Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པའི་ལྷ་རྗེ་ཚོ། བོད་སྨན་དེ་ཚོ་ཏག་ཏག་ཅིག་གསུང་རོགས།

Posted on 2020-04-192020-04-19 By ཡེ་ཤེས་ 3 Comments on བོད་པའི་ལྷ་རྗེ་ཚོ། བོད་སྨན་དེ་ཚོ་ཏག་ཏག་ཅིག་གསུང་རོགས།

ཀླུ་སྨྱོན།
 
སངས་རྒྱས་སྨན་གྱི་བླ་མར་ཕྱག་འཚལ་ལོ།། ཏོག་དབྱིབས་ནད་རིམས་ཞི་བར་མཛད་དུ་གསོལ།།
ཝུ་ཧན་ནས་མཆེད་པར་གྲགས་པའི་ཏོག་དབྱིབས་ནད་རིམས་འདིས་དེ་རིང་སྤྱི་ཟླ་བཞི་པའི་ཚེས་བཅུ་དགུ་བར་དུ། འཛམ་གླིང་གི་མི་འབོར་ས་ཡ་གཉིས་འབུམ་གསུམ་ཁྲི་བརྒྱད་སྟོང་གཅིག་བདུན་བརྒྱ་རེ་ལྔ་དང་མནར་བ་དང་། དྲགས་སྐྱེད་བྱུང་བ་འབུམ་དྲུག་སྟོང་དགུ་ལྔ་བརྒྱ་ང་བརྒྱད། གྲོངས་ཟིན་པ་འབུམ་གཅིག་ཁྲི་དྲུག་སྟོང་གསུམ་སུམ་བརྒྱ་བཅོ་བརྒྱད་འདུག་ལ།
དེ་དག་ལས་རང་ཉིད་གནས་སྡོད་ཨ་མེ་རི་ཀར་ནད་མནར་བ་འབུམ་བདུན་བཞི་ཁྲི་བཞི་སྟོང་དགུ་བརྒྱད་བརྒྱ་རེ་བདུན་དང་། དེ་ལས་དྲག་སྐྱེད་བྱུང་བ་ཁྲི་དྲུག་སྟོང་ལྔ་སུམ་བརྒྱ་ང་དྲུག གྲོངས་ཟིན་པ་ཁྲི་གསུམ་སྟོང་དགུ་ཉིས་བརྒྱ་ལྔ་བཅུ་འདུག་ལ། ཨ་རིར་ཉི་མ་རེ་རེར་མི་གྲངས་སྟོང་ཕྲག་གཉིས་ཡས་མས་རེ་གྲོངས་བཞིན་འདུག ནད་མནར་ས་གནས་ལ་མཚོན་ན་ཤར་རྒྱུད་ཀྱི་ཉིག་ཡོར་དང་ཉིའུ་ཇར་སི། མེ་སུ་ཆི་སེ་དང་ཕན་སི་ཝེ་ནི་ཡ་དང་ཁ་ལི་ཧྥོ་ནི་ཡ། ཝ་ཤིང་ཀྲོན་ཏེ་ཤར་ནས་ལྷོ་དང་ལྷོ་ནས་ནུབ་རྒྱུད་ཀྱི་ཞིང་ཆེན་ཁག་ཅིག་ཧ་ཅང་ཛ་དྲག་ཆགས་འདུག

ཨ་རིར་འདི་འདྲའི་དུས་ཐུང་ནང་ནད་ངན་འདི་ཁྱབ་བརྡལ་བསམ་ཡུལ་ལས་འདས་པ་ཞིག་འགྲོ་དོན་ལ་རྒྱུ་རྐྱེན་མང་ན་ཡང་། གཙོ་བོ་གཅིག་ནི་གཞུང་ཕྱོགས་ནས་མི་མང་ལ་ཉེན་བརྡ་གཏོང་རྒྱུ་ཧ་ཅང་འཕྱི་དྲགས་པ་དང་། རྒྱལ་སྤྱིའི་གནམ་ཐང་གི་མགྲོན་པོ་སྤྱི་དང་ཁྱད་པར་ཤར་ཕྱོགས་ཀྱི་མགྲོན་པོ་འགོག་རྒྱུ་འཕྱི་དྲགས་པ། གྲོང་ཁྱེར་ཆེན་མོའི་ནང་དུ་མི་ཚོགས་འདུ་འཛི་ཧ་ཅང་ཆེ་བ་དང་། ས་འོག་མེ་འཁོར་དང་སྤྱི་སྤྱོད་རླངས་འཁོར་ནང་འཚང་ཁ་ཆེ་བ། ཁ་རས་དང་ལག་ཤུབས་གྱོན་པའི་ལུགས་སྲོལ་ཧ་ཅང་དཀོན་པ། མི་ཚོགས་འདུ་སར་སོང་ནས་ལས་ཀ་མི་བྱེད་ཐབས་མེད་ཡིན་པ། མི་མང་པོ་ཁང་བརྩེགས་ཀྱི་ནང་དུ་སྡོད་པ། ནད་རིམས་འདིའི་ཛ་དྲག་གཡོ་སྒྱུའི་རང་བཞིན་མི་ཤེས་པའམ་དོ་སྣང་མི་བྱེད་པ། ཐ་ན་ནད་རིམས་འདིའི་འགོས་ཚད་ལ་རྦད་དེ་སྣང་མེད་དུ་གཏོང་བ་སོགས་སྣ་མང་རྙོག་འཛིང་རང་བཞིན་གྱི་རྒྱུ་རྐྱེན་ཧ་ཅང་མང་པོ་ཞིག་འདུག

གང་ལྟར་མིའི་རིགས་ཀྱི་ལོ་རྒྱུས་སྤྱི་དང་ཁྱད་པར་ཨ་རིའི་ལོ་རྒྱུས་ནང་དེ་སྔ་རྒྱ་གར་བ་དམར་པོའམ་གདོད་མའི་མི་རིགས་ལ་ཡོ་རོབ་པའི་ནད་ཡམས་འགོས་ནས་ས་ཡ་དུ་མ་ཞིག་གྲོངས་པའི་སྐྱོ་གར་ཆེན་པོ་དེ་ཕར་ཕུད་པ་ཡིན་ན། ཟླ་ཤས་ནང་མི་ཁྲི་གསུམ་ལྷག་ནད་རིམས་རིགས་གཅིག་གིས་གྲོངས་པ་སྤྱིར་ན་དཀོན་པོ་རེད། ཉི་མ་རེ་རེའི་ནད་པ་འཕར་ཚད་དང་འདས་གྲོངས་སུ་འགྲོ་ཚུལ་ལ་བརྟགས་ན་འདིའི་ལོའི་ལོ་མཇུག་བར་དུ་ནད་ངན་འདི་མཚམས་ཆད་པའི་རྟགས་མཚན་ཅི་ཡང་མཐོང་མི་ཐུབ།

ནད་ངན་འདི་ཝུ་ཧན་ནང་མགོ་བཙུགས་ནས་ཅང་མ་འགོར་བར་གསར་འགྱུར་ཞིག་ཐོན་པ་ནི། བོད་སྨན་གྱིས་ནད་ངན་འདི་ལ་གདོང་ལེན་བྱེད་པར་ནུས་པ་ཆེན་པོ་ཞིག་ཐོན་ལུགས་དང་། རྒྱ་ནག་གི་སྨན་པ་གྲགས་ཅན་ཞིག་གིས་གཙོས་པའི་སྨན་པ་མང་པོས་བོད་སྨན་གྱིས་ཐེངས་འདིར་ཐོན་པའི་ནུས་པར་གདེང་འཇོག་ཆེན་པོ་བྱས་པ་དེ་རེད། དེ་ནས་ཅང་མ་འགོར་བར་བོད་ཡུལ་དུ་སྤྱི་ཁྱབ་ནས་བོད་པ་ཏོག་དབྱིབས་ན་མཁན་ཉུང་བ་ཡང་བོད་སྨན་ནག་པོ་དགུ་སྦྱོར་གྱི་སྲུང་འཁོར་དང་འབྲེལ་བ་ཡོད་ལུགས་དང་། ཁྱད་པར་དུ་ཉེ་བའི་བདུན་ཕྲག་ཁ་ཤས་ཀྱི་རིང་ལ། ཉིག་ཡོར་དུ་བོད་རིགས་སྨན་ཞབས་པ་འགའ་ཤས་ཀྱིས་གཙོས་པའི་བོད་མི་ཡང་མི་ཉུང་བ་ཞིག་ལ་ཏོག་དབྱིབས་ནད་རིམས་འགོས་ཀྱང་། བགྲེས་སོང་རེ་གཉིས་གྲོངས་པ་མ་གཏོགས་དར་མ་ཚོ་རེ་རེ་བཞིན་དྲགས་སྐྱེད་བྱུང་བའི་རྒྱུ་རྐྱེན་གླེང་དུས་རྒྱུ་རྐྱེན་གཙོ་བོ་གཅིག་ནི་བོད་སྨན་བསྟེན་ཏེ་དྲགས་སོང་ལུགས་བརྗོད་མཁན་འདུག དེ་དག་ལས་ཉེ་ཆར་བོད་རིགས་ལྷ་སའི་སྐད་གདངས་ཅན་གྱི་སྨན་ཞབས་མ་ཞིག་གིས་མོའི་ངོ་ཤེས་འགས་བོད་སྨན་བསྟེན་ཏེ་དྲགས་སོང་ལུགས་བརྗོད་སོང་།

ཁྱད་པར་དུ་ཁ་སང་ཟླ་བཞི་པའི་ཚེས་བཅོ་བརྒྱད་མཚན་མོར་ཉིག་ཡོར་ནས་ཡིན་པའི་བོད་པའི་ལྷ་རྗེ་ཞིག་གིས་ཁོང་ལ་ཁ་བརྡ་དྲ་བར་རྩོམ་ཡིག་ཅིག་ལས་མ་ཉེས་ཁ་གཡོག་བྱས་ལུགས་དང་། དེ་ལ་གསལ་བཤད་ཀྱི་ཚུལ་དུ་ཁོང་གི་ངོ་དེབ་སྟེང་དུ་ཕལ་ཆེར་ཆུ་ཚོད་གཉིས་ཙམ་གྱི་རིང་ལ་གཏམ་བཤད་རིང་པོ་ཞིག་སྤེལ་སོང་། ཁོང་གི་གཏམ་བཤད་དེ་ནི་སྤྱི་དང་བྱེ་བྲག་མང་པོར་འཕྲོས་ཡོད་པ་ཞིག་ཡིན་པ་དང་། གཙོ་བོ་ཁ་བརྡ་དྲ་བར་སྤེལ་བའི་རྩོམ་ཡིག་དེའི་དགག་ལན་རེད་འདུག ཁོང་གི་གཏམ་བཤད་དེ་ནི་ཧ་ཅང་དོན་སྙིང་ལྡན་ལ་ཅུང་ཞིབ་ཚགས་པོའི་ཁྱད་ཆོས་ལྡན་པ་ཞིག་ཀྱང་རེད། དཔེར་ན་ཁོང་གིས་རང་ཉིད་དང་རང་གི་ནང་མི་ཚང་མ་ཏོག་དབྱིབས་ཀྱིས་མནར་ལུགས་ཀྱི་སྐོར་ཁུངས་སྐྱེལ་སྨན་ཁང་གི་ཡིག་ཆ་མིག་སྟོན་དང་འབྲེལ་ཏེ་གསལ་བཤད་བྱས་པ་ལྟ་བུ་རེད། ང་ཚོ་དཀའ་སྡུག་ཆེན་པོ་འདི་འདྲ་ཞིག་གི་ནང་དུ་ཚུད་པའི་དུས་སྐབས་འདི་འདྲར་ཡང་རྩོམ་ཡིག་བྲིས་ནས་སྨན་པ་ཚོའི་སེམས་ཤུགས་གཅོག་པ་ནི་མི་འགྲིག་པ་ཞིག་ལོས་ཀྱང་ཡིན། གོང་གསལ་སྨན་པ་འདིས་སྐབས་འདིར་བོད་སྨན་ཚང་མ་རིན་མེད་དུ་སྤྲོད་གནང་གི་ཡོད་ལུགས་གསུངས་པ་འདིར་ལག་གཉིས་སྙིང་གར་སྦྱར་ནས་ཐུགས་རྗེ་ཆེ་ཞུ་བ་ཡིན།

ཡིན་ན་ཡང་། མདང་དགོང་གི་ཉིག་ཡོར་བོད་པའི་ལྷ་རྗེ་ཁོང་སྤྱི་ལོ་༡༩༩༦ ལོ་ནས་སྨན་རྩིས་ཁང་ནས་བོད་ལུགས་གསོ་རིག་སློབ་མཐར་ཕྱིན་ཏེ་ས་གནས་གང་སར་བོད་སྨན་གྱི་ཕྱག་ལས་གནང་མྱོང་མཁན་ཞིག་དང་། ཁྱད་པར་དུ་ཐེངས་འདིའི་ཏོག་དབྱིབས་ནད་རིམས་དམག་འཁྲུག་ཆེན་པོ་འདིའི་ཁྲོད་ནས་བོད་སྨན་བསྟེན་ནས་ནང་མི་ཆ་ཚང་ཐར་སོང་བ་ཞིག་ཡིན་པ་དང་། ཁོང་སྐུ་ཉིད་ཀྱིས་ཕྱག་བསྟར་ནས་ནང་མི་ཚང་མར་བོད་སྨན་བསྟེན་དུ་བཅུག་མཁན་དེ་ཡིན་པས། ཐེངས་འདིར་ཁོང་གིས་ཐོག་མར་བོད་སྨན་གང་ཞིག་བཏང་བ། བར་དུ་བོད་སྨན་ཅི་ཞིག་བཏང་བ། མཐའ་མར་བོད་སྨན་གང་ཞིག་བསྟེན་པ་ཚང་མ་ལག་མཐིལ་གྱི་རི་མོ་དང་མིག་མདུན་གྱི་ཇ་ཕོར་བཞིན་གསལ་གསལ་ཐིངས་ཐིངས་ཡིན་པས། ཁོང་གིས་མདང་དགོང་གཏམ་བཤད་སྤེལ་དུས་ཞབས་མཆན་འཇོག་མཁན་མང་པོ་ཞིག་གིས། ཡང་དང་སྐྱར་དུ་ལྷ་རྗེ་ཁྱེད་ཀྱིས་ཐེངས་འདིར་བོད་སྨན་གང་ཏག་བཏང་བ་ཡིན་ལུགས་གསུང་རོགས་ཞེས་བྲིས་སོང་ཡང་། ཁོང་གིས་མཆན་དེ་ཚོར་གཟིགས་ཙམ་གཟིགས་ཙམ་གནང་བ་མ་གཏོགས། ཐང་གཅིག་པོའི་མིང་མ་གཏོགས་བོད་སྨན་གཞན་པ་དེ་འདྲའི་མིང་གསུང་རྒྱུའི་དུས་ཚོད་རག་མ་སོང་བསམས། གལ་སྲིད་ཁོང་གིས་ངོ་དེབ་སོགས་བརྒྱུད་ལམ་མི་འདྲ་བར་དུས་ཚོད་མི་འདྲ་བའི་ནང་སྨན་བཅོས་ཇི་ལྟར་བྱས་པའི་བརྒྱུད་རིམ་གསུངས་ཡོད་ན་ངོ་སྤྲོད་གནང་རོགས། ཁོང་གི་ངོ་དེབ་ནང་ནད་བཅོས་བརྒྱུད་རིམ་ཞིག་གསུངས་ཡོད་པ་ཡིག་ཐོག་ཏུ་ཡོད་ལུགས་འདུག་ཀྱང་ཁོ་བོས་རྙེད་མ་བྱུང་། གལ་སྲིད་དེའི་སྐོར་ཡིག་ཐོག་ན་ཡོད་ཚེ་ཁ་བརྡ་དྲ་བ་དང་བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན། བོད་ཀྱི་དེ་ཕོ། ངོ་དེབ་དང་བྱེའུ། སྐད་འཕྲིན། ཕ་ཡུལ་སོགས་ཚགས་པར་དང་དྲ་ངོས་སུ་སྤེལ་དགོས་པ་ཧ་ཅང་ཁ་ཚ་དགོས་གཏུགས་རེད།
འདིར་དམིགས་བསལ་ག་རེ་ཞུ་འདོད་བྱུང་ཞེ་ན། བདུན་གཉིས་སྔོན་གྱི་ཉིག་ཡོར་གྱི་བོད་རིགས་སྨན་ཞབས་མ་དེས་མོའི་ངོ་ཤེས་དེ་ཚོས་བོད་སྨན་ཅི་ཞིག་བསྟེན་ནས་ཏོག་དབྱིབས་ལས་ཐར་སོང་བའི་སྐོར་རྗོད་དུས། ཐང་དང་ཁྱུང་ལྔ་གཉིས་ཀྱི་མིང་བཏོན་སོང་བ་མ་གཏོགས་དེ་ལས་གཞན་པའི་བོད་སྨན་ཅི་ཞིག་ཚུལ་ཇི་ལྟར་བསྟེན་ལུགས་འགྲེལ་བཤད་བྱས་མ་སོང་ལ། དེ་ནི་སྨན་ཞབས་མ་དེ་བོད་ལུགས་གསོ་རིག་སྨན་པ་མིན་པའི་རྐྱེན་གྱིས་ཡིན་ཏན་ཏན་རེད།
ངས་ངོ་ཤེས་པའི་བོད་སྨན་པ་ཉིག་ཡོར་དུ་སྡོད་མཁན་ཨ་རིའི་ས་ཆ་མང་པོ་དང་ཁེ་ན་སྒྲར་སྨན་བཅོས་སྐོར་སྐྱོད་ལ་འགྲོ་མཁན་ཞིག་ཡོད། ཁོང་གིས་ནད་པར་སྨན་སྤྲོད་དུས་ནམ་ཡང་སྨན་དེ་ཚོའི་མིང་གསུང་གི་མི་འདུག་ལ། ངེད་གཉིས་ངོ་ཤེས་ནང་ཚགས་འདྲ་བོ་ཡིན་ཡང་ང་ལ་ཡང་ཁོང་གིས་སྨན་ཅི་ཞིག་སྤྲོད་ཀྱི་ཡོད་མེད་ཀྱི་མིང་དེ་ཚོ་རྩ་ནས་གསུང་རོགས་བྱེད་ཀྱི་མི་འདུག ཕྱི་ལུགས་ཀྱི་སྨན་ཡོད་ཚད་དང་ཐ་ན་ཟུག་གཅོག་སྨན་ཞིག་ཡིན་ན་ཡང་། ཕྱི་ཤུན་སྟེང་དུ་སྨན་དེའི་མིང་ལ་ཕན་ཡོན། ལོ་ཚད་དང་བསྟུན་ནས་བསྟེན་ལུགས། སྨན་དེའི་ཕན་གནོད་དང་བཟོ་གྲྭ། སྨན་གྱི་ནུས་པ་རྫོགས་ཡུན་སོགས་ཚང་མ་གསལ་བོར་བྲིས་ཡོད་པ་རེད།
ནམ་རྒྱུན་བོད་པའི་ལྷ་རྗེ་ཁག་ཅིག་གིས་བོད་སྨན་གྱི་མིང་དེ་ཚོ་གསང་ནས་ནད་པར་སྤྲོད་སྲོལ་ཡོད་པ་འདིར་གུ་ཡངས་སམ་བསམ་ཤེས་བྱེད་ཐུབ་ཀྱང་། ཐེངས་འདིའི་འགྲོ་བ་མིའི་རིགས་ཕལ་མོ་ཆེ་ཞིག་ཆེས་འཇིགས་སུ་རུང་བའི་ཏོག་དབྱིབས་ནད་དམག་ཆེན་པོ་འདིའི་ཁྲོད་དུ་ཚུད་དེ་སྡུག་བསྔལ་བསམ་གྱིས་མི་ཁྱབ་པས་མནར་བཞིན་པའི་ནད་པ་འདི་ཚོར་དམིགས་ཏེ། དཔལ་ལྡན་རྒྱུད་བཞིའི་དབུ་རུ་བཞུགས་པའི་སྨན་པས་ནད་པར་རང་གི་ཕ་མ་དང་བུ་ཕྲུག་བཞིན་གཅེས་སྐྱོང་གནང་དགོས་པའི་བོད་ལུགས་སྨན་པའི་དམ་ཚིག་རྩ་ཆེན་པོ་དེ་ཚོ་གཞིར་བཞག་སྟེ། ཉིག་ཡོར་སོགས་ནུབ་ཕྱོགས་སུ་སྡོད་པའི་བོད་པའི་ལྷ་རྗེ་སྤྱི་དང་ཁྱད་པར་དུ་རང་དང་རང་གི་ནང་མི་དང་ངོ་ཤེས་མང་པོ་ཞིག་ཏོག་དབྱིབས་ནད་རིམས་ཀྱིས་ཟིན་པར་བོད་སྨན་བསྟེན་ནས་སངས་དྲགས་སུ་སོང་བའི་ལྷ་རྗེ་ཁྱེད་རྣམ་པས་བོད་སྨན་གང་དག་ཚུལ་ཇི་ལྟར་བསྟེན་པའི་སྐོར་ངོ་དེབ་དང་སྐད་འཕྲིན། དྲ་ཚིགས་དང་ཁ་པར་གྱི་ལམ་ནས་བོད་རིགས་ཀྱིས་གཙོས་པའི་འཛམ་གླིང་གི་ཏོག་དབྱིབས་ནད་པ་ཧ་ཅང་ཉམ་ཐག་པ་འདི་ཚོའི་ཆེས་རྩ་ཆེ་བའི་ཚེ་སྲོག་སྐྱོབ་པའི་ཆེད་དུ་གསུང་རོགས་ཞུ། འབྲི་རོགས་ཞུ། སྤེལ་རོགས་ཞུ། བརྒྱུད་སྐུར་གནང་རོགས་ཞུ།
ངས་རྙེད་པའི་ཚེས་བཅུ་བཞིའི་ཉིན་ལྷ་རྗེ་དབང་འདུས་ལགས་ཀྱི་ངོ་དེབ་ནང་གི་གསུང་བཤད།
https://www.facebook.com/profile.php?id=100012182285995
༡ འཕྲུལ་ཐང་།
༢ གུར་ཁྱུང་།
༣ རྟ་ཟི་དམར་པོ།
༤ སྤང་རྒྱན་བཅོ་ལྔ།
༥ སྤང་རྩི་བཅུ་གཉིས།
༦ གཙོ་བོ་ཉེར་ལྔ།
༧ ཇི་ལྟར་བསྟེན་ལུགས་སྨན་པ་ཚོས་གསུང་རོགས།

བསམ་ཚུལ།

Post navigation

Previous Post: ཨེམ་རྗེ་ཀུན་དགའ་དབང་འདུས་ལགས་ལ་ཁ་བརྡའི་གསལ་བཤད།
Next Post: ལོ་ངོ་ཉི་ཤུའི་སྔོན་གྱི་ཕྱག་རྩོམ་ཞིག་ལ་བསྐྱར་དུ་མཇལ་བ། ( 5 )

Comments (3) on “བོད་པའི་ལྷ་རྗེ་ཚོ། བོད་སྨན་དེ་ཚོ་ཏག་ཏག་ཅིག་གསུང་རོགས།”

  1. བྱང་ཆུབ་ལོ་མ། says:
    2020-04-19 at 3:05 pm

    སྨན་རྩིས་ཁང་ནས་སྨན་བླངས་ན། ཨེམ་རྗེ་ཚོས་སྨན་ཤོག་སྟེང་ལ་སྨན་མིང་བྲིས། ཐུན་གྲངས་ཀྱིས་མཚོན་པའི་བསྟེན་སྟངས་བཀོད། དེ་ནས་སྨན་ལེན་སར་སོང་ན། དེ་ནས་ཀྱང་སྨན་ཁུག་སྟེང་ལ་སྨན་མིང་བྲིས། བསྟེན་ཚད་བྲིས་ནས་སྟེར།

  2. ཇ་མ་ says:
    2020-04-21 at 10:17 am

    ཉིན་ཤས་སྔོན་སྨན་པ་དབང་འདུས་ཟེར་མཁན་ནས་ཁོ་རང་ལ་ཝུ་ཧན་གྱི་ནད་ཕོག་ནས་བོད་སྨན་ཟོས་ནས་གྲག་སོང་ཟེར་བ་ནི་རྫུན་གཏམ་རེད། ཁོ་རང་ནས་སྨན་འཚོང་བའི་ཆེད་རེད།

  3. ཇ་མ་ says:
    2020-04-21 at 10:28 am

    དུས་སྐབས་འདི་ལ་སྨན་མཆོག་གཅིག་ཡོད་པ་ནི་ནང་ལ་སྡོད་པ་དེ་ལས་གཞན་སྨན་གང་ཡང་མེད་དོ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme