Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་དང་རྒྱ་མིའི་གུང་རྒོལ་གྱི་བྱུང་བ་འདི་ལྟར་རེད།

Posted on 2014-09-182014-09-18 By ཁ་བརྡ་ 3 Comments on བོད་མི་དང་རྒྱ་མིའི་གུང་རྒོལ་གྱི་བྱུང་བ་འདི་ལྟར་རེད།

དཔལ་དོན།
 

༼རྒྱ་མོ་ཞོའུ་ཕའེ་ཡིས་བོད་རིགས་སྤུན་ཟླར་གྲོས་སུ་ཕུལ་བའི་འཕྲིན་ཞེས་པ་བཀླགས་རྗེས་ཀྱི་བསམ་ཚུལ།༽

 
བོད་ཀྱི་རྒྱལ་སའི་མངའ་ཁུལ་གྱི་སྲིད་འཛིན་ལས་ཁུངས་དག་ལ་གུང་ཁྲན་ཏང་གིས་གཏིང་འཛིན་བྱས་པ་ནས་བོད་ཤོར་བར་ངོས་འཛིིན་བྱེད་ཀྱི་ཡོད། དེ་ནི་གྲོས་མཐུན་དོན་ཚན་བཅུ་བདུན་བཞག་པ་ནས་རེད། དེ་ནས་བརྒྱུད་པའི་ད་ལྟའི་བར་དུ་རྒྱ་མི་དང་བོད་མིའི་དབར་གནས་ཚུལ་འགྱུར་ལྡོག་ཅན་མང་པོ་བྱུང་ཡོད། ཐེངས་དང་པོ་བོད་མི་ཚོ་རྒྱ་མི་དང་འབྲེལ་འདྲིས་ཆེན་པོ་བྱེད་ས་དེ་ཇག་གཤིས་མ་དོར་བའི་དམར་དམག་སྤྲང་ཕྲུག་དག་རེད། ཟོག་རྫུན་ཆེ་བའི་རྒྱ་མི་དེ་དག་གིས་བོད་དང་མཉམ་གཤིབ་ཀྱིས་མཐུན་ལམ་བཟོ་བར་བརྩོན་ཡང་། ཧྲང་ཕྲུག་མངའ་བདག་གིས་འདྲེ་མོ་བཙུན་མོར་བཞེས་པ་ལྟར་མ་འགྱངས་པར་ཝ་རྔ་ཕྱི་རུ་ཤོར། ཝ་རྔ་ཕྱི་རུ་ཤོར་བ་ནི་གྲོས་མཐུན་གྱི་ནང་དོན་ལ་རྡོག་རོལ་བརྩི་མེད་བྱས་པའི་དོན་རེད།

བརྩེ་ཆེན་སྟོན་པ་༧རྒྱལ་བ་རིན་པོ་ཆེ་མཆོག་སྐུ་འཁོར་དང་བཅས་གཡུལ་རྒྱལ་ལྷུན་རྩེ་བརྒྱུད་རྒྱ་གར་དུ་བཙལ་བྱོལ་དུ་ཕེབས་ཤིང་། སྐྱབས་བཅོལ་གྱིས་གྲ་སྒྲིག་སྡུག་ས་དང་། རེ་བ་བཟང་སར་རྒྱབ་ནས་བཞུགས་སྡོད་བྱས། སྐབས་དེ་ཤེད་དུ་ཅང་ཅེ་ཧྲིས་འགོ་ཁྲིད་པའི་གུང་ཧྭ་མི་སེར་རྒྱལ་ཁབ་ཀྱིས་རྒྱ་ནག་སྐམ་སའི་གནའ་རྫས་མཛོད་ཁང་མང་པོ་ཐའེ་ཝན་གླིང་ཕྲན་དུ་སྤར་ཏེ་སྐམ་ས་ཆེན་མོ་བློས་གཏོང་གིས་ཐའེ་ཝན་དུ་སོང་ནས་ལོ་བཅུ་གྲངས་འགོར་ཟིན་ཡང་། མའོ་ཙེ་ཏུང་སོགས་ལ་ལྷིང་འཇགས་པོ་བྱུང་ན་ཐའེ་ཝན་གྱི་རྒྱལ་ཁམས་ལ་གནོད་པར་ཞིབ་རྩིས་བྱས་ཡོད། དེའི་རྐྱེན་གྱིས་ཐའེ་ཝན་འཛིན་སྐྱོང་གི་དགོས་མཁོ་དང་འབྲེལ་བ་མེད་པའི་བོད་སོག་ལས་ཁུངས་དང་། བཀའ་བློན་དོན་གཅོད་ལས་ཁུངས་ཟེར་བ་སོགས་བཙུགས་ཏེ་གུང་རྒོལ་ཞེས་པའི་ལས་འགུལ་སྤེལ།

བཙན་བྱོལ་གྱི་བོད་མི་གང་འཚམས་ཤིག་ཀྱང་དེའི་ནང་དུ་བཞུགས་ཤིང་། བོད་སོག་ལས་ཁུངས་ཀྱི་མི་སྣ་ཁག་ཅིག་རྒྱ་གར་དང་བལ་ཡུལ་ཁུལ་དུ་སྡོད་པའི་བོད་མིའི་ས་རུ་སོང་ནས་འཇམ་འགུགས་བསླུ་བྲིད་དང་། རྒྱུ་དངོས་ཀྱིས་དབང་བསྒྱུར་གང་འཚམས་བྱས་ཀྱང་། ཁོ་ཚོར་འབྲས་བུ་འདོད་དོན་དང་མཐུན་པ་མ་བྱུང་། བཙན་བྱོལ་བོད་མིའི་སྤྱི་ཚོགས་ཁྲོད་དུ་༼རྒྱ་དམར་ནག་གཉིས་ལ་ཁྱད་པར་མེད་༽ཅེས་བཤད་སྲོལ་བྱུང་། བཙན་བྱོལ་བོད་མིས་ཐའེ་ཝན་ཕོགས་གཟན་ལ་རྒོལ་བའི་ལས་འགུལ་བརྩམས་ཤིང་། དེང་གི་སྲིད་སྐྱོང་བློ་བཟང་སེང་གེ་ནི་སྐབས་དེ་ཤེད་དུ་དཔའ་ངར་ཆེ་བའི་སྟག་ཤར་ན་གཞོན་ཞིག་རེད། ཁོང་གིས་ལྡི་ལི་བོད་སྒར་གྱི་མགྲོན་ཁང་ཞིག་ཏུ་སྡོད་པའི་བོད་མི་ཐའེ་ཕོགས་ཟ་མཁན་ཞིག་གི་ལག་ནས་གསང་བའི་མིང་ཐོ་འཕྲོག་ཏེ་ནང་རུལ་གྱི་གསང་བ་ཕྱིར་རུ་བཏོན།

ཐའེ་ཝན་གྱི་སྲིད་འཛིན་ཟུར་བ་ཁྲིན་ཧྲུའུ་པེན་གྱིས་མང་གཙོ་ཚོགས་པའི་མགོ་ཁྲིད་དེ་རྒྱལ་ཁབ་ཀྱི་འཛིན་སྐྱོང་གནང་བ་ནས་ཐའེ་ཝན་དེ་རྒྱ་ནག་ལས་རྦད་དེ་ལོག་ཁར་གྱེས། འགྲོ་སོང་ཆེ་བའི་ལས་མེད་ལས་ཁུངས་༼བོད་སོག་ལས་ཁུངས་༽ཀྱང་སྒོ་རྒྱབ་ཅིང་། བོད་མི་བཙན་བྱོལ་བ་རྣམས་རྒྱ་ནག་གི་ཆ་ཤས་མ་ཡིན་པར་ངོས་འཛིན་བྱས། ཐའེ་ཝན་རྒྱ་ནག་དང་རྦད་གྱེས་ཀྱི་སྣང་བརྙན་རྒྱལ་སྤྱིའི་ནང་བསྐྲུན་པ་འདིའི་ཐད་དམར་དམག་ཕུན་དབང་འདས་པོ་ཁོས་ཀྱང་ངུ་སྐད་བཏོན་མྱོང་། འདི་ནི་གོ་མིན་ཏང་དང་མཉམ་དུ་གུང་རྒོལ་གྱི་གནས་ཚུལ་རེད།

ད་ལྟ་དྲུག་བཞི་དོན་རྐྱེན་བྱུང་ནས་ལོ་ངོ་ཉེར་ལྔ་སོང་བའི་སྔ་ཕྱི་རུ་ཡང་བསྐྱར་རྒྱ་མི་གུང་རྒོལ་བ་གཞན་པ་ཁག་ཅིག་ཐོན་ཡོད། འདི་ལ་གུང་ཁྲན་ཏང་གཞུང་གི་གཞུང་འབྲེལ་གསར་ལམ་ཁག་ཏུ་སྤྲང་ཀོག་གི་རྒྱ་མི་ཕྱི་སྡོད་པ་ཁག་ཅིག་ཅེས་ཟེར། ཁོ་ཚོ་མཚམས་ལན་རེར་ཤེས་ཡོན་པར་ཁས་ལེན་ཞིང་། མང་ཆེ་བར་མི་ལེན། བཙན་བྱོལ་བོད་མིས་ཁོ་བ་ཚོའི་རིགས་ལ་རྒྱ་རིགས་མང་གཙོ་དོན་གཉེར་བ་ཅེས་ཟེར། ནང་ཁུལ་འགལ་ཟླ་ཆེ་ཞིང་། དབུ་ཁྲིད་ཀྱི་མཚན་གནས་ལ་ཧམ་པ་ཆེ་བས་གཅིག་གྱུར་གྱི་ལས་འགུལ་སྤེལ་ཐུབ་མེད། ཁག་ཅིག་གིས་རང་རང་སྡོད་སའི་རྒྱལ་ཁབ་ཏུ་རྩོམ་ཡིག་རེ་བྲིས་ཏེ་སྡོད་ཅིང་། མང་ཆེ་བ་རང་རང་གི་འཚོ་ཚིས་ཆེད་འདུར། གུང་སེང་དང་སྟབས་བསྟུན་ཁག་ཅིག་རྒྱ་གར་དུ་འགྲོ་ཞིང་། དབུས་བོད་མིའི་སྒྲིག་འཛུགས་དང་འབྲེལ་ལམ་ཡག་རུ་གཏོང་བ་ནི་རྒྱ་རིགས་མང་གཙོ་དོན་གཉེར་བའི་ཁྲོད་གཟི་བརྗིད་མངོན་སྟངས་ཤིག་ཆགས་ཡོད།

ཁོ་ཚོའི་ཁྲོད་དུ་འཚམ་ཚོད་མེད་པར་རྒྱ་ནག་མང་གཙོ་ཅན་དུ་བསྒྱུར་འདོད་པ་གཅིག་ཀྱང་མེད། ཁོ་ཚོས་གཞི་རྩའི་ལས་འགན་དུ་བསམ་བློ་ཐོངས་ཡོད་པ་ནི་༼ རིམ་འགྱུར་གྱི་ཆ་རྐྱེན་བསྐྲུན་པ་ ༽ ཞེས་པ་འདི་ཙམ་ཡིན། དེ་ནི་ཧ་ཅང་ཡང་དག་པ་རེད། ཡིན་ཡང་། དེ་ནི་བོད་ལ་མཚོན་ན་གོ་སྐབས་ཤིག་ཡིན་པ་ལས། ལས་འགན་ཞིག་རྩ་བ་ཉིད་ནས་མ་རེད། འདིས་བོད་ཀྱི་གནད་དོན་ཐག་གཅོད་ཐུབ་པའི་རྒྱུ་མཚན་གཅིག་ཀྱང་མཐོང་མི་ཐུབ། རྒྱ་ནག་མང་གཙོ་དོན་གཉེར་བ་ཟེར་བ་འདི་དག་གིས་རང་རང་གིས་གང་བསམ་པ་དེ་རྒྱ་ནག་མི་གྲངས་ས་ཡ་བཅུ་བདུན་གྱི་འདོད་པ་ཡིན་པར་འབད་བརྩོན་བྱས་ཏེ། ༧གོང་ས་མཆོག་གིས་ཕྱི་ལོ་༢༠༠༨ ལོའི་ཨོ་ལིན་ཕིས་ཁུ་རྒྱ་ནག་ནས་འཚོགས་པར་རྒྱ་ནག་གི་མི་གྲངས་དང་། དཔལ་འབྱོར་གྱི་གནས་བབ་གང་ནས་ཀྱང་འོས་བབ་ཆེ་བར་བཀའ་གནང་བ་དེ་ལ་རྐང་བ་ས་རུ་མ་ཐུག་པའི་འགྲེལ་བརྗོད་བྱེད་སྲོལ་ཉུང་ཤས་བྱུང་ཡོད། དེ་ནི་གླེང་རན་མེད་པ་ཞིག་རེད། ཤེས་དགོས་པ་ཞིག་ལ། མང་གཙོའི་འདུ་ཤེས་དང་འགན་ཁུར་ནི་ཧམ་བཤད་ཀྱིས་རྒྱུན་སྐྱོངས་ཐུབ་པ་ཞིག་གང་ནས་ཡིན།

ཁོང་ཚོས་བརྗོད་པའི་མང་གཙོ་ནི་ཕྱོགས་གཅིག་ནས་གུང་ཁྲན་ཏང་གིས་དབུ་ཁྲིད་པའི་ཀྲུང་གོའི་སྲིད་ཇུས་ལ་འགྱུར་ལྡོག་གཏོང་དགོས་པར་བརྗོད་ཀྱི་ཡོད། རྒྱ་མི་མང་གཙོ་དོན་གཉེར་བར་སྐད་པ་འདི་དག་གིས་ང་ཚོར་ཚོར་བ་མང་ཤོས་གང་སྤྲོད་ཀྱི་རེད་ཟེར་ན་ཀྲུང་གོ་གུང་ཁྲན་ཏང་ལ་སྲིད་ཇུས་ལྷོད་ཡངས་དང་འགྱུར་བ་ཕྲན་ཙམ་ཡོང་བ་དང་། མདོར་ན་ཡང་དག་པའི་དམངས་གཙོ་གཅིག་སྡུད་ཙམ་ལ་རེ་བ་རྒྱག་བཞིན་པ་དེ་ཙམ་རེད། ང་ཚོས་རྒྱ་རིགས་མང་གཙོ་དོན་གཉེར་བའི་ལས་དོན་ལ་ངོ་རྒོལ་མ་ཡིན་པར་རང་སེམས་སུ་ཉར་དགོས་པ་ནི། བོད་ཀྱི་འཐབ་རྩོད་ནི་ཆབ་སྲིད་ཀྱི་ལམ་ལུགས་ཀྱི་རྩོད་པ་མ་ཡིན་པར་གཞི་རྩའི་མི་རིགས་ཡུན་གནས་དང་རང་ཐག་རང་གཅོད་ཀྱི་བདེ་སྐྱིད་ཀྱི་ཆེད་དུ་རེད། ༧གོང་ས་མཆོག་གིས་དུས་རབས་སྔོན་མའི་ལོ་རབས་བདུན་ཅུའི་མགོ་སྟོད་དུ་བདེ་སྐྱིད་བྱུང་ན་ལམ་ལུགས་གང་ཡིན་ལ་ཁྱད་པར་མེད་ཅེས་གསུངས་ཡོད།

རྒྱ་རིགས་དང་འབྲེལ་ལམ་བྱེད་སྟངས་གཞན་པ་ཞིག་ནི་༧གོང་ས་མཆོག་གི་ལམ་སྟོན་ལྟར་བོད་མི་དང་བོད་ཀྱི་ཚོགས་པ་ཁག དེ་བཞིན་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་གཞུང་འབྲེལ་ངོས་ནས་རྒྱ་རིགས་དང་འབྲེལ་ལམ་བཟོ་བཞིན་པ་དེ་ཡིན་ཞིང་། ལས་འགུལ་འདིས་རྒྱ་རིགས་རྣམས་ཀྱི་ཆབ་སྲིད་ལྟ་བ་གང་ཡིན་གཙོ་འཛིན་མི་བྱེད་པར། རྒྱ་ནག་གཞུང་གིས་འཁྱོག་གཟུགས་སུ་བསྐྲུན་པའི་བོད་ཀྱི་དངོས་ཡོད་གནས་ཚུལ་ངོ་སྤྲོད་དང་ཕན་ཚུན་བགྲོ་གླེང་བྱེད་རྒྱུ་དེ་རེད། སྟོབས་ཤུགས་ནི་འདི་རུ་སྦས་འདུག

༢༠༡༤།༩།༡༨ ལ།

བསམ་ཚུལ།

Post navigation

Previous Post: བཀའ་བློན་དངོས་གྲུབ་ཚེ་རིང་གིས་ལས་ཁུར་དམ་བཅའ་ཕུལ་བ།
Next Post: ཁྱོད་དྲན་ཉིན་མོར།

Comments (3) on “བོད་མི་དང་རྒྱ་མིའི་གུང་རྒོལ་གྱི་བྱུང་བ་འདི་ལྟར་རེད།”

  1. གནམ says:
    2014-09-18 at 9:39 am

    ངར་བ་ཟིག་བཤད་བཞག་གི། དེ་འདྲ་ཞིག་རེད།
    དགྱ་རྒན་འདི་ཚོའི་ཁ་ལ་ཉན་རྒྱུ་མེད། ཁོང་ཚོ་དམངས་གཙོ་ལ་དགའ་རབས་། དད་ནས་སོང་ན། རྒྱལ་ཁབ་ཁག་ནས་དམངས་གཙོའི་ལས་འགུལ་ལ་སྤར་བར་སྤྲད་སྲོལ་ཡོད་པའི་སྐྱོབས་གསོ་ཟ་སྤྱད་ཙམ་གྱི་མི་བུ་ཁྲམ་པ་ཁ་ཤས་མ་གཏོགས་མེད།

    དྲུག་བཞིའི་དོན་རྐྱེན་ལ་ཁ་གཡར་ནས་ཕྱི་ཕྱོགས་ཕྱིན་པ་གྲངས་མང་རེད་དེ། དྲུག་བཞིའི་འདུ་འཛོམས་རེ་བྱེད་དུས་མི་མགོ་བཅུ་ཁ་ཉི་ཤུ་རེ་མ་གཏོགས་མི་ཡོང་། དགྱ་འདི་བློ་མེད་དང་རྫུན་མ་རྫུན་རྐྱང་ཡིན།

    རྩ་རླུང་སྒོམ་སྒྲུབ་པ་དེ་ཚོ་ཡང་། དཔང་བོ་སྐྱོན་ཅན་དང་ལས་མེད་ལོ་ལོན་རེ་ལ་ཉི་མ་འཁྱོལ་ཐབས་དཔལ་འབྱོར་བཙལ་ཐབས་ལས་ཙམ་ལས་ཁ་ཞེ་གཉིས་མེད་ཀྱི་སྐྱབས་བཞག་པའི་མི་བུ་གཅིག་ལ་ཡང་ཡོད་ཚོད་མེད།

    ང་ཚོ་དང་ཁོ་ཚོ་ཁ་ཁ་སོ་སོ་ཡིན། སོ་སོའི་ས་ནས་དགྱ་དམར་གཞུང་ལ་ཁ་གཏད་གཅོག་པ་ལས། ཕྱི་འཆལ་བའི་རྒྱ་རྫུན་འདི་ཚོ་ལ་ཡག་རྟགས་ཞེ་དྲག་མེད་པ་ཤེས་དགོས།

  2. ཀརྨ་བློ་གསལ་ says:
    2014-09-18 at 10:24 am

    ངར་བ་རེད། དབུ་མའི་ལམ་གྱི་རྐུབ་འདི་ལྟར་བརྟོལ་བ་ནི་མི་བུ་སྒལ་ཚིགས་ཅན་ཞིག་པས་རེད།

  3. དཔལ་དོན། says:
    2014-09-19 at 1:04 am

    བོད་མིའི་ནང་དུ་ཕྱིའི་མི་རིགས་ཤིག་གིས་གང་བཤད་རྗེས་སུ་མཆོངས་རྐྱང་བྱེད་བཞིན་པའི་ཡོག་ལི་ཁག་ཅིག་ཡོད་ཐ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (95)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme