Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་བརྒྱུད་ནང་བསྟན་ཆོས་ལུགས་དབུ་འཁྲིད་རྣམས་ལ།

Posted on 2018-11-21 By ཁ་བརྡ 7 Comments on བོད་བརྒྱུད་ནང་བསྟན་ཆོས་ལུགས་དབུ་འཁྲིད་རྣམས་ལ།

བསྟན་པའི་རྒྱལ་མཚན་ནས།
 
དེང་འཛམ་གླིང་ནང་དུ་བོད་བརྒྱུད་ནང་བསྟན་འདི་བཞིན་བསྟན་པ་མདོ་སྔགས་ཟུང་འབྲེལ་ཆ་ཚང་ཞིང་སྤུས་དག་ཡིན་པ་བློ་སྤོབས་བྱེད་བཞིན་པ་གང་ལེགས་ལ། འོན་ཀྱང་བོད་བརྒྱུད་ནང་བསྟན་ནང་གི་འགོ་ཆོས་བརྒྱུད་ཀྱི་དབུ་འཁྲིད་རྣམས་ནས་བླ་སྤྲུལ་མཁན་པོ་དགེ་བཤེས་གྲྭ་བཙུན་སྔགས་པ་སོགས་མང་པོ་ཡོད་པ་ཚང་མ་ལ་སྤྱི་དང་སྒེར་གྱི་འགན་ཆེན་པོ་ཡོད་པར་བརྟེན་དུས་རབས་ཉེར་གཅིག་པ་དང་མཚུངས་པའི་ནང་པ་ཡིན་རྒྱུ་གལ་ཆེ་བར་སོང་གཤམ་གྱི་འབོད་བསྐུལ་དོན་གནད་རྣམས་ལ་དགོངས་པ་རྒྱ་ཆེན་པོ་བཞེས་རོགས་ཞུ།

༼དང་པོ་༽ བླ་མའི་ཡང་སྲིད་ངོས་འཛིན་བྱེད་ལུགས་འདི་བཞིན་རིང་མིན་མཚམས་འཇོག་བྱས་ན་མ་གཏོགས་རྨོངས་དད་ཁོ་ནའི་དབང་གིས་ཡང་སྲིད་ངོས་འཛིན་བྱེད་ལུགས་འདི་ལས་རྙོག་གླེང་ཤ་སྟག་མ་གཏོགས་མེད་པ་ཉམས་མྱོང་མངོན་སུམ་གྱི་གྲུབ་པར་སོང་རིང་མིན་དམར་ཤོག་དབང་འཛིན་པས་བཀོད་པའི་སྐུ་ཕྲེང་བཅོ་ལྔ་པ་གཏན་འཁེལ་ཉེན་རེད།

༼གཉིས་པ་༽ བོད་བརྒྱུད་ནང་བསྟན་འགོ་དམངས་ཡོངས་ནས་དམར་ཟས་ལ་དམ་སྒྲགས་ནན་པོ་བྱས་ནས་དཀར་ཟས་ལ་ཕྱོགས་དགོས་ཐུབ་ན་མ་གཏོགས་ཁ་ནས་གཞན་ཕན་དང་ཡ་རབས་བཟང་སྤྱོད་ཟེར་བཞིན་དོན་དུ་ཤ་ཟ་རྒྱུ་དང་ཁྲག་འཐུང་རྒྱུའི་མཚོན་པའི་སྲོག་གཅོད་མ་སྤངས་པར་འཚེ་མེད་ཞི་བའི་ལམ་ལ་བསྐྱོད་རྒྱུ་ཁ་ཞེ་མི་མཚུངས་པར་སོང་མི་རིགས་མང་པོ་ཞིག་ནས་བོད་པའི་བླ་མ་གྲྭ་བཙུན་ཚོས་ཤ་ཟ་སྟངས་ལ་མཐོང་ཚུལ་སྡུག་ཆག་ཡོད་པ་ཆོས་ཉིད་རེད།

༼གསུམ་པ་༽ སྤྱིར་དགོན་པའི་ནང་ལ་གྲྭ་པ་མང་ན་ཡག་པོ་ཡིན་ཚུལ་ཡོད་ནའང་ཡར་རྩེ་རྣམ་རྒྱལ་གྲྭ་ཚང་དང་གདན་ས་སེ་འབྲས་དགེ་གསུམ་ནས་མར་དགོན་པ་ཆུང་ཆུང་ནང་གི་གྲྭ་པ་ཚོ་བགྲེས་སོང་ཁ་ཤས་མཏོགས་ཕལ་ཆེ་བ་བུ་དང་བུ་མཉམ་པོ་དགའ་བོ་བྱས་ནས་ཉལ་པོ་བྱེད་བསྡད་མཁན་མང་པོ་ཡོད་པ་ཙམ་མ་ཡིན་པར་དགེ་བཤེས་ཕལ་ཆེ་བར་མགྲོན་པོ་རེ་ཉར་སྲོལ་ཡོད་པ་མང་ཚོགས་ནང་མང་པོ་ཞིག་གིས་ཤེས་ནའང་མགོ་རུལ་རྣ་བས་མི་འཚོར་བའི་དཔེ་ལྟར་སྲོལ་ངན་རྒྱུན་འཇགས་ལ་ཕྱིན་ནས་འདི་མུར་བཞག་མི་རུང་། འདི་བཞིན་རང་ཚང་སྐྱོན་ཅན་འདི་འདྲ་ཡོ་བསྲང་མ་བྱས་པ་ལ་བརྟེན་ནས་བླ་མ་སྤྲུལ་སྐུ་གྲྭ་པ་ཁ་ཤས་ནས་ཕྱི་རྒྱལ་བ་དང་རྒྱ་མོ་ལ་བཙན་གཡེམ་བྱས་པའི་ལོ་རྒྱུས་ཚགས་ཤོག་ནང་འགྲེམ་སྤེལ་བྱེད་དང་བྱེད་བཞིན་པའི་གནས་ཚུལ་འདིའི་རྩ་བ་དགོན་པའི་ནང་འདུལ་ཁྲིམས་ཡག་པོ་མེད་ནས་བྱུང་བ་རེད།

༼བཞི་པ་༽ དགོན་པའི་ནང་གི་བླ་མ་སྤྲུལ་སྐུ་མང་པོ་ཞིག་ལ་གསང་ཡུམ་མམ་ཆུང་མའམ་ཟུར་མོ་དེ་འདྲ་ཉར་ནས་དོན་ལ་རྟེན་སྔགས་འཆང་ཡིན་ནའང་མིན་མདོག་མདོག་གིས་སྐྲ་དང་ཁ་སྤུ་བྲེགས་ནས་ཆོས་གོས་རྣམས་གསུམ་འཛེམ་བག་མེད་པར་གྱོན་ནས་ཁྲི་ཆེན་པོའི་སྟེང་དུ་བསྡད་མཁན་མང་བས་འོག་གི་གྲྭ་པ་དཀྱུས་མ་ཚོའང་སྔ་ཕྱི་དང་ཕྱི་ནང་གི་ཁྱད་པར་མ་གཏོགས་དེ་འདྲ་མང་པོ་ཡོད་པ་འདི་ནི་བསྟན་པ་ལ་རྨ་འབྱིན་པའི་རྒྱུ་རྐྱེན་གཙོ་བོ་དེ་རེད།

༼ལྔ་པ་༽ དགོན་པ་ཚོའི་ནང་གཞུང་ཆེན་ཁ་ཤས་ཀྱི་རྩ་བ་བློ་འཛིན་དང་གྲྭ་ས་སོ་སོའི་དཔེ་ཆ་ཁ་ཤས་ངོ་ཤེས་ཙམ་མ་གཏོགས་གཞི་གསུམ་གྱི་ཉམས་ལེན་ཉུང་ཞིང་ཕལ་ཆེ་བ་ཕྱོགས་བསྐྱོད་ཁོ་ན་ལ་གཡེང་ནས་སྒོམ་ཉམས་ལེན་སློབ་མཁན་མེད་པས་དོ་སྣང་བྱེད་མཁན་ཉུང་བས་དེང་སང་དགོན་པའི་ནང་ཆོས་ངོ་སྤྲོད་ཆེད་དུ་ཐུབ་བསྟན་སྦྱིན་པའམ་མགོ་སེར་མཁས་དབང་སྐད་བཏང་དགོས་པ་མཐོང་ཆོས་རེད།

༼དྲུག་པ་༽ དེའང་སྔོན་བོད་དུ་བོན་དང་བན་དེ་འུ་ཐུག་དུས་ལྷ་དང་བཙན་གསོལ་བྱས་ནས་བསྟན་སྲུང་ཡིན་ཁུལ་གྱིས་གནས་ཆུང་དང་བརྟན་མ་བརྟེན་དགོས་པའི་ལུགས་སྲོལ་འདི་བཞིན་ད་ཆ་དེང་རབས་ནང་པའི་མཁས་དབང་རྣམས་མཚན་རིག་མཉམ་བགྲོ་གླེང་བྱེད་བཞིན་དུ་འདི་འདྲ་ལས་ལུང་བརྟན་ཞུ་རྒྱུ་འདི་མཚམས་འཇོག་བྱེད་དགོས་པ་མངོན་སུམ་རེད།

འདི་རྣམས་རང་ཉིད་བོད་རིགས་ཤིག་ཡིན་པའི་དབང་གིས་ཞུས་པ་ལས་གཞན་ཕྱི་མི་མང་པོས་མཐོང་ཚུལ་འདི་འདྲ་མང་པོ་ཡོད་རེད། ཁོང་ཚོ་ངེད་ཚོར་གྲོགས་པོ་ཡིན་པས་མ་ལབ་པ་ཙམ་ལས་གོང་གི་གནད་དོན་འདི་རྣམས་བོད་བརྒྱུད་ནང་བསྟན་དབུ་འཁྲིད་ཚོས་དགོངས་པ་ནན་པོ་བཞེས་ནས་ལེགས་བཅོས་དང་བཅོས་བསྒྱུར་གནང་ཐུབ་ན་དགེ་བར་མཐོང་བས་ལྷག་བསམ་གྱིས་འཇར་མི་ནིར་གནས་བསྡོད་གུས་བསྟན་པའི་རྒྱལ་མཚན་ནས་བྲིས་ཏེ་ཕུལ་ན་ལགས།

བསམ་ཚུལ།

Post navigation

Previous Post: ཨོ་ཏནྟ་པཱུ་རིའི་གཙུག་ལག་ཁང།
Next Post: དེབ་ཐེར་ནག་པོ་འདི་ནས་ཕབ་ལེན་གནང་རོགས།

Comments (7) on “བོད་བརྒྱུད་ནང་བསྟན་ཆོས་ལུགས་དབུ་འཁྲིད་རྣམས་ལ།”

  1. ཀརྡོ་རབ་འབྱམས་པ་ says:
    2018-11-21 at 7:20 am

    དོན་ཚན་དང་པོར་རྒྱབ་སྐྱོར་མེད། གསུམ་པ་བདེན་པ་མ་རེད། ཆོས་བརྒྱུད་གཞན་ལ་མ་དད་ནས་ཕྲག་དོག་དང་། སྡང་ཟུག་གིས་བཤད་ཡམ་རེད།

  2. ཀརྡོ་རབ་འབྱམས་པ་ says:
    2018-11-21 at 7:32 am

    https://www.facebook.com/ngawangtashirutog/videos/pcb.2324838690877383/2324833844211201/?type=3&theater

  3. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-11-22 at 12:47 am

    བསམ་ཚུལ་ལེགས་པོ་འདུག་ཀྱང་གློད་ན་རྫ་མ་ཆག་མ་གློད་ན་ལག་པ་ཚིག་ཟེར་བའི་གཏམ་དཔེ་དེ་དྲན་བྱུང།

  4. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-11-22 at 9:29 pm

    བསམ་ཚུལ་ལེགས་པོ་འདུག་ཀྱང་གློད་ན་རྫ་མ་ཆག་འཇུས་ན་ལག་པ་ཚིག་ཟེར་བའི་གཏམ་དཔེ་དེ་དྲན་བྱུང།

  5. རང་བྱུང་རིག་པའི་རྡོ་རྗེ says:
    2018-11-23 at 12:39 am

    སྤྲུལ་སྐུ་ངོས་འཛིན་བྱེད་རྒྱུ་འདི་མཚམས་བཞག་ན་ཤིན་ཏུ་ནས་ལེགས། བླ་ཆེན་༧ གོང་ས་མཆོག་ནས་དམའ་ས་དགོན་ཆུང་ཞིག་གི་སྤྲུལ་སྐུ་ཡོད་ཚད་མཚམས་བཞག་ན་ཡག་པོ་འདུག འོན་ཀྱང་ད་དུང་བོད་པ་ཚོར་དུས་དང་འཚམས་པའི་ཤེས་བྱའི་གནས་ལ་ཧ་ཅང་སྐྱོ་བོ་ཡིན་སྟབས་ཕལ་མོ་ཆེའི་བློ་ལ་ཤོངས་དཀའ་བར་སྣང་ངོ་། །

  6. ལྷགས་པ་ཕུན་ཚོགས། says:
    2018-11-24 at 11:27 am

    སྐྱབས་གནས་བླ་མ་རིན་པོ་ཆེ་དང་དགེ་འདུན་འདུས་པ་རྒྱ་མཚོ་ཡོད་པའི་བཀྲིན་གྱི་ནང་ཆོས་

  7. གཞུང་པ་ཚེ་དབང་བསོད་ནམས་ says:
    2018-11-24 at 9:47 pm

    དུས་རབས་དང་བསྟུན་ནས་སྙིགས་དོར་བཅུད་ལེན་
    བྱ་རྒྱུ་དེ་གསར་བརྗེའི་མདུན་ལམ་མིན་འགྲོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme