Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ཚོ་ཉིན་རེའི་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད།

Posted on 2020-01-292020-01-30 By འཚོ་བྱེད་བུ 4 Comments on བོད་མི་ཚོ་ཉིན་རེའི་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད།

ཆུ་རླངས་འབྲུག་བྱམས།

ཁ་སང་དེ་རིང་རྒྱ་ནག་ནང་ནད་ཡམས་(Coronavirus) ཟེར་བའི་འགོས་ནད་ཚབས་ཆེན་ཞིག་འགྲོ་བཞིན་པའི་སྐབས་འདིར། འཛམ་གླིང་གིས་ས་ཆ་གང་སར་ནད་ཡམས་འདི་འགོག་ཐབས་ཅི་ལྟར་བྱེད་དགོས་མིན་ཐད་འབད་བཞིན་ཡོད་པ་དང། རྒྱ་ནག་ནང་ལ་མཚོན་ན་ནད་ཡམས་འདི་ཧ་ཅང་ཚབས་ཆེན་དང་གདོང་ལེན་བྱེད་ཐབས་དཀའ་བའི་གནས་སྟངས་ཤིག་ཆགས་ཡོད།

དེ་ལྟར་ན། བོད་ནང་གི་ས་ཆ་ཁ་ཤས་ཤིག་ལ་ནད་ཡམས་འདི་སླེབས་པའི་སྐད་ཆ་ཞིག་འདུག་ལ། གནས་ཚུལ་འདི་གང་འདྲ་ཞིག་ཆགས་ཡོད་མེད་ད་ལྟ་བཤད་དཀའ་མོད། ཁ་སང་དེ་རིང་བོད་ནང་ནས་ས་ཆ་ཕན་ཚུན་འགྲོ་འོང་བྱེད་མི་ཆོག་པ་དང། ལམ་ཚང་མ་བཀག་ཡོད་པ་དང། བོད་མི་ཚོས་ཉིན་རེའི་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་གནས་སུ་ལྷུང་ཡོད། འདི་ལྟར་མུ་མཐུད་ནས་སོང་ཚེ་བོད་མི་རྣམས་མུ་གེ་ཡི་འཆི་ནས་རིག་གནས་གསར་བརྗེ་ཐེངས་གཉིས་པ་ལྟ་བུ་ཆགས་མི་སྲིད་པ་མ་རེད།

རང་ཉིད་ཆོས་ལ་དད་དང་མི་དད་གང་ལྟར་ཡང་ནད་ཡམས་འདི་བོད་ནང་གི་བོད་མི་སུ་ཞིག་གི་སྒང་ལ་ཡང་མི་ཡོང་བའི་སྨོན་ལམ་འདེབས་བཞིན་ཡོད་ལ། སྤྱིར་ང་ཚོ་བོད་ལ་འགྲོ་བ་རིགས་དྲུག་སེམས་ཅན་ཐམས་ཅད་ཟེར་བའི་ཁྱད་དུ་འཕགས་པའི་བསླབ་བྱ་ཞིག་ཡོད་མོད། དེ་ལྟར་ན། བླ་མ་དང་དགེ་འདུན་པ་ཚོས་རྒྱ་ནག་ནང་བྱུང་བཞིན་པའི་ནད་ཡམས་ཐད་སྨོན་ལམ་གསུངས་བཞིན་པ་ནི་ཆེས་ཤིན་ཏུ་ནས་བཀའ་དྲིན་ཆེན་པོ་རེད། འོན་ཀྱང། སྨོན་ལམ་གཅིག་པུ་གསུངས་ནས་མི་འདུག་པར་ནད་ཡམས་འདི་ཅི་ལྟར་འགོག་དགོས་བྱེད་དགོས་མིན་ཐད་བོད་ནང་ལ་སློབ་གསོ་རེ་སྤྲོད་རྒྱུ་དེ་བས་ཀྱང་གལ་ཆེན་པོ་རེད།

ཚེས་༢༨ ཉིན་༧གོང་ས་མཆོག་ནས་རྒྱ་ནག་སྐམ་སའི་དགོན་པ་དང་མི་མང་ནས་༧རྗེ་བཙུན་སྒྲོལ་མའི་མཚན་སྔགས་འདོན་ཐུབ་ན་ཕན་ཐོགས་ཡོད་པའི་བཀའ་ཕེབས་ཡོད་ལ། བོད་ནང་གི་བོད་མི་ཚོས་ཀྱང་༧མགོན་པོ་མཆོག་གིས་གསུངས་པའི་༧ རྗེ་བཙུན་སྒྲོལ་མའི་མཚན་སྔགས་འདོན་བཞིན་འདུག། དགྱ་ནག་སྲིད་གཞུང་གིས་ཀྱང་དཀའ་ངལ་ལ་ཐུག་དུས་༧་མགོན་པོ་མཆོག་གི་གསུང་བཀག་སྡོམ་བྱེད་ཀྱི་མེད་པ་འདྲ།

ཡིན་ནའང། བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པ་མཐོང་ལམ་དུ་མ་བྱུང་།
ཚེས་༢༧ ཉིན་ཆོས་རིག་བཀའ་བློན་ལགས་ཀྱིས་ནད་ཡམས་དེའི་སྐོར་ལ་གསུང་བཤད་ཞིག་གནངས་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་རྒྱའི་སྒང་དུ་བཀོད་ཡོད་པ་དང། བོད་ནང་གི་བོད་མི་ཚོས་ནད་ཡམས་འདིའི་སྐོར་ལ་ཅི་ལྟར་གདོང་ལེན་བྱེད་དགོས་མིན་གྱི་ཐད་ཚིག་གཅིག་ཀྱང་བཤད་མེད། ཧ་ཅང་འཇིགས་སུ་རུང་བའི་ནད་ཡམས་འདི་བོད་ནང་ལ་མ་ཁྱབ་པའི་སྔོན་ལ་བོད་མིའི་སྒྲིག་འཛུགས་ཀྱི་མཛད་གཙོ་རྣམ་པས་སེམས་ཚོར་དང་བཅས་ནད་ཡམས་འདི་ལ་གཟབ་གཟབ་བྱེད་དགོས་པའི་བཀའ་སློབ་ལམ་སྟོན་བྱེད་དགོས་པ་ནི་ཧ་ཅང་གལ་ཆེན་པོ་རེད་ལ། དེ་ནི་བྱེད་འོས་པ་ཞིག་ཀྱང་རེད། དེ་བཞིན་བོད་མིའི་སྒྲིག་འཛུགས་ཀྱི་འོས་འགན་རེད་ལ། ཁྱད་པར་དུ་འཕྲོད་བསྟེན་ལས་ཁུངས་ལ་དེ་ལས་ལྷག་པའི་ལས་འགན་ཡོད་པ་རེད་འདོད། རང་ཉིད་གྱི་རྐུབ་སྟེགས་དང་སྐུ་ངོ་ཡི་མཚན་གནས་དེ་གཅིག་པུས་འགྲིག་བསྡད་པ་ཞིག་ཡིན་ན་ནི་ངས་མི་ཤེས་མོད། དེ་མ་གཏོགས། བོད་ནང་གི་བོད་མི་རྣམས་དཀའ་ངལ་གང་རུང་ལ་འཕྲད་དུས་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་དུས་ནས་དུས་སུ་འགན་འཁྱེར་བའི་ཐོག་ནས་བོད་ནང་གི་བོད་མི་ཚོ་བཀའ་སློབ་ལམ་སྟོན་གནང་དགོས་པ་ཤིན་ཏུ་ནས་གལ་ཆེན་པོ་རེད།

དེ་རིང་ཚེས་༢༩ ཉིན་གྱི་བོད་ཀྱི་བརྙན་འཕྲིན་གྱི་ཉིན་རེའི་གསར་འགྱུར་ནང་དུ། སྲིད་སྐྱོང་མཆོག་ནས་ཨ་རིའི་གྲོས་ཚོགས་འོག་མའི་ནང་དུ། ཕྱི་ལོ་༢༠༡༩ ལོའི་ཁྲིམས་འཆར་ལ་རྒྱབ་སྐྱོར་བྱས་པའི་སྐོར་ལ་གསར་འགོད་གསལ་བསྒྲགས་ཤིག་སྤེལ་སོང། གནས་ཚུལ་འདི་ནི་དགའ་འོས་པ་ཞིག་རེད་ལ། བོད་མི་དང་བོད་དོན་རྒྱབ་སྐྱོར་པ་མང་པོ་ཞིག་གི་འབད་བརྩོན་ལ་བསྟེན་ནས་བྱུང་པ་ཞིག་རེད། འོན་ཀྱང་ཡ་མཚན་པ་ཞིག་ལ། སྲིད་སྐྱོང་མཆོག་ནས་བོད་ནང་གི་བོད་མི་ཚོས་གདོང་ལེན་བྱེད་བཞིན་པའི་ནད་ཡམས་འདིའི་སྐོར་ལ་ཚིག་གཅིག་ཀྱང་གསུངས་མ་སོང། ད་དུང་སྲིད་སྐྱོང་མཆོག་ནས་བཤད་རྒྱུར། “ཕྱོགས་གཅིག་ནས་བཤད་དང་མི་བཤད་བསམ་སོང་དུས། བཤད་བཞག་ན་འགྲིག་ས་རེད། དགའ་པོ་ག་རེ་བྱུང་ཟེར་ན། ལྕམ་ནེ་སི་ཕེ་ལོ་སི་ཕེབས་ནས་ག་རེ་གསུངས་སོང་ཟེར་ན། སྲིད་སྐྱོང་བློ་བཟང་སེང་གེ་ཡི་བཤད་སྲོལ་ལྟར་ན་ཚོང་དང་ཁེ་ཕན་ལ་མ་ལྟོས་བར་རང་དབང་དང་འགྲོ་བ་མིའི་ཐོབ་ཐང་ལ་རྒྱབ་སྐྱོར་བྱེད་དགོས་པ་གལ་ཆེན་པོ་རེད་གསུངས་ཡོད་པ་རེད་ཟེར།” སངས་རྒྱས་ལ་ཀ་ཁ་ཟེེར་པའི་དཔེ་བཞིན། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་འདས་པའི་ལོ་ངོ་བཅུ་ཕྲག་འགའི་རིང་འགྲོ་བ་མིའི་ཐོབ་ཐང་ཐད་ཕྱག་ལས་གནང་ཡོད་པ་རེད་ལ། ཁྱད་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་ཐད་ལ་ཁོང་ལྟ་བུ་ཕྱག་ལས་གནང་མཁན་ཞིག་ལོ་རྒྱུས་ནང་དུ་བྱུང་མེད། ད་ལྟ་ཡང་གནང་དང་གནང་བཞིན་པ་རེད།

བོད་མིའི་སྒྲིག་འཛུགས་གནས་ཐུབ་དང་མི་ཐུབ་བོད་ནང་གི་བོད་མི་ཚོར་འབྲེལ་བ་ཡོད་པ་ལས་རྒྱལ་ཁབ་གཞན་ཞིག་གི་རྒྱབ་སྐྱོར་ལ་བརྟེན་ནས་སྒྲིག་འཛུགས་གནས་མི་ཐུབ།

སྲིད་སྐྱོང་ལགས་དགོང་ལོ་གཞོན་རུ་འགྲོ་བཞིན་འདུག ཕལ་ཆེར་ད་ལྟ་བྱིས་པ་ཆུང་ཆུང་ལྟ་བུ་ཆགས་ཡོད་པ་འདྲ། བྱིས་པ་ཚོ་ཆུང་ཆུང་ཡིན་དུས་ཨ་མ་ལགས་སུ་ཡང་ནས་ཡང་དུ་འདི་ལྟར་འདྲི། ཨ་མ་ལགས་ང་ཅི་འདྲ་འདུག ངས་བྱས་པ་གང་འདྲ་འདུག་གམ་བཅས་ཨ་མ་ལགས་སུ་ཡང་ནས་ཡང་དུ་འདྲི་ལ། ཨ་མས་ཀྱང་རང་ཉིད་གྱི་བུ་ཆུང་དགའ་བའི་ཆེད་དུ་གང་དགའ་དང་གང་འདོད་ལྟར་བཤད། སྲིད་སྐྱོང་ལགས་ཀྱིས་བོད་ནང་ལ་དཀའ་ངལ་འཕྲད་བཞིན་པའི་( Coronavirus) ཟེར་བའི་ནད་ཡམས་འདིའི་ཐད་ཚིག་གཅིག་ཀྱང་མ་བཤད་པར། ཨ་རིའི་གྲོས་ཚོགས་ཀྱི་ཚོགས་གཙོས་སྲིད་སྐྱོང་བློ་བཟང་སེང་གེ་ཡི་མིང་བོས་པ་དེའི་ཐད་དེ་འདྲ་ཞིག་དགའ་དགོས་ཡ་ཞིག་འདུག་གམ། གོ་གནས་དང་སྙན་གྲགས་གཅིག་པོ་མ་གཏོགས་བསམ་མི་ཤེས་པའི་བྱིས་པ་ལྟ་བུའི་སྲིད་སྐྱོང་ལགས། བོད་ནང་ན་བོད་མི་ཚོ་ཕན་ཚན་འགྲོ་འོང་བྱེད་མི་ཆོག་པ་དང། འགྲོ་ལམ་ཚང་མ་བཀག་འདུག ད་དུང་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་ཚད་ལ་སླེབས་འདུག བོད་ནང་གི་བོད་མི་ཚོས་ནད་ཡམས་འདིའི་ཐད་གདོང་ལེན་ཅི་ལྟར་བྱེད་དགོས་མིན་ལ་ལམ་སྟོན་གནང་རོགས། ལྕམ་ནེ་སི་པོ་ལོ་སེ་ཡི་ཁྱེད་ཀྱི་མིང་བོས་པ་དེ་གལ་ཆེན་པོ་མ་དེ་འདྲ་རང་ཨེ་ཡིན་ནམ།

01/29/2020

བསམ་ཚུལ།, འཕྲོད་བསྟེན།

Post navigation

Previous Post: ཏོག་དབྱིབས་ནད་དུག་དང་འབྲེལ་བའི་གཏམ།
Next Post: ཁ་པར་ནང་གི་དགོད་གཏམ།

Comments (4) on “བོད་མི་ཚོ་ཉིན་རེའི་བཟའ་བཏུང་ཡང་ཉོ་མི་ཐུབ་པའི་གནས་སུ་ལྷུང་བཞིན་ཡོད།”

  1. ལྷག་པ། says:
    2020-01-30 at 5:25 pm

    སྲིད་སྐྱོང་རྐྱལ་སྟོང་འདི། ག་དུས་ཡིན་ཡང་རང་ཉིད་བྱས་བྱས་འཇོན་འཇོན། མཁས་མཁས། རྐྱང་རྐྱང་རེད།

  2. gangseng zlamed says:
    2020-01-30 at 8:52 pm

    ནད་གདུག་པ་ཅན་འདི་གཉན་རིམས་བཅོ་བརྒྱད་ལས་གློ་ཚད་གཟེར་ཐུང་ཡིན་པར་ཝི་ཅེཌ་ནང་མཁར་ཆུ་ལགས་ཀྱིས་གསུངས་གདའ།

  3. ཇ་མ་ says:
    2020-01-30 at 9:50 pm

    འགོས་ནད་འདི་ལ་རྒྱ་དགའི་འགོས་ནད་ཟེར། 爱国病毒

  4. གཡུ་དྲུང་། says:
    2020-01-30 at 11:07 pm

    སྲིད་སྐྱོང་འདི་མི་རྒོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme