Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པའི་སྤྱི་ཚོགས་ནས་ཐོན་ལ་ཁད་པའི་བོད་ཀྱི་གཞོན་སྐྱེས་ང་ཚོ།

Posted on 2010-09-272010-09-28 By ཁ་བརྡ་ 7 Comments on བོད་པའི་སྤྱི་ཚོགས་ནས་ཐོན་ལ་ཁད་པའི་བོད་ཀྱི་གཞོན་སྐྱེས་ང་ཚོ།

རྩིས་ཆེ་ནས།

བོད་དུ་སྐྱེས་ཤིང་རྒྱ་གར་དུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་སྐྱེས་གང་མང་ཞིག་ཡོད་པ་ལས་ང་ཚོ་འདིའི་གྲས་སུ་གཏོགས། བོད་གཞུང་སློབ་གྲྭ་ལ་ཞུགས་མྱོང་ཡོད་པས་བོད་ཞེན་ཆེ་བའི་རིགས་ཤིག་དང་། གྲྭ་ས་ཁག་ཏུ་ཐོས་བསམ་བྱས་པས་ཆོས་ཞེན་ཆེ་བའི་རིགས་གཉིས་ཡོད་པ་ལས་ང་ཚོ་ནི་འདི་གཉིས་གང་གི་ཡང་ཁོངས་སུ་མི་གཏོགས། འོན་ཀྱང་བོད་རིགས་ཤིག་ཡིན་པ་དང་། བོད་ནས་བསླེབས་པ། བོད་པའི་ཆོས་དང་རིག་གཞུང་སྐོར་གོ་མྱོང་ཡོད་པས་ང་ཚོ་ནང་ཆོས་ལ་དགའ་མོས་དང་དད་གུས། བོད་མི་རིགས་ལ་ཕན་སེམས་དང་ཤ་ཞེན་མེད་མཁན་ཞིག་མིན།

ང་ཚོའི་ཆེད་དུ་ཕྱི་རྒྱལ་གྱི་སྤྱི་ཚོགས་ནི་ཁ་བྲལ་ཐབས་མེད་པ་ཞིག་ཡིན་ལ། བོད་ནི་ནམ་ཡང་བརྗེད་ཐབས་མེད་པ་ཞིག་ཡིན། ང་ཚོ་བོད་ཀྱི་ས་ཆ་མང་པོར་འགྲོ་མྱོང་མེད་ལ། ང་ཚོས་བོད་ཀྱི་ཁ་ཟས་མང་པོ་ཟ་མྱོང་མེད། ང་ཚོའི་བོད་སྐད་འདི་ཡང་རང་གི་ཕ་མ་ཚོས་གོ་མི་ཐུབ། འོན་ཀྱང་ང་ཚོས་ཡུལ་འདིའི་སྐད་ཤེས་ལ། ཡུལ་འདིའི་ས་ཆ་མང་པོར་འགྲོ་མྱོང་ཡོད། ང་ཚོ་འཚོ་གནས་བྱེད་ས་ནི་ཡུལ་འདི་ཉིད་ཡིན། དེས་ན་ང་ཚོ་ནི་ཁུངས་ལུང་མེད་པའི་བོད་རིགས་གཞོན་སྐྱེས་ཁྱུ་ཞིག་རེད།

རྒྱ་གར་དུ་བསྡད་འདོད་ཡོད་ཀྱང་ཁྲིམས་མཐུན་གྱི་ཡིག་ཆ་བཟོ་མི་ཐུབ་པ། བོད་དུ་ལོགས་འདོད་ཡོད་ཀྱང་ས་གནས་ཀྱི་སྤྱི་ཚོགས་དང་ཐ་ན་རང་གི་གཉེན་ཚན་ལ་ཡང་ལྟ་བ་མི་མཐུན་པའི་སྐོར་གྱི་གོ་ཐོས་མང་བ། ཕྱི་རྒྱལ་དུ་འགྲོ་འདོད་ཡོད་ཀྱང་རྒྱབ་སྐྱོར་དང་རོགས་རམ་མེད་པ། མི་ཚེ་དཀྱུས་མ་ཞིག་བསྐྱལ་འདོད་ཡོད་ཀྱང་འཚོ་བའི་ཡོངས་ཁོངས་གང་ཡང་མེད་པ། རླབས་ཆེན་གྱི་བྱ་བཞག་སྤེལ་དགོས་བསམ་ཡང་མཐུན་རྐྱེན་ཉུང་ཞིང་འགལ་རྐྱེན་མང་བས། མདོར་ན་ང་ཚོས་གང་ཞིག་བྱེད་དགོས་པ་རེད་དྲན་ནས་བསམ་མནོ་གཏོང་བཞིན་གཏོང་བཞིན་ང་ཚོས་མི་ཚེ་རྫོགས་ཀྱི་ཡོད།

ཞིབ་ཏུ་བསམ་མནོ་བཏང་ན་རྒྱལ་སྤྱིའི་ཁྲིམས་ཀྱི་དབང་དུ་བཏང་ན་ང་ཚོ་རྒྱ་ནག་གི་མི་ཁོངས། མི་བརྒྱུད་ཀྱི་དབང་དུ་བཏང་ན་ང་ཚོ་བོད་ཀྱི་མི་རིགས། འཚོ་གནས་ཀྱི་དབང་དུ་བཏང་ན་ང་ཚོ་རྒྱ་གར་གྱི་མི་སེར་ཡིན་ཀྱང་། རྒྱ་གར་གཞུང་གི་ངོས་ལེན་མེད་པ། རྒྱ་ནག་གཞུང་གིས་ལྟ་སྟངས་སྡུག་པ། བོད་གཞུང་ལ་བྱུས་གཏོགས་མེད་པས་ང་ཚོ་ནི་ཟང་ཟིང་གི་སྤྱི་ཚོགས་འདིར་ཁེར་རྐྱང་གི་འཚོ་བས་དུས་འདའ་ཞིང་། ཡག་ཉེས་གང་བྱུང་ཡང་རེ་ལྟོས་དང་སྐྱབས་བཅོལ་ས་མེད་པའི་ཁར། སུ་ལ་ཡང་ཡིད་ཆེས་དང་རེ་བ་མེད་པའི་བོད་རིགས་གཞོན་སྐྱེས་ཁྱུ་ཞིག་རེད།

དབྱིན་ཇིའི་སློབ་སྦྱོང་ཐོབ་སླ་ཞིང་ཤེས་སླ་ཡང་དེས་ལས་ཀ་ཐོབ་དཀའ་བ། བོད་ཀྱི་རིག་གནས་ཀྱིས་ལས་ཀ་ཐོབ་སླ་ཡང་སྦྱང་དཀའ་ཞིང་ཡོངས་སྒོ་ཆུང་བ། ཆོས་སྦྱངས་ཀྱང་མི་ཚེ་ཆོས་ལ་སྐྱེལ་འདོད་མེད་པ། སྲིད་ལ་ཞུགས་ཀྱང་འཇོན་ཐང་དང་རྒྱབ་རྩ་མེད་པ་སོགས་མགོ་སྦུད་པའི་དཀའ་ངལ་འདི་དག་གི་ཁྲོད་དུ་ང་དང་ང་ལྟ་བུ་ང་ཚོ་བོད་རིགས་གཞོན་སྐྱེས་མང་པོ་ཞིག་མི་ཚེ་ཟད་བཞིན་ཡོད་ཀྱང་། སྲིད་གཞུང་གིས་ང་ཚོ་ལ་རོགས་པ་མི་བྱེད་དེ་ང་ཚོ་གནད་ཡོད་མི་སྣ་མ་ཡིན་པའི་ཕྱིར་དང་། བོད་ཀྱི་མཁས་དབང་ཚོས་ང་ཚོ་ལ་ཐུགས་ཁུར་མི་བྱེད་དེ། ང་ཚོ་རང་ཉིད་ལ་ཤེས་འཇོན་མེད་པའི་སྐྱོན་ཆ་ཡིན་པའི་ཕྱིར་དང་། བོད་ཀྱི་བླ་དགོན་རྣམས་ཀྱིས་ང་ཚོ་ལ་གཟིགས་སྐྱོང་མི་བྱེད་དེ་ང་ཚོ་དཔལ་འབྱོར་ལྡན་པའི་སྦྱིན་བདག་མ་ཡིན་ལ་བརྗིད་ཉམས་ལྡན་པའི་མཁན་པོ་དང་སྤྲུལ་སྐུ་མ་ཡིན་པའི་ཕྱིར།

ང་ཚོ་ནི་བོད་གཞུང་ལ་ལྷག་བསམ་མེད་པ་མ་ཡིན། རྒྱ་ནག་ལ་དགྲ་ཤ་ལེན་འདོད་མ་ཡིན། རྒྱ་གར་ལ་གཡོ་སྒྱུ་འཁྲབ་འདོད་མ་ཡིན་ཀྱང་། ང་ཚོའི་མི་ཚེ་ནི་སྲིད་གཞུང་འདི་ཚོའི་དཀའ་རྙོག་གི་ཁྲོད་དུ་ཟད་ཅིང་། ང་ཚོ་ལ་ནག་ཉེས་མེད་པ་མ་ཡིན་ཏེ། ང་ཚོའི་ནག་ཉེས་ནི་ཨ་མའི་མངལ་ནས་དོན་པ་དེ་དང་པོ་དང་། བྲོས་བྱོལ་དུ་བསླེབས་པ་ནི་འཛད་དུ་མེད་པའི་ནག་ཉེས་གཉིས་པ་དེ་རེད།

བོད་རང་བཙན། བོད་རང་སྐྱོང་། བོད་རྒྱ་ཞི་མོལ། དབུ་མའི་ལམ། སྤྱི་མཐུན་རྒྱལ་ཁབ། ཀྲུང་གོ་རེན་མེན། ཚིག་འདི་དག་ནི་མཐོ་རིམ་མི་སྣ་རྣམས་ཀྱི་ཐུགས་དགོངས་ལས་བྱུང་བ་ཞིག་ཡིན་པས། ང་ཚོའི་འདི་དག་གི་དོན་མི་རྟོགས་ཀྱང་། ང་ཚོས་ད་བར་དུ་ལན་མང་གོ་མྱོང་ཡོད་ཅིང་། ང་ཚོས་འདི་དག་ཚང་མ་བློ་ལ་ཡོད་ཀྱང་། འདི་དག་གིས་ང་ཚོའི་མི་ཚེ་ལ་ཕན་གནོད་བྱེད་པའི་རེ་བ་དང་ཡིད་ཆེས་གང་ཡང་མེད།

བྱས་ཙང་ང་ཚོ་ནི་གང་ལྟར་བོད་ཀྱི་སྤྱི་ཚོགས་འདི་ནས་ཐོན་ཟིན་པའམ། ཐོན་པར་འགྱུར་བ། ཐོན་ལ་ཁད་ཞིག་ལས་མ་འདས་ཤིང་། འདི་ནི་ཤེས་བསམ་ཡོད་པའི་མི་ཚོས་བལྟས་ན། གོ་ན། མཐོང་ན། སྙིང་རྗེ་ཞིང་། ཞེ་ཁྲེལ་བའི་གནས་ཚུལ་ཞིག་ཡིན་ཀྱང་ང་ཚོ་ནི་འཇིག་རྟེན་ཕྱི་མའི་བར་དོའི་སེམས་ཅན་དང་། རླུང་འཚུབ་ཁྲོད་ཀྱི་ཤོག་བུ། རྨི་ལམ་ནང་གི་འགྲུལ་པ་དང་། དོན་དངོས་སུ། ག་བྱེད་འདི་བྱེད་མེད་ཀྱང་། གང་ཡིན་ན་ཡང་བྱེད་སྲིད་པའི་བོད་རིགས་གཞོན་སྐྱེས་ཁྱུ་ཞིག་ཡིན། རྩིས་ཆེ། ༢༠༡༠ ལོའི་ཟླ་༩ ཚེས་༢༥ ཉིན།

རྩོམ་རིག

Post navigation

Previous Post: སྙིང་ཉེ་མ།
Next Post: སང་འཆི་ནངས་འཆི་ངེས་མེད་རེད།

Comments (7) on “བོད་པའི་སྤྱི་ཚོགས་ནས་ཐོན་ལ་ཁད་པའི་བོད་ཀྱི་གཞོན་སྐྱེས་ང་ཚོ།”

  1. ཁ་བརྡའི་རྩོམ་སྒྲིག་པ། says:
    2010-09-27 at 4:56 pm

    གསལ་བཤད།
    གོང་འཁོད་རྩོམ་ཡིག་འདི་འབྲི་མཁན་གྱི་མིང་བྲིས་མི་འདུག་པས།
    ང་ཚོར་དེ་ལྟར་བཀོད་པ་ཡིན། ཁ་བརྡར་རྩོམ་བསྐུར་མཁན་རྣམས་ཀྱིས་།
    རྩོམ་འབྲི་མཁན་དོ་བདག་གི་མིང་རྩོམ་གྱི་འགོར་འགོད་རོགས་གནང་།
    རྩོམ་བསྐུར་སའི་ཁ་བྱང་།
    khabdha@gmail.com
    info@khabdha.org

  2. ཆུ་སྐྱེས་སྒྲོལ་མ། says:
    2010-09-27 at 6:24 pm

    རེད། རེད། དངོས་གནས་སེམས་བསྔལ་མང་པོ་ཞིག་བཤད་འདུག་པ་བདེན་པ་ཡིན་རྒྱུ་རེད།
    སྐྱབས་བཅོལ་བའི་མི་ཚེ་ནི། དུས་ནམ་ཡང་ཟས་གོས་གནས་མལ་སོགས་ཐེབས་ཆ་ཞིག་དང་ལྷན་དུ་རྫོགས་བཞིན་ཡོད། ཡིན་ཡང༌། མ་ཡི་མངལ་ལས་ཐོན་པ་དེ་བདེ་སྐྱིད་དུ་གོམས་རོགས། མི་ལུས་རིན་ཆེན་གསེར་ཞེས་པ་ནམ་ཡང་བརྗེད་མི་རུང༌། ཆོས་དཔེ་དག་ནང༌། མི་ལུས་ཐོབ་དཀའ་བའི་སྐོར་ལ། རྒྱ་མཚོ་དང༌། རུལ་སྦལ་ཞ་བ། གཉའ་ཤིང་བཅས་ཀྱི་དཔེ་སྒྲུང་རིམ་བཞིན་བསྟན་ཡོད་པ་ངས་མ་བཤད་ཀྱང་སྐུ་ཉིད་ཤེས་གསལ་ལྟར་རེད།
    དུས་ནམ་ཡང་བློ་སྤོབས་མཐོན་པོས་མདུན་གྱིས་ཤིག དྲ་གྲོགས་ལགས།

  3. ཨ་རིག་འགྱུར་མེད། says:
    2010-09-28 at 3:05 am

    དངོས་གནས་བྱས་ན་རྩོམ་འདི་ཡག་པོ་འདུག་ཀྱང་སུས་བྲིས་པ་མི་ཤེས་པ་དེས་སྐྱོ་སྣང་ཞིག་སྦྱིན་བྱུང་།
    ལྷག་པར་དུ་སུས་བྲིས་པའང་མི་ཤེས་པ་ཞིག་དྲ་ངོས་སུ་འཇོག་པ་འདི་ཡང་ཡ་མཚན། ངས་ནི་འོག་གི་ཁ་བརྡ་ཚང་གིས་ཞེས་པར་བལྟས་ཏེ། ཅུང་མིན་ན་ཁ་བརྡ་ཚང་གི་རྩོམ་སྒྲིག་པའི་གཏམ་རེད་བསམ་བྱུང་།
    ད་བྱས་དུས། མིང་དང་ཁུངས་མེད་པའི་རྩོམ་ལའང་བདག་པོ་རྒྱག་གམ

  4. རྩིས་ཆེ། says:
    2010-09-28 at 4:17 am

    རྩོམ་འདིའི་མཇུག་ཏུ་གསལ་བ་བཞིན་རྩོམ་འབྲི་བ་པོ་ཁོ་བོ་ཡིན་ལ། ཨ་མས་ཁོ་བོའི་མིང་རྩིས་ཆེ་ཞེས་བཏགས་གནང་བ་དེས་ང་རང་གི་མི་ཚེར་བག་ཆགས་ཟབ་མོ་ཞིག་བཞག་པས་འདིར་མིང་དེ་ཉིད་བེད་སྤྱོད་བྱས་ཡིན། རྩོམ་འདི་ཉིད་ལ་ཐུགས་སྣང་གནང་མཁན་ཚོར་ཐུགས་རྗེ་ཆེ་ཞེས་ཞུ།

  5. ཁ་བརྡའི་རྩོམ་སྒྲིག་པས། says:
    2010-09-28 at 2:28 pm

    རྩིས་ཆེ་ལགས།
    གསལ་བཤད་གནང་བར་བཀའ་དྲིན་ཆེ།
    ཁྱེད་ཀྱི་མིང་བཀོད་ཡོད་ལགས།

  6. རྡོ་རྗེ། says:
    2010-09-28 at 11:49 pm

    དངོས་གནས་དངོས་པོའི་གནས་ཚུལ་དང་མཐུན་པའི་རྩོམ་ཞིག་བྲིས་འདུག འོན་ཀྱང་སེམས་མ་ཞུམ། ཡིད་མ་ཕམ། བློ་སྟོབས་བསྐྱེད་དེ་གསར་འབྱོར་ལས་མེད་དག་གི་དཀའ་ངལ་སེལ་གི་ཡིན་ཞེས་བཀའ་བློན་ཁྲི་པའི་འོས་ཆོས་གསུངས་མཁན་ཆེ་གེ་མོ་ལ་འོས་ཤོག་བླུགས་དང་དེས་དཀའ་ངལ་སེལ་སྲིད།

  7. སྣང་གསལ། says:
    2010-09-29 at 10:49 am

    དྲ་གྲོགས་ལགས་་་་ཁྱེད་ཀྱིས་རྩོམ་ཡིག་འདི་དང་་་་་རྒྱ་རི་སྒྲོལ་མ་ལགས་ཀྱིས་གཏམ་བཤད་སྐབས་ཀྱིས་
    ངུ་སྐད་གཉིས་འདྲ་པོ་ཞིག་རེད་འདུག་་་་མི་མང་པོའི་སེམས་ནང་ལ་རྐྱོ་སྣང་ཞིག་ཡོང་བ་འདུག་
    ཁྱེད་ནས་བློ་སྤོབ་ཆེར་སྐྱེས་གནང་རོག།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme