཛད་འཕྲིན་གྱི་ཉིན་བྱེད་སྔར་བས་འབར་བ་དང་བསྟན་འགྲོའི་དོན་བདེ་ལེགས་སུ་འགྲུབ་པ། ཁྱད་པར་སྐུ་ཕྱྭའི་འཕྲོད་བསྟེན་ལའང་ཕན་ཐོགས་རྒྱ་ཆེན་པོ་ཡོད་རྒྱུ་རེད་བསམ་མོ། །

  46. དུད་འགྲོ་ says:
    2015-02-10 at 4:00 pm

    ལྡོང་གསེར་མིག་གི་མཆན་༤༥དེ་བཀླགས་དུས་བློ་བདེ་པོ་བྱུང་ངོ་

  47. ལུང་རྟོགས། says:
    2015-02-11 at 10:35 am

    སྤྱིར་ལྷག་བསམ་གྱི་སྐད་ཆ་ཡིན་དུས་ཡག་པོ་རེད། འོན་ཀྱང་གོང་ས་མཆོག་སྐུ་ངལ་གསོ་དང་མི་གསོ་ནི་ཁོང་རང་ཉིད་ཀྱིས་ཐུགས་ཐག་བཅོད་རྒྱུ་ཞིག་ལས་གཞན་སུས་ཀྱང་སྒྲུབ་ཐུབ་པ་ཞིག་མ་རེད། ཁོང་ལ་སྐུ་ངལ་གསོ་དགོས་པའི་སློབ་སྟོན་བྱེད་པ་ནི་སངས་རྒྱས་ལ་ཀ་ཁ་སློབ་པའི་དཔེ་ལས་མ་འདས་པ་རེད། དེ་ལས་ཁོང་རང་ཉིད་ཀྱི་ཐུགས་འདོད་ལྟར་གནང་བཅུག་རྒྱུ་ནི་གལ་ཆེ་ཤོས་རེད།

  48. ཅོག་མྱི། says:
    2015-02-11 at 10:56 am

    ༧གོང་ས་མཆོག་ཨ་རིར་མ་ཕེབས་སྔོན་ལ་འཇར་མན་གྱི་སྨན་ཁང་ཞིག་ཏུ་བརྟག་དཔྱད་ལ་ཕྱིན་པའི་གནས་ཚུལ་ཞིག་ཐོན་ཡོད། གང་ལྟར་༧ཁོང་སྐུ་དལ་བྲེལ་སྙོམས་པར་ཤོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme