Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པའི་དཔའ་མོ་ཚེ་རིང་འོད་ཟེར་ལ་ཕུལ།

Posted on 2013-05-242013-05-24 By ཁ་བརྡ་ 5 Comments on བོད་པའི་དཔའ་མོ་ཚེ་རིང་འོད་ཟེར་ལ་ཕུལ།

སྤྲུལ་སྐུ་དབང་ཆེན།

ཀ་མད་སུམ་ཅུའི་ཁྱོ་དང་བྲལ་ན་ཡང་།།
ཁ་བ་རི་བའི་སྲོལ་རྒྱུན་ཤུལ་འཛིན་མ།།
ག་ཤེད་པེ་ཅིང་མཁར་གྱི་གྲོང་ཁྱེར་ནས།།
ང་ཅག་གདོང་དམར་བོད་པའི་སྐྱིད་སྡུག་གླེང་།།

ཅ་ཅོ་འུར་འདྲོག་རྒོད་པའི་གངས་ཅན་པར།།
ཆ་ལུགས་ཡ་རབས་གཤིས་བཟང་ཤེས་ལྡན་མ།།
ཇ་ཆང་བསླུ་གཏམ་མགོ་བོ་མི་འཐོམ་པར།།
ཉ་གང་རྗེས་འགྲོའི་དཔེ་ཟླར་ཀུན་ལ་གྲགས།།

ཏཱ་ལའི་གཞུང་གི་ལོ་རྒྱུས་བདེན་པར་སྨྲས།།
ཐ་ཆད་དམར་གཞུང་མཚང་བརྡོལ་སྐྱོན་བརྗོད་བྱེད།།
ད་ལོར་ཨ་རིས་མི་རིགས་དཔའ་མོ་ཞེས།།
ན་གཞོན་མཛེས་མ་ཁྱེད་ལ་གཟེངས་བསྟོད་ཕུལ།།

པ་ཏྲ་ཅན་གྱི་གནའ་རབས་དགོན་གྲོང་སོགས།།
ཕ་ཡིས་པར་ལ་བཏབ་པའི་བདེན་དཔུང་རྣམས།།
བ་གླང་དུད་འགྲོའི་ཁང་བཞིན་ལྟར་བཅོམ་རིགས།།
མ་ལུས་འགྲེལ་བཅས་པར་མཛོད་དེབ་ཆེན་བསྐྲུན།།

ཙ་ཁྲག་གཞིབ་པའི་དམར་པོའི་སྲིད་ཇུས་ལ།།
ཚ་ངར་ཅན་གྱི་དྲང་བདེན་མདས་བསྣུན་པས།།
ཛ་དྲག་ལས་རིགས་གནས་དབྱུང་མཐར་སྤྲད་ཅིང་།།
ཝ་ཁྱུ་དུ་མས་ཉིན་མཚན་བྱ་རར་བྱེད།།

ཞྭ་གོས་ལྷན་སོགས་བོད་ཆས་གཙང་མ་སྤྱོད།།
ཟ་ཉལ་འགྲོ་འདུག་རྒྱ་དང་མཉམ་དུ་འགྲོགས།།
འ་ཅག་ལས་དབང་ཕྲ་མོའི་ལས་སྣེ་ཞིག །
ཡ་རབས་བུ་མོ་འདི་ཡིས་འཁུར་དུ་འདེགས།།

ར་ལྟར་གྱོང་བའི་སྒེར་གཅོད་ལྕགས་སྒྲོག་འོག །
ལ་རྒྱའི་དར་ཆ་འཁྱར་ནས་གཏམ་བཤད་ཚེ།།
ཤ་འདར་འགའ་རེས་རྒྱ་དར་མགོར་འཁྱར་ནས།།
ས་མཐའི་ཡུལ་དེར་ཁྱི་བཞིན་འཁྱམས་འདི་ཁྲེལ།།

ཧ་ཅང་གུས་བཅས་དཔའ་མོ་འོད་ཟེར་ལ།།
ཨ་རིའི་ཡུལ་ནས་ཡིད་སྨོན་འཚམས་འདྲི་ཞིག །
ཧ་ཅང་སྟབས་བདེའི་ངོ་དེབ་འཕྲུལ་བརྒྱུད་ནས།།
ཨ་ཉོག་བོད་པའི་རྩམ་གཟན་ཞིག་གིས་ཕུལ།།

༢༣/༠༥/༢༠༡༣

རྩོམ་རིག

Post navigation

Previous Post: ང་ཁྲམ་པ་བཟོ་ཡི་འདུག
Next Post: དྲན་གདུང་འོག་གི་སེམས་པ།

Comments (5) on “བོད་པའི་དཔའ་མོ་ཚེ་རིང་འོད་ཟེར་ལ་ཕུལ།”

  1. ཤར་པ says:
    2013-05-24 at 12:58 pm

    ཨ་མའི་བོ་མོ་མཚན་མུན་མགོན།
    ཨ་ལ་འོད་ཟེར་དྲ་བ་ཅན།
    ཨ་ཧོ་མུན་སེལ་འོད་ཟེར་་ལག།
    ཨ་ཧུཾ་སྒྲོལ་མས་མགོན་གྱུར་ཅིག།

  2. དྲན་དཀར་དཔལ་ཡོན་ says:
    2013-05-24 at 1:08 pm

    ཚེ་རིང་འོད་ཟེར་བཀའ་དྲིན་ཆེ། སྤྲུལ་སྐུ་དབང་ཆུང་གིས་ཚེ་རིང་འོད་ཟེར་བཏེག་པ་ནི་སྐྱག་པས་རྐུབ་བཏེག་པ་མིན་པར་སྐྱག་པས་མཆོད་རྟེན་བཏེག་ཟེར་དགོས་སོ།

  3. ཐུ་བ་རྒྱ་མཚོ། says:
    2013-05-24 at 1:16 pm

    ཀ་ར་ལྟ་བུའི་གཏམ་སྙན་བརྗོད་མཁས་མ། །
    ཁ་བ་ཅན་གྱི་ལ་རྒྱ་འཛིན་མཁས་མ། །
    ག་བར་སོང་ཡང་བོད་དོན་བསམ་མཁས་མ། །
    ང་དང་འདྲ་བར་མི་རིགས་གླེང་མཁས་མ། །

    ཅ་ལག་ཙག་ཙིག་ཡན་གྱི་དོན་ཆེན་དང་། །
    ཆ་ཤས་མ་ལུས་བོད་ཀྱི་གནད་དོན་ཀུན། །
    ཇ་ཡུན་ཙམ་ལ་ཡལ་བར་མི་གཏོང་བ། །
    ཉ་མོ་ཆུ་དང་འགྲོགས་པ་ཀུན་ནས་མཚུངས། །

  4. ཀརྡོ་གཉེར་ཕྱག་པ་ says:
    2013-05-24 at 1:19 pm

    ཞྭ་གོས་ལྷམ་སོགས་བོད་ཆས་གཙང་གྱོན་ཡང་། །
    ན་གཞོན་མཛེས་མ་ཡིན་མིན་ཆ་མ་འཚལ། །
    ཨ་རིའི་ཡུལ་ནས་སྤུལ་སྐུ་དབང་ཆེན་གྱིས། །
    འོད་ཟེར་མོ་ལ་བསྟོད་པ་དོན་དང་ལྡན། །

  5. གནམ says:
    2013-05-25 at 4:32 am

    ཀ་མད་སུམ(་ཅུའི་ཁྱོ)་དང་བྲལ་ན་ཡང་།། ཟེར་ན་ག་རེ་ལབ་ཀི་ཡོད་པ་རེད། སྤྲུལ་སྐུ་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme