Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་དམར་གསོད་ཀྱི་གནས་དོན་དང་འབྲེལ་བའི་བསམ་ཚུལ་ཐད་བྲིས།

Posted on 2022-07-172022-07-17 By ཁ་བརྡ 2 Comments on བོད་མི་དམར་གསོད་ཀྱི་གནས་དོན་དང་འབྲེལ་བའི་བསམ་ཚུལ་ཐད་བྲིས།

འདྲེ་གླེན་པ།

བོད་རྒྱའི་དཀའ་ཉོག་གི་མཐའ་མ་སེལ་བར་དུ་བོད་རྒྱའི་བར་གྱི་གནས་དོན་ཆེ་ཕྲ་ག་རེ་ཡིན་ཡང་ཆབ་སྲིད་ཀྱི་གནས་དོན་ཡིན། མི་རིགས་དབྱེ་འབྱེད་ཡིན། དབང་ཡོད་དབང་མེད་ཡིན། བཙན་འཛུལ་ཡིན། གཉའ་ནོན་ཡིན། དེ་ལ་རྒྱ་གཞུང་དང་རྒྱ་མི་རིགས་ཞེས་ཁ་ཁར་དབྱེ་ས་མེད། མི་རིགས་དཀར་ནག་གི་གནས་དོན་དང་གཅིག་པ་ཡིན།

རྒྱ་ནག་གཞུང་རང་གིས་བོད་མི་དང་རྒྱ་མི་གཉིས་གཉེན་སྒྲིག་བྱས་པ་ཡང་ཆབ་སྲིད་ཀྱི་གནས་དོན་ལ་ངོས་འཛིན་བྱེད་གི་ཡོད་རེད། དེ་ལ་རྒྱ་ནག་གཞུང་གིས་ཆབ་སྲིིད་ཀྱི་གནས་དོན་ལ་ངོས་འཛིན་ཡོད་པའི་ཐོག་ནས་བྱ་དགའ་སྤྲོད་ཀྱི་ཡོད་རེད།

རྒྱ་གཅིག་གིས་བོད་མི་གཅིག་བསད་ན་དེ་ཆབ་སྲིད་ཀྱི་གནས་དོན་ཡིན་ད་ཡིན །
མི་རིགས་ནག་པོ་གཅིག་གིས་རྐུན་མ་བརྒྱབ་ཏེ་མི་རིགས་དཀར་པོས་བསད་པ་དེ་མི་རིགས་དབྱེ་འབྱེད་ལ་ངོས་འཛིན་བྱེད་ཀྱི་ཡོད་རེད། རྒྱུ་མཚན་གནས་ཚུལ་ག་རེ་ཡིན་ཡང་མི་ཞིག་གིས་མི་གསོད་ཆོག་གི་ཡོད་མ་རེད། ལྷག་པར་དུ་མི་རིགས་དཀར་ནག་གི་གནས་དོན་དང་བོད་རྒྱའི་གནས་དོན་སོགས་ནི་ཆབ་སྲིད་ཀྱི་ཧ་ཅང་ཚོར་བ་རྣོ་བའི་རིགས་ཡིན་པས་དེ་ད་ཆབ་སྲིད་ཀྱི་གནས་དོན་ཡིན་ད་ཡིན།

རྒྱ་གཞུང་གིས་བོད་ནང་དུ་་“ སྒོ་བརྒྱབ ། ཁྱི་རྡུང་། ”གི་ཆབ་སྲིད་ནག་པོའི་འོག་ནས་ད་བར་དུ་བོད་མི་རྣམ་ཁྱི་རྡུང་རྡུང་དང་ཁྱི་གསོད་གསོད་བྱེད་ཀྱི་ཡོད་པ་དེས་བདེན་དཔུང་གསལ་བོ་གཅིག་ཧྥ་རན་སི་France ནས་བྱུང་བའི་ད་ཐེངས་ཀྱི་་གནས་དོན་འདི་ཡིན། གོ་སྐབས་འདི་བརྒྱུད་ནས་ཡོ་རོབ་གླིང་ལ་རྒྱ་ནག་གིས་བོད་མི་རྣམས་ཇི་ལྟར་རྩ་མེད་གཏོང་གི་ཡོད་པ་གསལ་འདོན་བྱེད་དགོས།

བོད་མི་རྣམ་རང་བཞིན་གྱིས་རྒྱ་ནག་ལ་མི་དགའ་བ་དེ་བོད་མི་ཚོས་རྒྱ་འོག་ནས་མྱོང་ཡོད་པས་ཡིན། བོད་མི་རེ་རེ་ཡི་སེམས་ལ་རྒྱ་ནག་གིས་བཟོད་ཐབས་མེད་པའི་སྡུག་བསྔལ་བཞག་ཡོད་པས་ཡིན། དཔེར་ན། མི་རིགས་ནག་པོ་དང་ཨོ་གླིང་གི་གདོད་མའི་མི་རིགས་ལྟ་བུ་རེད། དམངས་གཙོའི་རྒྱལ་ཁབ་ཨ་རི་དང་ཨོ་གླིང་ལྟ་བུའི་ཚད་ལྡན་གྱི་རྒྱལ་ཁབ་ཡིན་ཡང་། མི་རིགས་དཀར་པོས་བཟོས་པའི་ཁྲིམས་སྒྲིག་གཅིག་ལ་ཡང་ཡུལ་འདིའི་གདོད་མིའི་མི་རིགས་ཀྱིས་་ངོས་ལེན་བྱེད་ཀྱི་མེད་པ་ལྟ་བུ་རེད།
རྒྱུ་མཚན་ནི། ཁོ་ཚོས་མི་རིགས་བརླགས། རྒྱལ་ཁབ་འཕྲོག་པའི་རྗེས་ནས་དགོས་པ་དེ་རང་གི་མི་རིགས་དང་རྒྱལ་ཁབ་ཡིན་པ་ལས། ཁྲིམས་སྒྲིག་སྙིང་ལ་རྗེ་བོ་ཚོ་མ་རེད།
དགོས་རྒྱུ་དངོས་གནས་ནི་རང་གི་ས་ཐོག་ནས་དགྲ་བོ་བཙན་འཛུལ་བ་ཚོ་ཕྱིར་ཐོན་དགོས་པ་དེ་རེད། དེ་ལས་ལྷག་ཅི་གང་ཡང་དགོས་ཡ་ཡོད་མ་རེད། ང་ཚོ་ཡང་གཅིག་པ་ཡིན། བོད་ཀྱི་གནམ་ས་གཉིས་ནས་རྒྱ་མི་མ་ཚད་རྒྱ་སྤུ་ཞིག་ཀྱང་མཐོང་རྒྱུ་མེད་པ་ཆགས་ན་དེའི་རྗེས་ཀྱི་གནད་དོན་ནི་ཆབ་སྲིད་ཁོ་ན་ཙམ་མིན། དེ་ལྟར་མ་བྱུང་བར་དུ་བོད་རྒྱའི་གནས་དོན་ཆེ་ཕྲ་ག་རེ་ཡིན་ཡང་ཆབ་སྲིད་ཀྱི་གནས་དོན་ཡིན།

ད་ཐེངས་གོ་སྐབས་འདི་བཟུང་ནས་ཡོ་རོབ་ཀྱི་བོད་རིགས་སྤུན་ཟླ་ཚོས་རྡོག་རྩ་གཅིག་སྒྲིལ་བྱས་ཏེ་ལས་འགུལ་གནམ་ས་འགུལ་བ་ཞིག་སྤེལ་དགོས་པ་ནི་གནད་ཀྱི་སྙིང་བོ་ཡིན། ལྷག་པར་རང་དབང་ལུང་པ་ནས་རྒྱ་མི་ཞིག་གིས་བོད་པ་ཞིག་གསོད་རྒྱུ་ཕར་ཞོག བོད་མི་གཅིག་གི་གདོང་ལ་མགོ་བཀྱགས་ནས་བལྟས་ན་ཡང་ཉེས་པ་ཡོད།

གཞན་གཅིག་ནི་བོད་མའི་ནང་ཁུལ་ན་ཁྲིམས་སྒྲིགས་བཤད་མཁན་ཚོར་ཞུ་རྒྱུ་ཞིག་ལ།
ཧྥ་རན་སིར་གནས་བཞུགས་བོད་རིགས་སྤུན་ཟླ་ཚོས་ལས་འགུལ་སྤེལ་ཏེ་མི་གསོད་ལག་མར་ཚང་གི་ཟ་ཁང་གཏོར། མོ་ཊ་བཅག་པའི་གནས་དོན་དེ་འགྲིག་མི་འདུག་ཟེར་ན་ཁ་ལ་ཐལ་བ་རྒྱོབས་ལབ་ཡ་ཡིན། ད་རུང་ཁྲིམས་ཐོག་ནས་མཇུག་འབྲས་ང་ཚོའི་མྱོང་དགོས་རབས་ཀྱི་སྐད་ཆ་བཤད་པ་དེ་འཇིགས་སྐུལ་རེད། རྒྱ་གཞུང་གིས་བོད་ནང་དུ་ནམ་རྒྱུན་བོད་མི་ལ་མི་རིགས་ཁ་བྲལ་གྱི་ནག་ཉེས་ཀྱི་ཁྲིམས་སྒྲིག་འོག་ནས་འཇིགས་སྐུལ་བྱས་པ་དང་གཅིག་པ་རེད། ད་རུང་མགོ་བདེ་དྲན་འཕྲུལ་ཁེ་སང་རང་ལུགས་པའི་སྐད་ཆ་རེད། མི་རིགས་ཀྱི་གནས་དོན་དང་འཐབ་རྩོད་ནི་ཁེ་སང་ཡོད་མེད་ཀྱི་གནས་དོན་མིན། ང་ཚོས་ཡག་ཡག་དང་འཇམ་འཇམ་བྱས་པའི་མཇུག་འབྲས་འདི་རེད། མི་རིགས་གཞན་གྱིས་དམར་གསོད། བཙན་གཡེམ། བྲན་གཡོག མཐོང་ཆུང་།

16/7/2022 ཨོ་གླིང་གནས་སྡོད་འདྲེ་གླེན་པས་ལས་ཞོར་དུ་ཐད་གར་ངོ་དེབ་ལ་བྲིས།

སྣ་ཚོགས།

Post navigation

Previous Post: རིགས་ལ་ཕུལ་བའི་སྙིང་ཁྲག་དྲོན་མོ།
Next Post: ཀ་མད་ལུགས་འབྱུང་ལུགས་ལྡོག་མ།

Comments (2) on “བོད་མི་དམར་གསོད་ཀྱི་གནས་དོན་དང་འབྲེལ་བའི་བསམ་ཚུལ་ཐད་བྲིས།”

  1. གཞུང་པ་ཚེ་དབང་བསོད་ནམས་། says:
    2022-07-21 at 2:07 am

    མི་སུ་འདྲ་ཞིག་ཡིན་ཀྱང་ཚོར་བ་ལ་རྣོ་ངར་དང་ངར་ཤུགས་འདྲ་མིན་ཡོང་སྲིད་པ་རེད་།
    ང་ཚོ་བོད་མིའི་ངོས་ནས་ཁ་ཕྱི་ལ་གཏད་ནས་བཤོད་དགོས་པ་ལས་ནང་ཁུལ་ལ་འགྲིག་མ་འགྲིག་བཤད་བསྡད་ན་དགྲ་བོ་རྒྱ་དམར་ལ་ཁ་གཏད་བཅོག་རྒྱུ་ཁག་པོ་མིན་འགྲོ་། ང་ཚོའི་ལས་འགུལ་ག་འདྲ་ཞིག་སྤེལ་ཀྱང་ནུས་པ་འཐོན་པ་ཞིག་དགོས་པ་ལས་གསར་ཤོག་སྟེང་འཐོན་པ་ཙམ་གྱི་ང་ཚོའི་འདོད་དོན་འགྲུབ་པར་ངོས་འཛིན་བྱས་ན་སྔ་དྲག་པ་མིན་འགྲོ་།

  2. གངས་ཅན་པ། says:
    2022-08-06 at 1:33 am

    https://www.youtube.com/watch?v=0za3uRRzSvI

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme