Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ནས་ཐུགས་གསོའི་འཕྲིན་ཡིག་གནང་བ།

Posted on 2011-02-26 By དགེ་རབ་ 1 Comment on བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ནས་ཐུགས་གསོའི་འཕྲིན་ཡིག་གནང་བ།

བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ནས་ཐུགས་གསོའི་འཕྲིན་ཡིག་གནང་བ། བཙན་བྱོལ་བོད་གཞུང་གི་དྲ་རྒྱ་ནས་བཤུས།
༢༠༡༡ ཟླ་ ༢ ཚེས་ ༡༩ རེས་གཟའ་སྤེན་པ།
༄༅། །ཆེས་བཀུར་བར་འོས་པའི་༸སྐུའི་གཅེན་པོ་སྟག་འཚེར་རིན་པོ་ཆེ་དམ་པ་དེ་ཉིད་ཀྱི་ལྷ་ལྕམ་ཀུན་དབྱངས་མཆོག་གང་དེར།
ཆེད་འབུལ། དགུང་ལོ་ ༤༥ ལ་ཕེབས་པའི་སྲས་འཇིགས་མེད་ནོར་བུ་མཆོག་དང་ཕྱག་རོགས་གཉིས་བཅས་ St. Augustine ནས་ West Palm Beach བར་མེ་ལེ་ ༣༠༠ ཐམ་པའི་རྒྱང་ཐག་ལ་ Walk for Tibet Floridaཞེས་གོམ་བགྲོད་ཀྱིས་བོད་དོན་ལས་འགུལ་སྤེལ་བཞིན་པར་འདི་ཚེས་ ༡༤ ཉིན་གློ་བུར་རྐྱེན་ངན་སྟབས་ཀྱིས་སྲས་འཇིགས་མེད་ནོར་བུ་མཆོག་སྐུ་ཚེའི་འཕེན་པ་རྫོགས་པའི་ཤིན་ཏུ་ཡིད་སྐྱོའི་གནས་ཚུལ་ཐོན་འདུག་པར་སྤྱི་འཐུས་རྒྱུན་ལས་རྣམ་པ་བློ་ཕམ་དང་ཡིད་སྐྱོའི་གནས་སུ་གྱུར། སྲས་འཇིགས་མེད་ནོར་བུ་མཆོག་གིས་ཡབ་དམ་པའི་རྗེས་འཛིན་གནང་སྟེ་བོད་བསྟན་སྲིད་མི་རིགས་དང་བཅས་པའི་རྩ་དོན་ཐོག་ཐུགས་འཁུར་ཆེ་བཞེས་དང་འབྲེལ་བོད་དོན་འཐབ་རྩོད་ཀྱི་ལས་འགུལ་རྒྱུན་ཆད་མེད་པར་སྤེལ་བ་མ་ཟད། མཐའ་མ་ལས་འགུལ་ཐོག་ཞུགས་བཞིན་པར་རང་ཉིད་ཀྱི་སྐུ་སྲོག་ཀྱང་ཤོར་དགོས་བྱུང་བའི་མཛད་རྗེས་བཅས་ལ་ཡི་རང་བསྔགས་བརྗོད་ཞུ་རྒྱུ་དང་། གང་གི་རྣམ་དཀར་དགེ་ཚོགས་ཀྱི་མཐུ་ལ་བརྟེན་ནས་རྣམ་མཁྱེན་རྒྱལ་བའི་གོ་འཕང་ལ་མྱུར་དུ་རེག་པའི་སྨོན་འདུན་དང་། སྐུ་ཉིད་ཀྱིས་དབུས་ནང་མི་ལྟོས་བཅས་ཡོངས་ལ་ཐུགས་གསོ་ཞུ་རྒྱུ་བཅས་དེ་དོན་དགོངས་མངའ་མཁྱེན།
བོད་མི་མང་སྤྱི་འཐུས་ཚོགས་གཙོ་སྦྲེལ་པོས་ཕྱི་ལོ་ ༢༠༡༡ ཟླ་ ༢ ཚེས་ ༡༦ ལ་ཕུལ།།

གསར་འགྱུར།

Post navigation

Previous Post: གནམ་སྡེ་སྒོ་མོ་༢།༠: ཅི་ཕྱིར་ཏུནིསིཡའི་(Tunisia)ཤུགས་རྐྱེན་རྒྱ་ནག་ལ་མི་ཐེབས།
Next Post: འཇིགས་མེད་ནོར་བུ་ལ་བཅར་འདྲི་ཞུས་པ་ཞིག

Comment (1) on “བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམས་ནས་ཐུགས་གསོའི་འཕྲིན་ཡིག་གནང་བ།”

  1. རིན་པོ་ཆེ། says:
    2011-02-27 at 5:07 am

    སྲས་འཇིགས་མེད་ནོར་བུ་གཤེགས་ཚུལ་ཐོས་པས། ངོས་སྤྱི་འཐུས་རྒྱུན་ལས་ཀྱི་འཚམས་འཕྲིན་ལ་ལྟོས་པ་ཡིན། རྒྱུན་ལས་རྣམ་པས་རྫོགས་པའི་བྱང་ཆུབ་ཐོབ་ཕྱིར་བསྔོ་སྨོན་གནང་སྟེ། ༧གོང་ས་མཆོག་ལ་མཛད་བྲེལ་ཉུང་དུ་བཏང་འདུག འཇིགས་མེད་ནོར་བུ་མཆོག་ནི་སྤྱི་འཐུས་ལྷན་ཚོགས་དང་ལྟ་གྲུབ་མ་འདྲ་བའི་ལམ་ནས་བོད་དོན་བདེན་མཐའ་སེལ་རྒྱུར་དམ་བཅས། ལག་ལེན་བསྟར། མཐའ་མར་སྐུ་སྲོག་ཤོར་བ་ཞིག་ཡིན་པས་ངོས་ཕྲ་མོ་ཙམ་ཡང་གླེང་མི་འདུག་པས། ༧གོང་ས་མཆོག་གི་ཆབ་སྲིད་ཚོགས་པ་མང་པོ་འབྱུང་དགོས་པའི་རེ་འདུན་གྱི་རྨང་གཞི་མངོན་སུམ་དུ་མོག་པར་བྱས། རྐུབ་སྟེགས་རྫིག་པོའི་སྟེང་ནས་རང་རྒྱུད་དང་མ་འཚམས་པའི་དབང་བསྒྱུར་པའི་སྐད་ཆ་ལད་ཟློས་བྱས། འཇིགས་མེད་ནོར་བུ་ཞི་བའི་དབྱིངས་སུ་དྲངས། བོད་ཀྱི་མདུན་ལམ་འཐབ་རྩོད་ཀྱི་ལོ་རྒྱུས་ཤིག་དེ་ལྟར་ལྟེབས་བརྩིགས་དང་ངོས་འཛིན་བྱས། ངེད་རང་འཚམ་འཕྲིན་ལ་མཇལ་ནས་བློ་ཕམ། ཁ་གདངས། མིག་ཆུ་ཤོར། ཡིད་ནག་གཏིང་ནས་ཆད་དེ་གནས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme