Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བསྟན་སྲིད་ཀྱི་ཞབས་རིམ་གསོག་སྒྲུབ་དང་མཆོད་འབུལ་རྒྱ་ཆེ་གནང་སོང་།

Posted on 2014-04-052014-04-05 By ཁ་བརྡ་ 7 Comments on བོད་བསྟན་སྲིད་ཀྱི་ཞབས་རིམ་གསོག་སྒྲུབ་དང་མཆོད་འབུལ་རྒྱ་ཆེ་གནང་སོང་།

གནས་ཚུལ་གཏོང་མཁན། རྒྱལ་མཚན་ཆོས་གྲགས།

unnamed

རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་ངོས་ནས་བོད་བསྟན་སྲིད་ཀྱི་ཞབས་རིམ་གསོག་སྒྲུབ་དང་མཆོད་འབུལ་རྒྱ་ཆེ་གནང་སོང་།

ཕྱི་ལོ་༢༠༡༤ ཕྱི་ཟླ་༤ ཚེས་༣ ཉིན་རྒྱ་གར་ལྷོ་ཕྱོགས་སྦེལ་ཀོབ་ཁུལ་དུ་རྟེན་གཞི་བྱས་པའི་ཆོལ་གསུམ་བོད་རིགས་གསར་འབྱོར་སྐྱིད་སྡུག་ཚོགས་པ་དབུ་བརྙེས་ཏེ་ལོ་ངོ་ཧྲིལ་པོ་གཅིག་འཁོར་བའི་དུས་དྲན་གྱི་མཛད་སྒོ་དང་ཆབས་ཅིག གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚེ་མཛད་འཕྲིན་དང་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་མཁན་ཡོངས་ཀྱི་ཆེད་དུ་མར་མེ་སྟོད་མཆོད་ཀྱི་མཆོད་འབུལ་དང་སྨོན་ལམ་གསོག་སྒྲུབ་གནང་སོང་། ཚོགས་མི་བརྒྱ་ལ་ཉེ་བ་ཞིག་མཉམ་ཞུགས་གནང་འདུག དེ་ཡང་ཐོག་མར་སྔ་དྲོ་ཕྱག་ཚོད་དགུ་པ་ཡོལ་ཙམ་ནས་དཀར་ཕྱོགས་སྐྱོང་བའི་ལྷ་སྲུང་རྣམས་ལ་གསང་གསོལ་ཟབ་རྒྱས་ཞུས་པ་དང་། དེ་ནས་ཚང་མ་སྐུ་བཞེངས་ཐོག་མགྲིན་དབྱངས་གཅིག་ཏུ་བོད་རྒྱལ་ཁབ་ཆེན་པོའི་རྒྱལ་གླུ་དང་བདེན་ཚིག་སྨོན་ལམ་གྱེར་འདོན་དང་བོད་བསྟན་སྲིད་མི་རིགས་ཆེད་བློས་གཏོང་གནང་བའི་རྒྱལ་གཅེས་ཕོ་མོ་ཡོངས་ཀྱི་ཆེད་སྐར་མ་གཉིས་རིང་ངག་བཅད་མྱ་ངན་གུས་བཏུད་ཞུས་གནང་རྗེས། ཆོལ་གསུམ་བོད་རིགས་གསར་འབྱོར་སྐྱིད་སྡུག་ཚོགས་པའི་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་ནས་ལས་རིམ་སྐོར་ལ་ངོ་སྤྲོད་གནང་བ་དང་། སེ་ར་ཐེག་ཆེན་གླིང་གི་མཁན་ཚབ་སེར་སྨད་དགེ་བཤེས་བློ་བཟང་ཆོས་འཕགས་ལགས་ནས་ནང་ཆོས་ངོ་སྤྲོད་གནང་གྲུབ་བསྟུན་ཚོགས་མི་ཚོས་གོང་ས་མཆོག་གི་སྐུ་ཚེ་འཛད་འཕྲིན་དང་བོད་བསྟན་སྲིད་ཆེད་བློས་གཏོང་གནང་མཁན་རྣམས་ཀྱི་ཆེད་མར་མེ་སྟོད་མཆོད་འབུལ་བཤམས་གནང་བའི་མདུན་ཞབས་རིམ་ཁག་གསོག་སྒྲུབ་གནང་སོང་།
སྦེལ་ཀོབ་ལ་རྟེན་གཞི་བྱས་པའི་ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་སྐོར་ལ་ཚོགས་གཙོ་བཀྲིས་དོན་གྲུབ་ལགས་སུ་བཅར་འདྲི་ཁག་ཅིག་ཞུས་ཡོད།

unnamed-1དྲི་བ། ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པ་དེ་ག་དུས་དབུ་བརྙེས་པ་དང་ཚོགས་པ་འཛུགས་དགོས་པའི་དམིགས་ཡུལ་སྐོར་ལ་ངོ་སྤྲོད་གནང་རོགས།
ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པ་ནི་ ༢༠༡༣ ཕྱི་ཟླ་ ༣ ཚེས་༣ ཉིན་སྦལལ་ཀོབ་ས་སྐྱའི་དགོན་པར་དབུ་བརྙེས་པ་དང་རྩ་འཛིན་སྒྲིག་གཞི་ཁག་སྤྱི་མོས་གཏན་འབེབས་གནང་བ་དང་ལོ་དེའི་ཕྱི་ཟླ་༤ པའི་ཚེས་༣ ནས་ལག་བསྟར་བྱེད་འགོ་བཙུགས་པ་རེད། ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པ་གསར་འཛུགས་བྱེད་དགོས་དོན་གྱི་དམིགས་ཡུལ་དང་རྒྱབ་ལྗོངས་ནི་འཚོ་བའི་དཀའ་ངལ་ཡོད་པ་དང་དེ་བཞིན་འཕྲོད་བསྟེན་དང་ཤེས་ཡོན་མཐུན་རྐྱེན་གྱི་དཀའ་ངལ་ཡོད་རིགས་ཀྱི་གསར་འབྱོར་ལ་གཅིག་ཕན་གཅིག་གྲོགས་བྱེད་རྒྱུ་དང་སྤྱིར་བོད་རིགས་ཡོངས་ལ་མཐུན་ལམ་བྱ་རྒྱུ་བཅས་ཡིན་པའི་འགྲེལ་བརྗོད་གནང་སོང་།

དྲི་བ། གསར་འབྱོར་ཚོར་དམིགས་བསལ་དཀའ་ངལ་ཆེ་ཤོས་ག་རེ་ཕྲད་ཀྱི་ཡོད་དམ།
ལན། གསར་འབྱོར་ཚོར་དམིགས་བསལ་དཀའ་ངལ་ཆེ་ཤོས་ནི་སྡོད་སའི་ཁང་པ་མེད་པ་དང་ལྷག་པར་དུ་འདིར་ཡོད་པའི་གསར་འབྱོར་མང་ཆེ་བ་ཤེས་ཡོན་གནས་ཚད་མེད་མཁན་ཡིན་སྟབས་ཉིན་མོ་ཕྱི་ལ་ལ་ཕིང་འཚོང་རྒྱུ་དང་ཟ་ཁང་སོགས་ནང་ཉིན་གང་ཕྱི་ལ་ལས་ཀ་བྱེད་པར་འགྲོ་དགོས་དུས་སྔ་དགོངས་ཕྲུ་གུ་ལ་ཤེས་ཡོན་སྤྲོད་རྒྱུར་འཐུས་ཤོར་འགྲོ་བ། བཅས་དཀའ་ངལ་ཆེ་ཤོས་དེ་གཉིས་རེད་འདུག བྱས་ཙང་སྔ་དགོངས་ཕྲུ་གུ་ལ་སློབ་སྦྱོང་འཐུས་ཤོར་མ་འགྲོ་ཆེད་ཕྲུ་གུ་རྣམས་བོད་གཞུང་གི་སློབ་གྲྭར་འཚུད་ཐབས་ཀྱི་རེ་བ་བྱེད་ཀྱི་ཡོད།

དྲི་བ། དཀའ་ངལ་དེ་དག་སེལ་ཆེད་ད་ལྟ་བར་ཐབས་ཤེས་ག་འདྲ་བྱས་ཡོད་དམ།
ལན། དཀའ་ངལ་དེ་སེལ་ཐབས་ལ་བོད་གཞུང་མང་རྒྱལ་ཡོངས་ཚོགས་ཆེན་ཐེངས་དང་པོ་ཚོགས་པ་ནས་བཟུང་སྙན་ཞུ་རབ་དང་རིམ་པ་ཕུལ་ཡོད་པ་རེད་མི་སྒེར་སོ་སོ་ངོས་ནས་ཀྱང་དངས་བླངས་ཐོག་ནས་སྙན་ཞུ་རབ་དང་རིམ་པ་ཕུལ་ཡོད་པ་རེད། ད་ལྟ་སྙན་ཞུ་ཐེངས་ལྔ་པ་དྲུག་པ་ཅིག་ལ་སླེབས་ཡོད། ཉེ་ཆར་ནང་སྲིད་བཀའ་བློན་མཆོག་དང་དྲུང་ཆེ་རྣམ་གཉིས་སྦེལ་ཀོབ་ལ་ཆིབས་བསྒྱུར་གནང་ཡོད་པ་རེད། དེ་དུས་དུས་ཚོད་སྟབས་འགྲིགས་པའི་རྐྱེན་གྱིས་ནང་སྲིད་བཀའ་བློན་སྦེང་ལོར་དུ་ཕེབས་ཚར་འདུག དེ་དུས་ང་རང་ཆེད་མངགས་སྦེང་ལོར་དུ་ཕྱིན་ནས་ནང་སྲིད་བཀའ་བློན་སར་བཅར་ཏེ་བདེ་སྡུག་གནས་ཚུལ་ཞུས་པ་དང་ཁོང་གིས་ཀྱང་ལམ་སྟོན་བཀའ་སློབ་གནང་བྱུང་། དེའི་ཐོག་ནས་ཁོང་གིས་སྦེལ་ཀོབ་དང་ལྷག་པར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གསར་འབྱོར་བ་ཚང་མར་མ་འོངས་སྡོད་ཁང་རེ་སྐྱབས་འཇུག་གནང་གི་ཡིན་གསུངས་བྱུང་ད་ལྟ་ཐབས་ལམ་དེ་འདྲ་ཞིག་སྒང་འགྲོ་བསྡད་ཡོད། ད་ག་ནང་བཞིན་ཁྲིམས་སྒྲིག་གཞི་གཞིར་གཞག་ཐོག་ས་གནས་དང་། ནང་སྲིད་དང་བཀའ་ཤག་སྤྱི་འཐུས་ལྷན་ཁང་བཅས་ལ་སྐྱབས་འཇུག་ཞུ་མུས་ཡིན།་

unnamed-2དྲི་བ། སྦེལ་ཀོབ་ཆོལ་གསུལ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་རྩ་འཛིན་སྒྲིག་གཞི་ནང་གསལ་ད་ལྟ་བར་ལས་དོན་གང་དང་གང་སྒྲུབ་ཡོད་དམ།
ལན། གསར་འབྱོར་སྐྱིད་སྡུག་ཚོགས་པ་དབུ་བརྙེས་པའི་བརྒྱུད་རིམ་ནང་ད་ལྟ་བར་ཆོལ་ཁ་གསུམ་གྱི་འོས་བླུགས་པའི་རྒྱུན་ལས་བརྒྱད་ཡོད། དེའི་ཐོག་ནས་ང་ཚོས་དབུ་བརྙེས་པའི་ཉིན་དང་པོ་ནས་བཟུང་ལས་གཞི་དང་པོ་དེ་སྐྱབས་མགོན་རིན་པོ་ཆེའི་སྐུའི་འཁྲུངས་སྐར་ལ་གཞས་ཞབས་བྲོ་འཁྲུབ་སྟོན་ཞུ་རྒྱུ་དང་བརྟན་བཞུགས་སྐབས་ལ་མཉམ་ཞུགས་བྱ་རྒྱུའི་གོ་སྒྲིག་ཅིག་གནང་ཡོད་པ་རེད། དུས་ཚོད་དང་དེ་འདྲའི་དབང་གིས་ད་ལྟ་བར་བརྟན་བཞུགས་ལ་མཉམ་ཞུགས་བྱེད་ཡས་རགས་ཡོད་མ་རེད། ཡིན་ན་ཡང་གཞས་ཞབས་བྲོ་ཕུལ་ཡས་ལེགས་གྲུབ་བྱུང་ཡོད། གཉིས་ནས། སྐྱིད་སྡུག་ཚོགས་པ་དབུ་བརྙེས་པའི་རྗེས་ཕྲུ་གུ་ཁ་ཤས་སྦག་སྦག་བརྡབ་སྐྱོན་བྱུང་བའི་རིགས་དང་དེ་མིན། སྒེར་སོ་སོ་ལ་ཕྲུ་གུ་སློབ་གྲྭར་སྐྱེལ་བར་ཚོགས་པའི་ངོས་ནས་རྒྱབ་གཉེར་དགོས་རིགས་ལ་རྒྱབ་གཉེར་ཕུལ་བ་སོགས་གང་ཐུབ་ཐུབ་ཞུས་ཡོད།
གཞན་ཡང་གསར་འབྱོར་སྐྱིད་སྡུག་ཚོགས་པར་ཞལ་འདེབས་ཕྲན་བུ་བྱུང་ཡོད་པ་དེ་གཏོང་ས་ཡག་པོ་ཅིག་ལ་གཏོང་དགོས་པའི་སྐད་ཆ་བྱུང་བ་ལྟར་འདི་ལོའི་ལོ་གསར་སྐབས་བོད་གཞུང་སློབ་གྲྭའི་ནང་ཡོད་པའི་བོད་ནས་བསླེབས་པའི་གུང་སེང་འགྲོ་ས་མེད་པའི་ཕྲུ་གུ་༡༩ ལ་ཉིན་གཅིག་གི་ཞལ་ལག་དང་འཆམ་འཆམ་འཁྲིད་པ་བཅས་སྐྱིད་སྡུག་དབུ་བརྙེས་པ་ནས་ད་ལྟའི་བར་གྱི་བརྒྱུད་རིམ་དེ་འདྲ་ཞིག་ཡིན།
མཐའ་དོན་བརྗོད་རྒྱུར་གསར་འབྱོར་སྐྱིད་སྡུག་ཚོགས་པ་དེ་སྦེལ་ཀོབ་གསར་འབྱོར་ཁོ་ནའི་ཆེད་དུ་མིན་པར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གསར་འབྱོར་ཚང་མའི་དཀའ་ངལ་སེལ་ཆེད་བཙུགས་པ་ཞིག་ཡིན། ད་ལྟ་བར་སྙན་ཞུ་རབ་དང་རིམ་པ་ཕུལ་བ་ཚང་མ་རྒྱ་བལ་འབྲུག་གསུམ་གྱི་གསར་འབྱོར་མི་མང་ཚང་མའི་བདེ་སྡུག་ཆེད་དུ་ཡིན་པ་ལས་སྦེལ་ཀོབ་གཅིག་པོའི་ཆེད་དུ་དཀའ་ངལ་འདུག་ཟེར་ནས་ད་ལྟ་བར་སྙན་ཞུ་ཕུལ་མྱོང་མེད་ ང་ཚོའི་ཚོགས་པ་དེ་སྦེལ་ཀོབ་ལ་གནས་ཡོད་ཀྱང་སྐྱིད་སྡུག་ནང་ཀོ་ལི་གལ་དང་སྦེང་ལོར་ལྡི་ལི་སོགས་ནས་ཕེབས་པ་དེ་འདྲ་ཡང་ཁ་ཤས་ཡོད་པ་རེད། མཉམ་ཞུགས་བྱེད་མཁན་ནང་རྒྱ་བལ་འབྲུག་གསུམ་གང་ནས་ཡིན་ཀྱང་དབྱེ་བ་མེད་པར་འཛུགས་ཞུགས་བྱེད་ཆོག་གི་ཡོད་ཅེས་འགྲེལ་བརྗོད་་གནང་བྱུང་།

དྲི་བ། ཆོལ་གསུམ་གསར་འབྱོར་སྐྱིད་སྡུག་ཚོགས་པའི་ནང་ཚོགས་མི་ག་ཚོད་ཡོད་པ་དང་ཚོགས་པའི་ནང་འཛུལ་ཞུགས་བྱེད་པར་ཆ་རྐྱེན་དེ་འདྲ་ཡོད་དམ།
ལན། ད་ལྟའི་ཆར་ཆོལ་གསུམ་གསར་འབྱོར་སྐྱིད་སྡུགས་ཚོགས་པའི་ནང་ཚོགས་མི་ ༣༣༧ ཡོད་པ་དང་ཚོགས་པའི་ནང་ཞུགས་པར་ཆ་རྐྱེན་དོན་ཚན་ལྔ་ཚང་དགོས་ཀྱི་ཡོད་པའི་ནང་ནས་གལ་ཆེ་ཤོས ༡༽གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་བཀའ་དགོངས་འོག་ཤར་སྐྱོད་བྱ་མཁན་ཡིན་པ། ༢༽བཙན་བྱོལ་བོད་མིའི་བཅའ་ཁྲིམས་ལ་བརྩི་སྲུང་དངས་ལེན་བྱེད་དགོས་པ། ༣༽རྒྱ་གར་གྱི་ཡུལ་ཁྲིམས་ལ་སྲུང་བརྩི་དངས་ལེན་བྱེད་དགོས་པ་རེད།

བཅར་འདྲི།

Post navigation

Previous Post: འཇུ་ཆེན་ལོ་རྒྱུས་པར་སྐྲུན་ལེགས་གྲུབ་ཀྱི་དགའ་སྟོན་འདུ་འཛོམས།
Next Post: མཛེས་དགའ་བོའི་རྟོགས་པ་བརྗོད་པ།

Comments (7) on “བོད་བསྟན་སྲིད་ཀྱི་ཞབས་རིམ་གསོག་སྒྲུབ་དང་མཆོད་འབུལ་རྒྱ་ཆེ་གནང་སོང་།”

  1. སྤོབས་པ་མཐའ་ཡས། says:
    2014-04-05 at 6:32 pm

    གོང་ས་མཆོག་གི་བཀའ་དགོངས་འོག་ལ་ཤར་སྐྱོད་བྱེད་དགོས་ཟེར་བ་དེ་ཕྱིར་འཐེན་བྱས་ན་ཡག་ས་རེད། གང་ཟག་སྒེར་བ་ཞིག་གི་བཀའ་བཀོད་འོག་ལ་འགྲོ་དགོས་ཟེར་དུས་དེང་རབས་ཀྱི་འཇིག་རྟེན་ལ་མཐོང་རྒྱ་ཡོད་མཁན་ཞིག་གིས་ཉན་དུས་སྙན་པོ་ཁྱོན་ནས་མི་འདུག བོད་མིའི་སྒྲིག་འཛུགས་ཀྱི་ལམ་སྟོན་འོག་ལ་འགྲོ་མཁན་ཞིག་དགོས་ཟེར་ན་དེ་ལས་དྲག་གི་རེད། གསར་འབྱོར་སྐྱིད་སྡུག་ཡིན་ན་དེའི་སྒྲིག་འཛུགས་ཀྱི་སྒྲིག་ཁྲིམས་དང་ལངས་ཕྱོགས་ཡོད་དགོས་པ་དེ་གལ་ཆེན་རེད། གཙོ་ཆེར་དང་བླངས་ཀྱི་ལས་ཀ་བྱེད་མཁན་ཐོན་ཐུབ་ན་ཕན་ཐོགས་ངེས་རེད།

  2. བཙན་པོ། says:
    2014-04-05 at 7:22 pm

    ཚོགས་པ་གང་ཞིག་ཡིན་ན་ཆོག་བོད་སྤྱི་ལ་ཕན་པའི་ལས་ཀ་ཆེ་ཆུང་གང་འདྲ་བྱེད་ཐུབ་ན་རྗེས་སུ་ཡིད་རངས་ཡོད། རེད་དེ་ད་སྐབས་སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་ཁོ་ན་འབད་བཞིན་པའི་མི་ཧ་ཅང་མང་། ལོ་ལྔ་དྲུག་ཅིག་ཡར་སྔོན་རྡ་ས་ནས་བོད་ནང་གིི་ཟིང་འཁྲུག་ལ་བརྟེན་ནས་འགའ་ཞིག་གིས་ཚོང་ཆེན་པོ་བརྒྱབ་ཡོད་པ་རེད། སྐབས་དེར་ངས་ནི་ཚོང་ལམ་དེ་རི་སྒང་འདི་ཁོ་ནས་དོན་ཉེར་བྱེད་བཞིན་ཞིག་ཡིན་པར་འདོད། དེའི་རྗེས་ནས་ཕྱི་རྒྱལ་ཁག་གི་བོད་མི་ཚོའི་བྱེད་ཕྱོགས་ལ་དོ་སྣང་བྱུང་། ཨ་རི་དང་ཡོ་རོབ་ཁག་གི་བོད་མི་ཚོའི་བྱེད་སྟངས་དེ་ལས་བཙོག་གི བོད་དོན་དང་བོད་མི་རིགས་གླེང་བཞིན་སྒེར་དོན་སྒྲུབ་མཁན་ཁེངས་བསྡད་འདུག ད་མི་གླེང་མགོ་ན་བྱེད་རེད།

  3. བཙན་བྱོལ་བ་ says:
    2014-04-05 at 9:21 pm

    གསར་འབྱོར་བ་རྣམས་ཉམ་ཐག་རེད་ཟེར་ན་ངས་ངོས་ལེན་བྱེད་མི་ཐུབ། རྒྱུ་དཔལ་འབྱོར་དང་འཚོ་བའི་མཐུན་རྐྱེན་དཀའ་ངལ་གང་ཡང་མི་འདུག ཡིད་མི་ཆེས་ན་འགྲོ་འདུག་སྤྱོད་གསུམ་གྱི་གོམས་གཤིས་ལ་གཟིགས་དང་གསལ་པོ་མཁྱེན་ངེས། དཀའ་ངལ་ཡོད་པ་ཙམ་རྒྱུ་མཚན་དུ་བྱེད་ན་ཧི་མ་ལ་ཡ་མི་རིགས་དང་གཞིས་ཆགས་པའི་སྐྱིད་སྡུག་ཚོགས་པ་ཞིག་ཀྱང་འཛུགས་དགོས་པར་སེམས་སོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2014-04-05 at 10:47 pm

    ་་་་་་་་ མཐའ་དོན་བརྗོད་རྒྱུར་གསར་འབྱོར་སྐྱིད་སྡུག་ཚོགས་པ་དེ་སྦེལ་ཀོབ་གསར་འབྱོར་ཁོ་ནའི་ཆེད་དུ་མིན་པར་རྒྱ་བལ་འབྲུག་གསུམ་ནང་ཡོད་པའི་གསར་འབྱོར་ཚང་མའི་དཀའ་ངལ་སེལ་ཆེད་བཙུགས་པ་ཞིག་ཡིན། ད་ལྟ་བར་སྙན་ཞུ་རབ་དང་རིམ་པ་ཕུལ་བ་ཚང་མ་རྒྱ་བལ་འབྲུག་གསུམ་གྱི་གསར་འབྱོར་མི་མང་ཚང་མའི་བདེ་སྡུག་ཆེད་དུ་ཡིན་པ་ལས་སྦེལ་ཀོབ་གཅིག་པོའི་ཆེད་དུ་དཀའ་ངལ་འདུག་ཟེར་ནས་ད་ལྟ་བར་སྙན་ཞུ་ཕུལ་མྱོང་མེད་་་་་་་་

  5. ཀརྡོ་གཉེར་ཕྱག་པ་ says:
    2014-04-05 at 10:50 pm

    དེང་སང་སྤོབས་མཐའ་སེམས་ཤུགས་ཆགས་ནས། དོན་ཚན་དང་པོ་མི་དགོས་ཟེར་བ་དེ་ནོར་བ་རེད་སྙམ། འདིར་ལྔ་ཡོད་པ་ལན་འདེབས་ནང་ནས། གསུམ་ལས་ཕྱི་མ་གཉིས་གསལ་ཁ་སྟོན་མི་འདུག་པས་་་་ ཅིག་གིས་་་་་

  6. ཀརྡོ་གཉེར་ཕྱག་པ་ says:
    2014-04-05 at 10:59 pm

    # 1 སྤོབས་པ་མཐའ་ཡས།་ལགས་ཀྱིས་མཆན་བཏབ་པ།:
    April 5th, 2014 at 6:32 PM
    གོང་ས་མཆོག་གི་བཀའ་དགོངས་འོག་ལ་ཤར་སྐྱོད་བྱེད་དགོས་ཟེར་བ་དེ་ཕྱིར་འཐེན་བྱས་ན་ཡག་ས་རེད། ་་་་
    འདིས།
    སྤོབས་པ་མཐའ་ཡས་ལགས་ཀྱང་། གསར་འབྱོར་བ་ཡིན་པ་དང་། བོད་རང་བཙན་ལ་བློ་ཁ་འགྲིམ་དྲགས་པ། ད་ལྟའི་བོད་རིགས་དཀའ་ངལ་ཛ་དྲག་པོ་དེ་མ་རྟོགས་པ་དང་། བོད་ཀྱི་ནང་ཆོས་ལ། དད་མོས་ཆུང་དྲགས་པའི་རྐྱེན་གྱིས་རེད་སྙམ་ལགས།
    སྤོབས་མཐའི་སྤོབ་སཔ་དང་ལ་རྒྱད་དང་། སེམས་ཤུགས་སྔར་ལས་ལྷག་པ། འོང་བའི་སྨོན་འདུན་དང་བཅས་མཆན་བུ་འདི་དྲ་གྲོགས་རྙིང་པ་སྤོབས་མཐར་ཕུལ་ལོ། །།

  7. བློ་བཟང་རིག་འཛིན། says:
    2014-04-06 at 4:02 pm

    བཙན་པོའི་གསུང་པ་དེ་བདེན་པར་སྣང་། སྔོན་མ་ལི་ཐང་སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རྒྱ་མིས་བཙོན་འཇུག་བྱེད་སྐབས། ཨ་རི་ནེའུ་ཡོག་ན་ཡོད་པའི་ལི་ཐང་དགེ་བཤེས་བསྟན་པ་ཟེར་བ་ཞིག་གིས་བཙོན་གྲོལ་སྐད་འབོད་ལ་ཁ་གཡར་ནས་ཨ་རིའི་ནང་ཁུལ་དང་ཡུ་རོབ་ཕྱོགས་སུ་བསྐྱོད་ནས་བོད་པའི་ཚོགས་པ་དང་ཆོས་ཚོགས་མང་པོ་ཞིག་གི་ལས་ཤོག་བརྐུས་ནས་བོད་པ་མང་པོར་བཙོང་ནས་ཕྱི་རྒྱལ་ལ་འཐེན་འདུག་ཟེར། དངོས་གནས་སེམས་སྐྱོ་དགོས་པ་ཞིག་མ་རེད་པས་ལགས། ཞབས་འདྲེན་དེ་ད་ལྟ་ནེའུ་ཡོག་ཆུ་སྒང་གི་རྒྱུན་ལས་ཤིག་ཡིན་པར་བཤད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (70)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme