Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པའི་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་གསུང་རྩོམ་གཉིས་མཚམས་སྦྱོར།

Posted on 2011-04-032011-04-03 By དབང་ཕྱུག་ 19 Comments on བོད་པའི་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་གསུང་རྩོམ་གཉིས་མཚམས་སྦྱོར།

སྨན་པ་དཀོན་མཆོག་ཚེ་བརྟན།༼ཨ་རི༽

img_0864མགོ་ལོག་དབང་ཆེན་འབུམ་གྱི་སྨན་པ་ཏིང་འཛིན་གྱིས་མཛད་པ༼གསོ་རིག་རྒྱུད་བཞིའི་དཀའ་གནད་ཐོར་བུ་ལ་དཔྱད་པའི་གཏམ་བརྒྱད་ཅུ་རྩ་བཞི་བ༽་དང་། ༼ལུས་ཀྱི་གནས་གྲུབ་ཆའི་དཔེ་རིས་དམར་ཁྲིད་མཛུབ་ཚིགས་སུ་བསྟན་པ་དུས་རབས་གསར་བའི་གོམ་སྟབས༽་ཞེས་པ་པོད་གཉིས་ཀྱི་བདག་ཉིད་ཅན་དེ་ནི། མཁས་དབང་ཁོང་གིས་མི་ཚེ་ཧྲིལ་བོར་མི་ན་བ་གནས་བར་བྱ་བ་དང་། ན་བ་གསོ་བར་བྱེད་པའི་གསོ་བ་རིག་པའི་གཞུང་གི་ཕྱི་མོ་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་ལས་འཕྲོས་བའི་དཀའ་གནད་ལ་གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་དཔྱད་པ་བརྒྱད་ཅུ་རྩ་བཞི་གནང་ཡོད་པ་དང་། ལྷག་པར་ཏུ་མན་ངག་རྒྱུད་ཀྱི་མཚོན་རྨ་གསོ་བའི་སྐོར་གྱི་དེབ་ཆིངས་སྒྱོགས་གསུམ་གྱི་ལག་ལེན་སྐོར་ལ་དཔྱད་གཏམ་ལྷུག་པར་བཀོད་ཡོད་སྟབས། བོད་ཀྱི་གསོ་བ་རིག་པ་ལག་ལེན་དང་ཞིབ་འཇུག་བྱེད་མཁན་ཞིག་ཡིན་ན། ཁོང་གི་རིག་པའི་རྩལ་ལས་བརྡོལ་བའི་དཔྱད་གཏམ་དག་གིས་བློ་སྒོ་མང་པོ་འབྱེད་པར་འདུག་པས། ཚེ་ཡི་རིག་བྱེད་པ་དག་ལ་མཚོན་ན། ངེས་པར་ལྟ་ཀློག་དགོས་ངེས་ལྟ་བུའི་གསུང་རྩོམ་རྨད་དུ་བྱུང་བ་ཞིག་རེད།img_0855
མཁས་དབང་ཁོང་ནི། གཏེར་སྟོན་ར་མོ་ཤེལ་སྨན་གྱི་སྤྲུལ་བར་ལུང་གིས་བསྔགས་པ་ཁྲག་འཐུང་རོལ་བའི་བློ་གྲོས་ཀྱི་གདུང་རྒྱུད་དུ་སྐུ་བལྟམས་ཤིང་། མགོ་ལོག་སྨན་པ་སྟག་བླ་ནོར་བུའི་ཐུགས་ཀྱི་སྲས་བོ་མན་ངག་གི་གནད་ཡོད་ཚད་གཏད་པའི་ངང་བ་སྨན་པ་དཔལ་མགོན་གྱིས་རྗེས་སུ་བཟུང་བ། མཁན་རིན་པོ་ཆེ་མུན་སེལ་བླ་མར་བསྟེན་ནས་རྫོགས་ཆེན་སྙན་བརྒྱུད་དང་ཐོད་བརྒལ། ཀློང་ཆེན་མཛོད་བདུན་སོགས་ཟབ་ཆོས་ཀྱི་བདུད་རྩི་མྱོང་བའི་སྐལ་བ་དང་ལྡན་པ། གཞན་ཨ་ཀྱ་བླ་མ་གར་ཆོས་བྱ་བའི་དྲུང་ནས་གཡུ་ཐོག་སྙིང་ཐིག་གི་ཆོས་སྐོར་སོགས་གཏེར་སྨན་དང་ཆིག་རྒྱུད་ཀྱི་ལག་ལེན་མང་བོའི་གདམས་པ་མྱང་བའི་མཁས་ཤིང་གྲུབ་པའི་བོད་ཀྱི་སྨན་པ་ཚད་ལྡན་ཞིག་རེད།
img_0862ཁོང་ནི་སྔ་རབས་བོད་ཀྱི་མཁས་གྲུབ་གཉིས་ལྡན་གྱི་སྨན་པ་ཕལ་མོ་ཆེ་དང་འདྲ་བར་གྲོང་ཁྱེར་དང་གྲོང་བརྡལ་ལ་བར་ཐག་རིང་ཞིང་དེང་དུས་གསོ་རིག་གི་ཆ་རྐྱེན་མེད་པ་དབུལ་ཞིང་ཕོངས་པའི་གནས་ཁ་ཤས་ནས་གསོ་བ་རིག་པ་ལག་ལེན་བྱེད་པའི་སྐལ་བ་ལྡན་པ། ལག་ལེན་བཅོ་བརྒྱད་ཀྱི་གནད་ལ་ནང་བྱན་ཆུབ་པ། གཞུང་དང་ལག་ལེན་ཟུང་འབྲེལ་གྱིས་རྒྱུད་འདི་འདུ་བ་འཕེལ་ཟད་སྙོམས་པའི་སྤྱི་བ་དང་འཆི་བདག་བདུད་སྡེ་བཟློག་པའི་འཕྲུལ་འཁོར་ཡིན་པར་ངེས་ཤེས་འདྲོངས་ནས་བོད་སྔ་རབས་ཀྱི་དགོངས་འགྲེལ་སྣ་ཚོགས་ལ་མི་མཐུན་པའི་གནད་གང་མང་ཞིག་མཆིས་པ་ལ་ཁོང་གི་རིག་པའི་རྩལ་གྱིས་དཔྱད་བརྗོད་གང་མང་གནང་ཡོད་པ།img_0863 ལྷག་པར་ཏུ་དགུང་ལོ་སུམ་ཅུ་ནས་ལྔ་བཅུའི་བར་དུ་བེམ་རོ་ཆེ་ཆུང་མང་པོར་ཞིབ་འཇུག་བྱས་ཏེ་ཆགས་སྲིད་འབྲེལ་བ་ཚེའི་རྩ་དང་བཞིའི་དགོངས་པ་ཇི་བཞིན་བེམ་རོ་དངོས་དང་ཟུང་འབྲེལ་གྱིས་དཔེ་རིས་སུ་བཀོད་ཡོད་པ། སྔ་འགྲེལ་གྱི་རུས་པའི་གྲངས་དང་འབྲེལ་ལུགས། ཟུངས་རྣམས་རྒྱུ་བའི་རྩའི་འབྲེལ་བའི་འདོད་ཚུལ་གྱི་སྐོར་རོ་བཀྲ་དངོས་དང་དཔྱད་བསྡུར་གྱིས་དཔལ་ལྡན་རྒྱུད་བཞིའི་དགོངས་པ་ལ་དཔྱད་པ་གནང་ཡོད་པ། ལུས་སེམས་གཉིས་ཀྱི་འབྲེལ་བ་དང་རྣམ་པར་ཤེས་པའི་རྟེན་སྙིང་གཙོ་ལ་ཀླད་ཆེན་ཕལ་བར་གྲུབ་པའི་ཚུལ་དང་། ཀླད་པ་དང་དེ་ལས་གྱེས་པའི་ཆུ་རྩའམ་དབང་རྩ་དང་། སྙིང་རྣམས་རྣམ་པར་ཤེས་པའི་རྟེན་ཕལ་བ་དང་། img_08581སྲོག་ཆེན་པོའི་རྩ་ཡི་རྒྱལ་བོ་རྟེན་གཙོ་བོར་གྱུར་པའི་རྩ་དེའི་གནས་སྟངས་གསལ་བོར་བཀོད་ནས་དེ་དང་རྣམ་ཤེས་གཉིས་རྟེན་དང་བརྟེན་པའི་འབྲེལ་བའི་ཚུལ་གསལ་བོར་བརྗོད་པ། མདོ་སྡེ་དཀོན་བརྩེགས་ཀྱི་དགའ་བོ་མངལ་འཇུག་གི་སྐོར་རོ་བཀྲ་དངོས་དང་བསྡུར་ནས་ཞིབ་འཇུག་བྱས་ཡོད་པ་སོགས་བྲིས་ཆའི་དཔེ་རིས་གྱ་དགུ་ཕྲ་ཞིབ་ཏུ་བསྟན་ཡོད་པས་རིག་གཞུང་འདི་ལ་སློབ་གཉེར་དང་ལག་ལེན་བྱེད་མཁན་ཞིག་ཡིན་ན་བློ་སྒོ་གསར་པ་འབྱེད་པ་གདོན་མི་ཟ་བར་འདུག་ན། རང་རེ་ཚེ་ཡི་རིག་བྱེད་པ་རྣམས་ཀྱིས་གསུང་པོད་འདི་གཉིས་ཞིབ་གཟིགས་རེ་གནང་ཐུབ་པ་ཡིན་ན། ཕན་ཐོགས་མི་དམན་པ་འབྱུང་བར་འདུག་ཅེས་མཚམས་སྦྱོར་བའི་གཏམ་དུ་ཞུ་བ་ལགས་སོ།།

གསོ་རིག

Post navigation

Previous Post: སྙིང་སྟན་དཀར་བོ།
Next Post: མ་འོངས་པའི་སྔོན་བརྡ་དང་འཇིགས་སྣང་གིས་ཁེངས་པའི་རྨི་ལམ།

Comments (19) on “བོད་པའི་སྨན་པ་རྣམས་ལ་ཉེ་བར་མཁོ་བའི་གསུང་རྩོམ་གཉིས་མཚམས་སྦྱོར།”

  1. དཀོན་མཆོག་ཆོས་འཕེལ། says:
    2011-04-03 at 3:58 pm

    སྨན་པ་དཀོན་མཆོག་ཚེ་བརྟན་གྱིས་མཚམས་སྦྱོར་གནང་བ་ཐུགས་རྗེ་ཆེ། ཁ་སང་སྔོན་མ་ལ་རྩེ་དཔེ་མཛོད་ཁང་གིས་བསྡུས་པའི་མཛད་གཞས་འགྲན་བསྡུར་སྐབས་ཨ་མདོའི་ལ་གཞས་ལེན་མཁན་དེ་ཡིན་རྒྱུ་རེད། དེ་དུས་མཐོང་མྱོང་། གོ་ཐོས་ལྟར་ན། མཚོ་སྔོན་བོད་ལུགས་གསོ་རིག་སློབ་ཆེན་ནས་སྨན་གྱི་ཞིབ་འཇུག་སློབ་མ་མཐར་ཕྱིན་ནས་དེང་སྐབས་ཨ་རིར་ཡོད་པ་དང་། བོད་ཡིག རྒྱ་ཡིག དབྱིན་ཡིག་གསུམ་ཤེས་མཁན་ཞིག་ཡིན་འདུག

    ཉིན་ཁ་ཤས་ཀྱི་སྔོན་ལ་གོང་ས་མཆོག་སྨན་རྩིས་ཁང་དུ་ཆིབས་བསྒྱུར་སྐབས་བཀའ་སློབ་གནང་བའི་ནང་༼སྨན་པ་སྒེར་བ་ཚོས་ཚ་གྲང་གི་དབྱེ་བ་འབྱེད་ཤེས་པ་ཙམ་གྱིས་ནད་པར་ཚ་བ་འདུག་ལབ་སྟེ་བསིལ་སྨན་ཏོག་ཙམ་སྤྲད། གྲང་བའི་ན་ཚ་འདུག་ཟེར་ནས་སྨན་ཚ་བའི་རིགས་ཏོག་ཙམ་སྤྲད་ན་རྩ་བ་ནས་འདང་གི་ཡོད་མ་རེད། སོ་སོས་གཞུང་ནས་ཤེས་པ་དེ་ཉམས་མྱོང་དང་སྦྲགས་ཏེ་དོན་ཕན་ལྡན་པའི་ལག་ལེན་དུ་འཁེལ་དགོས་པ་རེད།༽ཅེས་གསུང་ཡོད་པ་དང་། ཡང་། ༼བོད་ནང་དུ་གསོ་བ་རིག་པའི་མཁས་པ་དེ་འདྲ་ཡོང་གིན་འདུག་ལ། དེ་ཚོས་བོད་ཀྱི་གསོ་བ་རིག་པའི་ཐོག་སྨན་སྦྱོར་གང་འཚམ་བྱས་ཡོད་འདུག སྟབས་བདེ་བོ་ཡོད་ན་ཁོང་ཚོ་ཚུར་སྐད་བཏང་སྟེ་གོ་བསྡུར་བྱ་རྒྱུ་དང་། ཕར་སོང་སྟེ་ཉམས་མྱོང་བརྗེ་རེས་བྱ་ཐུབ་ན་ཡག་པོ་ཡོད། དེའི་ཐོག་ང་ཚོས་འབད་བརྩོན་བྱ་དགོས་ཀྱི་འདུག༽ཅེས་གསུང་ཡོད། སྨན་རྩིས་ཁང་གིས་མགོ་ལོག་གི་སྨན་པ་འདི་གདན་འདྲེན་ཞུ་མི་ཐུབ་ནའང་། ཁོང་གི་གསུང་རྩོམ་འདི་གཉིས་དཔར་སྐྲུན་གནང་སྟེ། སྨན་པ་ཚོར་མཁོ་སྤྲོད་རེ་གནང་ཐུབ་ནའང་ཅི་མ་རུང་།

  2. ཉན་པ་རྣ་རིང་། says:
    2011-04-03 at 4:39 pm

    བཙན་བྱོལ་སྨན་རྩིས་ཁང་འདི་ཕྲག་དོགས་ཀྱིས་ཁེངས་ཡོད་པ་གོ་ཐོས་བྱུང་། ཁོང་ཚོས་ཁོང་གདན་འདྲེན་ཞུ་ཐུབ་གི་མ་རེད་ལ་ཞུ་གི་ཡང་མ་རེད། ངས་གོ་ཐོས་ལ་སྔོན་ཆད་བོད་ནང་གི་སྨན་པ་གྲགས་ཅན་ཞིག་རྡ་རམ་ས་ལའི་སྨན་རྩིས་ཁང་དུ་ཕེབས་ནས། སྨན་པ་རྣམས་ལ་བོད་སྨན་སྐོར་ལ་སློབ་འཁྲིད་གནང་ཡོད་པ་འདྲ། དེ་དུས་སྨན་རྩིས་ཁང་གི་སྨན་པ་ཚོས་ཕྲག་དོགས་བྱས་བརྟེན། ཁོང་གིས་མུ་མཐུད་དུ་སློབ་འཁྲིད་གནང་ཐུབ་མིན་འདུག

  3. མཁའ་མོ་སྐྱིད་། says:
    2011-04-03 at 6:00 pm

    སྨན་པ་དཀོན་མཆོག་ཚེ་བརྟན་གྱིས་མཚམས་སྦྱོར་གནང་བར་ཐུགས་རྗེ་ཆེ་ཞུ། ང་ཚོ་བོད་ཀྱི་ཚེ་རིག་འཛིན་པ་ཀུན་ལ་མཁོ་བ་ནི་དངོས་ཡོད་གནས་ལུགས་དང་མཐུན་ལ་ཐད་ཀར་གཞན་ལ་ངོ་སྤྲོད་བྱེད་ཐུབ་པའི་རིག་པ་གསོན་པོ་འདི་དང་འདི་ལྟ་བུ་དགོས་བ་རེད །

  4. yangbum2 says:
    2011-04-03 at 7:49 pm

    དཔེ་དེབ་ངོ་སྤྲོད་གནང་བར་ཐུགས་རྗེ་ཆེ།

  5. གཡུ་མཚོ། says:
    2011-04-03 at 8:31 pm

    བོད་པ་དེ་ཚོ་དངོས་གནས་ཕྲག་དོག་ཆེ་བ་ལ་དཔེ་རེད།
    དེ་འདྲ་གནང་དགོས་ཡ་ཨེ་ཡོད་ན།

  6. ལས་རླུང་། says:
    2011-04-04 at 10:02 am

    དཔེ་དེབ་ངོ་སྤྲོད་གནང་བ་འདི་བཞིན་ད་དུང་བོད་སྨན་སྐོར་གྱི་ཆེད་རྩོམ་གང་མང་རེ་བྲིས་ཏེ་དྲ་ཐོག་ཏུ་འཇོག་རྒྱུ་ཐུགས་འཛིན་འཚལ།

    གང་མགྱོགས་དཔེ་དེབ་དེ་གཉིས་ལ་མཇལ་ཐུབ་པའི་རེ་བ་ཡོད།

  7. ཨ་ཕ་མཐུ་ཆེན། says:
    2011-04-05 at 12:04 pm

    ཉན་པ་རྣ་རིང་ལགས།
    ཕྲག་དོག་བྱེད་མཁན་སུ་རེད། ག་དུས་བྱས་པ་རེད། ངས་དེ་འདྲ་གོ་ཐོས་མ་བྱུང། འོན་ཀྱང་སྤྱི་ཚོགས་ནང་སྨན་རྩིས་ཁང་ལ་གཞི་མེད་ཀྱི་གཏམ་འཆལ་བཟོ་མཁན་དང་སླེང་མཁན་མང་པོ་ཞིག་ཡོང་གི་འདུག དེའི་ནང་ནས་གཅིག་ཤོས་དེ་ཉན་པ་རྣ་རིང་ཡིན་གྱི་རེད། རེད་ཏག་ཏག་རེད། ཁོ་བོ་ཉན་པ་ཉུང་ཞིང་རྣ་མཆོག་རིང་བའི་སྐྱོན་ཡིན་གྱི་རེད། ཕལ་ཆེར་ཉེ་འཁྲིས་ནས་དྲང་གཏམ་བརྗོད་ན་གོ་རྒྱུ་ཡོད་ཀྱི་མ་རེད། ཡང་སྙིང་སྨན་རྩིས་ཁང་གིས་གཞན་ལ་ཕྲག་དོག་བྱེད་ཀྱི་ཡོད་རེད་དམ་ཡང་ན་གཞན་གྱིས་སྨན་རྩིས་ཁང་ལ་ཕྲག་དོག་བྱེད་ཀྱི་ཡོད་རེད། སྨན་རྩིས་ཁང་གིས་གཞན་ལ་ཕྲག་དོག་བྱེད་ཀྱིས་ལབ་ན་གཟུར་གནས་སྐྱེ་བོ་བཞད་གད་ཤོར་ངེས་རེད།
    སྨན་རྩིས་ཁང་ནི་༧གོང་ས་མཆོག་སྐུ་སྒེར་གྱིས་བྱིན་གྱིས་བརླབས་པའི་ཚོགས་པ་ཞིག་རེད། དྲྭ་གྲོགས་ཚོ་སྨན་རྩིས་ཁང་ནང་དེང་སང་གང་ཅིའི་ཐད་ཡང་རྩེ་འདུག

  8. ཨ་ཕ་མཐུ་ཆེན། says:
    2011-04-05 at 12:07 pm

    སྨན་པ་དཀོན་མཆོག་ཚེ་བརྟན་ལགས་ཐུགས་རྗེ་ཆེ།

  9. པད་དཀར་ཕོ་ཉ། says:
    2011-05-07 at 3:59 pm

    ཅི་ལྟར་བརྟགས་རུང་། བོད་ལུགས་གསོ་བ་རིག་པའི་གཞུང་ནི། མཚན་ཉིད་རིག་པ་སོགས་ཤེས་བྱ་རིག་པའི་གནས་ཀུན་གྱི་འབྲེལ་གཞིར་གྱུར་ཡོད་གཤིས། ཚེགས་ཆུང་དོག་བདེའི་ལམ་ནས་རྟོགས་ཐུབ་པ་ཞིག་ཡེ་ནས་མིན་པར་མངོན། བོད་རྒྱལ་ཁྲི་སྲོང་ལྡེ་བཙུན་གྱི་རིང་། ལྷ་རྗེ་གཡུ་ཐོག་པས་སྔར་ཡོད་ལེགས་བསྒྲིགས་དང་། མ་ཚང་བ་ཁ་བསྐངས་གནང་བ་བཅས་ལ་བརྟེན་ནས་གྲུབ་པའི་གསོ་རིག་རྒྱུད་བཞིར་གྲགས་པ་དེ་ཉིད་བྱུང་ཞིང་། འདི་ཉིད་གཞི་རྩར་བཟུང་ནས་དྲན་དབང་མང་པོས་མཛད་པའི་འགྲེལ་བ་སོགས་ནི། ལར་གྲངས་ཀྱི་ཆ་ནས་བལྟས་ཚེ། དོལ་སྐྱེལ་རླངས་འཁོར་གྱི་སྟེགས་སུའང་ཤོང་བར་དཀའ་བ་ཙམ་ཡོད་ཀྱང་། དེ་དག་གི་ཁྲོད་དུ་ཞལ་གསལ་ཞིང་གནད་བཀྲལ་མང་བའི་ཁྱད་ཆོས་ཅན་ཞིག་ནི། ལྷ་རྗེ་ཟུར་མཁར་བ་དང་དར་མོ་སྨན་རམས་པ་ཟུང་གིས་མཛད་པའི་མེས་ཞལ་དང་། སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པར་གྲགས་པའི་བཻ་སྔོན་སོགས་འགའ་ཞིག་མ་གཏོགས། ནམ་མཁའི་མེ་ཏོག་གི་ཟླ་རུ་སོང་། གནས་སྟངས་དེ་འདྲ་ཞིག་གི་དབང་གིས། བོད་ལུགས་གསོ་བ་རིག་པའི་དབུ་འཕང་ཡང་རིམ་བཞིན་ཕྱགས་དུར་གྱི་ཡུལ་དུ་འབབས་པ་ལ་མི་ཉེ་བར་གྱུར། འོན་ཀྱང་། སྐབས་ཤིག་ནས་རང་རེའི་བོད་ལའང་ཅུང་ཟད་རང་དབང་གི་རྣམ་པར་གྱུར་པའི་གོ་སྐབས་སྐྱ་རེངས་ལྟ་བུ་ཞིག་བྱུང་བ་འདི་ཉིད་དང་བསྟུན། སངས་རྒྱས་སྨན་བླའི་གསང་གསུམ་གྱི་བྱིན་རླབས་སྙིང་ལ་འཕོས་པའི་ལྷ་རྗེ་མི་ཉུང་བ་ཞིག་ནས་དཀའ་བའི་གནད་གསལ་ཞིང་། སྔར་མེད་ཡང་དག་གི་ཁྱད་ཆོས་ཀྱིས་ཕྱུག་པའི་ཤེས་བྱ་མང་པོས་མཐའ་དབུས་ཟུར་གསུམ་ལེགས་པར་བརྒྱན་པའི་གསོ་འགྲེལ་མང་པོ་ཞིག་བརྩམས་དང་རྩོམ་བཞིན་པ་ནི་སྙིང་ནས་དགའ་ཞིང་ཡི་རང་བའི་གནས་སོ།། ལྷགས་རླུང་གིས་མནར་བའི་བོད་ཀྱི་གསོ་རིག་གི་ཡུལ་ལྗོངས་སུ། གཞི་ནས་བཀྲ་ཤིས་པའི་དགེ་ལྟས་ཀྱི་རྣམ་པ་འདི་དང་དེ་ལྟ་བུ་མང་དུ་བརྟས་པའི་ཚེ་ན། བསུན་སྣང་གི་བྲག་བར་ན་སྡོད་པའི་པད་དཀར་ཕོ་ཉའང་། གཤོག་ཟུང་བརྐྱང་སྟེ། སླར་ཡང་། གསོ་རིག་རྒྱལ་ཁམས་ཀྱི་ལྟད་མོར་འགྲིམས་པའི་འདུན་པ་མཐོ་ནས་མཐོ་རུ་འཕགས་སོང་ལགས།།

  10. དོལ་སྨྱོན། says:
    2011-05-07 at 5:29 pm

    པད་ཀར་ཕོ་ཉས་བཤད་པ་དེ་དོན་ལ་གནས་པའི་ལེགས་བཤད་ཅིག་ཏུ་མཐོང་།
    དེ་ཡང་ཆེ་བ་བཅུ་གཅིག་གི་རབ་ཏུ་ཕྱུགས་པའི་དཔལ་ལྡན་རྒྱུད་བཞི་འདི་ཉིད་སྔོན་གྱི་དུས་ན།
    མཁས་པའི་དབང་པོ་ཟུར་མཁར་བ་སོགས་ཀྱིས་དཔྱད་གསུམ་དག་པའི་སྒོ་ནས་གཏན་ལ་ཕབ་སྟེ།
    ཕྱི་རབས་པ་རྣམས་ལ་ལེགས་སྐྱེས་སུ་གནང་མོད།
    འོན་ཀྱང་དེང་སང་སྐྱབས་བཅོལ་བའི་སྤྱི་ཚོགས་ནང་རྒན་རིན་པོ་ཆེ་ལྟ་བུའི་མི་སྣ་འགའ་ཞིག་ལས།
    སྨན་པ་ཕལ་མོ་ཆེ་རྣམས་མིང་དང་གོ་ས་སྒོར་མོ་སོགས་ཀྱི་རྗེས་སུ་འབྲང་འབྲང་ནས།
    ཆེ་བ་བཅུ་གཅིག་གི་གྲངས་འདྲེན་ཙམ་གྱེར་ཤེས་པ་ལས་ནང་དོན་དཔྱིས་ཕྱིན་ཞིག་ལྟ་ཞོག
    ཐ་ན་གཏམ་བཤད་ཀྱི་རྩོམ་ཡིག་ལའང་དག་ཆའི་རང་མགོ་མི་ཐོན་ཚད་དུ་སླེབ་པ་རེད།

  11. ལྡན་མ says:
    2011-05-27 at 6:49 am

    སྨན་པ་ལ། ངེད་གསོ་རིག་སློབ་གཉེར་བ་ཞིག་ཡིན་དུས་་ང་ལ་དྲི་བ་ཞིག་ཡོད་པ་་ལན་གསུངས་རོགས་གནང་།
    ཕྱི་རྒྱུད་རྩ་མདོ་ལས་ གློ་བ་ལོང་ག་ལྕགས་ཀྱི་ཁམས། ཞེས་འདུག་པ་ རྒྱུ་མཚན་གང་ཕྱིར་གློ་བ་ལྕགས་ཁམས་སུ་འགོད་པ་ཡིན་ནམ་?
    གློ་བའི་བྱེད་ལས་སམ་རྒྱུ་མཚན་གང་གི་ཕྱིར་གློ་བ་ལྕགས་ཁམས་ཟེར་གསུངས་བ་ཡིན་ནམ་གསལ་པོར་གསུངས་རོགས་གནང་།

  12. དཀོན་མཆོག་བསམ་འཕེལ says:
    2011-05-31 at 6:10 am

    གློ་བའི་བྱེད་ལས་སམ་རྒྱུ་མཚན་གང་གི་ཕྱིར་གློ་བ་ལྕགས་ཁམས་ཟེར་གསུངས་བ་ཡིན་ནམ་གསལ་པོར་གསུངས་རོགས་གནང་།

    སྨན་པ་ལ་

  13. ལྡན་མ says:
    2011-06-01 at 4:03 am

    ལྗོན་ཤིང་བཟང་པོ་སྤངས་ནས།། ཤིང་སྐམ་སྡོང་པོའི་ཕྱོགས་ནས།།
    འབྲས་བུ་རེ་འདོད་སྐྱེད་པ།། ང་ཚོ་བླུན་པོའི་ལས་ཀ།།

  14. ལྡན་མ says:
    2011-06-01 at 10:12 am

    ལྗོན་ཤིང་བཟང་པོ་སྤངས་ནས།། ཤིང་སྐམ་སྡོང་པོའི་ཕྱོགས་ལ།།
    འབྲས་བུ་རེ་འདོད་སྐྱེད་པ།། ང་ཚོ་བླུན་པོའི་ལས་ཀ།།

  15. མེ་ཏོག་མཚོ says:
    2011-08-19 at 5:07 pm

    གཉན་རིམས་སྐོར་མང་ཙམ་ཁྱེད་མཁས་དབང་རྣམས་ཀྱིས་འདིར་དྲ་རྒྱ་ཐོག་བཀོད་ཐུབ་ན་ངེད་བཅག་གསོ་རིག་སློབ་བུ་རྣམས་ལ་ཕན་ཐོག་ཆེ་བ་ཡོང་ས་རེད།

  16. ཨ་རུ་ར། says:
    2011-08-26 at 6:44 pm

    སྨན་རྩིས་ཁང་གིས་ཕྲག་དོག་བྱེད་ཀྱི་ཡོད་པ་མ་རེད། འཛིན་སྐྱོང་མི་སྣ་ཁ་ཤས་ཤིག་ལ་གསོ་རིག་གཞུང་ལུགས་ལ་ཤེས་ཚད་ཞན་སྟབས། ཤེས་འཇོན་དང་ལྷག་བསམ་ལྡན་པའི་མི་སྣ་ལ་ཕྲག་དོག་དང་། དབང་ཚད་བེད་སྤྱོད་ལོག་པར་བཏང་སྟེ་མགོ་གནོན་གང་ཐུབ་བྱེད་ཀྱི་ཡོད་པ་རེད། དེ་ནི་སྨན་རྩིས་ཁང་ལེགས་པོ་མིན་ལུགས་ཞེས་བརྗོད་ན་ནོར་བ་རེད་བསམ། འཛིན་སྐྱོང་མི་སྣ་དེ་དག་གི་མིང་བཟུང་ནི་ཐེར་འདོན་བྱེད་རྒྱུ་གལ་ཆེ་བར་མཐོང་། ད་ལྟའི་ཆར་དྲུང་ཆེ་དང་ཡན་ལག་འགན་འཛིན་ཚེ་རིང་རྡོ་རྗེ་གཉིས་ལ་གཟིགས་དང་། ཉེ་རིང་ཆགས་སྡང་ཁོ་ན་ལས་གཞུང་གི་འཛིན་སྐྱོང་ལ་ཕན་པའི་བྱ་བ་ལེགས་པོ་ཞིག་བྱེད་ཐུབ་ཀྱི་མ་རེད། ཡན་ལག་འགན་འཛིན་ཁོ་རང་གི་ལྟོ་དོད་ཐོབ་ཆེད་ཡན་ལག་སྨན་ཁང་ཁག་ལ་འཁྱམ་ནི་སོང་ནི་ཡན་ལག་འགན་འཛིན་ལས་ཁུངས་སྟོང་བ་རེད། ང་ཚོས་རེ་བ་ལ་དེ་སྔའི་དབུ་འཛིན་ཚེ་རིང་བཀྲ་ཤིས་ལགས་ལྟ་བུའི་དབུ་འཛིན་ཞིག་བོད་གཞུང་འཕྲོད་བསྟེན་ལས་ཁུངས་ནས་བསྐོ་བཞག་ཡོང་བའི་རེ་བ་བྱེད་ཀྱི་ཡོད། དེ་ལྟར་བྱུང་ན་སླར་ཡང་སྨན་རྩིས་ཁང་ཡར་རྒྱས་མགྱོགས་པོར་འགྲོ་གི་རེད།

  17. ཟུར་མཁར says:
    2012-04-22 at 5:49 am

    བཙན་བྱོལ་སྤྱི་ཚོགས་ནང་བོད་ཀྱི་གསོ་རིག་ནང་བོད་ཀྱི་གསོ་རིག་ལ་མཁས་པ་རྒན་རིན་པོ་ཆེ་མ་གཏོགས་མེད་པ་མ་རེད།་་་་་་་་་་་་་་་་་་་་་་་་་་་སྨན་པ་མང་པོ་ཡོད་པ་རེད།་ཡིན་ན་ཡང་སྨན་པ་དེ་ཚོར་སྨན་རྩིས་ཁང་དང་སྤྱི་ཚོགས་ཀྱིས་བདག་པོ་རྒྱག་མ་ཐུབ་པའི་སྐྱོན་རེད།་་་་་སྨན་པ་ཚེ་དབང་རྟ་མགྲིན་སྨན་རྩིས་ཁང་གི་དབུ་འཛིན་ཡིན་པའི་སྐབས་སྨན་པ་གཞན་ལ་འབྲེལ་བ་བྱས་ནས་ཡར་རྒྱས་གཏང་མ་ཐུབ་སྟབས་ད་ཆ་ཚེ་རིང་བཀྲ་ཤིས་ལགས་ཡང་བསྐྱར་སྨན་རྩིས་ཁང་གི་དབུ་འཛིན་ལ་ཕེབས་ཡོད་པ་དང་།་་་ཁོང་གིས་སྨན་རྩིས་ཁང་གི་ཕྱི་ལ་བཞུགས་པའི་སྨན་པ་ཚོ་ལ་འབྲེལ་བ་བྱེད་འཆར་དང་ཡར་རྒྱས་གཏང་འཆར་ཡོད་པའི་གསལ་བསྒྲགས་བསྐྱངས་པ་དེ་ནི་དེ་སྔའི་སྨན་རྩིས་ཁང་གི་དབུ་འཛིན་དང་དྲུང་ཆེ་ལ་ཕེབས་པའི་སྨན་པ་རྣམས་ཀྱིས་མ་འཇོན་པ་དང་ཕྲག་དོག་གེ་ཉེས་ལེན་ལས་བྱུང་པའི་ར་སྤྲོད་རེད།

  18. གླིང་དཀར་ལྷ་རྗེས། says:
    2012-05-18 at 11:59 am

    མགོ་ལོག་དབང་ཆེན་འབུམ་གྱི་སྨན་པ་བསྟན་འཛིན་གྱི་མཛད་དེབ་ནང་༼སྲོག་ཆེན་པོའི་རྩ་ཡི་རྒྱལ་བོ་རྟེན་གཙོ་བོར་གྱུར་པའི་རྩ་དེའི་གནས་སྟངས་གསལ་བོར་བཀོད་ནས་དེ་དང་རྣམ་ཤེས་གཉིས་རྟེན་དང་བརྟེན་པའི་འབྲེལ་བའི་ཚུལ་གསལ་བོར་བརྗོད་པ། མདོ་སྡེ་དཀོན་བརྩེགས་ཀྱི་དགའ་བོ་མངལ་འཇུག་གི་སྐོར་རོ་བཀྲ་དངོས་དང་བསྡུར་ནས་ཞིབ་འཇུག་བྱས་ཡོད་པ་སོགས་བྲིས་ཆའི་དཔེ་རིས་གྱ་དགུ་ཕྲ་ཞིབ་ཏུ་བསྟན་༽ཡོད་ན་དགོས་ངེས་འདུག་པས་གང་ནས་ཐོབ་མིན་གསུངས་རོགས། དེང་སྐབས་ཚན་རིག་པ་ཚོས་ནང་ཆོས་ལ་དོ་སྣང་ཆེན་པོ་བྱེད་ཀྱིས་ཡོད་པ་མ་ཟད་སེམས་ཀྱིས་གསང་གནད་དེ་ཚོ་དང་དེའི་གནས་ཡུལ་གསལ་པོ་ཞིག་ད་ལྟའི་ཆར་ཚན་རིག་གྱི་འཁྲུལ་འཁོར་ཆེ་ཆུང་སྣ་ཚོགས་བེད་སྤྱོད་བྱས་རུང་གསལ་པོ་ཞིག་ད་དུང་ཡང་རྟོགས་མེད་ལ་ནང་པས་ཀྱང་སེམས་ཀྱིས་རྟེན་ས་འདི་ཡིན་ཞེས་གསུངས་རྩོམ་ཁ་གསལ་མཇལ་རྒྱུ་མེད་པས་སྨན་པ་ཁོང་གི་གསུང་འདི་མཇལ་འདོད་ཆེ།

  19. ཉི་མ་ says:
    2012-05-28 at 11:37 am

    ཕན་ཚུན་ལ་ཕྲག་དོགས་བྱས་བ་ཡོད་ཚད་བྱ་བ་ངན་པ་ཞིག་པའི་ངེས་བ་ག་ལ་ཡོད་།
    ཕྲག་དོགས་དེ་བོད་མི་རྐྱང་རྐྱང་ཞིག་མེ་རེད་།
    གཡུ་མཚོ་ལགས་ཁྱོད་ཚོའི་མི་རིགས་ལ་ཕྲག་དོགས་མེད་པ་འུ་རེད་།
    ཁྱེད་ཀྱི་གང་འདོད་ཀྱི་བཤད་གི་མ་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme