Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ཁ་ཤས་ཤིག་རྒྱ་གར་མི་སེར་བྱེད་པའི་གོ་སྐབས་རག་པ།

Posted on 2017-04-212017-04-21 By ཁ་བརྡ 2 Comments on བོད་མི་ཁ་ཤས་ཤིག་རྒྱ་གར་མི་སེར་བྱེད་པའི་གོ་སྐབས་རག་པ།

ཡོང་ཁུངས། ཤམ་བྷ་ལའི་ཕོ་ཉ།

 

ཕྱི་ལོ་༡༩༥༠ ནས་༡༩༨༧ བར་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་ལག་འཁྱེར་བཟོ་བར་ཐོ་འགོད་བྱེད་མཁན་དག་གནས་སྐབས་འཕར་འགྱངས་བྱེད་དགོས་པ་དང་། ཁོ་ཚོ་རྒྱ་གར་ནས་སྐྱེས་པའི་མི་སེར་ཡིན་པར་ངོས་འཛིན་དགོས་ཞེས་བཀོད་ཁྱབ་གནང་འདུག

འདི་ཟླའི་ཕྱི་ཚེས་ ༡༨ ཉིན། རྒྱ་གར་དུས་བབས་གསར་ཁང་གིས་སྤེལ་བའི་གནས་ཚུལ་ལྟར་ན། ༡༩༥༠ནས་༡༩༨༧བར་རྒྱ་གར་ནང་སྐྱེས་པའི་བཙན་བྱོལ་བོད་མིས་རྒྱ་གར་མི་སེར་ལག་འཁྱེར་ལེན་ཆོག་པ་མ་ཟད། ཕྱི་ལོ་ ༢༠༡༧ ཟླ་ ༣ པ་ནས་བཟུང་། སྲིད་ཇུས་དེ་ལག་བསྟར་གྱིས་གོང་འཁོད་ལོ་བཅད་བྱས་པའི་ནང་གི་བཙན་བྱོལ་བོད་མི་སྐྱབས་བཅོལ་ལག་དེབ་བཟོ་མཁན་རྣམས་གནས་སྐབས་འཕར་འགྱངས་བྱེད་དགོས་པའི་བཀོད་ཁྱབ་ཞིག་ཕྱི་སྲིད་ལྷན་ཁང་ནས་བཏང་ཡོད་འདུག

དེ་ཡང་གསར་འགྱུར་གྱི་ཁ་བྱང་དུ་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་མི་སེར་ལག་འཁྱེར་རག་རྒྱུ། ཞེས་དང་། མདོ་དོན་དུ། ཕྱི་ལོ་ ༡༩༥༠ ནས་ ༡༩༨༧ བར་ལ་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་རྣམས་ལ་གང་མགྱོགས་རྒྱ་གར་མི་སེར་ལག་འཁྱེར་རག་ཐུབ་ཀྱིན་ཡོད་པ་དང་། ལོ་སྔོན་མར་ལྡི་ལི་ས་གནས་ཁྲིམས་ཁང་( Delhi high Court) ཞིག་གིས་བོད་མི་སྐྱབས་བཅོལ་བ་རྣམས་ལ་རྒྱ་གར་མི་སེར་སྐོར་གྱི་དྲི་བ་ཞིག་རྒྱ་གར་ཕྱི་སྲིད་ལྷན་ཁང་ལ་བཏང་བར་དེ་ག་ནས་ངོས་བཞེས་གནང་སྟེ། ཕྱི་ལོ་ ༢༠༡༦ ཟླ་ ༩ པའི་ནང་། རྒྱ་གར་གཞུང་གི་ཁྲིམས་དཔོན་སེན་ཇེབ་སཱཆ་དྷེ་ཝ་ Sanjeev Sachdeva ལགས་སུ། རྒྱ་གར་ནས་སྐྱེས་པའི་བོད་མི་སྐྱབས་བཅོལ་བ་རྣམས་རྒྱ་གར་གྱི་མི་སེར་རྩ་འཛིན་ཁྲིམས་ཡིག་འོག རྒྱ་གར་གྱི་མི་སེར་ཡིན་མིན་ཐད་རྩོད་པ་མེད་ཟེར་བ་དེ་ངོས་བཞེས་གནང་བ་ཡིན་པའི་བརྡ་ལན་ཞིག་ཕྱི་སྲིད་ལྷན་ཁང་ནས་ཕུལ་ཞིང་། ཕྱི་ལོ་ ༢༠༡༧ ཟླ་ ༣ པ་ནས་སྲིད་ཇུས་འདི་ལག་བསྟར་བྱས་ཡོད་པ་དང་། འདིས་རྒྱ་གར་ནང་སྐྱབས་བཅོལ་འོག་སྡོད་ཀྱིན་པའི་བོད་མི་མང་པོ་ཞིག་ལ་ཁེ་ཕན་བསྐྲུན་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། ཅེས་དང་།

གཞན་ཡང་། ཕྱི་སྲིད་ལྷན་ཁང་ནས་རྒྱ་གར་ནང་གི་ཕྱི་སྐྱོད་ལག་འཁྱེར་ལས་ཁུངས་ཁག་ལ་ཕྱི་ལོ་༡༩༥༠ ཟླ་ ༡ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ བར་ལ་རྒྱ་གར་ནང་སྐྱེས་པའི་བོད་མི་སྐྱབས་བཅོལ་ལག་འཁྱེར་བཟོ་བར་ཐོ་འགོད་བྱེད་མཁན་དག་གནས་སྐབས་འཕར་འགྱངས་བྱེད་དགོས་པ་དང་། ཁོ་ཚོ་རྒྱ་གར་ནས་སྐྱེས་པའི་མི་སེར་ཡིན་པར་ངོས་འཛིན་དགོས་ཞེས་བཀོད་ཁྱབ་གནང་བ། ཞེས་འཁོད་འདུག

གོང་འཁོད་རྒྱ་གར་མི་སེར་ལག་ཁྱེར་དང་འབྲེལ། བཙན་བྱོལ་བོད་གཞུང་གི་བཅའ་ཁྲིམས་ཀྱི་ལེའུ་དང་པོའི་དོན་ཚན་བརྒྱད་པའི་བོད་ཀྱི་ཡུལ་མི་ཞེས་པའི་ཚན་པ་གཉིས་པའི་ནང་དུ། “བཙན་བྱོལ་བོད་མི་སུ་ཞིག་འཕྲལ་རྐྱེན་དབང་གིས་རྒྱལ་ཁབ་གཞན་གྱི་ཡུལ་མི་མ་བྱེད་ཐབས་མེད་བྱུང་རིགས་ཀྱང་བཅའ་ཁྲིམས་འདིའི་དོན་ཚན་བཅུ་གསུམ་པ་ནང་གསལ་གྱི་འཁུར་འགན་ཁག་འགལ་མེད་བསྒྲུབས་ཕྱིན་བོད་ཀྱི་ཡུལ་མིའི་རང་བཞིན་འདོར་མི་དགོས།” ཞེས་འཁོད་འདུག

དེ་མིན་རྒྱ་གར་མི་སེར་གྱི་ཁྲིམས་ཡིག་ཅེས་པའི་ནང་དུ། ཕྱི་ལོ་༡༩༥༠ ཟླ་ ༡ ཚེས་ ༢༦ ནས་ཕྱི་ལོ་ ༡༩༨༧ ཟླ་ ༧ ཚེས་ ༡ བར་ལ་རྒྱ་གར་ནང་སྐྱེས་པའི་བཙན་བྱོལ་བོད་མིས་རྒྱ་གར་མི་སེར་ལག་ཁྱེར་བཟོ་ཆོག་པ་དང་། ༡༩༨༧ཟླ་༠༧ཚེས་༠༡ནས་བཟུང་སྲིད་ཇུས་དེར་འགྱུར་བ་ཐེབས་ཤིང་། ཕ་མ་གཉིས་གང་རུང་རྒྱ་གར་གྱི་མི་སེར་མིན་དུས་རྒྱ་གར་ནང་སྐྱེས་པའི་ཕྲུ་གུ་ལ་མི་སེར་ལག་ཁྱེར་ཐོབ་ཐུབ་མེད་པར་འཁོད་པ་སོགས་བཅས།།

  • གསར་འགོད་པ་ཆོས་ཉིད།
གསར་འགྱུར།

Post navigation

Previous Post: མཐོང་བ་ལྟད་མོ་རེད།
Next Post: ཁྲོ་གཏུམ་གྱི་སྙན་ངག་བདུན།

Comments (2) on “བོད་མི་ཁ་ཤས་ཤིག་རྒྱ་གར་མི་སེར་བྱེད་པའི་གོ་སྐབས་རག་པ།”

  1. འཚུབ་མ་རྒོད་པོ། says:
    2017-04-21 at 10:03 pm

    གནས་སྐབས་༼འཕར་འགྱང༽་ཟེར་ན་ཅི་རེད།

  2. ནུབ་ཕྱོགས་གངས་ཕྲུག says:
    2017-04-22 at 2:12 pm

    ཡག་པོ་འདུག ཐུགས་རྗེ་ཆེ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme