Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་མི་ཀུན་གྱིས་གོང་དུ་བཀུར་བའི་ཀརྨ་པ། 

Posted on 2021-08-24 By ཁ་བརྡ No Comments on བོད་མི་ཀུན་གྱིས་གོང་དུ་བཀུར་བའི་ཀརྨ་པ། 

རྔ་བ་ནས་མྱུག

ངས་ཐོག་མར་ཀརྨ་བ་ཞེས་པའི་བླ་མ་ཞིག་ཡོད་པ་ཇི་ལྟར་བྱས་ཏེ་ངོས་ཟིན་པའི་བརྒྱུད་རིམ་ཁ་གསལ་ཞིག་དྲན་རྒྱུ་མི་འདུག་ཀྱང་། ངའི་ཕ་ཡུལ་གྱི་ཁྱིམ་ཚང་ཞིག་ལ་མཚོན་ན་མཆོད་པའི་ཀུན་དགའ་རྭ་བའི་ནང་དུ་༧རྒྱལ་བ་དོན་གྱི་བདག་པོ་དང་པཎ་ཆེན་སྣང་བ་མཐའ་ཡས་ཀརྨ་པ་བཅས་ཀྱི་སྐུ་པར་བཤམས་མེད་པའི་ཁྱིམ་ཚང་ཞིག་ཕལ་ཆེར་མེད། ངས་རྟག་ཏུ་དབུས་ཀྱི་ས་སྐྱ་བདག་ཆེན་རིན་པོ་ཆེ་དང་ཁམས་ཀྱི་ཀརྨ་པ་རྣམས་གཉིས་ཕ་ཡུལ་ཕྱོགས་ཀྱི་མི་ཚོས་དད་པ་ཆེན་པོ་བྱེད་དགོས་པའི་རྒྱུ་མཚན་ཅི་ཡིན་ནམ་བསམ་མྱོང་། དེ་ནི་ཡུལ་གྱིས་བསྐལ་བའི་བླ་མ་གཉིས་ལ་དད་པ་བྱེད་པ་ནི་ལས་སླ་བ་ཞིག་མིན་པས་ཡིན། ངས་ཀྱང་དད་པའི་གོ་རིམ་དེ་འདྲ་ཞིག་བརྒྱུད་དེ་ཀརྨ་པ་ཞེས་པའི་བླ་མ་དེ་ངོ་ཤེས་པ་ཞིག་ཡིན་ངེས། རྒྱ་གར་སྐྱབས་བཅོལ་དུ་མ་སླེབས་པའི་གོང་དུ་ངའི་བསམ་པར་རྒྱ་གར་དུ་བཞུགས་པའི་བླ་ཆེན་རྣམས་ལ་ངེས་པར་ཐེངས་གཅིག་མཇལ་དགོས་སྙམ་པའི་ཀུན་སློང་སྔོན་དུ་བཏང་བ་ཡིན། ས་མཐའ་འདིར་བསླེབས་རྗེས་ངའི་རེ་འདོད་དེ་མར་ངོའི་ཟླ་བའི་མཚུངས་ཟླ་གྱུར་བས་ས་མཐའ་འདིར་འབྱོར་ཏེ་ལོ་རྒན་བཅུ་ལྷག་གོ་མེད་ཚོར་མེད་དུ་གྱུར་ཡང་། ༧གོང་ས་མཆོག་དང་ཚེ་རབས་ལས་ཀྱི་བླ་མ་ལས་གཞན་བླ་མ་གཅིག་ལའང་ཆེད་དུ་མཇལ་མ་ཐུབ། ལོ་རེའི་གཙུག་ལག་ཁང་དུ་མཛད་སྒོ་རེ་ཚོགས་སྐབས་རྒྱང་ནས་ཀརྨ་པ་ཐེངས་ཁ་ཤས་ལ་མཇལ་མྱོང་ནའང་། ཁོང་ལ་ཁྱད་དུ་འཕགས་པའི་སྐུའི་གཟི་བྱིན་ཞིག་དང་དད་པའི་འཁུན་བུ་སློང་ཞིང་ལག་པས་དབང་མེད་དུ་ཐལ་མོ་སྦྱོར་དགོས་པའི་ཁྱད་པར་བ་ཞིག་བ་ཡིན་པ་མཐོང་མ་ཐུབ། རྗེས་ཀྱི་ཕྱི་ལོ་ཉིས་སྟོང་བཅུ་གཉིས་བཅུ་གསུམ་ཞིག་གི་ནང་ཀརྨ་པ་དངུལ་གྱི་རྙོག་དྲྭ་ཆེན་པོ་ཞིག་གི་ནང་དུ་ཚུད་ཅིང་། རྐྱེན་དེར་ཁག་བཞག་ནས་རྒྱ་གར་ཉེན་རྟོག་པས་རྒྱུད་སྟོད་ཀྱི་ཀརྨ་བའི་བླ་བྲང་སྔོག་བཤེར་བྱས་པའི་གསར་འགྱུར་དེ་གང་སར་ཁྱབ། སྐབས་དེ་དུས་དངོས་ཤུགས་བརྒྱུད་གསུམ་ནས་ཀརྨ་པ་གནས་སྟངས་དེ་ལས་ཐར་ཆེད་དུ་བོད་གཞུང་དང་བླ་ཆེན་དགེ་ལྡན་གསེར་ཁྲི་སོགས་བླ་ཆེན་རྣམས་དང་། བོད་མི་མང་མང་ཚོགས་ལ་ཀརྨ་པ་གནས་སྟངས་དེ་ལས་སྒྲོལ་ཐབས་ཀྱི་ནུས་པ་མེད་ནའང་སེམས་ནང་ནས་རྒྱབ་སྐྱོར་ཤུགས་ཆེ་གནངས་སོང་།

སྤྱིར་བཏང་གི་བླ་མ་ཞིག་ཡིན་ན་བོད་གཞུང་གིས་ཁ་ཡ་དེ་ཙམ་བྱེད་རེ་མེད་ཅིང་། བླ་ཆེན་རྣམས་ཀྱིས་ཀྱང་རྒྱབ་སྐྱོར་གནང་མི་སྲིད་ལ་བོད་མི་མང་གིས་དེ་བས་ཀྱང་ངོ་།། འོན་ཀྱང་། ཀརྨ་པ་གནད་དོན་དེ་འདྲ་ཞིག་ལ་འཕྲད་སྐབས་གཞུང་སྒེར་གཉིས་སྡོད་བཟོ་མི་བདེ་བའི་གནས་སུ་གྱར་དགོས་པའི་རྒྱུ་མཚན་ནི། ཀརྨ་པ་བླ་སྤྲུལ་གཞན་དག་དང་གཏད་ནས་མི་འདྲ་བར་བོད་པ་ཧ་ཅང་མང་པོ་ཞིག་གིས་རེ་བའི་མིག་འབུར་གཏོད་ས་དང་། སྐད་ཆ་ཆེན་པོ་བྱས་ཏེ་བཤད་ན་༧རྒྱལ་བ་དོན་གྱི་བདག་པོའི་སྐུའི་སྐུ་ཚབ་དང་གསུང་གི་གསུང་ཚབ་ལྟ་བུ་ཞིག་ཏུ་འགྱུར་བའི་རེ་བ་རི་བོ་ལས་གཏོས་ཆེ་བ་ཞིག་ཡོད་པས་མ་ཡིན་ནམ། གཞུང་སྒེར་གཉིས་ཀྱི་རྒྱབ་སྐྱོར་ལ་བརྟེན་ནས་མཐར་གནད་དོན་དེ་མེ་ཕུང་ཐོག་ཏུ་ཆུ་བྱོས་པ་བཞིན་གྲགས་མེད་འགུལ་མེད་དུ་གྱུར་ཞིང་། གོ་ཚོད་ལྟར་ན་ད་ལྟ་གནད་དོན་དེ་གཙང་མར་གྱུར་ཟིན་པ་རེད་ཟེར། སྟོད་དབུས་གཙང་ཕྱོགས་སུ་ཀརྨ་པ་སྐུ་ཕྲེང་རིམ་བྱོན་གྱི་གདན་ས་མང་ཞིང་། ཁམས་ལའང་ཁོང་གི་དགོན་པ་མང་ཐོག་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ཁམས་སུ་འཁྲུངས་པ་ཡིན་ཕྱིར། དབུས་ཁམས་གཉིས་ལ་ཀརྨ་པའི་ཤུགས་རྐྱེན་ཆེན་པ་ཡོད་པ་དེར་ངོ་མཚར་སྐྱེ་དགོས་དོན་ཅི་ཡང་མི་འདུག ཡིན་ནའང་། སྨད་ཨ་མདོའི་ཕྱོགས་སུ་ཀརྨ་པའི་ཤུགས་རྐྱེན་མ་ཐེབས་པའི་ས་ཕྱོགས་ཤིག་མེད་པ་ནི་ཅི་བས་ངོ་མཚར་སྐྱེ་དགོས་པ་ཞིག་རེད་སྙམ། ཨ་མདོའི་ཡུལ་ལུང་རྣམས་ཀྱི་ནང་བཀའ་བརྒྱུད་པའི་དགོན་པ་གཏད་ནས་མེད་པ་མིན་ནའང་། དབུས་ཁམས་གཉིས་དང་བསྡུར་ན་ཨ་མདོའི་ནང་བཀའ་བརྒྱུད་པའི་དགོན་པ་ཧ་ཅང་ཉུང་། དེ་ནི་ཕལ་ཆེར་དབུས་ཁམས་གཉིས་ཀྱི་ནང་དུ་ཇོ་ནང་བའི་དགོན་པ་ཉུང་བ་ལྟར་རེད། དེར་མ་ཟད་ལོ་རྒྱུས་ཀྱི་རྒྱུན་ཤིན་ཏུ་རིང་བའི་ཀརྨ་པའི་སྐྱེ་ཕྲེང་རིམ་པར་བྱོན་པ་གཅིག་ཀྱང་ཨ་མདོའི་ཕྱོགས་སུ་ཕེབས་པའི་ལོ་རྒྱུས་ཤིག་མཐོང་ཐོས་དབང་པོའི་ཡུལ་དུ་མ་གྱུར་མ་མྱོང་པས། ཀརྨ་པའི་ཤུགས་རྐྱེན་ཨ་མདོའི་ནང་མ་ཁྱབ་ན་ཆོག་ཆོག་ཡིན་ཀྱང་། ཨ་མདོའི་ས་ཆ་གང་དུ་ཕྱིན་ཡང་ཀརྨ་པར་དད་ཆེན་པོ་ཡོད་པ་ནི་ཁྱིམ་གྱི་ཀུན་དགའ་རྭ་བའི་ནང་གི་ཀརྨ་པའི་སྐུ་པར་དང་ཁྲོམ་དུ་འགྲོ་སྐབས་ཀྱང་ཁོང་གི་སྐུ་པར་བཙོང་རྒྱུ་ཡོད་པ་སོགས་ཀྱིས་རྟོགས་ཐུབ། ཀརྨ་པའི་སྐུ་ཐོག་འདི་བ་མ་གཏོགས་སྐུ་ཕྲེང་གཞན་གྱི་སྐུ་པར་ཞིག་ཁྱིམ་ཚང་ནང་དུ་བཤམས་ཡོད་པ་གཏད་ནས་མཐོང་མ་མྱོང་ལ། ངེད་ཚང་གི་མཆོད་བཤམས་ནང་དུ་བླ་སྤྲུལ་མང་དག་ཅིག་གི་སྐུར་པར་བསྒྲིགས་ཡོད་ཀྱང་། སྐུ་ཐོག་འདི་བ་ལས་སྐུ་ཕྲེང་གཞན་ཞིག་གི་སྐུ་པར་ལར་ནས་མཐོང་མྱོང་མེད། ང་ལ་མཚོན་ན་ཀརྨ་སྐུ་ཕྲེང་བཅུ་བཅུ་དྲུག་པ་རང་བྱུང་རིག་པའི་རྡོ་རྗེའི་སྐུ་པར་རྒྱ་གར་དུ་འབྱོར་བའི་རྗེས་སུ་མ་གཏོགས་གཏད་ནས་མཐོང་མ་མྱོང་།

རྒྱུ་མཚན་དེ་དག་ལ་བརྟགས་ན་ཀརྨ་པའི་ཤུགས་རྐྱེན་ཨ་མདོའི་ཕྱོགས་སུ་ཐེབས་པ་ཤིན་ཏུ་འཕྱི་བོ་རེད་ཅེས་བཤད་ན། མ་བརྟགས་བྱུང་རྒྱལ་དུ་སྨྲས་པའི་གཏམ་ཡན་ཞིག་ཏུ་འགྱུར་སྲིད་ཀྱང་། ངའི་ཕ་ཡུལ་ཕྱོགས་སུ་ཀརྨ་པའི་ཤུགས་རྐྱེན་ཐེབས་དུས་ཤིན་ཏུ་འཕྱི་བོ་རེད་ཅེས་བཤད་ན་ཤབ་ཤོབ་རྫུན་དུ་འགྱུར་མི་སྲིད་སྙམ། གློ་བུར་ལྟ་བུའི་ངང་བླ་མ་གསར་བ་ཞིག་གི་སྐུ་པར་མཆོད་པའི་ནང་བསླེབས་དགོས་དོན་ནི་སི་ཏུ་རིན་པོ་ཆེ་དང་མཚུར་ཕུ་རྒྱལ་ཚབ་གཉིས་ཀྱིས་ཀརྨ་པ་འཕྲིན་ལས་རྡོ་རྗེ་ཀརྨ་པ་སྐུ་ཕྲེང་བཅུ་དྲུག་པའི་ཡང་སྲིད་དུ་ངོས་འཛིན་བྱེད་ཆེད་༧གོང་ས་མཆོག་གི་མཚན་དུ་མཚན་ཐོ་ཕུལ་ཏེ། ༧གོང་ས་མཆོག་གིས་ཀརྨ་བའི་ཡང་སྲིད་དུ་ངོས་འཛིན་བྱས་པའི་རྒྱུ་མཚན་གཅིག་དང་། ཀརྨ་པའི་མཚན་དང་སྙན་གྲགས་དབུས་ཁམས་གཉིས་ལ་ཆེན་པོ་ཡོད་པའི་རྒྱུ་མཚན་བཅས་མདོར་ན་༧གོང་ས་མཆོག་གི་མཛད་པ་ལས་ཀརྨ་པ་སྐུ་ཕྲེང་བཅུ་བདུན་པ་འདི་བོད་མདོ་དབུས་ཁམས་གསུམ་གྱི་སྤྱི་བླ་ཞིག་ཏུ་གྱུར་བ་རེད་དོ་སྙམ། དེའི་ཕྱིར། ངའི་ཕ་ཡུལ་ནས་ཉི་ཟླ་སྐར་གསུམ་ལྟ་བའི་བླ་མ་དཔེ་རུ་འདྲེན་སྐབས་༧གོང་ས་མཆོག་དང་པཎ་ཆེན་པོ་ཆེ་ཀརྨ་པ་བཅས་འདྲེན་ཞིང་དེ་ལྟར་པར་དུའང་བསྒྲིགས་ཡོད་པ་མཐོང་རྒྱུ་ཡོད། ཉེ་བའི་ལོ་འགའ་ཞིག་གི་སྔོན་དུ་ཕ་ཡུལ་གྱི་མི་མང་པོ་ཞིག་སྔ་རྗེས་སུ་རྒྱ་གར་དུ་འབྱོར་ཅིང་། ཁོང་ཅག་འདིར་འབྱོར་བ་ནས་དམིགས་ཡུལ་ཆེན་པོ་གཉིས་ཡོད་པ་ལས་གཅིག་ནི་༧གོང་ས་མཆོག་དང་ས་སྐྱ་བདག་ཆེན་ཀརྨ་པ་བཅས་ལ་མཇལ་ཁ་ཞུ་རྒྱུ་དང་གཉིས་ནི་གནས་མཇལ་ལ་འགྲོ་རྒྱུ་དེ་རེད། དེར་བལྟས་པས་ཀྱང་ཀརྨ་པ་ལ་འཛིན་པའི་དད་པའི་གནས་ཚད་གང་འདྲ་ཞིག་ཡིན་པ་བདེ་བླག་ཏུ་རྟོགས་ཐུབ་ཀྱི་འདུག འོན་ཀྱང་། ཡིད་ཕམ་པ་ཞིག་ལ་ལོ་འགའ་ཞིག་གི་སྔོན་ནས་བཟུང་ཀརྨ་པར་གླེང་གཞི་ཆེན་པོ་ཞིག་བྱུང་སྟེ། རྒྱ་གར་དུ་སྡོད་མ་ཐུབ་པར་ད་ལྟ་ནུབ་ཕྱོགས་སུ་གནས་མུས་རེད། མི་འགའ་ཞིག་གིས་གླེང་གཞི་དེ་རྫུན་རེད་ཅེས་བཤད་མཁན་དང་འགའ་ཞིག་གིས་དེ་བདེན་པར་རློམ་བཞིན་འདུག གང་ལྟར་བདེན་ནམ་རྫུན་གང་ཞིག་ཡིན་རུང་གླེང་གཞི་དེ་འདྲ་ཞིག་བྱུང་བ་ནས་བཟུང་མི་མང་པོ་ཞིག་ཡིད་ཆད་ཅིང་བློ་ཕམ་པར་གྱུར་ཏེ། མི་རེ་བ་ཅན་ལ་བཞག་པའི་རེ་བ་མཐོན་པ་དེ་རྨང་ནས་ཞིག་འགོ་བརྩམས་སོང་། ད་ལྟ་ཕན་ཆད་སུས་ཀྱང་གླེང་གཞི་དེ་བདེན་པ་རེད་ཅེས་བཤད་ཐག་བཅད་མེད་ལ་ཡང་རྫུན་པ་ཡིན་པའི་རྟིང་ཐག་ཀྱང་བཅད་མེད། དེ་ལྟར་ལས་སླ་བོའི་སྒོ་ནས་ཐག་གཅོད་བྱེད་ཀྱང་མི་ཐུབ་སྟེ། ཀརྨ་པ་སྒེར་གྱི་གནད་དོན་དེ་སྒེར་གྱིས་ཐག་གཅོད་པ་དགོས་པ་ལས་གཞན་ལ་དེའི་འོས་བབས་བཏད་ནས་མེད། དེ་ལྟར་ཡང་ཀརྨ་པ་ལགས་ཀྱིས་ལྡོག་སྟེ་ལོ་འདི་དག་གི་ནང་དུ་བོད་མི་རྣམས་ལ་ཚུར་ཞལ་གཏད་ནས་ཡུས་ཤོད་ཀྱིན། སྐུ་སྒེར་གྱི་གནད་དོན་རྣམས་བོད་མི་རྣམས་ཀྱི་ཐོག་ཏུ་འགེལ་བཞིན་རང་ཉིད་དཀར་འདོན་བྱེད་པའི་སྟ་གོན་བྱེད་ཀྱིན་པ་མིན་ནམ་སྙམ། དེ་བས། གླེང་གཞི་དེ་ནི་གླེང་གཞི་ཙམ་དུ་འགྱུར་བའི་གོ་སྐབས་ཉུང་ཞིང་ནམ་ཞིག་བདེན་དོན་ཞིག་ཏུ་འགྱུར་ངེས་པའི་སྐབས་ཤིག་ཀྱང་འཆར་ངེས་པ་མ་ཡིན་ནམ་ཞེས་འདྲི་སྙིང་འདོད་དོ།།

བསམ་ཚུལ།

Post navigation

Previous Post: དོན་དངོས་འདི་རེད།
Next Post: འགྲོ་ཁ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme