Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཕྱི་ནང་གི་མི་སྣ་རྩོད་ཉོག་ཅན་ཁག་ཅིག་གི་ལེགས་ཉེས་དང་ཕྱོགས་བསྡུས་ཆུ་ཚད།

Posted on 2013-09-292013-09-29 By ཁ་བརྡ་ 50 Comments on བོད་ཕྱི་ནང་གི་མི་སྣ་རྩོད་ཉོག་ཅན་ཁག་ཅིག་གི་ལེགས་ཉེས་དང་ཕྱོགས་བསྡུས་ཆུ་ཚད།

མཚམས་སྦྱོར་བ། བསྟན་འཛིན་ཤེས་རབ།
(ཡོང་ཁུངས། བོད་ནང་གི་སྐད་འཕྲིན་ཞིག་སྟེ་wechat༼བོད་ན་ཆུང་ཚོགས་པ༽ཞེས་པའི་གླེང་མོལ་ཚོགས་པ།)

བོད་ཕྱི་ནང་གི་མི་སྣ་རྩོད་ཉོག་ཅན་ཁག་ཅིག་གི་ལེགས་ཉེས་དང་ཕྱོགས་བསྡུས་ཆུ་ཚད།

འཇམ་དབྱངས་ནོར་བུ།
ལྟ་བ། ༼མི་རིགས་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།60 %
ཕྱིའི་རིག་གནས་ཆུ་ཚད།50%
རིགས་ཞེན། 100%
དད་ཞེན།100%
མཛད་རྗེས། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་སྐུ་ཚེ་ཕུལ་གྱིན་པ།
ནག་ཉེས། མེད།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།60%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0.1%

མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
ལྟ་བ། ༼ཆོས་ལུགས་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།70%
ཕྱིའི་རིག་གནས་ཆུ་ཚད།10%
རིགས་ཞེན།70%
དད་ཞེན།100%
མཛད་རྗེས། མང་ཚོགས་ཀྱི་ཡིག་རྨོངས་སེལ་བ། བོད་ནང་གི་རྒྱལ་འཇོག་རྐུན་ཇག་སོགས་བྱ་ངན་རིགས་སྤངས་དུ་འཇུག་བཞིན་པ།
ནག་ཉེས། དངོས་མཐོང་ལག་ཟིན་གྱི་འཚོ་བའི་ཁ་ཕྱོགས་དང་དམིགས་གཏད་གསལ་བོ་མེད་པར་ཆོས་ལུགས་ཀྱིས་མི་དམངས་ལ་འཇིགས་ལྐུལ་དང་འབུར་འཇོམས་བྱས་སྟེ་མང་ཚོགས་ཀྱིས་ཕྱུགས་ཟོག་བཤའ་བ་དང་བཙོང་པ་སོགས་བཙན་པོ་ཁྲིམས་ཀྱིས་གཏན་འགོག་བྱས་སྟེ་༼རྒྱལ་ཁབ་ཀྱིས་བཙན་གྱིས་ལག་བསྟར་བྱེད་བཞིན་པའི་འབྲོག་པ་གྲོང་བརྡལ་ཅན་ལ་བསྒྱུར་བཞིན་པ་དང་ཆ་འདྲ༽རོང་འབྲོག་གི་འཚོ་བར་ཧ་ལས་བའི་དཀའ་ངལ་འཕྲད་དུ་བཅུག་པ་དང་འཚོ་བ་གསར་བར་ཨ་གསར་དང་ཧོལ་རྒྱུག་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།30%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།5%

ཚ་བ་མདའ་སྨྱུག
ལྟ་བ།༼དངོས་ཐོག་བདེན་འཚོལ་དང་མི་ཆོས་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།70%
ཕྱིའི་རིག་གནས་ཆུ་ཚད།10%
རིགས་ཞེན།100%
དད་ཞེན།0%
མཛད་རྗེས། བོད་པའི་སྤྱི་ཚོགས་སུ་སྔར་མེད་པའི་དོགས་སློང་གི་སྙིང་སྟོབས་དར་སྤེལ་དང་གུས་ཞབས་དགག་སྒྲུབ་ཀྱི་སྲོལ་ཀ་སྤེལ་བ།
ནག་ཉེས། མ་སྨིན་པའི་བྱིས་པ་ཚོ་འུར་དཀྲོགས་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།6%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།4%

ཞོགས་དུང་།
ལྟ་བ།༼མི་ཆོས་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།35%
ཕྱིའི་རིག་གནས་ཆུ་ཚད།20%
རིགས་ཞེན།100%
དད་ཞེན།0%
མཛད་རྗེས། བོད་པའི་སྤྱི་ཚོགས་སུ་སྔར་མེད་པའི་དོགས་སློང་གི་སྙིང་སྟོབས་དར་སྤེལ་དང་གུས་ཞབས་དགག་སྒྲུབ་ཀྱི་སྲོལ་ཀ་སྤེལ་བ།མི་རིགས་གཞན་གྱི་དྲག་གནོན་ལ་ཁ་གཏད་གཅོག་ཕོད་པ།བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ཐད་ལ་བཤད་ཕོད་པ་དང་བསྒྲུབ་ཕོད་པ། རྡོ་རིགས་དང་དུད་འགྲོའི་པགས་རིགས་ཀྱི་ཐལ་དྲག་པའི་རྒྱན་ཆར་དགག་སྒྲུབ་དང་བླངས་དོར་གྱི་ལམ་སྟོན་བྱས་པ།
ནག་ཉེས། མ་སྨིན་པའི་བྱིས་པ་ཚོར་འུར་འཀྲོགས་དང་ཁ་ཕྱོགས་མེད་པའི་ཧོལ་རྒྱུག་བྱེད་དུ་བཅུག་སྟེ་༼རིག་གསར༽དང་ཆ་འདྲ་བའི་༼གསར་བརྗེ༽བསླངས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།15%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།8%

སྒོ་ཤེས་རབ།
ལྟ་བ། ༼དངོས་ཐོག་བདེན་འཚོལ་དང་མི་རིགས་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།70%
ཕྱིའི་རིག་གནས་ཆུ་ཚད།10%
རིགས་ཞེན།100%
དད་ཞེན།100%
མཛད་རྗེས། བོད་སྤྱི་ཚོགས་ཀྱི་རྫོང་མཐུག་པའི་ཆོས་སྲིད་ཟུང་འབྲེལ་ཀྱི་བག་ཆགས་ངན་པར་གསེད་བཀྲོལ་དང་ཆོས་སྲིད་ཀྱི་ལམ་ཁ་རེ་རེར་དངོས་ཐོག་བདེན་འཚོལ་གྱིས་མཛུན་སྟོན་དང་དར་སྤེལ་གྱི་བར་སྟོང་ཕྱེས་པ།
ནག་ཉེས། མེད།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།70%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0%

ཁོ་ཚེ་ཚུལ་ཁྲིམས།
ལྟ་བ། ༼འཆལ་སྤྱོད་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།75%
ཕྱིའི་རིག་གནས་ཆུ་ཚད།5%
རིགས་ཞེན།0%
དད་ཞེན།20%
མཛད་རྗེས། གངས་ལྗོངས་རིག་བཅུའི་ཉིང་བཅུད་བསྡུ་བསྒྲིགས་བྱས་པ།
ནག་ཉེས། ཁོང་དང་ལུས་འབྲེལ་བྱས་ཚད་ཐར་བ་ཐོབ་སྲོལ་སོགས་གསང་སྔགས་ལུགས་ཡིན་ཁུལ་གྱིས་རྒྱ་ནང་དང་ནང་སོག་སོགས་ནས་ནང་ཆོས་ཀྱི་དགོངས་པ་ལོག་འགྲེལ་དང་ཆོས་ལུགས་པའི་སྣང་བརྙན་ལ་སྐྱི་གཡའ་བའི་འབགས་བཙོག་བཟོས་པ། གངས་ཅན་བླ་མ་དང་ལག་འབྲེལ་བྱས་སྟེ་བོད་པའི་བདེན་མཐའ་སེལ་པ་ལ་བཀག་འགོག་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།1%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།2%

བྱམས་པ་ཕུན་ཚོགས།
ལྟ་བ།༼དམར་པོ་རང་ལུགས་པ།༽
བོད་ཀྱི་རིག་གནས་ཆུ་ཚད།%
ཕྱིའི་རིག་གནས་ཆུ་ཚད།0%
རིགས་ཞེན།0%
དད་ཞེན།0%
མཛད་རྗེས། མེད།
ནག་ཉེས། རང་གི་མི་རིགས་སྟེ་བོད་མི་རིགས་བཙོང་པ། གཞན་རིགས་ལ་མགོ་བཏགས་སྟེ་རང་རིགས་ནང་ཁུལ་གྱི་མཐུན་བསྒྲིལ་ལ་གཏོར་བཤིག་དང་དབང་ཆ་སྤྱད་དེ་རང་རིགས་ལ་དྲག་གནོན་དང་མནར་གཅོད་ དམར་གསོད་སོགས་བྱས་སྟེ་སྐྱི་གཡའ་བའི་རྒྱ་གཞུང་གི་ལོག་སྤྱོད་ཆབ་སྲིད་ལ་མཐའ་གཅིག་ཏུ་་རོགས་འདེགས་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།25%

པདྨ་འཕྲིན་ལས།
ལྟ་བ།༼དམར་པོ་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།0%
ཕྱིའི་རིག་གནས་ཆུ་ཚད།0%
རིགས་ཞེན།0%
དད་ཞེན།0%
མཛད་རྗེས། མེད།
ནག་ཉེས། བོད་མི་རིགས་བཙོང་པ། ༧གོང་ས་མཆོག་ལ་མཚན་དམོད་དང་རང་གི་མི་རིགས་ལ་མཐོང་ཆུང་དང་གཉའ་གནོན་གཏོར་བཤིག་ དམར་གསོད་སོགས་བྱས་སྟེ་སྐྱི་གཡའ་བའི་རྒྱ་གཞུང་གི་ལོག་སྤྱོད་ཆབ་སྲིད་ལ་མཐའ་གཅིག་ཏུ་རོགས་འདེགས་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།20%

རག་བསྡུས།
ལྟ་བ།༼དམར་པོ་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།0%
ཕྱིའི་རིག་གནས་ཆུ་ཚད།0%
རིགས་ཞེན།0%
དད་ཞེན།0%
མཛད་རྗེས། མེད།
ནག་ཉེས། བོད་མི་རིགས་བཙོང་པ། ༧གོང་ས་མཆོག་ལ་མཚན་དམོད་དང་རང་གི་མི་རིགས་ལ་མཐོང་ཆུང་དང་དྲག་གནོན་གཏོར་བཤིག་ དམར་གསོད་སོགས་བྱས་སྟེ་སྐྱི་གཡའ་བའི་རྒྱ་གཞུང་གི་ལོག་སྤྱོད་ཆབ་སྲིད་ལ་མཐའ་གཅིག་ཏུ་རོགས་འདེགས་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།30%

སེང་རྡོར།
ལྟ་བ།༼དམར་པོ་ཕྱེད་དང་ཡེ་ཤུ་ཆོས་ལུགས་རང་ལུགས་པ༽
བོད་ཀྱི་རིག་གནས་ཆུ་ཚད།10%
ཕྱིའི་རིག་གནས་ཆུ་ཚད།2%
རིགས་ཞེན།0%
དད་ཞེན།100%༼ཡེ་ཤུ་ཆོས་ལུགས༽
མཛད་རྗེས། བོད་ལ་ཡེ་ཤུ་ཆོས་ལུགས་ཀྱི་རྒྱ་སྒོ་གསར་པ་ཕྱེས་པ།
ནག་ཉེས། མདུང་ཁ་ནང་ཁོ་ནར་གཏད་པ། རིག་གསར་ལ་ཨ་གསར་དང་ཅལ་འདྲོགས་ཧོལ་རྒྱུག་ཐལ་དྲག་བྱས་པ། མི་རིགས་ཀྱི་གནད་དོན་གནད་འགག་གི་སྐབས་སུ་འོན་ལྐུགས་ཀྱི་བརྟུལ་ཞུགས་འཛིན་པ་དང་མི་རིགས་ཀྱི་འགན་འཁྲིའི་འདུ་ཤེས་བོར་བ། ཕྱི་ཕྱོགས་ལ་བསྟུན་ཅི་ཐུབ་དང་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་ཕྱིར་བཤོལ་དང་སྦས་སྐུང་བྱེད་པ། ཡེ་ཤུ་ཆོས་ལུགས་ལ་རྒྱབ་སྟེན་བྱས་སྟེ་སྣ་མང་སྲོལ་རྒྱུན་དང་ཆོས་ལུགས་ཀྱི་བག་ཆགས་ཟབ་པའི་བོད་པའི་སྤྱི་ཚོགས་ལ་ཟིང་ཆ་དང་དགྲ་ཤའི་གོ་སྐབས་འཚོལ་བ། ལོག་སྤྱོད་ཆབ་སྲིད་ལ་རྒྱབ་རྟེན་བྱས་སྟེ་རང་ཉིད་ཀྱི་ཁ་རྒྱབ་ཀྱི་འཚོ་བར་ཁག་ཐེག་དང་རང་ཉིད་ཀྱི་བདེ་འཇགས་ལ་སྲུང་སྐྱོབ་བྱས་པ།
བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0%
བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།10%༽

མཚམས་སྦྱོར་བའི་གསལ་བཤད། འཇམ་དབྱངས་ནོར་བུ་ནི་བོད་ཀྱི་སྐད་ཡིག་དང་རིག་གནས་ཐད་ལ་ཡིག་རྨོངས་པ་ཡིན། ཕྱིའི་སྐད་ཡིག་ཐད་ལ་བརྒྱ་ཆ་བརྒྱ་ཐམ་པའི་ཡོན་ཚད་ཡོད་ན་ཐང་སྙམ། བོད་ཕྱི་ཕྱོགས་སུ་འཇམ་ནོར་གྱིས་གཙོས་པའི་རྐར་ཆོས་སོགས་ངོ་ཚ་ཁྲེལ་མེད་ཀྱི་ཁྲམ་པ་སྐོར་ཞིག་ཡོད་པ་ཁོ་ཚོས་དུས་རྒྱུན་རང་བཙན་ཁ་ལ་འཁྱེར་ཏེ་ཁྭ་ཏ་གཏོར་མར་སྒུག་པ་བཞིན་གོ་སྐབས་ནམ་བྱུང་ལ་༧གོང་ས་རྒྱལ་བ་རིན་པོ་ཆེ་མཆོག་ལ་མཚན་སྨོད་དང་ཟུར་ཟ་གསེག་འདྲི་བྱེད་ཀྱི་ཡོད། ཁོ་ཚོས་དུས་རྒྱུན་མགོ་བདེ་དྲན་འཕྲུལ་དང་གཡོ་ཁྲམ་གྱི་བྱང་ཆ་སྤྱད་དེ་སྐབས་འཚོལ་རྐྱང་བྱེད་བཞིན་པ་ལས་དོན་དམ་གྱི་བོད་ཀྱི་ལས་དོན་ཐད་ལ་ལས་ཀ་ཅི་ཡང་བྱས་མེད་པ་མ་ཟད། སྤྱི་ཚོགས་ནང་དབྱེན་དཀྲུགས་དང་རྙོག་ཟིང་གི་འཁོར་ལོ་བསྐོར་ཏེ་མི་དམངས་བག་མི་བདེ་བ་བཟོ་བཞིན་ཡོད། དེ་བས་ན་བོད་ནང་ལོག་གི་བོད་མི་ཚོ་དོན་དག་འདི་འདྲའི་རིགས་ལ་ནམ་ཡང་མགོ་བོ་མ་རྨོངས་པ་བྱེད་རྒྱུ་ཤིན་ཏུ་གལ་ཆེ་ལ། མི་ངན་དེ་ཚོའི་ཁ་བདེ་ལྕེ་བདེ་ཡི་མགོ་སྐོར་འོག་ཏུ་མ་ཚུད་པ་གྱིས།
ད་གིན་ཡི་གེ་ཞིག་ལས་མཐོང་ཚོད་ལྟར་ན། བོད་ནང་གི་བོད་མི་འགའ་ཤས་ཤིག་གིས་གནས་ཚུལ་གསལ་བོར་མ་རྟོགས་པ་ཡིན་ནམ། སྐད་ཆ་ཡོང་སྟངས་ལས་འཇམ་དབྱངས་ནོར་བུ་ནི་བོད་ཀྱི་སྐད་ཡིག་རིག་གནས་སོགས་ལ་ཞེ་བོ་ཞིག་ཡིན་ཚུལ་ལྟ་བུའི་ཚིག་ཁ་ཤས་འདུག ང་ཚོར་མཚོན་ན་བོད་ནང་དུ་ཡང་༧གོང་ས་རྒྱལ་དབང་ཐམས་ཅད་མཁྱེན་པར་མཚན་སྨོད་བྱེད་མཁན་ལ་ཡི་རངས་དང་རྒྱབ་སྐྱོར་བྱེད་མཁན་ཡོད་པ་ནི་བློ་ཡུལ་དུ་གཤོང་དཀའ་བའི་དོན་དག་ཅིག་རེད།

སྣ་ཚོགས།

Post navigation

Previous Post: ཨ་མདོ་རྔ་པ་ནས་རང་ལུས་མེར་སྲེག་སྐོར་གྱི་གནས་ཚུལ།
Next Post: བོད་ཀྱི་གཙུག་ལག་རིག་པའི་ཟབ་སྦྱོང་ཐེངས་བདུན་པ།

Comments (50) on “བོད་ཕྱི་ནང་གི་མི་སྣ་རྩོད་ཉོག་ཅན་ཁག་ཅིག་གི་ལེགས་ཉེས་དང་ཕྱོགས་བསྡུས་ཆུ་ཚད།”

  1. སྤོབས་པ་མཐའ་ཡས། says:
    2013-09-29 at 1:00 am

    འཇམ་དབྱངས་ནོར་བུ་མི་རིགས་རིང་ལུགས་པ་མ་རེད། ཁོ་རང་གིས་མིན་ལབ་འདུག འདིའི་སྐོར་ལ་ངས་ཀྱང་བསམ་བློ་གཏོང་གིན་ཡོད། བོད་ལ་མི་རིགས་རིང་ལུགས་པ་ཉུང་ཉུང་ལས་ཡོད་ས་མ་རེད་སྙམ། དེའི་སྐོར་ལ་གླེང་མོལ་བྱེད་འདོད་ཡོད།

  2. གངས་ལྡོམ། says:
    2013-09-29 at 2:39 am

    སྐད་ཆ་འགའ་ཤས་དངོས་ཡོད་འདྲ་པོ་མཐོང་བྱུང་།

  3. དགེ་འདུན་རྒྱ་མཚོ། says:
    2013-09-29 at 3:04 am

    བསལ་ཚུལ་དང་དཔྱད་བརྗོད་འདི་ལྟར་སྤེལ་ན་འགྲིག
    ཡིན་ཡང་དོན་དངོས་ཡིན་པར་ངས་ཡིད་ཆེ་བྱེད་ཀྱི་མེད།
    ཚོད་དཔག་ཅུང་དམའ་འདུག་སྙམ།
    གསལ་བོར་བཤད་ན་འབྲི་མཁན་འདི་མི་སྣ་འདི་དག་ལ་དེ་ཙམ་རྒྱུས་མེད་པ་གསལ་བོར་མཚོན་ཐུབ་སོང་།

  4. ཨ་ནུ་ཐང་བསོད་ནམས། says:
    2013-09-29 at 3:09 am

    ཕྱོགས་སྒྲིགས་བྱེད་མཁན་རྣམས་ནི་བླ་རྒྱུད་རིང་ལུགས་པ་ཡིན་པས་གོང་གི་གནས་ཚུལ་མང་པོ་ཞིག་དྲང་བདེན་མ་རེད། བདེན་པ་མ་རེད། འཇམ་ནོར་ལ་ཕྱིའི་རིག་གནས་ཀྱི་གནས་ཚད་༥༠ % ལས་མང་བ་རྒལ་ཡོད།

  5. རི་སྤྱང་ says:
    2013-09-29 at 3:11 am

    ཁྱོད་ཀྱིས་གཅིག་བརྗེད་མི་འདུག་གམ ཞོགས་དུང་གིས་བྲིས་བའི་གནམ་ས་གོ་འབྱེད་ལ་གླེང་རན་མེད་པར་འདོད་ནས་འདི་ལ་མ་བྲིས་བ་ཡིན་ནམ། ད་དུང་ཁོ་ལ་དད་ཞེན་ཀླད་གོར་བྲིས་བ་འདུག་ཁོ་ལ་དད་ཞེན་ཡོད་མེད་ཁྱོད་ཚོས་བཤད་པ་བདེན་པར་འདོད་དཀའ་རྒྱུ་རེད། འདི་མོ་མཁས་བ་དག་གི་ཤེས་ཡོན་སོགས་ལ་ཁྱོད་ཚོས་བརྒྱ་ཆ་ཅིག་སྤྲད་འདུག་ངོ་མ་བཞད་གར་སློང་བའི་ཟློས་གར་ལྟ་བུ་ཞིག་རེད།

  6. ལུང་རྟོགས། says:
    2013-09-29 at 4:04 am

    འདི་ནི་མི་སྣ་འདི་དག་ལ་རྒྱུས་མངའ་གང་ཡང་མེད་མཁན་ཞིག་གིས་བྲིས་པ་འདྲ། མཁན་པོ་ཚུལ་ཁྲིམས་བློ་གྲོས་བོད་ཀྱི་རིག་གནས་མཁས་དབང་ཞིག་ལ་བརྒྱ་ཆ་བདུན་བཅུ་ལས་མ་སྤྲད་པར། འཇམ་ནོར་བོད་ཡིག་ཀྱང་མི་ཤེས་མཁན་ཞིག་ལ་བོད་ཀྱི་རིག་གནས་བརྒྱ་ཆ་དྲུག་བཅུ་སྤྲད་པ་ནི་གད་མོའི་གནས་རེད། ད་དུང་གོང་ས་མཆོག་ལ་ཡང་མངོན་སུམ་འཛེམ་མེད་ཀྱིས་ཁ་བཏང་གི་ཡོད་དུས་དད་ཞེན་བརྒྱ་ཆ་བརྒྱ་སྤྲད་པ་ཡང་ཆོ་མེད་རང་རེད།

  7. བོད་ཀྱི་བུ་ says:
    2013-09-29 at 4:25 am

    སྔོན་མ་ཞིག་ལ་མངའ་རིས་རིན་པོ་ཆེ་བསྟན་འཛིན་ཆོས་རྒྱལ་གྱིས་དབུ་མའི་ལམ་ནི་གོམ་པ་དང་པོ་རེད་ཅེས་རང་བཙན་རྩོད་རྒྱུའི་དམིགས་ཡུལ་ཡོད་པ་ལྟ་བུ་རྒྱལ་སྤྱིའི་བརྒྱུད་ལམ་དུ་ཡོངས་གྲགས་ཆགས་པ་མ་ཟད། རྒྱ་ནག་གིས་ཀྱང་༧གོང་ས་མཆོག་གིས་རང་བཙན་རྩོད་ཀྱི་ཡོད་པ་རེད་ཅེས་ཁག་དཀྲི་བྱེད་ཡུལ་དུ་གྱུར་ཀྱང་། སྐབས་དེར་༧གོང་ས་མཆོག་ལ་མཚན་སྨད་བྱས་སོང་ཞེས་དགག་རྒྱག་བྱེད་མཁན་མི་འདུག་ལ། ངོ་རྒོལ་བྱེད་མཁན་དེ་བས་མི་འདུག དེ་བཞིན་དུས་རྒྱུན་ང་ཚོ་ཚང་མར་རང་བཙན་ཐོབ་ན་དགའ་ཡི་རེད་ཅེས་མཛད་གཙོ་ཚོས་ག་ཚོད་གསུངས་ཀྱང་དེ་ལ་ངོ་རྒོལ་བྱེད་མཁན་མི་འདུག

  8. ཉི་ནུབ says:
    2013-09-29 at 4:28 am

    ཡག་པོ་འདུག

  9. བསོད་ནམས། says:
    2013-09-29 at 4:31 am

    བཙན་བྱོལ་སྤྱི་ཚོགས་འདི་མ་གཞི་ནས་བླུན་རྨོངས་དབང་བསྒྱུར་བའི་ཤུགས་རྐྱེན་ཡོད་པས། འཇམ་ནོར་ལ་སྡང་མཁན་ཡོད་ཀྱང་གཞིས་ཀྱི་ཤེས་ལྡན་པ་དང་བློ་མིག་ཅན་ཚོས་ཁོང་ནི་མཆོག་ཏུ་གྱུར་བ་ཞིག་ལ་བརྩི་གི་ཡོད།

  10. ཆོས་འཕེལ། says:
    2013-09-29 at 4:50 am

    རྩོད་ཉོག་ཅན་གྱི་ལེགས་ཉེས་ཕྱོགས་བསྡུས། ཞེས་པ་དེ་རྒྱུས་མེད་མིར་རྒྱུས་གཏམ་བཤད་པ་བཞིན་ལས་དོན་ལ་གནས་པའི་དཔྱད་གླེང་ཞིག་ཏུ་མ་མཐོང་།
    ༡༽ འཇམ་ནོར་ལ་རང་ཚུབ་ཀྱིས་ལྟ་བ་མེད།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད།60 % ནོར། 5% བདེན།
    ༣༽ ཕྱིའི་རིག་གནས་ཆུ་ཚད།50% ནོར། 70% བདེན།
    ༤༽ རིགས་ཞེན། 100% ནོར། 65% བདེན།
    ༥༽ དད་ཞེན།100% ནོར། 2% བདེན།
    ༦༽ མཛད་རྗེས། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་སྐུ་ཚེ་ཕུལ་གྱིན་པ། ནོར། སྐབས་འཚོ་རང་དབང་སྨྱུག་རྩེ་པ། བདེན།
    ༧༽ ནག་ཉེས། མེད། ནོར། བོད་མིའི་སྤྱི་ཚོགས་དང་མི་རིགས་ཀྱི་རིག་གཞུང་ལ་འགན་འཁུར་མེད་པ། བདེན།
    ༨༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།60% ནོར། 15% བདེན།
    ༩༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0.1% ནོར། 25% བདེན།

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
    ༡༽ ལྟ་བ། ༼ཆོས་ལུགས་རང་ལུགས་པ༽ ནོར། ཆོས་ལུགས་ཡར་འདེབས་པ། བདེན།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད།70% ནོར། 85% བདེན།
    ༣༽ ཕྱིའི་རིག་གནས་ཆུ་ཚད།10% ནོར། 30% བདེན།
    ༤༽ རིགས་ཞེན།70% ནོར། 100% བདེན།
    ༥༽ དད་ཞེན།100% ནོར་མེད།
    ༦༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།30% ནོར། 85% བདེན།
    ༧༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།5% ནོར། 1% བདེན།

    ཚ་བ་མདའ་སྨྱུག
    ལྟ་བ།༼དངོས་ཐོག་བདེན་འཚོལ་དང་མི་ཆོས་རང་ལུགས་པ༽
    ༡༽ བོད་ཀྱི་རིག་གནས་ཆུ་ཚད།70% བདེན་ན་ཆོག།
    ༢༽ ཕྱིའི་རིག་གནས་ཆུ་ཚད།10% ནོར། 20% བདེན།
    ༣༽ རིགས་ཞེན།100% བདེན་ན་ཆོག།
    ༤༽ དད་ཞེན།0% ནོར། 15% བདེན།
    ༥༽ མཛད་རྗེས། བོད་པའི་སྤྱི་ཚོགས་སུ་སྔར་མེད་པའི་དོགས་སློང་གི་སྙིང་སྟོབས་དར་སྤེལ་དང་གུས་ཞབས་དགག་སྒྲུབ་ཀྱི་སྲོལ་ཀ་སྤེལ་བ། བདེན།
    ༦༽ ནག་ཉེས། མ་སྨིན་པའི་བྱིས་པ་ཚོ་འུར་དཀྲོགས་བྱས་པ། ནོར། རྨོང་ཞེན་པའི་སྙིང་ལ་རྨ་ཁ་བཟོས་པ། བདེན།
    ༧༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།6% ནོར། 30% བདེན།
    བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།4% བདེན།
    བཅས་དང་གཞན་རྣམས་ལ་འདིར་མི་ཞུ།

  11. མང་ཐོས། says:
    2013-09-29 at 5:54 am

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
    ༡༽ ལྟ་བ། ༼ཆོས་ལུགས་རང་ལུགས་པ༽ ནོར། ཆོས་ལུགས་ཁ་འཁྱེར་གཉའ་གནོན་རང་ལུགས་པ། བདེན།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད།70% ནོར། 50% བདེན།
    ༣༽ ཕྱིའི་རིག་གནས་ཆུ་ཚད།10% ནོར། 10% བདེན།
    ༤༽ རིགས་ཞེན།70% ནོར། 3% བདེན།
    ༥༽ དད་ཞེན།100% ནོར།20%
    ༦༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།30% ནོར། 0% བདེན།
    ༧༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།5% ནོར། 7% བདེན།

    ཚ་བ་མདའ་སྨྱུག
    ལྟ་བ།༼དངོས་ཐོག་བདེན་འཚོལ་དང་མི་ཆོས་རང་ལུགས་པ༽ནོར། ལད་ཟློས་རིང་ལུགས་པ། བདེན།
    ༡༽ བོད་ཀྱི་རིག་གནས་ཆུ་ཚད།70%ནོར། 30%བདེན།
    ༢༽ ཕྱིའི་རིག་གནས་ཆུ་ཚད།10% ནོར། 2% བདེན།
    ༣༽ རིགས་ཞེན།100% བདེན་ན་ཆོག།
    ༤༽ དད་ཞེན།0% ནོར། 15% བདེན།
    ༥༽ མཛད་རྗེས། བོད་པའི་སྤྱི་ཚོགས་སུ་སྔར་མེད་པའི་དོགས་སློང་གི་སྙིང་སྟོབས་དར་སྤེལ་དང་གུས་ཞབས་དགག་སྒྲུབ་ཀྱི་སྲོལ་ཀ་སྤེལ་བ། ནོར། གདན་སའི་ཆོས་རྭར་གྲགས་པའི་དོགས་སློང་འགའ་ཡིག་ཐོག་ཏུ་བཀོད་པ། བདེན།
    ༦༽ ནག་ཉེས། མ་སྨིན་པའི་བྱིས་པ་ཚོ་འུར་དཀྲོགས་བྱས་པ། ནོར། རྨོང་ཞེན་པའི་སྙིང་ལ་རྨ་ཁ་བཟོས་པ། ནོར། གཞན་གྱིས་བཤད་ཟིན་དག་རང་ཉིད་ཀྱིས་བསམ་ཚུལ་དྲན་ཚུལ་ཡིན་ཁུལ་སྟོན་པ། བདེན།
    ༧༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།6% ནོར། 0% བདེན།
    བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།4% 0བདེན།
    བཅས་དང་གཞན་རྣམས་ལ་འདིར་མི་ཞུ།

  12. ཆབ་བྲག་ཕོ་ཉ། says:
    2013-09-29 at 6:41 am

    བརྒྱ་ཆ་དེ་དག་དོན་ངོ་མའི་ཚད་གཞི་ཞིག་ཡིན་མི་སྲིད། ལ་ལ་ཞིག་གི་ཚོད་དཔག་ཙམ་རེད། དེ་ལས་མང་བ་དང་ཉུང་བ་ཅི་རིགས་སྲིད།
    གང་ལྟར་འཇམ་ནོར་ནི་བོད་རིགས་རྩོམ་པ་པོ་གྲགས་ཅན་ཞིག་ཡིན་པ་སུས་ཀྱང་བསྙོན་དུ་མེད། འོན་ཀྱང་བོད་ཀྱི་ཆབ་སྲིད་དང་ལོ་རྒྱུས་དཔྱད་བརྗོད་ཐད་ནས་སྔོན་རྗེས་ཚང་མ་རྟོགས་མཁན་ཞིག་མིན་པ་ཡང་མིག་དང་ལྡན་པ་དག་གིས་མཐོང་ངེས།

  13. ཆབ་བྲག་ཕོ་ཉ། says:
    2013-09-29 at 6:45 am

    ཚ་བ་མདའ་སྨྱུག་ནི། བོད་ཀྱི་ཆོས་དང་རིག་གནས་ལ་རང་རྐྱ་འཕེར་ཅིང་བློ་གཟུ་བོར་གནས་པའི་དཔྱད་བརྗོད་པ་ཞིག་རེད་ཅེས་བཤད་ན་མ་འོས་པ་ཅི་ཡང་མེད།

  14. བཙན་བྱོལ་བ་ says:
    2013-09-29 at 7:05 am

    ཀླུ་ཁར་བྱམས་འདིའི་ནང་དུ་མི་ཚུད་པ་ཅི་ཡིན་ནམ། ཁོ་བོ་ཙམ་དུ་མ་ཟད་མང་ཆེ་བས་དུས་རྒྱུན་དུ་ཀླུ་ཁར་བྱམས་པ་དང་འཇམ་ནོར་ཀར་ཆོས་ལྷ་ཚེ་བཅས་གཅིག་ཏུ་སྒྲིག་ནས་ལྟ་ཕྱོགས་དང་ལངས་ཕྱོགས་གཅིག་ཏུ་ཡིན་པ་ངོས་འཛིན་བཞིན་ཡོད། འོན་ཀྱང་། ཉེ་ཆར་སྤྱི་ཚོགས་ནང་འུར་སྒྲོག་བྱེད་སྐབས་གསར་འགོད་པ་དང་མཆན་འདེབས་པ་མང་པོས་ཀླུ་ཁར་བྱམས་བཟང་ཕྱོགས་ལྟ་བུར་ཟུར་དུ་བཏོན་ནས་ཡག་ཕྱོགས་སུ་ངོས་འཛིན་པ་ལྟ་བུར་སྣང་བས་འདི་ནི་ཕྱོགས་ལྷུང་གི་བྱ་སྤྱོད་ལས་མ་མཐོང་།

  15. བཀྲ་ཤིས་དོན་འགྲུབ། says:
    2013-09-29 at 7:20 am

    བཙན་བྱོལ་བ་ཟེར་བ་འདིའི་འདོད་པ་ལྟར་བྱས་ན། ཀླུ་ཁར་བྱམས་དང་འཇམ་དབྱངས་ནོར་བུ་སོགས་ངེས་པར་ངན་ཕྱོགས་ནས་ཟུར་དུ་འབུད་དགོས་ཀྱི་ཡོད་པ་འདྲ།

  16. དྲན་དཀར་དཔལ་ཡོན་ says:
    2013-09-29 at 7:23 am

    བོད་ལ་མི་རིགས་རིང་ལུགས་པ་ཉུང་ཉུང་ཡིན་ཡིན་པའི་ཚོད་དཔགས་བྱེད་ཀྱི་འདུག མི་རིགས་རིང་ལུགས་ཟེར་ན་ཆ་རྐྱེན་ག་རེ་ཚང་དགོས་ཀྱི་ཡོད་དམ། དེ་ནས་མང་ཉུང་ཡང་ཡིད་ལ་འཆར་ངེས་རེད་ད།

  17. ལུང་རྟོགས། says:
    2013-09-29 at 9:18 am

    ང་ཡིན་ན་འདི་ལྟར་སྤྲད་ས་རེད། འཇམ་དབྱང་ནོར་བུ། ལྟ་བ། རང་བཙན་འཐབ་རྩོད་པ། བོད་ཀྱི་རིག་གནས། ༡% ཕྱིས་རིག་གནས། ༦༠% རིགས་ཞེན། ༥༠% དད་ཞེན། ༠% བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཚད། ༢༠% ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཚད། ༥༠% བྱེད་རྗེས། འཛམ་གླིང་སྟེང་བོད་དོན་དྲིལ་བསྒྲགས་བྱས་པ། ནག་ཉེས། གོང་ས་མཆོག་ལ་གཞི་མེད་སྐྱོན་བརྗོད་བྱས་པ། ཚུལ་ཁྲིམས་བློ་གྲོས། ལྟ་བ་ནང་ཆོས་རིངལུགས་པ། བོད་ཀྱི་རིག་གནས། ༡༠༠% ཕྱིའི་རིག་གནས། ༣༠% རིགས་ཞེན། ༡༠༠% ད་ཞེན། ༡༠༠% བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཚད། ༩༠% ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཚད། ༡% བྱེད་རྗེས། སངས་རྒྱས་ཀྱི་བསྟན་པ་དར་རྒྱས་སུ་བཏང་བ། ནག་ཉེས། མེད། མདའ་སྨྱུག ལྟ་བ་གསར་རྗེ་བ། བོད་ཀྱི་རིག་གནས། ༨༠% ཕྱིའི་རིག་གནས། ༢༠% རིགས་ཞེན། ༡༠༠% དད་ཞེན། ༣༠% བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཚད། ༣༠% ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབ་ཚད། ༥༠% བྱེད་རྗེས། བོད་པ་ཚོ་ལྟ་བ་གསར་པར་སྐུལ་བ། ནག་ཉེས། ནང་བསྟན་ལ་རྨ་འབྱིན་པ།

  18. བསོད་ནམས། says:
    2013-09-29 at 10:30 am

    སོག་ཕྲུག་ཞིག་ལ་བོད་ཀྱི་འདས་མ་བཤད་པའི་ཐོབ་ཐང་མེད། འཇམ་ནོར་ཁྱེད་འདྲ་སྐབས་འཚོལ་བ་དང་ཀློའུ་རྒན་ཞིག་མིན་པ་ཤེས་ན་བཟང་།

  19. དྲན་དཀར་དཔལ་ཡོན་ says:
    2013-09-29 at 10:51 am

    ཨ་ཧོ་བསོད་ནམས་བྱིངས་ཁྲོས་འདུག མི་ཁྲོ་ཐུལ་འདི་འདྲ་བྱུང་པ་ནི་བོད་པའི་བསོད་ནམས་མ་རེད། ཆབ་བྲག་ལགས་ཀྱིས་ཅི་བགྱིད་བྱུང་། བསོད་ནམས་ཟེར་ན་རྒྱ་མི་ཀློའི་ཕྲུག་ཅིག་མིན་པར་སྨོན།

  20. བསོད་ནམས། says:
    2013-09-29 at 11:05 am

    དྲན་དཀར་ལ། རང་གི་རྣ་བར་མི་འགྲོ་བ་ཚང་མ་རྒྱ་མའི་ཅིག་རེད་དམ། ངས་ནི་ཁྱེད་ཚོར་སྙིང་རྗེ་སྐྱེས་ཀི་འདུག་ལོ། ཁྱེད་ཚོ་ནི་མི་གསོད་པར་མཁས་པར་ངས་ཤེས་ཀྱི་ཡོད།

  21. བསོད་ནམས། says:
    2013-09-29 at 11:24 am

    འཇམ་དབྱངས་ནོར་བུ་རྒྱལ་སྤྱིའི་མཁས་པ་རེད།།
    ཆབ་བྲག་ལྷ་མོ་ས་རྭའི་མཁས་པ་རེད།།
    ལོ་རྒྱུས་བདེན་དཔང་ནོར་བུ་ཅན་གྱི་རྩོད།།
    འཁྱམ་པོ་འགའ་ལ་ཀ་ཁ་ཕོ་ཉས་ཁྲིད།།

  22. དྲན་དཀར་དཔལ་ཡོན་ says:
    2013-09-29 at 11:30 am

    ངས་རྣ་བར་མ་སོང་བ་ཚང་མ་རྒྱ་མིས་ཅིག་མ་རེད། ཡིན་ནའང་ང་དང་བོད་མི་ཚོས་ཆབ་བྲག་ལགས་ལ་བོད་དོན་ལ་སྐད་ཆ་བཤད་པའི་ཐོབ་ཐང་ཡོད་པར་འདོད། ཨ་ཧོ་བསོད་ནམས་སྨོན་ལམ་དང་འདུན་པ་ལོག་མེད་ན་སྐད་ཆ་ཐད་ཀ་ཐད་ཀར་ཤོད། ཁྱེད་ཚོ་ནི་སུ་རེད།

  23. དྲན་དཀར་དཔལ་ཡོན་ says:
    2013-09-29 at 11:42 am

    མི་གསོད་པར་མཁས་ཟེར་ན་རྡ་སའི་ས་ར་སློབ་གཉེར་ཁང་ཕྱག་འདེབས་པོ་ཟེར་གྱིན་ཡོད་དམ། ཡང་ན་རྒྱ་ནག་གིས་བཤད་བསྡད་པ་དེ་ཟེར་གིན་ཡོད།

  24. རིན་ཆེན། says:
    2013-09-29 at 12:14 pm

    ཕྱོགས་ལྷུང་ཕྲག་དོག་བདོན་གྱིས་སླུས་པའི་མི་ཞིག་གིས་སྤེལ་འདུག་་་་་ང་ཚོའི་མཁན་པོ་ཚུལ་ཁྲིམ་བློ་གྲོས་ཁོང་ནི་བོད་གང་ཅན་གྱི་ས་ལ་བྱུང་མ་མྱོང་བའི་བཤད་སྒྲུབ་ཀྱི་སྡེ་ཆེ་ཤོས་དང་ཡག་ཤོས་ལྟ་བུ་དགེ་མདུན་ཕོ་མོ་༢༠༠༠༠ལྷག་གྱིས་ཁྲི་པ་དང་མཛིན་སྐྱོང་བྱ་མཁན་བོད་ཀྱི་་རིགས་གནས་དར་སྤེལ་དང་བོད་རྨོངས་སེལ་ཀྱིས་དེད་དཔོན་ཆེན་པོ་ཞིག་ལ་མི་ངན་དེ་ཚོ་དང་མཉམ་དུ་སྡུར་ཡོང་བ་ནི་ང་ཚོ་དང་བླ་རུང་དགོན་གྱིས་སྐྱ་སེར་ཚང་མ་ལ་རྙེས་བཅོས་དང་མཐོང་ཆུང་ཁྱད་གསོད་ཡིན། དུས་ནམ་ཡང་ང་ཚོས་ངོས་ལེན་བྱ་ཐུབ་གིས་མེད། ང་ཚོ་སྡོད་མི་འཇུག་གི་ལྟས་ངན་འདི་ཚོས།་་

  25. ཚེ་རིང་བསམ་གྲུབ། says:
    2013-09-29 at 12:27 pm

    མཁན་ཆེན་ཚུལ་ཁྲིམས་རྒྱ་མཚོའི་བོད་ཀྱི་རིག་གནས་ཆུ་ཚད་བརྒྱ་ཆ་༧༠ཡིན་པ་ལ། ཁོ་ཚེ་ཟེར་བ་ཞིག་གི་རིག་གནས་ཆུ་ཚད་བརྒྱ་ཆ་༧༥ཟིན་འདུག ཧཧཧཧཧཧ ཡང་འཇམ་ནོར་གྱི་ཕྱིའི་གྱི་རིག་གནས་ཆུ་ཚད་བརྒྱ་ཆ་༥༠ལ་བོད་ཀྱི་རིག་གནས་ཀྱི་བརྒྱ་ཆ་མཁན་ཆེན་ཞིག་དང་མཚུངས་འདུག ཧཧཧཧ དངོས་གནས་ཁ་བརྡ་ཚང་ཆོ་མེད་དྲྭ་རྒྱ་ཆགས་ས་རེད།

  26. དྲན་དཀར་དཔལ་ཡོན་ says:
    2013-09-29 at 12:52 pm

    ཨ་ཧོ་གནམ་ས་བླ་འོག་བརྗེ་འདུག མཆན་བུ་འདེབས་སའི་གོང་འོག་ནི་གཤིས་ཀྱིས་ལོབས་དཀའ་མོ་འདུག ཤ་ཚ་ཨ། ཉིན་འགའ་དཀའ་ལེ་རྒྱབ་ལོས་ཡོད། མདོར་ན་བདེ་སྣང་ཞིག་ཁྱོན་ནས་མི་འདུག་གོ

  27. རིན་ཆེན། says:
    2013-09-29 at 1:08 pm

    རྩོད་ཉོག་ཅན་གྱི་ལེགས་ཉེས་ཕྱོགས་བསྡུས། ཞེས་པ་དེ་རྒྱུས་མེད་མིར་རྒྱུས་གཏམ་བཤད་པ་བཞིན་ལས་དོན་ལ་གནས་པའི་དཔྱད་གླེང་ཞིག་ཏུ་མ་མཐོང་།
    ༡༽ འཇམ་ནོར་ལ་རང་ཚུབ་ཀྱིས་ལྟ་བ་མེད།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད།60 % ནོར། 5% བདེན།
    ༣༽ ཕྱིའི་རིག་གནས་ཆུ་ཚད།50% ནོར། 70% བདེན།
    ༤༽ རིགས་ཞེན། 100% ནོར། 65% བདེན།
    ༥༽ དད་ཞེན།100% ནོར། 2% བདེན།
    ༦༽ མཛད་རྗེས། བོད་མི་རིགས་ཀྱི་རང་དབང་འཐབ་རྩོད་ལ་སྐུ་ཚེ་ཕུལ་གྱིན་པ། ནོར། སྐབས་འཚོ་རང་དབང་སྨྱུག་རྩེ་པ། བདེན།
    ༧༽ ནག་ཉེས། མེད། ནོར། བོད་མིའི་སྤྱི་ཚོགས་དང་མི་རིགས་ཀྱི་རིག་གཞུང་ལ་འགན་འཁུར་མེད་པ། བདེན།
    ༨༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།60% ནོར། 15% བདེན།
    ༩༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།0.1% ནོར། 25% བདེན།

    མཁན་ཆེན་ཚུལ་ཁྲིམས་བློ་གྲོས།
    ༡༽ ལྟ་བ། ༼ཆོས་ལུགས་རང་ལུགས་པ༽ ནོར། ཆོས་ལུགས་ཡར་འདེབས་པ། བདེན།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད།70% ནོར། 85% བདེན།
    ༣༽ ཕྱིའི་རིག་གནས་ཆུ་ཚད།10% ནོར། 30% བདེན།
    ༤༽ རིགས་ཞེན།70% ནོར། 100% བདེན།
    ༥༽ དད་ཞེན།100% ནོར་མེད།
    ༦༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།30% ནོར། 85% བདེན།
    ༧༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།5% ནོར། 1% བདེན།

  28. རྟ མགྲིན་དབང་ཆེན་ says:
    2013-09-30 at 12:20 am

    འཇམ་ནོར་བོད་ཀྱི་ཐད་བརྒྱ་ཆ་ ༥
    ཕྱི་རིག་གནས་ཐད་བརྒྱ་ཆ་ ༤༠
    གཞན་ཚང་མ་ ༠

  29. ཡ་མ་ཚེ་རིང་། says:
    2013-09-30 at 12:43 am

    རྒྱུས་མེད་རྒྱུས་གཏམ་རང་་རེད།

  30. སྤོབས་པ་མཐའ་ཡས། says:
    2013-09-30 at 3:43 am

    འཇམ་དབྱངས་ནོར་བུས་བོད་ཡིག་གི་སྟེང་དུ་རྩོམ་འབྲི་ཐུབ་ཀྱི་ཡོདམེད་མི་ཤེས་ཡོད་བོད་ཡིག་ཀློག་ཤེས་ཀྱི་ཡོད་ས་རེད། བོད་སྐད་ཀྱི་གཏམ་བཤད་ནི་ཆུ་བཞུར་བཞུར་རེད། བོད་ཀྱི་རིག་གནས་ལ་ཡང་རྒྱུས་མངའ་ཧ་ཅང་ཟབ་པོ་རེད། དབུ་མ་དང་ཕར་ཕྱིན་གྱི་གཞུང་འདྲ་ལ་འགྲེལ་བཤད་རྒྱག་མི་ཐུབ་ན་གང་ཤེས་ཏེ་སྤྱིའི་ཆ་ནས་བོད་ཀྱི་རིག་གནས་ལ་རྒྱུས་མངའ་ཟབ་པོ་རེད། མི་རིགས་རིང་ལུགས་དང་རྒྱལ་གཅེས་རིང་ལུགས་པ་ནི་མིན་ཞེས་ཁོ་རང་གིས་ཀྱང་བཤད་ཀྱིན་འདུག མདོར་ན་བོད་ཀྱི་གནད་དོན་འདི་དྲང་བདེན་གྱི་འཐབ་རྩོད་ཅིག་ཡིན་པས་ཁོ་རང་གིས་དེ་ལ་རོགས་རམ་བྱེད་འདོད་པ་མ་གཏོགས་ཁོ་རང་ལ་དཀའ་ངལ་འདྲ་ཡང་མེད། ཞེན་ཁོགས་འདྲ་ཡང་མེད་ཟེར། ཀླུ་མཁར་བྱམས་ཀྱིས་ཀྱང་དེ་དང་ཆ་འདྲ་བ་ཞིག་བྲིས་འདུག བོད་ཀྱི་དཀའ་རྙོགས་འདི་སེལ་སོང་ན་ཁོ་རང་ཨི་ཊ་ལིའམ་ཨི་རྗིབ་ལྟ་བུ་ཞིག་གི་མི་སེར་བྱ་རྒྱུར་འདོད་པ་ཡོད་ཡིན་ནམ་ཞིག་བཤད་འདུག ཟམ་གདོང་གིས་ནི་ཁོ་རང་ལ་བོད་རིགས་ཀྱི་ལ་རྒྱ་ཞེན་པ་འདྲར་གང་ཡང་མེད། བླ་མའི་བཀའ་སྒྲུབ་པའི་ཆེད་དུ་རྡ་རམ་ས་ལ་བློ་ཡིས་མི་ཐོངས་པ་ཡིན་ཞེས་བཤད་འདུག རྒྱལ་བ་རིན་པོ ཆེས་ཀྱང་ཁོང་རང་གིས་བོད་ཀྱི་དཀའ་ངལ་སེལ་ཐབས་འདི་ཕྱག་ལས་གལ་ཆེན་གསུམ་གྱི་ནང་ནས་གལ་ཆུང་ཤོས་དེ་ཡིན་གསུངས་འདུག ངས་བཤད་པ་དེ་ཚོ་ནི་མི་རང་རང་གི་སྐད་ཆ་ལ་གཞིར་བྱས་ནས་བཤད་པ་མ་གཏོགས་རྫུན་གླེང་འདེབས་པ་ནི་གང་ཡང་མིན།

  31. སྤོབས་པ་མཐའ་ཡས། says:
    2013-09-30 at 3:49 am

    བོད་མི་རིགས་ཀྱི་ཤ་ཁྲག་གི་ཕུང་པོའི་ནང་ལ་བོད་མི་རིགས་ཀྱི་རྣམ་ཤེས་དེ་ཞུགས་བོད་མི་མང་གི་མདུན་ལམ་ཀྱི་དོན་ལ་འཐབ་རྩོད་བྱེད་མཁན་ངོ་མ་དེ་ཚོ་སུ་ཡིན་བརྟག་རྒྱུ་རེད། དེང་སང་བོད་ལ་རྒྱལ་ཞེན་ཅན་མེད་པའི་དཀའ་ངལ་ཆེན་པོ་རེད། བོད་ཀྱི་མི་ཆེན་པོ་ཡིན་ཟེར་མཁ་ཕལ་ཆེ་བ་དེ་རང་རང་ཆེ་ས་མཐོ་ས་ཞིག་ལ་ཡར་བཀྱགས་ནས་་ཕྱི་མི་ཞིག་གི་ས་ནས་མར་བོད་མི་མང་དང་དེའི་ལས་དབང་ཉམ་ཆུང་དེར་ལ་སེམས་ཁུར་རེ་བྱེད་མཁན་མ་གཏོགས་རང་རང་བོད་མི་ཞིག་ཡིན་པའི་ཞེན་ཁོགས་བྱེད་ཕོད་མཁན་དཀོན་པོ་རེད།

  32. ཆབ་བྲག་ཕོ་ཉ། says:
    2013-09-30 at 4:24 am

    མི་རིགས་ཀུན་གྱི་ཐོབ་ཐང་འདྲ་མཉམ་ཡིན། འདྲ་མཉམ་མིན་ན་རྒྱ་ལ་རྒོལ་དགོས་མེད།
    བོད་ཡིག་བོད་སྐད་རང་གི་མ་སྐད་ཡིན། སྨྲ་བརྗོད་རང་དབང་རང་གི་ཐོབ་ཐང་ཡིན།
    ཕྲག་དོག་ཕྱོགས་ལྷུང་ཅན་གྱི་མིག་ལམ་ན། བདེན་པའི་སྐྱེས་བུ་ནམ་ཡང་གཅེར་བུ་ཡིན།
    གཟུར་གནས་མཁས་པ་དག་གི་ལྗགས་རྩེ་ན། ཚད་མའི་གཏམ་ལས་རང་མཚང་འབྱིན་པ་མེད།

  33. རིན་ཆེན་དར་རྒྱས། says:
    2013-09-30 at 8:13 am

    བོད་ཕྱི་ནང་གི་མི་སྣ་རྩོད་ཉོག་ཅན་ཁག་ཅིག་གི་ལེགས་ཉེས་དང་ཕྱོགས་བསྡུས་ཆུ་ཚད་ཅེས་པ་ལོང་པས་གླང་ཆེན་གྱི་གཟུགས་ལ་དཔྱད་པ་ལྟ་བུ་ལས་ཡིད་རྟོན་འོས་པ་གང་ཡང་མེད་དོ།

  34. BONPO says:
    2013-09-30 at 8:23 am

    བོད་རྒྱལ་ཡོངས་ཀྱི་གཞུང་འབྲེལ་ཆོས་ལུགས་གཅིག་པུ་དེ་གདོད་མའི་བོན་ལུགས་ཡིན་པར་སླར་ཡང་མངའ་གསོལ་མ་བྱས་བར། ངས་ནི་ཁྱེད་ཚོས་བརྒྱ་བཤད་སྟོང་བཤད་ཚང་མ་དེ་འདྲ་དེ་འདྲ་ཞིག་ཡིན་པར་ཡིད་འཇོག་བྱ་རྒྱུ་ཡིན། ཉི་ཧོང་མི་དམངས་དང་རྒྱལ་ཁབ་ལ་གཅིག་གཟིགས་དང་ཁོ་ཚོས་རང་གི་རིག་གཞུང་ངོ་མ་དེ་གང་ཡིན་པ་ངོ་ཤེས་ནས་བདག་པོ་ག་འདྲ་བརྒྱབ་འདུག། ང་ཚོའི་བོད་ཡུལ་འདི་ཡང་མགོ་མེད་གཞུག་དུམ་དེ་འདྲ་རྩ་བ་ནས་མ་རེད་དོ། ཁྱེད་ཚོ་རིག་པ་སྨྲ་ཡིན་ཟེར་མཁན་ང་ཡིན་ཁོ་ཡིན་ཚོས་རིག་པ་ཅི་འདྲ་ཞིག་སྨྲ་བཞིན་ཡོད་དམ། །

  35. གཡུ་ཐོག་རྒྱལ་པོ། says:
    2013-09-30 at 9:22 am

    མི་སྣ་དེ་རིགས་ལ་འདིང་འཇོག་བྱེད་པའི་ཚད་གཞི་ཅི་འདྲ་ཞིག་ལ་བསླེབས་མིན་མི་ཤེས། འོན་ཀྱང་། མིང་གཞུང་དེ་དག་གི་ནང་ད་དུང་མི་སྣ་རེ་རུང་ལྷག་འདུག དཔེ་མཚོན་ཙམ་བཤད་ན། ཧོར་གཙང་འཇིགས་མེད། བཙན་བྱོལ་ནང་གི་ལུང་ཚན་རིང་ལུགས་པ། ཀླུ་མཁར་འབྱམས། བཙན་བྱོལ་ནང་གི་འུད་སྒྲོག་རིང་ལུགས་པ། ཀརྨ་ཆོས་འཕེལ། བཙན་བྱོལ་ནང་གི་རྗུན་བཟོ་རིང་ལུགས་པ། མི་སྣ་དེ་རིགས་ལ་འདིང་འཇོག་བྱེད་དགོས་པར་མཐོང་།

  36. རིག་པའི་བུ says:
    2013-09-30 at 1:06 pm

    བསྟན་འཛིན་ཤེས་རབ་ནི་གོང་ཁ་ལ་འཁྱེར་ནས་བོད་མི་བདེན་པ་རྡུང་རྡེག་བཏང་མཁན་གྱི་ཉེས་ཅན་པ་ཞིག་རེད། སྤྲེད་ལེ་བྱེད་མཁན་གྱི་ལྕགས་སྒྲོག་ཅིག་རེད། འཇམ་ནོར་ལ་དེ་ལ་སྡང་བས་ཁྱེད་ཀྱི་ཕ་ཁོས་བསད་པ་རེད་དམ།

  37. གཅན་ཚ བཟོད་རྒྱམ། says:
    2013-10-01 at 2:17 am

    དེང་སང་རང་གི་དབྱུག་པ་རང་གི་མགོ་ལྕོག་གི་སྐད་ཆ་བཤད་ཇེ་མང་དུ་འགྲོ་གི་འདུག

    སྤོབས་པ་མཐའ་ཡས་འདི་དོན་ངོ་མ་སུ་ཡིན་ནམ། ང་ལ་འདི་སུ་ཡིན་ཤེས་འདོད་ཆེ་གི རིགས་ཞེན་ཡོད་ནི། དཔྱད་ཞིབ་ཀྱི་བློ་མིག་རྣོ་གི ཚིག་སྦྱོར་དང་དོན་སྟོན་པར་མཁས་གི ད་དུང་ཚིག་ཐོག་ནས་འདུག་ནི་ཞིག་རེད་ཨང་སྙམ།

  38. ཨ་ནུ་ཐང་བསོད་ནམས says:
    2013-10-01 at 3:17 am

    སྤོབས་མཐས་གསུངས་བ་བདེན་པ་རེད། བོད་མིས་བཀུར་བའི་བླ་ཆེན་དང་མི་ཆེན་མང་པོ་ཞིག་གིས་རང་ཉིད་འཇིག་རྟེན་སྤྱི་ཡོངས་ལ་ལྟ་མཁན་ལས་བོད་པ་ཡིན་པའི་ལ་རྒྱལ་ཡོད་ཟེར་ནས་བཤད་ཕོད་མཁན་ཁག་པོ་རེད། དེ་བརྟེན། འཇིག་རྟེན་སྤྱི་ཡོངས་ཀྱི་ལམ་སྟོན་པ་ལྟ་བུ་ཆགས་པ་འདོད།

  39. ཨ་ནུ་ཐང་བསོད་ནམས says:
    2013-10-01 at 3:20 am

    འགྲན་རྩོད་དང་ཕྱོགས་ཞེན་གྱི་འཇིག་རྟེན་འདིར་མི་ཆེན་ཚོའི་ཁྲོད་དེ་ལྟར་སྣང་མཁན་ག་ཅང་གི་ཉུང་ཞིང་ཡོད་ཚེ། སྐད་གྲགས་ཆགས་པར་དོགས་གཞི་མི་འདུག

  40. སྤོབས་པ་མཐའ་ཡས། says:
    2013-10-01 at 4:05 am

    བོད་མི་འཇོན་ཐང་ཅན་ཚོར་བརྒྱ་ཆ་སྤྲད་དགོས་ན་ཐབས་ཤིག་ཡོད་པ་དེ་ནི་རང་རེའི་ཆོས་གཞུང་གི་རིགས་ལམ་མུ་བཞིའི་འགྲོ་སྟངས་སྤྱད་དགོས་ས་རེད། དཔེར་ན། ཕྱི་བོད་མི་ཡིན་ལ་ནང་བོད་མི་མ་ཡིན་པ། ནང་བོད་མི་ཡིན་ལ་ཕྱི་བོད་མི་མ་ཡིན་པ།།ཕྱི་ནང་གཉིས་ཀ་བོད་མི་མ་ཡིན་པར་གྱུར་ཟིན་པ། ཕྱི་ནང་གཉིས་ཀ་བོད་མི་ཡིན་པ་བཅས་བཞིར་དབྱེ་ནས་བལྟས་ན་གོ་རྒྱུ་ཞིག་མེད་དམ་སྙམ།

  41. ཞོལ་གཡག་འབྲོང་རྒྱུད། says:
    2013-10-01 at 4:22 am

    ད་དུང་རྒྱལ་གཅེས་ཆོས་གཅེས་རིང་ལུགས་པ་ཟམ་གདོང་བླ་མ་རྦད་དེ་ལུས་འདུག། བོད་དབྱིན་གཉིས་ཀྱི་ཤེས་ཚད་དང་རིགས་ཞེན་དང་ལ་རྒྱ་རྒྱལ་ཞེན་མི་རིགས་ཀྱི་འདུ་ཤེས་སོགས་ལ་བརྒྱ་ཆ་ཞིག་བསྐོོར་རོགས།

  42. རིག་པའི་བུ says:
    2013-10-01 at 6:16 am

    ལོ་རྒྱུས་ཀྱི་ཉེས་ཅན་པ་དང་རང་བཙན་བཙོང་མཁན། བླ་མའི་དྲན་གཡོག་པ་ཟམ་གདོང་ལ་དེ་ཙམ་བསྟོད་མངགས་མེད། ཁོས་བླ་མའི་བཀའ་གསུངས་སྒྲུབ་རྒྱུ་ནི་བོད་དོན་ལས་ལྷག་ཡིན་ཞེས་བཤད་པས་སྤྲེད་ལེ་ཡི་རྒྱལ་པོ་ལས་དགེ་མཚན་དེ་ཙམ་མེད། ཁོ་བོད་ནས་ཡོད་ན་རྒྱ་ནག་ལ་དེ་ལྟར་ཞབས་ཞུ་སྒྲུབ་པ་སེམས། ཕོགས་ཐུག་བྱུང་ས་ཡོད་ན་དགོངས་དག་ཡོད།

  43. ཆབ་བྲག་ཕོ་ཉ། says:
    2013-10-01 at 7:13 am

    “བོད་རྒྱལ་ཡོངས་ཀྱི་གཞུང་འབྲེལ་ཆོས་ལུགས་གཅིག་པུ་དེ་གདོད་མའི་བོན་ལུགས་ཡིན་པར་སླར་ཡང་མངའ་གསོལ་མ་བྱས་བར” ད་ལྟ་བོད་རྒྱལ་ཁབ་མེད་པ་ཞིག་ལ་བོད་རྒྱལ་ཡོངས་ཀྱི་ཞེས་༷འི་སྐད་ཆ་ཞིག་བཤད་ན་སྟོང་བ་རེད། དེ་གཅིག་ཡིན།
    གཉིས་ནས་ད་ནས་བཟུང་ཆོས་ལུགས་ཁག་སོ་སོ་རང་དབང་གིས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་འགྲོ་ཐུབ་པའི་ལམ་ལ་སོང་ན་བཟང། དེ་གཞུང་གི་ཆོས་ལུགས་དང་གཞུང་འབྲེལ་མ་ཡིན་པའི་ཆོས་ལུགས་ཞེས་དབྱེ་བ་གཏན་ནས་དགར་མི་འོས། དེ་ལྟར་བྱས་ན་འགལ་འཛོལ་ཆེན་པོ་ཡོང་ངེས་རེད།
    གསུམ། འཇིག་རྟེན་འཇིག་ཅིང་འགྱུར་བའི་རང་བཞིན་ཅན་ཡིན་པས་གདོད་མའི་ཆོས་ལུགས་དང་གདོད་མའི་སྤྱི་ཚོགས་ཤིག་གཏན་ནས་གནས་ཐབས་མེད། གནས་ལུགས་དེ་ཤེས་དགོས།
    བཞི། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་དུ་བཅའ་ཁྲིམས་རིན་པོ་ཆེའི་འོག་ཏུ་ཆོས་བརྒྱུད་ཁག་ཀྱང་འདྲ་མཉམ་གྱི་ལམ་དུ་སྐྱོད་ཐབས་གནང་བཞིན་པ་རེད། བོན་ལ་དམིགས་བསལ་ཐོབ་ཐང་སྤྲོད་མི་འོས།
    ལྔ། སྲིད་དང་ཆོས་གང་ཡིན་ཡང་མཐའ་མར་མི་དམངས་ཀྱིས་ཐག་གཅོད་པའི་དུས་རེད། དམངས་དབང་ལམ་ལུགས་ཅན་དུ་གྱུར་པ་རེད། དེ་བས་གང་ཞིག་གང་ལ་མང་མོས་ཡོད་མེད་དེས་ཡོད་ཚད་གཙོ་ཕལ་ཕྱེ་ནས་འགྲོ་དགོས་ཆགས་པ་རེད།

  44. རིག་པའི་བུ says:
    2013-10-01 at 9:32 am

    ཆོས་སྲིད་ཁ་ཞེ་གཉིས་མེད་ཀྱིས་ལོགས་སུ་འབྱེད་དགོས་བའི་ཆབ་བྲག་གི་ལྟ་ཚུལ་ལ་འདོད་མོས་ཡོད། གོོང་ས་མཆོག་གིས་ཕྱི་རྒྱལ་ཚོ་ལ་ཆོད་སྲིད་ལོགས་སུ་ཡོད་ན་བཟང་ཚུལ་དང་། བོད་ཀྱི་སྤྱི་ཚོགས་ཁྲོད་སླེབས་སྐབས་མི་སྐྱ་ཚོས་ཀྱང་ནང་ཆོས་སྦྱང་དགོས་གསུངས་བ་གཉིས་ནང་འགལ་དུ་འདོད།

  45. BONPO says:
    2013-10-01 at 9:07 pm

    ༼“བོད་རྒྱལ་ཡོངས་ཀྱི་གཞུང་འབྲེལ་ཆོས་ལུགས་གཅིག་པུ་དེ་གདོད་མའི་བོན་ལུགས་ཡིན་པར་སླར་ཡང་མངའ་གསོལ་མ་བྱས་བར” ད་ལྟ་བོད་རྒྱལ་ཁབ་མེད་པ་ཞིག་ལ་བོད་རྒྱལ་ཡོངས་ཀྱི་ཞེས་༷འི་སྐད་ཆ་ཞིག་བཤད་ན་སྟོང་བ་རེད། དེ་གཅིག་ཡིན།༽ བོད་རྒྱལ་ཡོངས་ཟེར་ནས་སྨྲས་པ་ནི་ད་ལྟའི་ཆར་བོད་ལ་རྒྱལ་ཁབ་ཀྱི་བདག་དབང་ཡོད་དང་མེད་ཀྱི་སྐད་ཆ་མིན། བོད་བཙན་པོའི་རྒྱལ་རབས་ཀྱི་མངའ་ཁོངས་སུ་གཏོགས་པའི་ས་ཁམས་ཡོངས་ལ་གོ་དགོས་པའི་དོན་ཡིན། ད་ལྟ་ལས་མ་འོངས་པ་རྒྱ་ཆེ་ལ་མ་འོངས་པར་འགྱུར་ལྡོག་ཀྱང་བསམ་གྱིས་མི་ཁྱབ་པ་དེ་འདྲ་ཡོང་ངེས། དཔེར་ན་མོན་ཏ་དབང་གི་ས་སྐོར་དེ་ཨ་ཞང་ཚང་གིས་ཁོང་ཚོས་ཡིན་པར་བསྒྲུབ་པ་ལ་དང་ཐོག་བོད་ཀྱི་ཆ་ཤས་ཡིན་པར་བསྒྲུབ་དགོས་ཀྱི་ཡོད་པ་རེད། ལོ་རྒྱུས་ཐོག་བོད་ཀྱི་ཆ་ཤས་སུ་མ་ངེས་ན་དེ་ཉིད་ཨ་ཞང་ཚང་གིས་ཐག་རིང་པོ་ཞིག་ནས་ང་ཚོའི་ཡིན་ནོ་ཟེར་ནས་སྐད་ཆེན་པོ་རྒྱག་སའི་གཞི་མེད་པ་དེ་ཁྱེད་ཀྱིས་ཤེས་པར་བྱོས་ཤིགས། །

    ༼གཉིས་ནས་ད་ནས་བཟུང་ཆོས་ལུགས་ཁག་སོ་སོ་རང་དབང་གིས་འཛིན་སྐྱོང་སྤེལ་གསུམ་བྱས་ནས་འགྲོ་ཐུབ་པའི་ལམ་ལ་སོང་ན་བཟང། དེ་གཞུང་གི་ཆོས་ལུགས་དང་གཞུང་འབྲེལ་མ་ཡིན་པའི་ཆོས་ལུགས་ཞེས་དབྱེ་བ་གཏན་ནས་དགར་མི་འོས། དེ་ལྟར་བྱས་ན་འགལ་འཛོལ་ཆེན་པོ་ཡོང་ངེས་རེད།༽ ལོ་རྒྱུས་ཀྱི་གོ་རིམ་བཞིན་བྱས་ན་གདོད་མའི་བོན་ལུགས་ལ་གོ་ས་དང་པོ་དེ་སྤྲོད་དགོས་པ་ནི་དངོས་པོའི་གཤིས་ལུགས་རེད། དྲང་བདེན་ལ་བརྩི་བཀུར་ཞུ་མཁན་ཞིག་ཡིན་ན་བསམ་བློ་ཡག་པོ་ཐོངས། རྒྱལ་པོའི་སྲས་ཆེ་ཤོས་དེ་ལ་རྒྱལ་སྲིད་མངའ་གསོལ་དགོས་པ་དང། ཁྱིམ་གྱི་བུ་ཆེ་ཤོས་དེ་ལ་ཁྱིམ་ཚང་གི་བདག་དབང་སྤྲོད་དགོས་པ་ནི་ཁ་བ་བོད་པ་ཚང་གི་འགྲོ་སྟངས་རེད། དེ་འདྲ་ཡིན་དུས་ཆོས་ལུགས་ཀྱི་ནང་ནས་སྔ་ཤོས་དེ་བོད་ཡུལ་རང་གི་ས་སྐྱེས་རྡོ་སྐྱེས་ཀྱི་ཆོས་ལུགས་ཁྱད་དུ་འཕགས་པ་གདོད་མའི་བོན་ལུགས་ཡིན་པའི་རྒྱུ་མཚན་གྱིས་གཞུང་འབྲེལ་ཆོས་ལུགས་སུ་མངའ་གསོལ་ན་བབ་འོས་ཡོད་པ་ཞིག་ལོས་ཡིན། དེས་རྐྱེན་བྱས་ནས་ཆོས་ལུགས་གཞན་སུ་དང་གང་ལའང་དོ་ཕོགས་ཆེན་པོ་འགྲ་ོམི་སྲིད། མ་ཚད་བོད་བརྒྱུད་ནང་བསྟན་ལྟ་བུར་ཆ་མཚོན་ན་དེ་བས་ཀྱང་ཆེ་མཐོང་ཆེ་རུ་མ་གཏོགས་ཆུང་ངུར་དུས་ནམ་ཡང་འགྲོ་མི་སྲིད། ཅིས་ན་དྲང་བདེན་མི་རིགས་ཀྱི་འགྲོ་སྟངས་ཡོད་པའི་ལམ་བུར་དེར་ཁྱེད་ཅག་ཀྱང་ཚུལ་མཐུན་གྱིས་བསྐྱོད་པའི་ཕྱིར། །

    ༼གསུམ། འཇིག་རྟེན་འཇིག་ཅིང་འགྱུར་བའི་རང་བཞིན་ཅན་ཡིན་པས་གདོད་མའི་ཆོས་ལུགས་དང་གདོད་མའི་སྤྱི་ཚོགས་ཤིག་གཏན་ནས་གནས་ཐབས་མེད། གནས་ལུགས་དེ་ཤེས་དགོས།༽ ང་ཚོ་བོད་གངས་ཅན་པ་ཚོའི་མ་འོངས་པའི་མདུན་ལམ་དེ་ལོ་རྒྱུས་ཡོད་པའི་མི་རིགས་ཤིག་གི་ངོ་བོ་བཟུང་ནས་གང་བརྟན་པ་དེར་བསྐྱོད་དགོས་པའི་འདུན་པ་བཟུང་ཡོད། གདོད་མའི་ལམ་ལུགས་རང་ཁ་མ་ཞིག་དུས་རབས་གསར་པའི་མིས་ཨུ་ཚུགས་ཀྱིས་རྒྱུན་སྐྱོང་དགོས་པའི་དོན་མིན། འོན་ཀྱང་བོད་ཀྱི་གདོད་མའི་ཆོས་ལུགས་དང་བོད་ཀྱི་གདོད་མའི་སྤྱི་ཚོགས་ལ་གུས་བཀུར་དང་ཆེ་མཐོང་འཇོག་མཁན་དེ་བོད་མི་རིགས་ཀྱི་ཤ་ཁྲག་རུས་གསུམ་གྱི་རྒྱུན་ཁུར་སྡོད་མཁན་རང་རིགས་གཞོན་སྐྱེས་ཚོས་མ་བྱས་ན་སུས་བྱའམ། རྒྱ་གར་གྱིས་བྱའམ། བལ་ཡུལ་གྱིས་བྱའམ། རྒྱ་ནག་གིས་བྱའམ། ཨ་རིས་བྱའམ། གལ་སྲིད་བྱ་འདོད་ཀྱང་བྱ་ཐབས་ཡག་པོ་ཤེས་མི་ཡོང་། དགོངས་པ་ཡག་པོ་བཞེས་རོགས། །

    ༼བཞི། ད་ལྟའི་ཆར་བཙན་བྱོལ་སྤྱི་ཚོགས་ནང་དུ་བཅའ་ཁྲིམས་རིན་པོ་ཆེའི་འོག་ཏུ་ཆོས་བརྒྱུད་ཁག་ཀྱང་འདྲ་མཉམ་གྱི་ལམ་དུ་སྐྱོད་ཐབས་གནང་བཞིན་པ་རེད། བོན་ལ་དམིགས་བསལ་ཐོབ་ཐང་སྤྲོད་མི་འོས།༽ ད་ལྟའི་ཆར་ཆོས་ལུགས་ནང་ཁུལ་མི་འཆམ་པའི་རྩོད་པ་ཆེན་པོ་དེ་འདྲ་ཡོད་པ་མི་ཤེས། མ་འོངས་པར་ཡེ་ཤུ་དང་ཁ་ཆེ་དང་ཧིན་རྡུ་སོགས་ཆོས་ལུགས་་འདྲ་མིན་སྣ་ཚོགས་ཡོང་སྲིད་པ་རེད། ཚང་མ་འཆམ་མཐུན་བྱུང་ན་ཡག་ཤོས་དེ་རེད། དེ་ལྟར་མ་བྱུང་ནས་ང་ཡིན་ཁོ་ཡིན་ཟེར་ལབ་གླེང་བྱུང་ན་ཁྱོད་ཚོས་ཅི་སྨྲའམ། ཡོང་མི་སྲིད་པ་མ་རེད། ང་རྒྱལ་དང་ཞེ་སྡང་བྱས་ན་ནི་མ་འགྲིག། དེ་དུས་འགྲོ་སྟངས་ཡོད་པའི་ལམ་བུ་ཞིག་ལ་མི་འགྲོ་རང་འགྲོ་ཆགས་ཡོང་བསམ་གྱི་ཡོད་དོ། བོན་ལུགས་དང་པོ། བན་ལུགས་གཉིས་པ། དེ་ནས་རིམ་པ་བཞིན་དུ་མར་བསྟར་ཆགས་སུ་འགྲོ་རྒྱུ་ཡིན་པ་ཉག་གཅིག་ཡིན་འགྲོ། །

    ༼ལྔ། སྲིད་དང་ཆོས་གང་ཡིན་ཡང་མཐའ་མར་མི་དམངས་ཀྱིས་ཐག་གཅོད་པའི་དུས་རེད། དམངས་དབང་ལམ་ལུགས་ཅན་དུ་གྱུར་པ་རེད། དེ་བས་གང་ཞིག་གང་ལ་མང་མོས་ཡོད་མེད་དེས་ཡོད་ཚད་གཙོ་ཕལ་ཕྱེ་ནས་འགྲོ་དགོས་ཆགས་པ་རེད།༽ དམངས་གཙོ་ཚད་ལྡན་ཞིག་བྱ་འདོད་ན་དང་པོ་མི་དམངས་ལ་ལོ་རྒྱུས་ཚུལ་མཐུན་སློབ་དགོས་པ་རེད། ཤེས་ཡོན་སློབ་སྦྱོང་ཚད་ལྡན་སྤྲོད་དགོས་པ་རེད། མི་དམངས་ལ་རང་དབང་གིས་བསམ་བློ་གཏོང་རྒྱུའི་གོ་སྐབས་སྤྲོད་དགོས་པ་རེད། དཔེར་ན་རྒྱ་གར་མི་དམངས་ལ་ལྟོས་དང་ཁོང་རང་ཚོས་སྔ་རབས་ཀྱི་ལོ་རྒྱུས་བདག་པོ་ག་འདྲ་ཡག་པོ་རྒྱག་བཞིན་མི་འདུག་གམ། རྒྱ་ནག་ཡིན་ནའང་དེ་བཞིན་རེད། ལོ་རྒྱུས་ཡོད་མཁན་གྱི་ལུང་ཕལ་མོ་ཆེས་སོ་སོའི་ལོ་རྒྱུས་གང་ཡོད་པ་རྣམས་བདག་པོ་བྱེད་བཞིན་གནས་འདུག་གོ། དམངས་གཙོ་ཡིན་ཟེར་ནས་གང་བྱུང་མང་བྱུང་བྱ་རྒྱུ་དེ་འདྲ་ཨ་ཡིན་ན། ཨ་རི་ལྟ་བུར་ཆགས་བཞག་པ་ཡིན་ནའང་སྔོན་གྱི་དབྱིན་ཡུལ་དུ་བྱེད་སྲོལ་ཡོད་པའི་གདོད་མའི་དུས་ཆེན་ཁག་བརྩི་སྲུང་ཞུ་བཞིན་གནས་ཡོད་རེད། བོད་པ་ཚང་གསར་འགྲོགས་མ་ཆེ་ཨ། །

  46. སྤོབས་པ་མཐའ་ཡས། says:
    2013-10-02 at 1:33 am

    བོན་འདི་བོད་ཀྱི་གཞུང་འབྲེལ་ཆོས་ལུགས་སུ་ངོས་འཛིན་དགོས་པའི་བསམ་འཆར་དེ་ལ་བརྒྱ་ཆ་བརྒྱ་ཐམས་པ་རྒྱབ་སྐྱོར་དང་འབྲེལ་ལེགས་སོ་ཞུ་རྒྱུ་ཡིན། ཤེས་ཡོན་ཅན་ཆབ་བྲག་པ་སོགས་ཀྱིས་དགག་པ་བརྒྱབ་པ་དེ་ཤིན་ཏུ་མ་བཟང་། དེང་སང་ཟམ་གདོང་སྤྲུལ་སྐུ་སོགས་ཁ་ཤས་ཤིག་གིས་ཁྲི་བྱང་རིན་པོ་ཆེའི་བཀའ་གཅོག་མ་ཕོད་ནས་རྡ་རམ་ས་ལ་བློས་མི་ཐོངས་བར་ལུས་ཡོད་པ་མ་གཏོགས་ད་ཆོས་སྲིད་ཟུང་འབྲེལ་མི་བྱེད་ཟེར་ནས་བན་དེ་ཕར་ཕར་འབྲོ་གི་ཡོད་པའི་དུས་ཚོད་ངན་པ་ཞིག་རེད། བསྐལ་ངན་དུས་ངན་འདི་འདྲ་ཞིག་ལ་བོན་པོ་ཚང་གིས་གཞུང་འབྲེལ་ཆོས་ལུགས་བྱེད་ཀྱི་ཡིན་ཟེར་ནས་དཔའ་ཁས་ལེན་དང་མདུང་ཕྲག་ལེན་བྱས་ནས་ཐོན་པ་དེ་ལ་དགའ་བསུ་དང་རྒྱབ་སྐྱོར། བསྟོད་བསྔགས་དང་ལེགས་སོ་ཞུ་བར་འོས། གལ་སྲིད་བོན་འདི་བོད་ཀྱི་གཞུང་འབྲེལ་ཆོས་ལུགས་སུ་གྱུར་ན་རྡ་རམ་ས་ལ་གཡས་གཡོན་གྱི་བན་དེ་ཁ་ཤས་རེ་བོན་པོའི་ནང་ལ་ཞུགས་ཡོང་བ་ཡང་ངས་མནའ་སྐྱེལ་ཐུབ།
    བོན་པོ་ལགས་ཀྱིས་བོན་འདི་ས་སྐྱེས་རྡོ་སྐྱེས་ཡིན་ཞེས་གསལ་ཁ་ཧ་ཅང་བཏོད་ཀྱིན་འདུག་མོད་དེ་གལ་ཆེན་པོ་མ་རེད། དེ་ལོ་རྒྱུས་སྨྲ་བ་ཚོའི་ན་ན་ཚ་ཚ་ཞིག་མ་གཏོགས་སྤྱི་ཚོགས་ཤིག་ལ་མཚོན་ན་ས་སྐྱེས་རྡོ་སྐྱེས་དང་། ས་བརྐུས་རྡོ་བརྐུས། ས་གཏེར་རྡོ་གཏེར་གང་ཞིག་ཡིན་མིན་དེ་གལ་ཆེན་པོ་མ་མ་ཡིན་པར་བེད་སྤྱོད་ཡོད་པ་ཞིག་ཡིན་མིན་དེ་གལ་ཆེན་པོ་རེད།
    བོན་འདི་གཞུང་འབྲེལ་ཆོས་ལུགས་བྱེད་མི་ཆོག་པ་ཞིག་མ་རེད། ཡིན་ན་ཡང་དེ་ལྟར་དགོས་འདུན་འདོན་མཁན་གྱི་ངོས་ནས་ང་ཚོ་བཀུར་དགོས། ང་ཚོ་བརྩི་དགོས། ང་ཚོ་མཆོད་དགོས་གསུངས་ན་སྙན་པོ་མི་འདུག དེ་ལས་ལྡོག་སྟེ། ང་ཚོའི་ཆོས་ལུགས་དེ་གཞུང་འབྲེལ་ཆོས་ལུགས་བྱས་ན་ང་ཚོས་བོད་མི་མང་ལ་གང་ཞིག་གནང་ཐུབ་གིན་འདུག ཆོས་ལུགས་གཞན་དང་ཚོགས་སྡེ་གཞན་དང་མི་འདྲ་བའི་ཞབས་འདེགས་ག་རེ་ཞུ་ཐུབ་གི་འདུག་ཅེས་གསལ་ཁ་འདོན་པ་དང་དམ་བཅའ་བྱེད་དགོས་པ་དེ་ཡང་དག་པའི་དམངས་གཙོའི་ལྟ་གྲུབ་དང་མཐུན་པ་ཞིག་རེད། རླབས་ཆེན་གྱི་ཆོས་ལུགས་ཤིག་གིས་མིའི་ཚོགས་སྡེ་ཞིག་ནས་མགོ་བཙུགས་ཏེ་ཞབས་འདེགས་སྒྲུབ་སྟངས་ཤིག་ཀྱང་རེད།
    དེ་དང་འབྲེལ་ནས་ངས་ཀུ་རེ་ཞིག་བཤད། ཉི་མ་གཅིག་ལ་བོན་འདི་བོད་ཀྱི་གཞུང་འབྲེལ་ཆོས་ལུགས་སུ་གྱུར་ནས་བོད་ཀྱི་དམག་ཆས་ཀྱང་སྟོད་འགག་སྔོན་པོ་དེ་བྱེད། སྔོན་མ་བན་དེ་སྟོད་འགག་སེར་པོ་ཅན་གྱིས་སྣེ་ཁྲིད།་དམར་པོ་ཅན་གྱིས་མཐའ་སྐོར་ནས་དམག་དྲངས་མྱོང་བ་བཞིན་དུ་མ་འོངས་པར་བོན་པོ་སྟོད་འགག་སྔོན་པོ་གྱིས་དམག་མི་ཡོང་མི་ཆོག་པ་ཅི་ཡོད། ཧཧཧཧ།

  47. དགྲ་ལྷ་ནག་པོ། says:
    2013-10-02 at 12:43 pm

    རྩོད་ཉོག་ཅན་གྱི་ལེགས་ཉེས་ཕྱོགས་བསྡུས། ཞེས་པ་དེ་རྒྱུས་མེད་མིར་རྒྱུས་གཏམ་བཤད་པ་བཞིན་ལས་དོན་ལ་གནས་པའི་དཔྱད་གླེང་ཞིག་ཏུ་མ་མཐོང་།
    ༡༽ ལྟ་བ། སྐབས་འཚོལ་རང་ལུགས་པ།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད། 10 %
    ༣༽ ཕྱིའི་རིག་གནས་ཆུ་ཚད།50%
    ༤༽ རིགས་ཞེན། 1%
    ༥༽ དད་ཞེན།10%
    ༦༽ མཛད་རྗེས། བོད་མི་རིགས་ཀྱི་རྩ་དོན་ཁ་ལ་ཁྱེར་ནས་རང་དོན་འབའ་ཞིག་སྒྲུབ་པ།
    ༧༽ ནག་ཉེས། བོད་ཆོལ་ཁ་གསུམ་ཁ་བྲལ་དུ་གཏོང་འདོད། བོད་ཕྱི་མ་ནང་མ་བགར་འདོད་ཀྱི་རྨོངས་སེམས་འདོར་ཐབས་མེད་པ། ༸ གོང་ས་མཆོག་ལ་མཚན་སྨོད་ཚད་མེད་བྱས་པ། ཕྱི་སྡོད་རང་རིགས་ནང་དཀྲིགས་ཤིང་འཕེན་པ། དོད་ཚོགས་དང་ཕྱི་གླིང་བ་ཀླད་མེད་ཁག་ཅིག་རྒྱབ་རྟེན་བྱས་ནས་ ༸གོང་ས་མཆོག་གི་ནུས་ཤུགས་ཆུང་དུ་གཏོང་འདོད་པ། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་སོགས་ལྡིང་ཆ་ཆེ་ཆུང་ནམ་རག་ལ་གོང་ས་མཆོག་ལ་དམོད་བོར་བ། བོད་རང་བཙན་ནི་ཁོའི་ཉིན་རེའི་འཚོ་བའི་ཁེ་ཕོགས་ཙམ་དུ་རློམས་པ་སོགས་ནག་ཉེས་ཚད་མེད་བསགས་ཡོད།
    ༨༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད། 0%
    ༩༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།50%

  48. དགྲ་ལྷ་ནག་པོ། says:
    2013-10-02 at 12:44 pm

    རྩོད་ཉོག་ཅན་གྱི་ལེགས་ཉེས་ཕྱོགས་བསྡུས། ཞེས་པ་དེ་རྒྱུས་མེད་མིར་རྒྱུས་གཏམ་བཤད་པ་བཞིན་ལས་དོན་ལ་གནས་པའི་དཔྱད་གླེང་ཞིག་ཏུ་མ་མཐོང་།
    ༡༽”འཇམ་ནོར།
    ལྟ་བ། སྐབས་འཚོལ་རང་ལུགས་པ།
    ༢༽ བོད་ཀྱི་རིག་གནས་ཆུ་ཚད། 10 %
    ༣༽ ཕྱིའི་རིག་གནས་ཆུ་ཚད།50%
    ༤༽ རིགས་ཞེན། 1%
    ༥༽ དད་ཞེན།10%
    ༦༽ མཛད་རྗེས། བོད་མི་རིགས་ཀྱི་རྩ་དོན་ཁ་ལ་ཁྱེར་ནས་རང་དོན་འབའ་ཞིག་སྒྲུབ་པ།
    ༧༽ ནག་ཉེས། བོད་ཆོལ་ཁ་གསུམ་ཁ་བྲལ་དུ་གཏོང་འདོད། བོད་ཕྱི་མ་ནང་མ་བགར་འདོད་ཀྱི་རྨོངས་སེམས་འདོར་ཐབས་མེད་པ། ༸ གོང་ས་མཆོག་ལ་མཚན་སྨོད་ཚད་མེད་བྱས་པ། ཕྱི་སྡོད་རང་རིགས་ནང་དཀྲིགས་ཤིང་འཕེན་པ། དོད་ཚོགས་དང་ཕྱི་གླིང་བ་ཀླད་མེད་ཁག་ཅིག་རྒྱབ་རྟེན་བྱས་ནས་ ༸གོང་ས་མཆོག་གི་ནུས་ཤུགས་ཆུང་དུ་གཏོང་འདོད་པ། ཚགས་པར་དང་། རླུང་འཕྲིན། བརྙན་འཕྲིན་སོགས་ལྡིང་ཆ་ཆེ་ཆུང་ནམ་རག་ལ་གོང་ས་མཆོག་ལ་དམོད་བོར་བ། བོད་རང་བཙན་ནི་ཁོའི་ཉིན་རེའི་འཚོ་བའི་ཁེ་ཕོགས་ཙམ་དུ་རློམས་པ་སོགས་ནག་ཉེས་ཚད་མེད་བསགས་ཡོད།
    ༨༽ བོད་སྤྱི་ཚོགས་ལ་བཟང་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད། 0%
    ༩༽ བོད་སྤྱི་ཚོགས་ལ་ངན་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་ཚད།50%

  49. BONPO says:
    2013-10-03 at 1:09 pm

    ༼བོན་པོ་ལགས་ཀྱིས་བོན་འདི་ས་སྐྱེས་རྡོ་སྐྱེས་ཡིན་ཞེས་གསལ་ཁ་ཧ་ཅང་བཏོད་ཀྱིན་འདུག་མོད་དེ་གལ་ཆེན་པོ་མ་རེད། དེ་ལོ་རྒྱུས་སྨྲ་བ་ཚོའི་ན་ན་ཚ་ཚ་ཞིག་མ་གཏོགས་སྤྱི་ཚོགས་ཤིག་ལ་མཚོན་ན་ས་སྐྱེས་རྡོ་སྐྱེས་དང་། ས་བརྐུས་རྡོ་བརྐུས། ས་གཏེར་རྡོ་གཏེར་གང་ཞིག་ཡིན་མིན་དེ་གལ་ཆེན་པོ་མ་མ་ཡིན་པར་བེད་སྤྱོད་ཡོད་པ་ཞིག་ཡིན་མིན་དེ་གལ་ཆེན་པོ་རེད།༽ གསུངས་པའི་ལན་དུ། །

    བེད་སྤྱོད་ཡོད་པ་ཞིག་ཡིན་མིན་དེ་གལ་ཆེན་པོ་རེད་ཟེར་ནས་བཤད་འདུག་མོད། བེད་སྤྱོད་ཡོད་དང་མེད་ཀྱི་ཚད་གཞི་དེ་ག་འདྲ་ཞིག་ལ་འཇོག་དགོས་སམ། བོད་མི་སྤྱི་དམངས་ཀྱི་དུས་རྒྱུན་འཚོ་བའི་ནང་དུ་བེད་སྐྱོད་ཆེ་ཤོས་དེ་ནི་གདོད་མའི་བོན་ལུགས་ཡིན་པ་ཀུན་གྱིས་ཤེས་གསལ་རེད། དཔེར་ན་བོད་རིགས་མི་དམངས་ཕལ་ཆེ་བས་མོ་ལ་ཡིད་ཆེས་དང་བློ་གཏད་ཆེན་པོ་བྱེད་ཀྱི་ཡོད་རེད། མོ་ཡི་རིག་གནས་འདི་བོད་ཡུལ་འདིར་དང་ཐོག་གདོད་མའི་བོན་ལུགས་ལས་བྱུང་བ་ཡིན་པ་བསྙོན་དུ་མེད། སྔོན་གངས་ཅན་པའི་ཡུལ་ཁམས་འདིར་་་མོ་བོན་་་ནམ་ཡང་ན་་་མོ་མ་་་ཞེས་པ་དེ་དག་གིས་ལས་ཀ་ཡག་ཉེས་སྣ་ཚོགས་བྱས་པའི་ལོ་རྒྱུས་ཀྱང་འདུག། དེ་ནས་གཏོ་སྐུ་རིམ་བཅའ་རྒྱུ་དང་འདོན་རྒྱུ་འདི་དག་གིས་དེང་སང་བོད་པ་ཙམ་མ་ཚད་རྒྱ་རིགས་མི་དམངས་ལའང་ཕན་ཐོག་ཆེན་པོ་འགྲུབ་བཞིན་གནས་ཡོད་རེད། ད་དུང་སྨན་དཔྱད་རིག་པ་ལ་བསམ་བློ་ཐོངས། ཕྱིས་བྱུང་བན་དེ་ཁྱེད་ཚོ་དཀའ་དྲིན་ཆེ་རང་དྲགས་ནས་སྔར་ཡོད་བོན་པོའི་མིང་དང་ལོ་རྒྱུས་རྣམས་དྲུང་ནས་མེད་པ་བཟོས་བཞག་པ་རེད་མ་གཏོགས་བོན་གྱི་འབུམ་བཞི་གསོན་པོ་ཉམས་ལེན་བྱེད་བཞིན་གནས་ཡོད་པ་ཀུན་གྱིས་ཤེས་གསལ་རེད། སྨན་དཔྱད་རིག་པ་འདིས་བོད་པ་ཙམ་མ་ཚད་དེང་སང་འཛམ་གླིང་ཁྱོན་ཡོངས་ལ་ཕན་ཐོག་འགྲུབ་བཞིན་གནས་ཡོད། དབྱར་རྩ་དགུན་འབུ་ཞེས་པའི་གདོད་མའི་བོན་ལུགས་ཀྱི་སྨན་རྩ་ཁེར་རྐྱང་གཅིག་པུ་འདིས་དེང་སང་བོད་རིགས་ཞིང་འབྲོག་མི་དམངས་ཀུན་ལ་ཕན་ཐོག་ཆེན་པོ་ག་འདྲ་འདུག། འདི་ཚོ་བེད་སྤྱོད་མངོན་སུམ་དུ་ཡོད་པའི་རྟགས་མཚན་རེད། བོད་ཀྱི་གདོད་མའི་་ལུགས་སྲོལ་ལ་མི་ཡུལ་འདིར་གསོན་པོར་སྡོད་པའི་རིང་དུ་སྐྱེ་རྒ་ན་འཆི་ག་འདྲ་ཞིག་བྱུང་བ་ཡིན་ནའང་དེ་ལ་བརྟེན་པའི་སྐུ་རིམ་ཞབས་བརྟན་བསམ་གྱིས་མི་ཁྱབ་པ་གཞན་སུ་དང་གང་ལ་མེད་པ་ལྟ་བུར་བྱ་རྒྱུ་ཡོད་རེད། འདི་ཚོ་ཕལ་ཆེ་བ་གདོད་མའི་བོན་ལུགས་ལས་བྱུང་བ་མ་ཡིན་ན་ཁྱེད་ཚོས་གསར་དུ་ག་བ་ནས་ཁྱེར་ཡོང་ཡིན་ནམ། བོད་རིགས་མི་དམངས་ལ་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོག་ཡོད་པ་དེ་གདོད་མའི་བོན་ལུགས་རེད། འདི་ནི་སྤྱི་ཚོགས་ཤིག་གི་གཤིས་ལུགས་སུ་གྲུབ་པ་རེད། ཁྱོད་དང་ང་ཡིས་འགྱུར་བ་གཏོང་ཁག་པོ་ཡིན་འགྲོ། །

  50. དྲན་དཀར་དཔལ་ཡོན་ says:
    2013-10-05 at 4:01 pm

    སྐུ་ཞབས་BONBOནས་སྤོབས་པར་ལན་ཕྱེད་ཀ་མ་ཞིག་གནང་འདུག་། ཐུགས་ཁག་ཁྱོན་ནས་མེད། འགྲོ་བ་མིའི་ཐོབ་ཐང་རྩོད་གཤེར་བ་ཚང་མས་བརྗེད་འགྲོ་བ་ནི་མིའི་འགན་རེད།
    པཎ་ཆེན་ཟམ་གདོང་བླ་མས་ཕྱག་ཡར་སྐོར་མར་སྐོར་གྱིས་བཙོན་བྱོལ་མི་དམངས་ལ་ནམ་ནམ་ཞར་ཞར་བརྡ་སྤྲོད་གནང་གི་ཡོད། བཀའ་འདྲི་ཞུ་བགྱིར་དབྱར་རྩྭ་དགུན་འབུ་འམ་རྩྭ་ད་བྱིད་ཟེར་བ་འདི་ཡིག་ཐོགས་ལ་འགོད་སྔ་ཤོས་དེ་དཔེ་ཆ་འདི་རེད་ཅེས་ཞུ་ཡ་ཡོད་དམ། ཡང་ན་སྨན་གཞུང་ནང་དུ་ཡོད་དེ་བོན་གཞུང་རེད་ཟེར་བགྱིད་ཡིན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (76)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme