Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཕྱི་ནང་གི་མི་གཤིས་སྡུར་བ།

Posted on 2013-10-08 By ཁ་བརྡ་ 12 Comments on བོད་ཕྱི་ནང་གི་མི་གཤིས་སྡུར་བ།

ལུང་རྟོགས།

ལྔ་བཅུ་ང་དགུ་ལོར་བོད་ལ་དུས་འགྱུར་བྱུང་ནས་བོད་ཕྱི་ནང་གཉིས་སུ་གྱུར་པའི་དབང་གིས། བོད་ཕྱི་ནང་གི་བོད་མིའི་མི་གཤིས་ཀུན་སྤྱོད་ལ་ཡང་མ་འདྲ་བའི་འགྱུར་བ་ཆེན་པོ་ཞིག་བྱུང་ཡོད། བོད་ནང་གི་བོད་མི་ཚོ་སྤྱི་ཡོངས་ཀྱི་ཆ་ནས་བཙན་བྱོལ་བ་དང་སྡུར་ན་ཤེས་ཡོན་གྱི་གནས་ཚད་སྐྱོ་པོ་ཡིན་ཡང་། མི་གཤིས་ཀུན་སྤྱོད་དང་ལྷག་བསམ་ཕྱི་ཐག་སོགས་ནི་བཙན་བྱོལ་བ་དང་གནམ་ས་ལྟ་བུའི་ཁྱད་པར་ཡོད། ང་བོད་ནང་ལ་ཡོད་སྐབས་བཙན་བྱོལ་བོད་མི་རྣམས་ནི་ཤེས་སྤྱོད་གཉིས་ལྡན་ཞིག་ཡིན་པའི་སྣང་བ་ཤུགས་ཆེ་ཡོད་ལ། ཁོང་ཚོ་ནི་གནའ་དེང་གི་ཤེས་ཡོན་གཉིས་ལྡན་གྱི་བོད་མི་ཚད་ལོང་བ་ཞིག་ཡིན་པར་བསམ་མྱོང་། འདི་ནི་ཁོང་ཚོ་རང་དབང་ལུང་པ་ཞིག་གི་ནང་ལ་ཡོད་པ་ཟད། གོང་ས་མཆོག་ལྟ་བུའི་རླབས་ཆེན་གྱི་དབུ་ཁྲིད་དང་ལམ་སྟོན་པ་ཞིག་བཙན་བྱོལ་དུ་ཡོད་པའི་རྒྱུ་མཚན་གྱིས་ཀྱང་ཡིན། འོན་ཀྱང་ང་བཙན་བྱོལ་དུ་སླེབས་རྗེས་ངའི་སྔོན་མའི་ལྟ་བ་དེ་ནོར་འཁྲུལ་ཡིན་པ་རྟོགས་སོང་ལ་གཞི་ནས་བོད་ནང་གི་མིའི་རིན་ཐང་མཐོང་སོང་། རྒྱུ་རྐྱེན་དེས་བོད་ནང་གི་བོད་མིར་མཛའ་སེམས་དང་བཀུར་སེམས་ཀྱང་ཇེ་ཟབ་ལ་ཕྱིན་སོང་། བཙན་བྱོལ་བོད་མི་ཚོར་མཚོན་ན་སྤྱི་ཡོངས་ཀྱི་དེང་དུས་སློབ་གསོའི་གོ་སྐབས་ཡག་པོ་ཐོབ་ཡོད་ཀྱང་། བོད་རང་གི་སྲོལ་རྒྱུན་རིག་གནས་ལ་དོ་སྣང་དང་དུང་བ་ཆུང་ཞིང་། ནུབ་ཕྱོགས་པའི་ཤུགས་རྐྱེན་ཐེབ་ཚད་མཐོ་བས་མི་གཤིས་ཀུན་སྤྱོད་ཀྱི་ཐད་ནས་བོད་ནང་གི་མི་དང་སྡུར་ཐབས་མེད་པ་ཞིག་རེད། ཁོང་ཚོ་ཕལ་མོ་ཆེར་ཡ་རབ་བཟང་སྤྱོད་དང་། དྲང་བདེན། ཁྲེལ་གཞུང་། ཕྱི་ཐག་ཞེས་པ་དེ་དག་ནི་མིང་གི་ལྷག་མ་ཙམ་དུ་གྱུར་ཡོད། བོད་ནང་ལ་མཚོན་ན་བོད་སྤྱི་དང་ལྷག་པར་ཁམས་དང་ཨ་མདོའི་ཕྱོགས་སུ། རྒྱག་རེས་རྒྱག་རྒྱུར་དགའ་བ་དང་། མི་གསོད་པ། ཆུང་མ་རྡུང་བ་སོགས་སྤྱོད་ངན་ཁག་ཅིག་ཡོད་ཅིང་། དམར་པོའི་དབང་བསྒྱུར་བོད་ལ་སླེབས་པ་ནས་བོད་མིའི་ཀུན་སྤྱོད་ལ་ཉམས་རྒུད་ཚབ་ཆེན་ཐེབ་ཡོད་ཀྱང་། སྤྱིར་རྒྱུ་འབྲས་དྲང་བཞག་དང་། ཡིད་རྟོན་འཕེར་བ། ངོ་ཚ་ཁྲེལ་ཡོད། གཉེན་དང་གྲོགས་ལ་ཕྱི་ཐག་རིང་བ་སོགས་སྨོན་གནས་གྱུར་པའི་ཀུན་སྤྱོད་མང་པོ་ཞིག་ད་དུང་ཡང་གནས་ཡོད། འདིས་རྒྱུ་མཚན་གྱིས་ང་བོད་ལ་དུང་ཞིང་བོད་ནང་གི་མི་ལ་དགའ་བ་དང་། བོད་ནང་ལ་ལོག་འདོད་ཀྱི་འདུན་པ་ཡང་ཇེ་དྲག་ལ་ཕྱིན་སོང་། འདི་ལྟར་སྤྱི་ཚོགས་གཉིས་པོ་བསྡུར་བ་ཞིག་བྱས་ཡོང་དུས། ཤེས་ཡོན་དང་ཀུན་སྤྱོད་གཉིས་ནས་ཀུན་སྤྱོད་དེ་ཧ་ཅང་གལ་ཆེ་བའི་ཚོར་བ་ཞིག་ཀྱང་འགོག་མེད་དུ་སྐྱེས་ཡོང་གི་འདུག འདི་ནི་ང་བཙན་བྱོལ་དུ་ཡོང་ནས་ཐོབ་པའི་ཉམས་མྱོང་ཞིག་ཀྱང་ཡིན།

རྩོམ་རིག

Post navigation

Previous Post: འཚོ་བའི་ཤུགས་སུ་བསྟན་པའི་བསམ་བློ་འཚོལ་བ།
Next Post: སངས་རྒྱས་བཀྲོངས་པ། སློབ་དཔོན་ཆེན་མོ་པཎ་ཆེན་སྐུ་ཕྲེང་བཅུ་བ་མཆོག་གི་གཤེགས་རྐྱེན་ངོ་མ།

Comments (12) on “བོད་ཕྱི་ནང་གི་མི་གཤིས་སྡུར་བ།”

  1. ཆབ་བྲག་ལྷ་མོ་སྐྱབས། says:
    2013-10-08 at 7:20 am

    བོད་ལ་འགྲོ་མཁན་མང་པོ་དང་བོད་ནས་ཡོང་མཁན་མང་པོས་བོད་ནང་ན་བྱ་ངན་སྤྱོད་ངན་མང་ཚུལ་དང་བཙན་བྱོལ་ནང་ན་ཉུང་ཚུལ་བཤད་ཀྱིན་འདུག་ག དཔེར་ན་བོད་ནང་ལ་རྐུན་མ་གཅིག་པུར་མཚོན་ན་ཡང་ཧང་སང་བ་རེད་འདུག ད་དུང་དཔོན་པོ་ཚང་མ་ལྐོག་ཟ་རུལ་སུངས་པ་ཆགས་འདུག་ཟེར། རྒྱབ་རྩ་ཞིག་མེད་ན་ཤེས་ཡོན་ཡག་གྲས་ནས་ཀྱང་ལས་ཀ་མི་རག་གི་ཟེར། དགའ་བོ་དང་བཟའ་ཟླ་བརྗེ་ལེན་ནི་གོན་པ་བརྗེ་བརྗེ་འདྲ་བོ་རེད་ཟེར། ཚང་མ་དཔལ་འབྱོར་འགྲན་རྩོད་ཁྲོད་ན་སྒོར་མོ་མེད་ན་མི་གྲལ་ལ་མེད་པ་ཆགས་གྲབས་འདུག་ཟེར་ག དེ་ཚོའི་སྐོར་གསལ་བོ་ཤེས་མཁན་སུ་སུ་ཡོད། འདི་གླེང་དགོས་པ་ཞིག་རེད་ཡ།

  2. ལུང་རྟོགས། says:
    2013-10-08 at 10:25 am

    ངས་འདིར་བཤད་པ་ནི་བོད་གི་མེ་མང་དཀྱུས་མ་ཚོ་ཡིན་པ་ལས་དཔོན་པོ་ཚོ་མིན། བོད་ནང་གི་བོད་རིགས་དཔོན་པོ་རྣམ་ནི་རྒྱ་གཞུང་གིས་ཆེད་མངག་མི་སུ་ངན་ན་དེ་བཞག་གི་ཡོད་པས་ཁོང་ཚོར་ཆ་འཇོག་འོས་པ་ཅི་ཡང་མེད། རྐུན་མའི་སྐོར་ནས་དེང་སང་ལྷ་ས་གྲོང་ཁྱེར་ནང་ལ་ཡང་རྐུན མའི་སྒྲ་ཙམ་མི་གྲགས་པར་བཤད་ཀྱི་འདུག

  3. lནུབ་ཕྱོགས་གངས་ཕྲུག says:
    2013-10-08 at 12:22 pm

    བཙནབྱོལ་བོད་མི་གཤིས་སྤྱོད། བོད་ནང་གི་བོད་མི་ལས་ཡག་པ་མ་གཏོགས་སྡུག་པ་མེད། མང་པོ་བཤད་མི་དགོས་པར་གསར་འབྱོར་ཚོས་སྤྱོད་ལམ་ལས་བལྟས་་ན་ཤེས་ཐུབ། མཐའ་ན་ཁ་ལག་བཟའ་ལྟངས་Buffet ལྟ་བུར་མཚོན་ན་གསར་འབྱོར་བ་ཚོས་དང་པོ་ནས་ཤ་དང་ཞིམ་པ་དེ་ཚོ་མང་བ་བླུགས་ནས། རྗེས་ནས་་ཁ་ལག་བཟའ་མཁན་ཚོར་བསམ་བློ་བཏང་གི་མི་འདུག ང་ཚོ་ཚང་མ་ཁོང་ཚོས་བྱེད་སྟངས་ལ་བགད་མོ་ཤོར་གྱི་ཡོད།

  4. ལྷ་རིག says:
    2013-10-08 at 12:24 pm

    སྨྱུག་གུ་བཞག་ནས་དཔོན་གནས་ལ་འགྲོ་བའི་ཆབ་བྲག་ཟེར་མཁན་འདིས་ཚང་མའི་ནང་ལ་ཚྭ་ལྟར་འཛུལ་རྒྱུ་དགའ་མཁན་ཞིག་ཡིན་ས་རེད།

  5. རིན་ཆེན། says:
    2013-10-08 at 1:36 pm

    དེང་སང་བོང་ནང་གི་བོད་མི་དེ་ཚོ་དང་ཁ་བརྡ་བྱས་དུས་ཁྱེད་ཚོ་བོད་ཕྱི་ལ་འགྲོ་བའི་བསམས་རྣོ་མ་འཁོར་བུ་ཕྲུག་ཕྱི་ལ་སློ་གྲྭ་མངག་པའི་བསམ་རྣོ་དུས་ནམ་ཡང་མ་འཁོར་ཟེར་གིས་ཡོད། གང་ཡིན་ཞེ་ན་ཕྱི་ལ་སླེབ་ཚར་དུས་རྒྱ་ཆ་བདུན་ཅུ་གིས་་མི་རྣམས་འགྱུར་བ་སྡུག་པོའི་ཁ་ཕྱོགས་འགྲོ་གིས་འདུག།

  6. ཐོས་པ་དགའ། says:
    2013-10-08 at 6:28 pm

    ལུང་རྟོགས་ལགས།
    ཁྱེད་ཀྱིས་དཔྱད་པ་བྱེད་ལུགས་སྐོར་ཚིག་སྣ་གཅིག་མེད་པར་མཐའ་སྡོམ་ཆེན་པོ་གཅིག་རྒྱབ་འདུག ཐོག་མར་དཔྱད་གཞི་དེས་སྒྲུབ་བྱེད་མི་གཤིས་ཟེར་བ་དེ་ལ་འགྲེལ་བཤད་གཅིག་གནང་རོགས། མི་གཤིས་ཟེར་བ་དེ་ཅི་འདྲ་ཞིག་ལ་གོ་དགོས་པ་དང་དེའི་ཁྱབ་ཚད། མི་གཤིས་ལ་འགྱུར་བ་ཡོད་མིན། སྤྱི་ཚོགས་ཀྱི་མི་གཤིས་དེར་ནོན་ཤུགས་ཡོད་མེད། མི་གཤིས་ཀྱི་སྤྱི་ཚོགས་ལ་སྣོན་ཤུགས་ཐེབས་ཐུབ་མིན།
    དེ་ནས་དེ་འདྲའི་མི་གཤིས་ཟེར་བ་ཞིག་ཡོད་ན། དེ་ལ་ཚད་མཇལ་རྒྱུའི་ཚད་གཞི་ཁྱེད་ནས་ཇི་ལྟར་སྤྱོད་མིན། གལ་སྲིད་ཁྱེད་ནས་དེ་འདྲ་སྤུས་ཚད་ཁུངས་ལྡན་གྱི་ཚད་གཞི་མཇལ་སྟངས་ཤིག་རྙེད་ཡོད་ན་དེང་དུས་ཀྱི་སྤྱི་ཚོགས་དང་བསམ་བློའི་ཚན་རིག་མཁས་པ་དེ་ཚོ་ཚང་མ་ད་ནས་གནས་དབྱུང་བཏང་ངེས་ཡིན།
    ད་ལྟའི་བརྟག་དཔྱད་དེའི་ནང་ཚོད་ལྟའི་ཚུལ་དུ་བོད་ཕྱི་ནང་གཉིས་ཀ་ནས་བོད་མི་ག་ཚོད་གཅིག་འདེམས་ཡོད་མིན། དེ་དག་གི་ལོ་གྲངས། ཤེས་ཡོན་དང་དཔལ་འབྱོལ་གནས་སྟངས་ཅི་འདྲ་ཡིན་མིན། ལོ་དང་ཤེས་ཡོན་དང་དཔལ་འབྱོར་དང་ཕོ་མོ་དང་ནང་ཆོས་ཤེས་མི་ཤེས་ཀྱི་ཐོག་ནས་མི་གཤིས་ལ་ཁྱད་པར་ཡོད་མིན། ཞིབ་འཇུག་མཐིལ་ཕྱིན་པ་ཞིག་བྱས་ན་ད་དུང་ཆ་རྐྱེན་རྫོགས་རྒྱུ་མེད་པས། སླད་ནས་ད་ལྟའི་ཟླུམ་ཟླུམ་གྱི་ཐ་ཆད་ཀྱི་སྡོམ་ཚིག་དེ་འདྲ་ཁྱོན་ནས་མ་སྤེལ་རོགས། དཔྱད་པ་ཚད་ལྡན་མ་བྱས་ནས་རང་སྣང་གང་ཤར་དྲི་བ་དེ་འདྲར་ཟེར།།

  7. དགེ་འདུན་རྒྱ་མཚོ། says:
    2013-10-08 at 11:22 pm

    ཕྱོགས་གཅིག་ནས་བསམ་བློ་བཏང་ན་ལུང་རྟོགས་སྐད་ཆ་དེར་མ་རེད་ཟེར་བ་ཡོད་མེད། ཁོས་རང་གི་ཚོར་སྣང་ལ་བརྟེན་ནས་སྐད་ཆབཤད་གི་ཡོད་རེད། ང་ལ་ཡང་ཚོར་སྣང་འདི་རྟག་པར་ཡོང་གི་འདུག 
    ཡིན་ན་ཡང་ང་ཚོས་ཆེ་ས་ལ་བསམ་བློ་གཏོང་དགོས་པ་དང་སྡུག་ས་ནས་གྲ་སྒྲིག་བྱེད་དགོས་པ་ཡིན་ཙང་འདི་ལྟར་བསམ་ན་མི་འགྲིག  བོད་པ་ཞིག་ཡིན་ཕྱིན་རང་ཉིད་ལ་འགན་ཞིག་ཡོད་པ་དང་འགན་དེ་རང་ཉིད་ཀྱིས་ཕྲག་ཏུ་བླངས་ནས་འཁུར་ཐུབ་པ་བྱེད་དགོས། 
    དེས་ཕྱིར་ང་ཚོས་ཕན་ཚུལ་ལ་བསམ་ཤེས་དང་ཡིད་ཆེས། བསླབ་བྱ་ཉམས་མྱོང་དང་། རིན་ཐང་ཡོད་པའི་མི་རིགས་འདིའི་འདུན་ལམ་གླེང་ནས་མདུན་དུ་བསྐྱོད་དགོས། གཞན་གྱི་བསམ་བློ་དང་ཀུན་སྤྱོད་ལ་གུས་གཙིས་མི་བྱེད་པར་རྡོག་རྫིས་གཏོང་བ་དང་མདུང་རྩེ་ནང་དུ་སྐོར་ནས་རྨ་ཐོག་ནས་ཁྲག་འབྱིན་པ་ནི་ཀླ་ཀློའི་བྱ་སྤྱོད་ཡིན། 
    དྲྭ་གྲོགས་ཚོར་ང་ཚོས་ཅི་ཡང་བསམ་ཆོག་ལ། 
    ཅི་ཡང་གླེང་ཆོག 
    ཅིས་ཀྱང་།
    འདོར་ལེན་གྱི་དཔལ་ལ་འབད་པར་བརྩོན།

  8. ལུང་རྟོགས། says:
    2013-10-09 at 1:01 am

    ཐོས་དགའ་ལགས། ངས་ནི་འདིར་རང་ཉིད་བོད་ཕྱི་ནང་གི་སྤྱི་ཚོགས་མ་འདྲ་བ་གཉིས་འགྲིམ་པའི་མཐོང་ཐོས་མྱོང་གསུམ་གང་བྱུང་བ་དེ་འབྲི་ཁུལ་བྱས་པ་ལས། བོད་ཕྱི་ནང་གི་མི་གཤིས་ལ་ཞིབ་འཇུག་བྱས་ནས་དཔྱད་གཏམ་སྤེལ་བ་ཞིག་མིན། ལར་ནས་ཁྱེད་ཀྱིས་བཤད་པ་ལྟ་བུའི་ཆ་རྐྱེན་ཚང་བའི་རྩོམ་ཡིག་སྤེལ་མཁན་ཞིག་བཙན་བྱོལ་ནང་ལ་མཐོང་དཀོན་ཙམ་མ་རེད་དམ།

  9. ཐོས་པ་དགའ། says:
    2013-10-09 at 1:21 am

    ལུང་རྟོགས་ལགས།

    ཁྱེད་ནས་མི་བུ་སྒེར་ཞིག་བསམ་ཚུལ་ཡིན་པ་དེ་ལྟར་ཡིན་ན་ཡང་ན་འགོ་བརྗོད་དམ་རྩོམ་མཇུམ་དུ་གོང་སྨྲོས་བསམ་ཚུལ་རྣམས་སྒེར་གཅིག་གི་མཐོང་ཐོས་མྱོང་གསུམ་ཙམ་ཡིན་པ་གསལ་པོར་བྲིས་དགོས།

    ང་རང་བོད་ཡུལ་མཐོང་མྱོང་མེད་ཀྱང་བོད་ནས་སླེབས་པས་མི་སྣ་ཚོགས་དང་གྲོགས་འདྲིས་ཡོད། ང་རས་མཐོང་ཚོད་ལ་ཁྱད་པར་ཆེན་པོ་ཞེ་པོ་ཞིག་མངོན་མ་བྱུང་། བོད་ནས་གསར་དུ་འབྱོར་བ་ཚོ་ཁ་ཤས་ནི་གུ་དོག་པ་དང་ཡང་ཁ་ཤས་རང་དབང་ལུང་པར་སླེབས་ནས་ཅི་བྱས་བཏོལ་མེད་བྱེད་མཁན་དེ་འདྲ་ཡང་འདུག

    ཡིན་ནས་ངའི་ཉམས་མྱོང་དེ་དག་ཁྱེད་ལ་བྱུང་མེད་ལ། ངའི་ལྟ་བའི་མིག་དང་བསམ་པའི་སེམས་གཉིས་པོ་ཁྱེད་དང་བར་ཐག་ཆེ་བ་ཡིན། རྒྱུ་མཚན་འདི་དག་ལ་བརྟེན་ནས་གནད་དོན་འདི་རིགས་ནི་དཔྱད་གཞིའི་ཡུལ་ཞིག་མིན་ལ། མང་ཚོགས་ནས་དེ་འདྲའི་རྩོམ་སྤེལ་ན་སྤྱི་ཚོགས་ནང་བཟང་ངན་གྱི་ཤུགས་རྐྱེན་ཇི་འདྲ་ཞིག་ཐེབས་མིན་ང་ཚོས་ཚོད་དཔག་བྱེད་དཀའ། ཡང་ན་མཐིལ་ཕྱིན་པའི་དཔྱད་པ་ཞིག་བྱ་དགོས་དེ་མིན་རང་གནོ་རང་གི་ཀ་པ་ལི་ནང་དུ་འཇོག་ན་མི་བཟང་ངམ།

  10. ལུང་རྟོགས། says:
    2013-10-09 at 3:27 am

    ཐོས་དགའ་ལགས། དོན་མེད་རྙོག་འདྲ་མ་བཤད་རིག གོང་གསལ་དེ་དག་ང་རང་སྒེར་གྱི་བསམ་ཚུལ་ཡིན་པ་ཀླག་པ་ཙམ་གྱིས་ཤེས་པ་ཡོད། རང་ཉིད་ཀྱི་བསམ་ཚུལ་བཟང་ངན་ཅི་ཡིན་ཡང་རང་དབང་གི་ཐོག་ནས་བཤད་ཆོག་པ་ནི་རང་དབང་ལུང་པའི་ཐོབ་ཐང་རེད།

  11. ཆབ་བྲག་ལྷ་མོ་སྐྱབས། says:
    2013-10-09 at 4:20 am

    འདིར་ཞིབ་འཇུག་རང་བཞིན་གྱི་རྩོམ་ཡིག་འབྲི་མ་ཐུབ་ན་མི་སྐྱོན། གཙོ་བོ་སོ་སོ་བོད་ཕྱི་ནང་གཉི་གར་ཕྱིན་མྱོང་མཁན། འགྲོ་བཞིན་ཡོད་པ་ཚོས་སོ་སོའི་མཐོང་ཐོས་མྱོང་གསུམ་ཆ་ནས་ཁ་བརྡ་རེ་བྱས་ན་ཆོག ང་ཚོའི་མི་རིགས་ཀྱི་ངོ་བོ་ཇི་ལྟར་འགྱུར་གྱིན་ཡོད་མེད་ལ་བསམ་བློ་གཏོང་རྒྱུར་ཕན། དཔེར་ན་ན་ཚ་གང་ཞིག་འགོ་གི་ཡོད་མེད་ཧ་གོ་ན་དེ་བཅོས་ཐབས་གང་ཞིག་ཡོད་མེད་ཤེས་རྒྱུར་ཕན་པ་ལྟ་བུ་རེད།

  12. ལུང་རྟོགས། says:
    2013-10-09 at 8:39 am

    ངས་ཀྱང་རྒན་ཆབ་བྲག་ལགས་ཀྱིས་གསུང་པ་བཞིན་མི་རིགས་འདིས་མི་གཤིས་འགྱུར་ལྡོག་ལ་བསམ་གཞིག་གི་ས་བོན་ཙམ་དུ་ཕུལ་བའི་ཁུལ་ཡིན་ཏེ། གོ་བ་ལྡོག་ཕྱོགས་ནས་ལེན་པ་ལས་དྲང་ཕྱོགས་ནས་ལེན་མཁན་ཞིག་དཀོན་ཚོད་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme