Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཚོགས་ཆེན་ ༡༨ པར་ཞུ་སྐུལ་ཡི་གེ

Posted on 2012-11-072012-11-07 By ཁ་བརྡ་ 11 Comments on བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཚོགས་ཆེན་ ༡༨ པར་ཞུ་སྐུལ་ཡི་གེ

༼བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས།༽

རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་སྤེལ་བའི་ཞུ་སྐུལ།

འདས་མ་ཐག་པའི་ཟླ་ ༡༠ པ་གཅིག་པུའི་ནང་བོད་ནང་བོད་མི་ ༡༠ ཙམ་གྱིས་རང་ལུས་མེར་བསྲེགས་བཏང་བ་དེ་ནི། ད་བར་བོད་ནང་ཛ་དྲག་གི་རང་ལུས་མེར་བསྲེགས་བཏང་བའི་ལས་འགུལ་གཞི་རྒྱ་ཆེ་ཤོས་ཀྱི་ཟླ་བ་ཞིག་ཆགས་ཡོད། ང་ཚོས་ཤེས་རྟོགས་གསལ་པོ་བྱུང་བར་གཞིགས་ན། ད་བར་བོད་ནང་བོད་མི་གྲངས་ ༦༣ གྱི་རང་ལུས་མེར་བསྲེགས་ཀྱིས་རྒྱ་གཞུང་ལ་ངོ་རྒོལ་གནང་ཡོད་པ་དེའི་ནང་ཕོ་གྲངས་ ༥༥ དང་། མོ་གྲངས་ ༨ དགེ་འདུན་པ་གྲངས་ ༢༡ བཙུན་མ་གྲངས་ ༣ སྐྱ་བོ་གྲངས་ ༣༤ བུད་མེད་གྲངས་ ༥ ལོ་ན་མཐོ་ཤོས་དགུང་ལོ་ ༦༤ དང་། ཆུང་ཤོས་དགུང་ལོ་ ༡༧ ཆགས་ཡོད།
དེ་དག་གི་ནང་ནས་འདས་གྲོངས་སུ་གྱུར་པ་ ༥༢ དང་། དེ་མིན་མང་པོ་ཞིག་རྒྱ་གཞུང་གི་ལག་འོག་ཏུ་ཚུད་ནས་གནས་སྟངས་ཇི་ཆགས་ཤེས་རྟོགས་དཀའ་བའི་གནས་སུ་གྱུར་ཡོད། དེ་ནི་འགྲོ་བ་མིའི་ལོ་རྒྱུས་ཀྱི་འཕེལ་རིམ་ནང་བྱུང་མྱོང་མེད་པའི་ཆེས་ཛ་དྲག་གི་གནས་སྟངས་ཤིག་ཡིན་ཞིང་། གནས་སྟངས་དེར་གཞིགས་ན། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཛམ་གླིང་ཁྱོན་ཡོངས་སུ་གཞི་རྒྱ་ཆེ་བའི་ལས་འགུལ་སྣ་མང་དུས་གཅིག་ཏུ་སྤེལ་དགོས་པ་ཞིག་ཆགས་ཡོད་ཀྱང་། ད་ལམ་རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་འཚོག་ལ་ཉེ་བ་དང་འཁེལ་སྟབས། རྒྱ་ནག་དམར་ཤོག་ནང་གཡོན་ཐལ་མཁྲེགས་འཛིན་པའམ་སྐབས་འཚོལ་རིང་ལུགས་པ་ཚོས། ལས་འགུལ་དེར་གཡས་ཁག་གཡོན་དཀྲི་དང་འགྲེལ་བརྗོད་ལོག་པ་བྱ་སྲིད་པས། ད་ཐེངས་ཆེད་དུ་ཞུ་སྐུལ་འདི་ཕུལ་བ་ཡིན།
དང་པོ། བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ངོས་ནས་བོད་ནང་བོད་མི་ཚོས་རང་ལུས་མེར་བསྲེགས་ཀྱི་ཛ་དྲག་གི་གནས་སྟངས་ལ་བློ་འཚབ་ཆེན་པོ་ཡོད་ཅིང་། བོད་ས་ཁྱོན་ཡོངས་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཆེ་བའི་སྲིད་བྱུས་ལ་རང་བསྲེགས་ཀྱི་ངོ་རྒོལ་བྱས་དང་བྱེད་བཞིན་པ་འདི་འཚེ་མེད་ཞི་བའི་ལས་འགུལ་ཚད་མཐོ་ཤོས་ཤིག་ལ་ངོས་འཛིན་ཞུ་བཞིན་ཡོད།
གཉིས་པ། བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས། བོད་ནང་གི་བོད་མི་ཚོར་སོ་སོའི་ཚེ་སྲོག་ལ་གཅེས་འཛིན་དགོས་པའི་འབོད་སྐུལ་ལན་མང་ཞུས་ཀྱང་། རྒྱ་གཞུང་གིས་དེ་ལས་ལྡོག་སྟེ་བོད་ནང་རང་ལུས་མེར་བསྲེགས་གནང་བ་དེ་ནི། ཏཱ་ལའི་ཁ་བྲལ་རིང་ལུགས་པས་རྒྱ་ནག་ཁ་བྲལ་གཏོང་ཆེད་དུ་བརྒྱུད་སྐུལ་བྱས་ལུགས་ལ་བསྙད་བཏགས་ཏེ། འདས་པའི་ལོ་ ༦༠ ནང་དང་། ལྷག་པར་དུ་བོད་ནང་གི་བོད་མི་ཚོར་ཡ་ང་སྙིང་རྗེ་མེད་པའི་དྲག་པོའི་རྡུང་རྡེག་དང་། བཙོན་འཇུག་མནར་གཅོད། བོད་ཀྱི་དགོན་སྡེ་གྲྭ་ཚང་ཁག་ཏུ་ལས་དོན་རུ་ཁག་དང་། ས་གནས་གང་སར་ཉེན་རྟོག་ས་ཚིགས་གསར་འཛུགས། རྒྱ་མི་འབོར་ཆེན་བོད་དུ་གནས་སྤོས་ཀྱིས་བོད་མིའི་ཆོས་དང་རིག་གཞུང་། སྐད་ཡིག་གི་ངོ་བོ་རྩ་བརླག་ཏུ་གཏོང་རྒྱུ། བོད་མི་ནང་ཕན་ཚུན་འགྲོ་བསྐྱོད་ལ་བཀག་སྡོམ། མདོར་ན། མི་རིགས་དབྱེ་འབྱེད་དང་མི་རིགས་མཐོང་ཆུང་། མི་རིགས་རྩ་མེད་དུ་གཏོང་རྒྱུའི་སྲིད་བྱུས་ལག་བསྟར་བྱས་དང་བྱེད་བཞིན་པ་དེར། བོད་ནང་གི་བོད་མི་ཚོ་སྡོད་བཟོད་མ་ཐུབ་པར་ཞི་རྒོལ་འདྲ་མིན་སྣ་ཚོགས་སྤེལ་དགོས་བྱུང་བར་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད།
གསུམ་པ། འདས་པའི་མི་ལོ་བཅུའི་རིང་རྒྱ་ནག་རྒྱལ་ཁབ་འདི་བཞིན་དཔལ་འབྱོར་ཐད་ཡར་རྒྱས་ཆེན་པོ་ཕྱིན་ཡོད་ཀྱང་། བློ་ཕམ་པ་ཞིག་ལ་དེ་དང་འཚམས་པའི་ཆབ་སྲིད་རང་དབང་ཐད་ཡར་རྒྱས་གང་ཡང་ཕྱིན་མེད་པར་མ་ཟད། སྤྱི་ཚོགས་ཁྱོན་ཡོངས་སུ་ཞེ་འཁོན་ཁྲོ་སློང་མེ་རི་གས་ལ་ཉེ་བ་ལྟར་ཆགས་པ་དང་། དམིགས་བསལ་བོད་ཐོག་རིག་གནས་གསར་བརྗེ་ལས་གདུག་རྩུབ་ཆེ་བའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས། བོད་མི་རྣམས་ད་ལྟའི་རྒྱ་ནག་གཞུང་གི་འགོ་ཁྲིད་འོག་སྡོད་འདོད་མེད་པར་”རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་”ཞེས་སོགས་ཀྱི་འབོད་སྒྲའི་འོག གཅིག་མཇུག་གཉིས་མཐུད་ཀྱིས་རང་ལུས་མེར་བསྲེགས་གནང་བཞིན་ཡོད། ང་ཚོས་ཁོང་རྣམ་པའི་ཞལ་ཆེམས་དང་འབོད་སྒྲའི་མངོན་འདོད་འགྲུབ་ཆེད། རྒྱ་ནག་གུང་ཁྲན་ཏང་གི་སྐབས་བཅོ་བརྒྱད་པའི་ཚོགས་ཆེན་ལ་གཤམ་གསལ་དོན་ཚན་བཞི་འབོད་སྐུལ་ཞུ་རྒྱུ།
༡ སྐབས་བཅོ་བརྒྱད་པའི་ཚོགས་ཆེན་དེའི་ཐོག་བོད་མིས་རང་ལུས་མེར་བསྲེགས་བཏང་དང་གཏོང་བཞིན་པའི་གནད་དོན་སྐོར་གླེང་སློང་དང་། དོན་རྐྱེན་དེ་ཡོང་དགོས་པའི་རྒྱུ་རྐྱེན་གང་ལ་ཐུག་པར་ཞིབ་འཇུག་མཐིལ་ཕྱིན་གནང་སྟེ། བོད་ཐོག་བོད་མིའི་མངོན་འདོོད་དང་མཐུན་པའི་སྲིད་བྱུས་ཡང་དག་པ་ཞིག་གཏན་འབེབས་གནང་ཐུབ་པའི་རེ་སྐུལ་ཞུ་རྒྱུ།
༢ རྒྱ་གཞུང་གིས༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་དགྲ་རུ་འཛིན་པའི་ནོར་འཁྲུལ་ཅན་གྱི་སྲིད་བྱུས་འོག ཁོང་ལ་སྒྲོ་སྐུར་འཁྱོག་བཤད་ཀྱི་མཚན་སྨད་ཞུས་པ་དང། ཁོང་གི་སྐུ་པར་ཡན་སྒྲིག་བཤམས་མི་ཆོག་པའི་བྱེད་སྟངས་དེས། བོད་མི་རྣམས་ཀྱི་སྙིང་ལ་གྲི་བཙུགས་པ་ནང་བཞིན་གྱི་ན་ཟུག་གཏོང་བཞིན་ཡོད་པས། སྲིད་བྱུས་དེ་འཕྲལ་དུ་མཚམས་འཇོག་གིས་བོད་མི་ཚོས་རང་དབང་ཐོག་སོ་སོའི་ཆོས་དང། རིག་གཞུང། སྐད་ཡིག་སོགས་རྒྱུན་འཛིན་བཀོལ་སྤྱོད་ཆོག་པའི་ཁོར་ཡུག་ཅིག་སྐྲུན་ཐུབ་པའི་རེ་སྐུལ་ཞུ་རྒྱུ།
༣ རྒྱ་ནག་གུང་ཁྲན་ཏང་གི་ལོ་རྒྱུས་སུ་ཉེས་ཡང་གློད་གྲོལ་ཆེན་པོ་ཐེངས་བདུན་ཙམ་བཏང་མྱོང་བའི་ལམ་སྲོལ་ཡོད་པ་ལྟར། ད་ཐེངས་ཚོགས་ཆེན་བཅོ་བརྒྱད་པ་དེས་བོད་ཀྱི་ཆབ་སྲིད་བཙོན་པ་ཡོངས་རྫོགས་ཉེས་ཡང་གློད་བཀྲོལ་བཏང་སྟེ། བོད་ནང་དུ་བཟང་ཕྱོགས་ཀྱི་འགྱུར་བ་ཞིག་འགྲོ་ཐུབ་པའི་སྲིད་བྱུས་ལག་བསྟར་ཡོང་བའི་རེ་བསྐུལ་ཞུ་རྒྱུ།
༤ སླེབས་ལ་ཉེ་བའི་རྒྱ་ནག་གི་འགོ་ཁྲིད་གསར་པ་ཚོས་བོད་ཀྱི་གནད་དོན་ལ་ད་ལྟའི་གཞུང་ནང་བཞིན་གཡོལ་ཐབས་སམ། “བོད་ཀྱི་གནད་དོན་ཟེར་བ་མེད་”ཅེས་ཧམ་བཤད་ལྟ་བུའི་དུས་ཚོད་འགྱངས་ཐབས་ཁོ་ན་མ་བྱས་པར། བོད་ཀྱི་གནད་དོན་འདི་སེལ་ཆེད། བོད་མིའི་སྒྲིག་འཛུགས་མཉམ་དོན་དམ་གྱི་འབྲེལ་མོལ་བརྒྱུད་ལམ་བསྐྱར་གསོ་ཞུ་བའི་རེ་སྐུལ་ཞུ་རྒྱུ།
གོང་གསལ་དོན་ཚན་བཞིའི་ཐོག་རྒྱ་ནག་གཞུང་གིས་བསམ་ཞིབ་དགོངས་བཞེས་གནང་ཐུབ་ན། བོད་ནང་གི་ཛ་དྲག་གི་གནས་སྟངས་ལྷིང་འཇགས་སུ་འགྲོ་ཐུབ་པ་དང་། རྒྱ་ནག་གི་བརྟན་བརླིང་སྲུང་སྐྱོབ་ལ་ཕན་པ། བོད་རྒྱ་གཉིས་འཆམ་མཐུན་མཉམ་གནས་ཡོང་ཐུབ་པར་མ་ཟད། རྒྱལ་སྤྱིའི་ཐོག་རྒྱ་ནག་གུང་ཁྲན་ཏང་གི་གཟུགས་བརྙན་དང་མཐོང་ཆེ་རུ་འགྲོ་ངེས་ལའང་ང་ཚོས་ཡིད་ཆེས་དང་ངོས་འཛིན་གསལ་པོ་ཞུ་བཞིན་ཡོད་པ་བཅས།
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་
ཕྱི་ལོ་ ༢༠༡༢ ཟླ ༡༡ ཚེས་ ༧ ལ།།

འཕྲིན་ཡིག

Post navigation

Previous Post: དཔའ་བོའི་རྟོགས་བརྗོད།
Next Post: གུང་བོད་གནད་དོན་ལ་གནད་དོན་འདུག

Comments (11) on “བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་ཚོགས་ཆེན་ ༡༨ པར་ཞུ་སྐུལ་ཡི་གེ”

  1. སྦྲ་དཔལ་ལྡན། says:
    2012-11-07 at 8:12 am

    གསར་འགོད་གསལ་བསྒྲགས་ལ་བལྟས་ཡོང་དུས་ བོད་མི་མང་སྤྱི་མཐུས་ལྷན་ཚོགས་ཀྱིས་རྒྱ་ནག་གི་རྒྱལ་སྤྱི་ཐོག་གཟུགས་བརྙན་དང་མཐོང་ཆེ་རུ་འགྲོ་མིན་ལ་བལྟས་ཡོད་ས་རེད། ཨ་ལེ་སྔོན་དུ་ཁ་ཤས་ང་ཚོའི་གནས་སྟངས་ཀྱི་ཛ་དྲག་ཤུགས་ཆུ་རུ་འགྲོ་རྒྱུའི་འབོད་བསྐུལ་མ་གཏོགས་ རྒྱ་ནག་ལ་ཇུས་ཏོག་བྱེད་དགོས་ཀྱི་མི་འདུག་སྙམ།

  2. DorJee says:
    2012-11-07 at 8:51 am

    དྲ་གྲོགས་ཚོར་བསམ་བློ་ཞིག་ཐོངས་དང་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གི་པོད་སྐད་སྡེ་ཚན་གྱིས་ཉིན་རེའི་ལས་རིམ་སྤེལ་སྟངས་འདི་འདྲ་རེད། དེ་རིང་ཚེས་༧ཉིན་གྱི་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིགསར་འགྱུར་ནང་ཨ་རིའི་སྲིད་འཛིན་སུ་ལ་ཐོབ་ཡོད་མེད་ད་དུང་གསལ་ཁ་བྱུང་མེད་པའི་སྐོར་བཀོད་པ་མ་གསལ་ད་དུང་རྒྱང་བསྒྲགསཡང་བྱས་སོང་།བོད་མི་ཚོར་འདི་ལྟར་བོད་པ་རང་གིས་མགོ་སྐོར་བཏང་ནས་ལྟོ་རྒྱབ་ཕུད་ཐབས་བྱས་ཏེ་བསྡད་ཡོད་པ་རེད།བོད་སྐད་སྡེ་ཚན་གྱི་དཔལ་ལྡན་རྒྱལ་ཟེར་བ་དེས་ཚེས་༦ཉིན་གྱི་ནམ་གུང་དུས་ཚོད་༡༡དང་སྐར་མ་༥༥་ཡས་མས་སུ་ཨོ་པྷ་མ་ལ་སྲིད་འཛིན་གྱི་འོས་ཐོབ་ཡོད་པའི་སྐོར་སོ་སོའི་ངོ་དེབ་ནང་བཀོད་སོང་། ཡིན་ན་ཡང་ དེ་རིང་ཚེས་༧ཉིན་གྱི་ཨ་རིའི་ཨེ་ཤ་ཡ་རང་དབང་རླུང་འཕྲིན་ཁང་གིགསར་འགྱུར་ནང་ཁོས་་ཨ་རིའི་སྲིད་འཛིན་སུ་ལ་ཐོབ་ཡོད་མེད་ད་དུང་གསལ་ཁ་བྱུང་མེད་པའི་སྐོར་བཀོད་པ་མ་གསལ་ད་དུང་རྒྱང་བསྒྲགསཡང་བྱས་སོང་།ད་ཚད་གང་ལ་སླེབས་འདུག ལྟོ་གཟན་རང་རེད།

  3. རེབ་སྐྱིད་མཚོ says:
    2012-11-07 at 11:05 am

    ངོ་མ་དགོས་ངེས་རེད་སྟག་སྨྱོན་གྱིས་བཤད་པའང་དེ་ལྟར་རེད་བོད་མི་ཕོན་ཆེན་མེར་སྲེག་འོག་
    ཕྱིན་ཟིན་པ་རྣམས་ཀྱི་གསོན་སྲེག་དགོས་པའི་འགག་རྩ་གང་ལ་ཐུག་མིན་ཤེས་དགོས་མཁན་
    གཙོ་བོར་རྒྱ་ནག་རང་ལ་ཐུག་བསྡད་དུས་གལ་ཏེ་ཕན་ཚུན་གོ་བརྡ་ཕྲོད་པའི་འབྲེལ་བ་འདྲ་
    ཐུབ་ན་ཚོགས་ཆེན་འདི་འདྲའི་ཐོག་གོ་བརྡ་ཕྲོད་མི་སྲིད་པ་མིན་མོད། དེ་མིན་dorleeལྟ་བུ་
    གཅིག་གིས་བཤད་རྗེས་ཡང་ནས་སྐྱར་དུ་ཆུང་ནང་ཆུ་བླུག་བྱས་བསྡད་པ་ལ་དོན་འབྲས་གསར་
    པ་གང་ཡང་མེད་པར་འདོད།

  4. རེབ་སྐྱིད་མཚོ says:
    2012-11-07 at 11:13 am

    ད་དུང་གོ་དགོས་ས་དང་གླེང་དགོས་ས་ལ་གླེང་མ་ཐུབ་ན་རྒྱང་རིང་དུ་རིང་དུ་འགྲོ་རྒྱུ་ལས་ཚུར་
    ག་རི་བྱས་སོང་ལབ་མཁན་ཁག་ཙམ་མ་རེད་པས།

  5. མགོན་པོ་ཕྱག་གཉིས་པ། says:
    2012-11-07 at 11:14 am

    ་་དམིགས་བསལ་བོད་ཐོག་རིག་གནས་གསར་བརྗེ་ལས་གདུག་རྩུབ་ཆེ་བའི་གཡོན་ཐལ་ཅན་གྱི་སྲིད་བྱུས་ལག་བསྟར་བྱས་པ་དེས།་་ ཟེར།
    འདི་ནི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱིས་རྒྱ་གཞུང་ལ་རེ་སྐུལ་དུ་བྲིས་ཡོད་པ་རེད་དམ།
    ད་ལྟའི་བོད་ནང་དུ་ལག་ལེན་འདེབས་བཞིན་པའི་སྲིད་བྱུས་དེ་ལ་ཚིག་ག་འདྲ་ཞིག་གིས་མཚོན་དགོས་པར་བསམ་བློ་ངེས་པར་གཏོང་དགོས་ཀྱི་འདུག
    རིག་གནས་གསར་བརྗེ་ལྟ་བུ། རིག་གནས་གསར་བརྗེ་དང་ཆ་འདྲ་བ། རིག་གནས་གསར་བརྗེ་གཉིས་པ་ལྟ་བུ། རིག་གནས་གསར་བརྗེ་དྲན་ཡོང་བའི་སྲིད་བྱུས། ཡང་ན་རིག་གནས་གསར་བརྗེའི་མིང་མེད་པའི་ཚིག་དོན་གཞན་པ་གང་ཞིག་བཀོལ་ན་བོད་ནང་གི་གནས་སྟངས་ཇི་བཞིན་མཚོན་ཐུབ་མིན་ལ་བསམ་བློ་བཏང་ནས་ཚིག་ཏག་ཏག་ཅིག་བེད་སྤྱོད་མ་བཏང་ན་རྒྱལ་སྤྱིའི་ནང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་ཡིག་ཆ་ཁག་ལ་མཐོང་ཆགས་པའི་ཉེན་ཁ་མེད་པ་མ་རེད།

  6. very good says:
    2012-11-07 at 1:10 pm

    རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཅེས་འདྲ་ཆགས་པོ་ག་ཚོད་བཤད་ཀྱང་གང་ལྟར་གཞུང་དེ་མི་དམངས་ཀྱི་མ་ཡིན་པར་སྲིད་དབང་སྒེར་གཅོད་བྱེད་མཁན་གྱི་ཏང་ཤོག་གཅིག་རང་གི་ཟིན་ཡོད། དེར་བརྟེན་སྲིད་དབང་གཅིག་
    བསྡུས་ཀྱི་གཞུང་དེ་ཐོར་ཞིག་ཏུ་མ་སོང་བར་ང་ཚོར་རེ་བ་ཆེན་པོ་རྒྱག་ས་མེད། བོད་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་བུ་གཉིས་རང་ལས་མེད་པ་སྟེ་རྒྱ་ནག་ལ་རྒྱལ་སྤྱིའི་གནོན་ཤུགས་སྤྲོད་རྒྱུ་དེ་དང་བོད་མིའི་ངོ་རྒོལ་གྱི་ལས་འགུལ་སྤེལ་རྒྱུ་དེ་ཡིན། ལྷག་དོན་དུ་གཞིས་ཞུགས་བོད་རིགས་སྤྲུན་ཟླའི་བླ་ན་མེད་པའི་སེམས་ཤུགས་དེ་མུ་མཐུད་དེ་རྒྱུན་འཁྱོངས་ཐུབ་མིན་ལ་རག་ལུས་ཡོད།

  7. ཐུ་བ་རྒྱ་མཚོ། says:
    2012-11-07 at 2:24 pm

    བོད་སྤྱི་ལྷན་ཚོགས་ཀྱི་ཞུ་ཡིག་ཐེངས་གཅིག་བཀླགས་རྗེས་ཡིད་ལ་དྲན་པ་ནི།

    གལ་སྲིད་ཞུ་ཡིག་འདི་འོ་ཇ་དཀར་པོ་ཞིག་ཡིན་ན་ཇ་དྲི་མི་དྲོ་བའི་ཆུ་རྐྱང་ཞིག་དང་འདྲ་བར་འདུག
    གལ་སྲིད་ཞུ་ཡིག་འདི་རལ་གྲི་ཞིག་ཡིན་ན་རྣོ་དབལ་མེད་པའི་གྲི་ལྟིག་ཞིག་དང་འདྲ་བར་འདུག
    གལ་སྲིད་ཞུ་ཡིག་འདི་སྙན་གཞས་ཤིག་ཡིན་ན་དབྱངས་རྟ་མེད་པའི་ངུ་སྐད་ཞིག་དང་འདྲ་བར་འདུག

    དོན་ལ་ལྗོད་ཁོག་མེད་པ།
    ཚིག་ལ་རྣོ་ངར་མེད་པ།
    དཔེ་ལ་རིན་ཐང་མེད་པ།

    སྒྲུང་པས་སྒྲུང་བཤད་པ་འདྲ་བའི་སྐད་ཆ།
    ཚོང་པས་འཚོང་གཏམ་པ་འདྲ་བའི་སྐད་ཆ།
    དབར་པས་མནའ་མ་སློང་བ་འདྲ་བའི་སྐད་ཆ།
    གཟུ་པས་གཟུ་བཤད་འདྲ་བའི་སྐད་ཆ།

    བསྐྱར་བཟླས་ཡང་བཟླས།ཉ་རེ་ཉོ་རེ། ཚིག་གི་ནང་ན་རྣོ་མེད་ལ།

    འདི་མོ་འདི་་་བསྐུར་མ་བསྐུར་་་ཡུམ་ཡོད་ན། བོད་གཞུང་གི་ནང་སྙིང་རྒྱ་མར་བཀྱག་པ་དང་ཆ་རེད།

  8. ངོ་ལུག says:
    2012-11-07 at 2:29 pm

    ལས་འགུལ་ཆེན་པོ་ཡོད་ན་སྤེལ་དགོས་འདུག

  9. ངོ་ལུག says:
    2012-11-07 at 2:45 pm

    འགའ་རེས། མཐར་གཏུགས་ནས་བཤད་ན། རྒྱ་ནག་གིས་ཕྱི་འབྲེལ་ངོ་མ་བྱེད་ས་ཨ་རི་གཅིག་པུ་རེད། རྒྱུ་མཚན་ནི་ཨ་རི་རྒྱ་ནག་ལས་སྟོབས་ཆེ་བའི་དབང་གིས་རེད་ཟེར་བ་རེད། སྐད་ཆ་དེ་ལ་རྒྱུ་མཚན་ཆེན་པོ་འདུག ད་ལྟ་རྒྱ་ནག་གི་གསར་འགྱུར་ནང་དུ་ནེའུ་ཡོག་ལ་རྒན་མོ་ཞིག་སྙིང་ནད་ལངས་ནས་གྲོངས་སོང་ཟེར་ན་དེ་ཉེད་ཁྱབ་བསྒྲགས་བྱེད་པའི་ཚད་ལ་སླེབས་ཡོད། རྒྱ་ནག་འདི་དྲང་བདེན་དང་གནས་ལུགས། ལ་རྒྱ་དང་ངོ་སོགས་རྩ་བ་ནས་བལྟ་མཁན་ཞིག་མ་རེད། ཆེན་པོ་ལ་སྐྲག། ཆུང་ཆུང་གསོད་གང་ཐུབ་དང་ཟ་གང་ཐུབ་རེད། རིག་གནས་དང་ཡང་འབྲེལ་བ་མེད་དམ་སྙམ། གལ་སྲིད་རྒྱ་ནག་གི་ཁེ་ཕན་ལ་གནོད་ཐུབ་པའི་ལས་འགུལ་སྤེལ་ཐུབ་ན་ད་གཟོད་ཅུང་ཙམ་འགུལ་བ་རེད། ངོ་ཡང་ཅུང་ཙམ་བལྟ་སྲིད་པ་རེད། ཕྱི་ནས་ལས་འགུལ་སྤེལ་གང་ཐུབ་གལ་ཆེན་པོ་མཐོང་།

  10. བསྟན་དར་ says:
    2012-11-07 at 4:42 pm

    མི་དགོས་པའི་ཨེ་ཞེ་ཡ་རླུང་འཕྲིན་ལས་ཁང་ནང་མི་ཁག་ཅིག་གིས་སོ་སོའི་ལྟ་བ་ཤུགས་ཆེན་པོ་ཤོད་ཀྱི་འདུག
    ཁག་ཅིག་རང་བཙན་གྱི་ལྟ་བ་སྤེལ་བ་དང་བོད་མིའི་སྒྲིག་འཛུགས་ལ་སྐྱོན་འཛུགས་ཁོ་ན་བྱེད་ཀྱི་འདུག
    དགྲ་བོ་ངོ་མ་རྒྱ་ཕར་བཞག རྒྱལ་བ་ཡིད་བཞིན་ནོར་བུའི་དགོངས་པ་དཀྲུགས་རྒྱུ་དང་བོད་མིའི་སྒྲིག་འཛུགས་སྐྱོན་འཛུགས་བྱེད་རྒྱུར་ནམ་ལངས་འགྲོ་གི་འདུག ཁྱེད་ཚོའི་ལྟ་བ་མང་དྲག་ན་བོད་ནང་གི་བོད་མི་ཚོ་སྡུག་ལ་སྦྱར་གྱི་རེད་དོ།་ཁྱེད་ཚོར་གསར་འགོད་པའི་སྒྲིག་གཞི་མེད་པ་རེད་དམ། གནས་ཚུལ་དྲང་པོ་དང་བདེན་པ་ཤོད།་ཁྱེད་སྐྱག་གཟན་ཚོ་བོད་ནང་གི་བོད་མི་ཚོར་བསམ་བློ་གཏོང། ཨ་རིའི་མི་དམངས་ཀྱི་དངུལ་ཆུ་བཟོད་དུ་མ་གཏོང།

  11. པདྨ་འཕྲིན་ལས་། says:
    2012-11-07 at 8:10 pm

    བོད་མི་མང་སྤྱི་འཐུས་ཀྱི་གསུངས་འཕྲིན་དེ་རྒྱ་ནག་གི་དཔོན་རིགས་ཚོའི་ལག་དུ་འབྱོར་ཡ་ཕར་ལ་བཞག། རྒྱ་ནག་གི་ས་མཚམས་ནས་གལ་སྙིག་ནང་དུ་གཡུགས་རྒྱུ་ཐག་ཆོད། དེ་ལས་དངོས་ཡོད་དང་མཐུན་པའི་ལས་ཀ་ཞིག་བྱེད་ཐུབ་ན་ཤིན་ཏུ་ཡག་རེད་འདོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme