Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ཚོས་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས།

Posted on 2012-03-272012-03-27 By ཤར་ཕྱོགས་ཁུག་རྟ། 15 Comments on བོད་མི་ཚོས་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས།

ཁ་སང་ལྡི་ལིར་སྐུ་ཞབས་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་སྲེག་བཏང་བར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དེ་རིང་ཕྱི་ཚེས ༢༧ ཉིན་གསར་འགོད་བསྒྲགས་གཏམ་སྤེལ་སྟེ། དེའི་ཐད་ཐུགས་འཚབ་དང་ཁོང་གི་རྗེས་ཤུལ་ནང་མིར་འཚམས་འདྲི། གཞན་ཡང་བོད་མི་ཚོར་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས་ཞེས་དྲན་སྐུལ་གནང་འདུག བསྒྲགས་གཏམ་དེའི་ནང་འཁོད་དོན་ “ཕྱི་ལོ་ ༢༠༡༢ ཟླ་ ༣ ཚེས་ ༢༦ ཉིན་རྒྱ་གར་རྒྱལ་ས་ལྡི་ལིར་རང་ལོ་ ༢༧ སོན་པའི་བོད་མི་གཞོན་སྐྱེས་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་རང་ལུས་མེར་སྲེག་བཏང་བའི་གནས་ཚུལ་ཐོན་པར་བོད་མིའི་སྒྲིག་འཛུགས་ལ་ཧ་ཅང་སེམས་འཚབ་བྱུང། ང་ཚོས་ཁོང་དང་ཁོང་གི་ནང་མི་སྤུན་མཆེད་ཚོར་སྙིང་ཐག་པ་ནས་སེམས་གསོ་དང་སྨོན་ལམ་གསོལ་འདེབས་ཞུ་རྒྱུ་ཡིན། དེ་ཡང་ནང་ཆོས་ནས་དལ་རྟེན་མི་ལུས་རིན་པོ་ཆེ་ནི་རྩ་ཆེན་ཡིན་པར་ངོས་འཛིན་བྱེད་བཞིན་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱིས་འདིར་བསྐྱར་ནན་ཞུ་རྒྱུ་ཡིན་”ཞེས་དང་།

ཡང་དེར” བོད་མི་ཚོས་ཕྱི་ནང་གི་ཤེས་ཡོན་ཐོག་ཧུར་བརྩོན་བྱས་ཏེ། བོད་ཀྱི་རྩ་དོན་ལ་ཉེ་བར་མཁོ་བའི་མི་ཆའི་མཐུན་འགྱུར་སྐྲུན་སྟེ་འཐབ་རྩོད་སྲ་བརྟན་དུ་གཏོང་ཐུབ་པ་བྱུང་ན་བོད་ཀྱི་རྩ་དོན་ལ་ཕུགས་རྒྱང་རིང་པོའི་དགེ་མཚན་ཆེ་བ་ཡོད། དེར་བརྟེན་ང་ཚོས་སླར་ཡང་བོད་མི་ཚོར་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས་ཞེས་དྲན་སྐུལ་ཞུ་རྒྱུ་ཡིན།

གཞིས་བཞུགས་བོད་མི་ཚོ་རྒྱ་ནག་གཞུང་གི་དམ་བསྒྲགས་འོག་ཡོད་སྟབས། ཞི་བའི་རྔམ་སྟོན་ངོ་རྒོལ་དང་ཟས་བཅད་ངོ་རྒོལ་སོགས༌རྒྱུན་ལྡན་གྱི་ལས་འགུལ་ཁག་སྤེལ་བའི་ཐབས་ལམ་འདམ་རྒྱུའི་གོ་སྐབས་མེད། འོན་ཀྱང་རང་དབང་ལུང་པའི་ནང་གནས་སྡོད་བོད་མི་ཚོར་ཞི་བའི་ཐོག་ནས་ངོ་རྒོལ་བྱ་རྒྱུ་སོགས་ཀྱི་གོ་སྐབས་ཡོད་པས་གང་ཐུབ་ལོངས་སུ་སྤྱོད་ཐུབ་པ་དགོས། དེར་བརྟེན་བོད་མིའི་སྒྲིག་འཛུགས་ཀྱིས་བཙན་བྱོལ་བོད་མི་དང་བོད་དོན་རྒྱབ་སྐྱོར་བ་རྣམས་ལ་འཚེ་བ་མེད་པ་དང་ཆེ་མཐོང་ལྡན་པའི་ལམ་ནས་བོད་དོན་ཆེད་གདུང་སེམས་མཉམ་སྐྱེའི་རྒྱབ་སྐྱོར་གྱི་རྣམ་པ་གསལ་སྟོན་ཐུབ་པ་གནང་རོགས་ཞེས་འབོད་སྐུལ་བསྐྱར་ནན་ཞུ་རྒྱུ་ཡིན།”ཞེས་འཁོད་འདུག

གསར་འགྱུར་ཡོངས་ཁུངས། དབུས་བོད་མིའི་སྒྲིག་འཛུགས་ཀྱི་གཞུང་འབྲེལ་དྲ་རྒྱ། དྲ་འབྲེལ། ( http://bod.asia/2012/03/གསར་འགོད་བསྒྲགས་གཏམ།/)

གསར་འགྱུར།

Post navigation

Previous Post: རྒྱལ་གཅེས་དཔའ་བོ་རྟའུ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་སྤེལ་བའི་དགོས་འདུན་ཡི་གེ།
Next Post: དཔལ་རྒོད་ལགས

Comments (15) on “བོད་མི་ཚོས་འུ་ཐུག་གི་བྱ་སྤྱོད་རིགས་མ་སྤེལ་རོགས།”

  1. ཟླ་བཀྲས་ཕུན་ཁང། says:
    2012-03-27 at 10:56 am

    ཡི་གེ་འདི་བཀླགས་ཡོང་དུས་བཀའ་ཁྲི་བློ་བཟང་སེང་གེའི་བཀའ་མོལ་གནང་སྟངས་སེམས་ངོར་ལྷང་ལྷང་དྲན་ཡོང་གི ཛ་དྲག་གི་སྐབས་སུ་ཅང་བཤད་རྒྱུ་མེད་མོད། བཀའ་ཁྲི་དང་བཀའ་ཤག་གིས་རང་ལུས་མེར་བསྲེགས་ཐད་འདི་ལས་ཁ་གསལ་གནང་ན་ཤིན་ཏུ་འོས་པར་མཐོང་། དེ་བསམ་འཆར་ཙམ་ཡིན། མ་ལན་མ་འགྱོད་པ་ཞིག་གནང་ན་མཁས་མཛངས་ལྡན་པ་རེད་འདོད།

  2. ཟླ་བཀྲས་ཕུན་ཁང། says:
    2012-03-27 at 11:14 am

    གསར་འགྱུར་འདི་ནན་ཏན་གྱིས་བཀླགས་ན་འདིའི་ནང་གསང་བ་ཞིག་འདུག དེ་ནི་ཚིག་དུམ་གཉིས་པ་ལས་ཀྱང་གསུམ་པ་དེར་བོད་ནང་རང་ལུས་མེར་སྲེག་གི་ལས་འགུལ་སྤེལ་དགོས་པ་གདམ་ག་མེད་པ་རྒྱུ་མཚན་དུ་བཀོད་མ་ཐག ཚིག་འོག་མ་འཆད་སྐབས་ ” འོན་ཀྱང་རང་དབང་ལུང་པའི་ནང་གནས་སྡོད་བོད་མི་ཚོར་ཞི་བའི་ཐོག་ནས་ངོ་རྒོལ་བྱ་རྒྱུ་སོགས་ཀྱི་གོ་སྐབས་ཡོད་པས་གང་ཐུབ་ལོངས་སུ་སྤྱོད་ཐུབ་པ་དགོས།” ཞེས་གསུངས་འདུག ཆབ་སྲིད་ཀྱི་བཀའ་མོལ་ཟེར་བ་འདི་ལས་ལྷག་ཅིག་ཡོད་མདོག་ཁ་བོ་མ་རེད། ” འོན་ཀྱང་”ཞེས་པའི་ཚིག་འདིར་ནུས་པ་བླ་ན་མེད་པ་ཞིག་འདུག ལམ་སེང་རྣ་བར་འགྲོ་བ་ཞིག་ཡོད་ཀྱང་བསམ་བློ་ཞིག་བཏང་ཚེ། ཞི་བའི་ཐོག་ནས་ངོ་རྒོལ་བྱ་རྒྱུའི་གོ་སྐབས་ཡོད་པས་ལོངས་སུ་སྤྱོད་ཐུབ་པ་དགོས་ཞེས་གསུངས་དུས། ཞི་བ་མིན་པ་དང་ཞི་བ་ཡིན་མིན་ལ་རེ་དོགས་འབྱུང་གཞི་ཞིག་བཤད་མཁན་ལ་ཡོད་པ་བསྟན་འདུག
    གཞན་”ནང་ཆོས་ནས་གསུངས་བ་ལྟར་མི་ལུས་རྩ་ཆེན་ཡིན་པ་བསྐྱར་ནན་ཞུ་རྒྱུ་ཡིན་”ཞེས་པ་འདིས་ཆོས་སྲིད་དབྱེ་མཚམས་གསལ་བོ་ཡིན་པ་བསྟན་འདུག་པ་མ་ཟད། དགོས་དབང་གིས་ཆོས་ལྟར་འབོད་སྐུལ་བྱས་པ་མ་གཏོགས། མི་ཆོས་རིང་ལུགས་རྐྱང་པའི་བསམ་ཚུལ་ཡོད་ཅེས་རྔམ་ཟིལ་སྟོན་གྱི་འདུག་པས་གསར་འགྱུར་འདིར་གོ་བ་བླངས་ན་ང་ཉིན་ཁ་ཤས་བསམ་གཞིག་ནང་རྫངས་ཐག་ཆོད་རེད།
    ཅིའི་ཕྱིར་ནང་ཆོས་ལྟར་ནན་སྐུལ་ཞུའམ་ཞེ་ན་རྒྱུ་མཚན་མང་པོ་ཡོད་པའི་ནང་ནས་༧གོང་ས་མཆོག་གིས་ཉེ་སྔོན་འདིའི་ཐད་ཞལ་གྲགས་འདོད་མེད་པ་དེ་ལ་བརྟེན་ནས་བྱུང་ན་མིན་ནམ་བསམས། ཞལ་གྲགས་ཀྱི་མིན་པར་གསུངས་བ་དེ་མདོ་དོན་རང་སྲེག་ལ་ཐུགས་འདོད་ཡོད་པ་རེད་དམ་མ་རེད་ཅེ་ན། དེ་ལ་སུས་ཀྱང་མ་རེད་ཅེས་ལན་བསྐྱོན་གྱི་རེད་བསམས།

  3. འབའ་སྲས། says:
    2012-03-27 at 12:11 pm

    གསུང་སྐད་འདི་ཐོས་ཡོང་དུས་སེང་གེ་ཁྱི་ལ་སྐྲག་པ་འདྲ།

  4. ཐུབ་པ། says:
    2012-03-27 at 2:46 pm

    སེང་གེ་དེ་ཤོག་བུའི་སེང་གེ་རེད་ཅེས་སྔོན་མ་ནས་མི་འགས་བཤད་ཀྱིན་འདུག
    ད་དུང་འོན་ཀྱང་ཡིན་ན་ཅིག
    མི་རུས་རིན་ཆེན་དུ་བརྩིས་མི་འདུག
    འཚེ་བ་བྱས་འདུག་ཅེས་བཤད་ཀྱི་མི་འདུག་གེ

  5. ཆོས་འཕེལ་དར་རྒྱས་ says:
    2012-03-27 at 4:56 pm

    མེ་ལ་བསྲེག་ནས་བོད་དོན་ལ་ཕན་པ་མེད་པར་མ་ཟད་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ལ་གནོད་པ་ཡོང་བའི་གཉེན་ཁ་ཆེ་བས་མཚམས་འཇོག་བྱེད་པ་ལ་རྒྱབ་སྐྱོར་ཡོད། བོད་དོན་ཆེད་རང་ལུས་མེ་ལ་འབར་མཁན་ཚོའི་སེམས་ཤུགས་ནི་ཧ་ལས་བ་རེད། དཔའ་བོ་ཁོང་ཚོ་གསོན་པོར་བཞུགས་ནས་བོད་ཀྱི་རྩ་དོན་ལ་འབད་རྒྱུ་བྱུང་ན་སྡར་མ་ང་དང་ང་འདྲ་བ་དག་ལ་ཕ་ཤུལ་ཞིག་གསོ་བྱེད་པའི་ལམ་ཁྲིད་ཡོང་བ་ནི་བརྗོད་མ་དགོས་བ་ཞིག་རེད།

  6. སྟག་སྨྱོན། says:
    2012-03-27 at 5:05 pm

    ༡། བཀའ་ཁྱིས་བོད་ནང་དུ་རང་ལུས་བསྲེག་དགོས་པ་རེད། འོན་ཀྱང་ཕྱི་ལོགས་ནས་བསྲེག་རྒྱུ་ཡོད་པ་མ་རེད་ཟེར་བའི་དོན་རེད། འོན་ཀྱང་བོད་ཕྱི་ནང་གི་ཚེ་སྲོག་ལ་དབྱེ་འབྱེད་བྱེད་མི་རུང་བར་མཐོང་གི་འདུག ད་དུང་བཀའ་ཁྲིས་ལུང་ཚན་བྱེ་བྲག་པས་རང་ལུས་བསྲེག་ན་འགྲིག་གི་རེད། འོན་ཀྱང་ལུང་ཚན་གཞན་པས་བསྲེག་རུང་གི་མ་རེད་ཅེས་ཁ་ནས་མ་ཐོན་ཙམ་རེད།
    ༢། གུས་པས་བསམ་པར་བོད་ཕྱི་ནདང་ལུང་ཚན་དབྱེར་མེད་ཀྱིས་ཚེ་སྲོག་གི་རིན་ཐང་གཅིག་པ་ཡིན་པས། བོད་ཕྱི་ནང་དང་ཆོལ་གསུམ་སྤུན་ཟླ་སུས་ཀྱང་འུ་ཐུག་གི་ལས་འགུལ་འདི་རིགས་མ་སྤེལ་རོགས་ཞུ་འདོད་ཡོད། ལྷག་པར་དུ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ངོ་མ་བོད་ནང་གི་བོད་མི་ཚོ་ཡིན་པས། མི་སྲོག་གཅིག་ཡིན་ཡང་སྲུང་སྐྱོབས་བྱེད་དགོས་པ་རེད།
    ༣། རྒྱལ་གཅེས་དཔའ་པོ་འཇམ་ཡེ་ཤེས་ཀྱི་སྙིང་སྟོབས་དང་བློས་གཏོང་ལ་ཤ་གསེང་རུས་པའི་གཏིང་ནས་གུས་འདུད་དང་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད། ཁོང་ལྟ་བུ་ལོ་གཞོན་ལྷག་བསམ་ཅན་ཞིག་གིས་རང་སྲོག་བློས་བྱས་པའི་གནས་ཚུལ་གོ་བ་དང་། བྲང་གི་སྙིང་བཀོག་ཕྱིན་པ་ལྟ་བའི་གདུང་ཚོར་ཚད་མེད་བྱུང་།
    ༤། དཔའ་རྒོད་སུ་ཞིག་གིས་རང་སྲོག་གཏོང་ན། གང་འདྲ་བྱས་ནས་རྒྱ་གཞུང་དང་རྒྱ་མི་རིགས་ལ་ན་ཟུག་ཆེ་ཐག་ཆོག་སྤྲོད་ཐབས་ལ་བསམ་བློ་གཏོང་དགོས་པར་མཐོང་།

  7. གསེར་འབྲུག་སྡེར་ལྔ་ says:
    2012-03-27 at 5:50 pm

    ཆོས་འཕེལ་དར་རྒྱས་མིང་ཅན་པ་ཁྱོད་ཉོན། མེ་ལ་བསྲེག་ནས་བོད་དོན་ལ་ཕན་པ་མེད་ཟེར་བའི་མཐའ་ཚིག་དེ་ལས་སླ་པོ་ཞིག་ཨེ་རེད། འོ་ན་ཁྱོད་ལ་མེ་ལ་བསྲེག་མི་དགོས་པའི་བོད་དོན་ལ་ཕན་པའི་ཐབས་ཚུལ་བཟང་པོ་ཞིག་བསྟོན་རྒྱུ་ཨེ་ཡོད། མེད་ན་དཔའ་བོའི་མཛད་རྗེས་ལ་ཕན་གནོད་བཤད་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད། ད་དུང་རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ཞེས་པ་དེ་གང་ན་ཡོད་པ་རེད། རྒྱལ་སྤྱི་རྒྱ་ནག་གིས་དངུལ་བུན་གཡར་ནས་ཧ་ལམ་ཉོས་ཚར་བ་མ་རེད་པས། ཡང་ཅིག་མིན་ན་ཁྱོད་ལོང་བ་དང་འོན་པ་ཡིན་རྒྱུ་རེད་མ་གཏོག་ཐོས་ཚོད་དང་རིག་ཚོད་ཡིན། རྒྱལ་སྤྱིའི་ཐོག་ཁ་ཡོད་ལག་ཡོད་ཀྱི་རྒྱབ་སྐྱོར་སྔར་བྱང་མྱོང་མེད་ལ་མ་འོངས་འབྱུང་རྒྱུའི་རེ་བ་ཡང་མེད། དེས་ན་ཁྱོད་སྡར་མ་མ་རེད་ལ་དཔའ་བོའི་ལམ་ཁྲིད་དེ་བས་དགོས་དོན་མི་འདུག།

  8. རག་ཕྱགས་རྡོར says:
    2012-03-28 at 12:28 am

    རྒྱལ་གཅེས་ཀྱི་དཔའ་བོད་དག་གིས་བྱས་རྗེད་ལ་གུས་པས་སྙིང་ཐག་ནས་གུས་འདུད་ཞུ་ཡིན་ན་ཡང་རང་གིས་རང་ལ་ཡོད་ཚད་མེ་རུ་ཕུལ་ན་ཡང་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་དག་གིས་རྣ་བར་ལ་ཡང་མི་འཛིན་བ་ཚང་མས་མཁྱེན་གསལ་རེད་དེ་ཡི་རྒྱུ་སྐྱེན་གང་ལ་བརྟེན་ནས་བྱུང་བ་རེད་ལབ་ན་རྒྱ་མི་དང་རྒྱལ་སྤྱི་ལ་གྱོང་གང་ཡང་མི་རེག་པ་རེད་དེ་འདྲ་ཡིན་ཙམ་ཁས་ཅི་ཡང་བཤད་མི་འདོད་པ་རེད་ང་ཚོ་བོད་མི་དག་ལ་རྒྱ་མི་བཅུ་ཤི་བ་དང་བོད་མི་གཅིག་ཤུ་བ་གྱོང་ཆེ་དེ་འདྲ་ཡིན་ཙམ་བོད་མི་ཚོས་རང་གིས་རང་བློས་མ་གཏོང་རོགས་ཞུ་གར་སྲིད་བོད་ཀྱི་རྩ་དོན་ཆེད་དུ་བློས་མ་བཏང་ན་བཟོད་ཐབས་མེད་ན་ང་ཚོས་ཕྱི་རྒྱལ་དག་གི་མི་སྣ་ལ་མིག་དཔེ་བལྟ་ནས་རང་ཤུ་བ་དང་མཉམ་དུ་རྒྱ་མིའི་སྲིད་འཛིན་འཁྲིགས་བཟུང་བ་མཉམ་དུ་ཤི་ཐོབ་བ་བྱེད་དགོས་དཔེར་ན་སྦེལ་ལ་དེན་དང་ས་དམ་ཧུ་སྲིན་ནང་གཞིན་མ་ནུས་ན་ཡང་དེ་འོག་བལྟར་ངེས་པར་དུ་བྱེད་དགོས་དེ་འདྲ་བྱེད་ཐུབ་ན་སྐྱེ་བ་བརླབས་ཆེ་འཆི་བ་གཟི་བརྗེད་ཆེ་རྒྱལ་སྤྱི་དང་རྒྱ་མིའི་སྲིད་གཞུང་ཡིས་དོ་སྣང་མ་བྱས་རང་བྱས་ཞིག་བྱུང་ངོས།

  9. ལྗང་གཞོན། says:
    2012-03-28 at 1:12 am

    བོད་མིའི་སྒྲིག་འཛུགས་ཀྱིས་དོན་ངོ་མར་འགན་ཞིག་འཁུར་རྒྱུ་ཡོད་དམ། འུ་ཐུག་གི་བྱ་སྤྱོད་རིགས་མ་སླེལ་རོགས་ཞེས་བརྗོད་འདུག འོ་ན་དཔལ་བོ་ཁོང་གིས་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་བྱས་པ་དེ་ནོར་བ་རེད་དམ། ཁོང་ཚོར་འུ་ཐུག་གི་བྱ་སྤྱོད་མ་སྤེལ་ཟེར་ན། བཀའ་ཁྲི་ག་རེ་བྱ་རྒྱུ་ཡིན། འཆར་དོན་ནུས་ལྡན་པའི་འཆར་གཞི་ག་རེ་དོམ་དམ།
    སྐད་ཆ་ག་རེ་བཤད་ཚེ་དེ་ལ་འགན་ཞིག་འཁུར་རོགས།

  10. ཆོས་འཕེལ་དར་རྒྱས་ says:
    2012-03-28 at 5:26 am

    འབྲུག་རྒྱ་ཡུལ་ནས་ཡོང་། གསེར་གོང་མ་རྒྱལ་བོའི་མདོག དེ་ནི་ཁྱེད་ཀྱི་འདིར་བཀོད་པའི་སྨྱུག་མིང་གི་འབྲེལ་ནཤད་ཙམ།
    ང་ལ་བོད་དོན་རྩོད་ལེན་སྐོར་ཐབས་ཚུལ་མེད་མོད། རང་ལུས་མེ་ལ་བསྲེག་ནས་འཆི་འགྲོ་རྗེས་ཐབས་ཚུལ་དེ་ལས་མེད་པ་ནི་མྱི་གསོན་པོས་ལས་ཀ་ལས་ཐུབ་པ་ལས་མྱི་འཆི་རྗེས་ལས་མི་ཐུབ་པ་དེ་ཡིན། གསོན་བསྡད་ན་སྟབས་དང་ཐབས་བྱེད་ཆོག་པ་ལས་འཆི་རྗེས་དེའི་གོ་སྐབས་ཙམ་ཡང་ཡོད་པར་མ་མཐོང་བ་དེ་ཡིན།
    རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཡོད་པ་མ་ཟད་རྒྱལ་ཁབ་མི་ཉུང་བ་ཞིག་གི་སྤྱི་འཐུས་གྲོས་ཚོགས་ནང་ཡང་བོད་དོན་ལྟ་རྟོགས་པ་དང་རྒྱབ་སྐྱོར་བ་(parlimentary Support Group for Tibet)རེ་ཡོད་པ་ཉིད་ནས་ཧ་གོ་ཡོད་ས་མ་རེད།
    ཕྲན་ལ་ཡང་རང་སྡོད་སའི་མི་སྣ་དེ་ཚོ་ལ་འབྲེལ་བ་ཐད་གར་ཡོད་ལ་ཉེ་བའི་ལོ་འདི་ཚོའི་ནང་བོད་ཕྱི་མང་གཉིས་ལ་བྱུང་བཞིན་པའི་མེ་བསྲེག་ལས་འགུལ་སྐོར་གླེང་མོལ་བྱེད་དུས་དེའི་ཐོག་ལ་རྒྱབ་སྐྱོར་ཆེ་ཕྱོགས་ནས་མེད་པ་ཞིག་ཆགས་འདུག རྒྱུ་མཚན་དེ་ལ་བརྟེན་ནས་ཡུལ་གྲུ་སོ་སོའི་གསར་འགྱུར་ནང་ཡང་རྒྱ་ཆེ་བོ་ཐོན་མི་ཐུབ་པ་དེ་རེད། རྒྱུ་མཚན་དེ་ལས་བལྟས་ནས་ངས་མེ་བསྲེག་ལས་འགུལ་འདིས་བོད་དོན་ལ་ཕན་པ་མེད་པར་མ་ཟད་གནོད་པའི་གཉེན་ཁ་འདུག་ཟེར་བ་ཡིན།
    སེམས་ཤུགས་དང་དཔའ་སེམས་ཆེ་བའི་རང་རིགས་ལ་རྒྱ་ཅན་ཚོས་གསོན་པོར་སྟབས་དང་ཐབས་ལ་བསྟེན་ནས་ལས་འགུལ་སྤེལ་མ་རང་གཞན་ཀུན་ལ་ཕན་པར་སེམས།

  11. གསེར་འབྲུག་སྡེར་ལྔ་ says:
    2012-03-28 at 7:53 am

    འབྲུག་རྒྱ་ཡུལ་ནས་ཡོང་བ་ཁྱོད་ཀྱིས་ཁུངས་སྐྱེལ་ག་རེ་ཡོད། རིན་ཆེན་དང་པོ་གསེར་གསེར་པོ་རྒྱ་ཡུལ་ལས་མེད་དོན་ཅི་རེད། གོ་ལ་ཧྲིལ་པོའི་མི་འབོར་ཕལ་ཆེ་བས་རྒྱན་ཆར་རྩིས་ནས་དང་འདོད་དང་དགའ་ཞེན་བླ་ན་མེད་པ་ཞིག་ཡོད་པ་མ་ཟད་ལྷ་སྐུ་མང་པོ་གསེར་ལས་བསྒྲུབ་པ་དང་མཆོད་པའི་ཡོ་བྱད་མང་པོ་གསེར་ལས་བསྒྲུབ་དོན་ཅི་རེད། བྱས་ཙང་ཁྱོད་ཀྱིས་འབྲེལ་མེད་དོན་གཞན་གྱིས་ངའི་སྨྱུག་མིང་ལ་ལོག་འབྲེལ་བྱེད་དོན་ཅི། དེས་ན་ངས་བཤད་དོན་གཙོ་བོ་དེ་དཔའ་བོ་ཚོས་བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱིས་བདེ་སྡུག་མེ་ལྕེའི་ལམ་ནས་རྒྱ་དམར་ལ་ངོ་རྒོལ་དང་འཛམ་གླིང་མི་དམངས་ལ་གསལ་བསྟོན་གནང་བ་དེ་ཁྱོད་ཀྱིས་ཕན་མེད་འཕྲོ་བརླག་ཞིག་ངོས་འཛིན་བྱས་པ་དེར་ངས་ངོ་རྒོལ་མཐའ་ཅིག་ཏུ་ཡོད། ཁྱོད་ལ་བོད་དོན་རྩོད་པའི་ཐབས་ཚུལ་མེད་ན་དཔའ་བོའི་མཛད་རྗེས་ལ་ཕན་གནོད་བཤོད་པའི་ཐོབ་ཐང་མེད། དཔའ་བོ་ཚོས་གདམ་ཀ་དེ་ལས་མེད་ཙང་རང་ཐག་རང་གཅོད་ཀྱིས་བོད་དང་བོད་མི་རིགས་ཀྱི་བདེ་སྡུག་ལ་ཕན་པའི་ངོས་འཛིན་ཐོག་མཛད་རྗེས་བླ་ན་མེད་པ་འདི་བཞག་གནང་བ་རེད་མ་གཏོག་དོན་མེད་འཕྲོ་བརླག་དང་བོད་དང་བོད་མི་རིགས་ལ་གནོད་པའི་བྱ་བ་ནམ་ཡང་གནང་གི་མ་རེད། ད་དུང་ཁྱོད་ཀྱིས་དཔའ་བོ་ཚོས་མཛད་རྗེས་ལས་བོད་དོན་རྒྱབ་སྐྱོར་བ་གལ་ཆེ་དོན་ཆེན་ལ་རྩིས་ནས་ཕན་གནོད་འབྲེལ་བ་ནི་གསེར་དང་རག་རྒན་ནོར་འདུག། མ་གཞི་ངས་རྒྱལ་སྤྱིའི་བོད་དོན་རྒྱབ་སྐྱོར་ཁ་ཡོད་ལག་ཡོད་ག་ཚོད་འདུག་ཞེས་དྲི་བ་དྲིས་ཀྱི་ཡོད། ཁ་ཡོད་ལག་ཡོད་མེད་པར་མིང་ཙམ་གྱིས་ད་བར་ང་ཚོར་ག་ཚོད་ཕན་སོང་ཁྱོད་ཀྱིས་ཕྱིར་མིག་ཅིག་བལྟོས་དང་། གྲོས་ཚོགས་མང་པོའི་ནང་གྲོས་ཆོད་བཞག་མཁན་མང་པོ་ཡོད་ཀྱང་དོན་ལག་ལེན་དངོས་ནང་ཞུགས་མཁན་མེད་ཙང་བོད་དོན་འཐབ་རྩོད་ལ་ཕན་གྱི་མེད་པ་མ་ཟད་རྒྱ་ནག་གིས་གདེངས་ཚོད་གསལ་པོ་བརྙེད་པ་རེད་ལ་བོད་ནང་ཛ་དྲག་གནས་སྟངས་ཇེ་ཆེ་མ་གཏོག་ཆུང་དུ་འགྲོ་གི་མེད་པ་དེ་རེད།
    དེས་ན་དཔའ་བོ་ཚོ་བོད་དང་བོད་མི་རིགས་ཀྱི་དོན་དུ་དགོངས་པ་གཞན་དོན་དུ་གཤེགས་ཀྱང་མཛད་རྗེས་ཇི་སྲིད་བོད་མི་རིགས་ཀྱི་བདེན་མཐའ་མ་གསལ་བར་དུ་གནས་ཀྱི་རེད། འོན་ཀྱང་བོད་དང་བོད་མི་རིགས་ཀྱི་དོན་དུ་བྱས་རྗེས་བྱ་སྡེའི་སྐྱག་རྐུབ་ཙམ་ཡང་བསྟོན་རྒྱུ་མེད་པའི་ཁྱོད་དང་ང་འདྲ་བ་ཤི་བ་དང་ནམ་ཡང་འདྲ་གི་མ་རེད། བོད་པའི་སྤྱི་ཚོགས་ནང་བྱས་རྗེས་འཇོག་མཁན་དཔའ་བོ་མང་པོ་ཡོད་ཀྱང་ཁོང་ཚོ་གསོན་པའི་གནས་སྐབས་འཇོན་ཐང་དེ་མཐོང་གི་མ་རེད་ལ་གལ་ཏེ་རེ་གཉིས་མཐོང་ན་ཡང་ཕྲག་དྭོགས་དང་འགྲན་སེམས་ཀྱིས་བོད་པའི་སྤྱི་ཚོགས་དང་རྒྱང་དུ་ཕུད་རྒྱུ་ནི་གནའ་སྔ་མོ་ནས་ད་བར་བོད་པའི་གཤིས་བརྒྱུད་ལ་འཇགས་འཇགས་པ་རེད། བྱས་ཙང་ཤི་ཚར་ནས་གཞི་ནས་བློ་འགྱོད་དང་སྦྲག་མཛད་རྗེས་ལེགས་པར་མཐོང་མཁན་དང་མཐོང་ཁུལ་བྱེད་མཁན་རིགས་སྣ་ཚོགས་ཡོད་པ་རེད། བྱས་ན་ཁྱོད་རིགས་ཕྱི་མ་ཡིན་པར་འདོད།

  12. ཆོས་འཕེལ་དར་རྒྱས་ says:
    2012-03-28 at 8:06 am

    མང་པོ་མི་བཤད།
    འབྲུག་རྒྱ་ཡུལ་གྱི་ཡུལ་སྲོལ་ནས་ཡོང་བ་དང་གསེར་གོང་མ་རྒྱལ་བོའི་མཚོན་རྟགས་ཡིན་ཚུལ་རྒྱ་རིཊ་ཀྱི་དཔེ་རྙིང་ཚོ་ཀློག་རོཊ།
    སྡེར་ལྔ་དེ་སྐར་མ་ལྔ་ལ་གོ་ཐུབ་མི་ཐུབ་ངས་བསམ་བློ་གཏོང་གི་ཡོད།
    གང་ལྟར་རྒྱལ་ཁ་ཟེར་བ་ནི་གསོན་པོར་ལེན་པ་ལས་འཆི་ཚར་དུས་ལེན་མི་ཐུབ་པ་ལ་གོས་འཛིན་ཡོད། ང་ཚོར་དགོས་བ་ཡང་རྒྱལ་ཁ་ཡིན་པ་ལས་གཞན་ཨེ་ཡོད།

  13. བློ་བཟང་ says:
    2012-03-28 at 11:22 am

    བཀུར་འོས་དྲ་གྲོཊ་ཚོར་ཞུ་རྒྱུ་ཞིག་ག་དུས་ཡིན་ཡང་བོད་གཞུང་དང་འཀའ་ཁྲིས་གསུང་ལ་མ་འགྲིག་མདོག་མདོག་ཞུ་ན་ཅི་ལ་ཕན་ག་སྲིད་བཀའ་ཁྲིས་བོད་མི་མང་ནས་མེ་བསྲེག་བཏང་ཐུབ་ན་ཡག་པོ་རེད་གསུངས་ན་དྲ་གྲོགས་ཚོ་ལངས་ཐུབ་ས་རེད་པས། ཁོང་རྣམ་པས་བོད་གྲངས་ཉུང་ལ་བསམ་སྟེ་བསྙད་པ་ཞིག་རེད སྤྱི་བཏང་དཔའ་བོ་ཁོང་རྣམ་པའི་རླབས་ཆེན་གྱི་མཛད་པར་བོད་གཞུང་ནས་བསྔགས་བརྗོད་དང་གུས་འདུད་ཞུ་བཞིན་འདུག་བ ཡང་ན་བཀའ་ཁྲི་བློ་སེང་ལས་ཁྱེད་ཚོས་འཇོན་པ་ཡོད་ན་ལངས་དང་བོད་མི་ས་ཡ་དྲུག་ལ་ཕན་ངེས་དེ་མིན་བོད་མི་རྣམས་ལ་ཡིད་ཆེས་བརླག་ཏུ་བཅུག་ན་རྒྱ་དམར་གུང་ཁྲན་ལ་ཕན་པའི་བྱ་བ་ཡིན་པས་གཡུག་ན་བཟང་། གལ་སྲིད་ཤར་ཕྱོགས་ཁུག་རྟའི་རྗེས་སུ་འབྲང་ན་ཁོང་ནི་རང་ཉིད་དང་ཞེ་འབྲེལ་ཡོད་པ་ལས་བོད་ས་ཡ་དྲུག་གི་དོན་དུ་མ་ཡིན་པར་ཤེས་པ་གྱིས ཁྱེད་ཤེས་ཡན་མི་སྣའི་ལམ་སྟོན་འདྲ་གནང་ཐུབ་ན་ཛ་དྲག་ལ་གནས་བཞིན་པའི་བོད་མི་ཡོངས་ལ་ཕན་ངེས་སོ།

  14. གསེར་འབྲུག་སྡེར་ལྔ་ says:
    2012-03-28 at 5:34 pm

    ཆོས་དར་ལགས། ངས་རྒྱ་སྐད་དང་རྒྱ་ཡིག་མི་ཤེས་ལ་རྒྱ་དཔེ་དེ་བས་མི་ཤེས། རྒྱ་དཔེ་ཀློག་མྱོང་མེད་ལ་ཀློག་འདོད་ཀྱང་རྩ་བ་ནས་མེད། དེས་ན་ཁྱོད་རྒྱ་དཔེ་དང་སྐར་ལྔའི་དར་དམར་ལ་དགའ་ཞེན་བླ་ན་མེད་པ་ཞིག་ཡོད་ཙང་རྣམ་རྟོགས་དེ་རང་བཞིན་གྱི་ཤར་འོང་བ་རེད། འབྲུག་ཞེས་པའི་ཐ་སྙད་འདི་བོད་སྐད་རེད་རྒྱ་སྐད་རེད། འོ་ན་འབྲུག་ཡུལ་རྒྱལ་ཁབ་དེ་ཡང་རྒྱ་ཡུལ་ནས་ཡོང་བ་ཡིན་རྒྱུ་རེད་པ། ཚད་མས་མ་དམིགས་པའི་རི་མོའི་བྲིས་རྒྱུན་ཙམ་གྱི་སེམས་ཅན་འདི་གང་ནས་བྱུང་མིན་གསལ་ཁ་མེད་ཀྱང་རི་མོའི་ནང་སྡེར་ལྔ་ཡོད་པ་ཞིག་གསལ་པོ་བྲིས་འདུག། བྱས་ཙང་ངའི་མིང་ལ་འབྲུག་གྲགས་ཟེར་གྱི་ཡོད་ཙང་ངས་འབྲེལ་བ་རྒྱུ་མཚན་དུ་བྱས་ནས་སྨྱུག་མིང་ལ་གསེར་འབྲུག་སྡེར་ལྔ་ཞེས་བྲིས་ཡོད། འོན་ཀྱང་ཁྱོད་ཀྱིས་གནས་དོན་ལ་མི་འཇུས་པར་དོན་མེད་ཀླན་ཀ་འཚོལ་འདོད་ཀྱིས་ངའི་སྨྱུག་མིང་ལ་སྒྲོ་ག་རེ་བཏགས་ན་ཡང་ང་ལ་ཁྱད་པར་སྤུ་ཙམ་ཡང་མེད།
    ངས་ནན་གྱི་བཤད་འདོད་པ་ནི་དཔའ་བོའི་མཛད་རྗེས་ལ་རེད་དང་མ་རེད་འགྲིག་དང་མ་འགྲིག་ཕན་དང་གནོད་ཟེར་རྒྱུའི་ཐོབ་ཐང་རྩ་བ་ནས་ཡོད་པ་མ་རེད་ལབ་འདོད་བྱུང་། ཡང་ན་དཔའ་བོའི་མཛད་རྗེས་ལས་ལྷག་པའི་འབྲས་བུ་མངོན་འགྱུར་བའི་ཐབས་ཚུལ་བཟང་པོ་ཞིག་འདོན་ཐུབ་པ་དགོས་ཀྱང་དེ་ནི་གྲངས་གནས་གཅིག་གི་འོག་སྒོར་ཐིག་དེ་རེད་པ།
    རྒྱལ་ཁ་ཞེས་པ་དེ་མལ་ས་དྲོན་མོའི་ནང་ནས་རག་རྒྱུ་ཞིག་གང་ན་འདུག། ཤར་ནུབ་རྒྱལ་ཁབ་ཚང་མར་གཅིག་བལྟོས་དང་མང་ཆེ་བ་སྲོག་གི་འགྲོ་གྲོན་མང་པོ་བཏང་ནས་རྒྱལ་ཁ་ཐོབ་པ་ཕལ་ཆེ་བ་མ་རེད་པས། དཔེ་ཉེ་ཤོས་ཞིག་སྔ་ལོ་ཨེ་ཇིབ་དཔྱིད་ཀའི་གསར་རྗེའི་ལས་འགུལ་སྐབས་ཏཱུ་ནཱི་སི་མི་ཞིག་གིས་རང་ལུས་མེར་སྲེག་བཏང་ནས་ཨ་རབ་གླིང་གི་ཡུལ་གྲུ་མང་པོ་གནམ་སའི་འགྱུར་ལྡོག་ལ་བསྐུལ་འདེད་བཏང་ནས་དེ་དེ་བཞིན་བྱུང་བ་རེད། མ་ཟད་སྔ་མོ་ཝེ་ཏཱི་ནཱམ་དམག་འཁྲུགས་སྐབས་ནང་པའི་དགེ་སློང་ཞིག་གིས་རང་ལུས་མེར་སྲེག་བཏང་བས་ཝེ་ཏཱི་ནཱམ་དམག་འཚམས་བཞག་དགོས་པ་བྱུང་བ་རེད་ལ་ཨ་རིའི་དམག་ཕྱིར་བསྡུ་བྱེད་དགོས་པ་བྱུང་ནས་ཝེ་ཏཱི་ནཱམ་རང་དབང་དང་དམངས་གཙོའི་ཕྱོགས་སུ་བསྐྱོད་འགོ་ཚུགས་པ་རེད། དེས་ག་རེ་མཚོན་པ་རེད་ལབ་ན་གཤིན་པོའི་རྒྱལ་ཁ་རེད་དྲན་ཡོད། བྱས་ཙང་དཔའ་བོ་ཚོའི་མཛད་རྗེས་འདིས་ནམ་ཞིག་རྒྱལ་ཁར་ཕྱོགས་པར་བྱེད་ཀྱི་རེད་ལ་(གསེར་ས་འོག་ཡོད་ཀྱང་འོད་ནམ་མཁའ་)ལབ་པ་ནང་བཞིན་དཔའ་བོ་ཚོ་དགོངས་པ་གཞན་དོན་དུ་གཤེགས་ཀྱང་མཛད་རྗེས་དེས་བདེན་པའི་འོད་སྣང་འབར་ནས་བདེན་པའི་རྒྱལ་ཁ་འཐོབ་པའི་ཡིད་ཆེས་ཡོད་ལ་སྨོན་ལམ་ཡང་ ཡང་ཡང་ཡོད།

  15. ཆོས་འཕེལ་དར་རྒྱས་ says:
    2012-03-29 at 7:37 am

    ལགས་སོ། ལགས་སོ། ང་རང་ཚོས་དོ་སྣང་མ་བྱས་ན་གཞན་པས་དོ་སྣང་མི་བྱེད་པ་ནི་གནའ་མྱིའི་གཏམ་དཔེར་༼ཆུ་ནང་ལ་ལྕེབས་མཁན་ཚོ་མ་སྐྲག་ན་ཆུ་ཁ་ནས་ལྟ་མཁན་ཚོ་སྐྲག་དགོས་བ་མི་འདུག་༽ཟེར་བ་དེ་ལས་མེད་པས་ངས་ངོས་ནས་རང་ནུས་གང་ཐུབ་ཀྱིས་རང་རིཊ་ལ་རྒྱ་ཅན་དག་ལ་རང་ལུས་མེ་ལ་བསྲེག་པའི་ལས་འགན་གྱིས་གཙོ་བྱས་བ་དང་གཞན་ལ་ཡང་གནོད་འཚེ་ཡོང་བའི་ལས་འགུལ་མ་སྤེལ་རོགས་ཞེས་སྐུལ་སློང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme