Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཚོར་ཡང་རང་རང་གི་ཁྱིམ་རྒྱུད་ཟིན་དེབ་འབྲི་བའི་རིག་གཞུང་འདི་མགོ་འཛུག་དགོས་ཀྱི་འདུག

Posted on 2009-02-082009-02-09 By ཡེ་ཤེས་ 7 Comments on བོད་པ་ཚོར་ཡང་རང་རང་གི་ཁྱིམ་རྒྱུད་ཟིན་དེབ་འབྲི་བའི་རིག་གཞུང་འདི་མགོ་འཛུག་དགོས་ཀྱི་འདུག

བོད་ཀྱི་ལོ་རྒྱུས་དེབ་ཐེར་དག་ཏུ་རང་གི་རིགས་རུས་ཀྱི་ལོ་རྒྱུས་མ་ཤེས་ན་ནགས་ཀྱི་སྤྲེའུ་འདྲ་ཞེས་ལན་མང་བཟླས་ཡོད་ན་ཡང་། ལོ་རྒྱུས་དེབ་ཐེར་དེ་དག་གི་ཁ་གཏད་དུ་བསྡད་ཡོད་པའི་རང་རེའི་མི་རིགས་འདི་ལ་མཚོན་ན་ཆོས་རྒྱུད་དང་བླ་རྒྱུད། ཡང་ན་དགོན་པ་དང་གྲུབ་མཐའ་ཁག་གི་ལོ་རྒྱུས་དེབ་ཐེར་གང་འཚམ་ཞིག་ཡོད་པ་མ་གཏོགས། ཁྱིམ་ཚང་རེ་རེའི་ལོ་རྒྱུས་མཚོན་པའི་ཁྱིམ་རྒྱུད་ཟིན་དེབ་ཅིག་ད་སྔ་ཕལ་ཆེར་མཐོང་དཀོན་པོ་རེད། བོད་བཙན་པོའི་གདུང་རྒྱུད་ལྷ་རྒྱ་རི་ཚང་དང་ས་སྐྱ་འཁོན་གྱི་གདུང་རབས་ལྟ་བུ་ཆེ་ཆེ་གཉན་གཉན་གྱི་མི་ཚང་རེ་ཟུང་གི་ཁྱིམ་རྒྱུད་ཟིན་དེབ་ཡོད་པ་འདི་ཡིས་རང་རེར་ཁྱིམ་རྒྱུད་ཟིན་དེབ་མེད་པའི་སྟོང་ཆ་ཙམ་ཞིག་བསྐངས་ཡོད་མ་གཏོགས། སྐུ་དྲག་གི་ཁྱིམ་རྒྱུད་ཟིན་དེབ་འདི་དག་ཙམ་ཞིག་ཀློག་བཞིན་བསྡད་ན་བོད་མི་རིགས་ཀྱི་འདས་པའི་ལོ་རྒྱུས་ལ་འགྲེལ་བཤད་རྒྱག་ཐབས་ཆ་ཚང་བ་ཞིག་ནམ་ཡང་མེད་པ་རེད། རྒྱ་མིར་མཚོན་ན་ལོ་ངོ་སྟོང་ཕྲག་མང་པོའི་སྔོན་ནས་ཡི་གེ་ཞིག་ཡོད་པ་དང་། ཡི་གེ་སྤྱད་ནས་མཐོ་བ་རྒྱལ་པོའི་རྒྱལ་རྒྱུད་ནས་དམའ་བ་གཡོག་པོའི་མི་ཚང་གི་ཁྱིམ་རྒྱུད་ཟིན་དེབ་འབྲི་སྲོལ་དང་ཉར་སྲོལ་བཟང་པོ་ཞིག་ཡོད་པས། རིག་གནས་སྐབས་རྩ་བརླགས་སུ་སོང་བ་མ་གཏོགས་ཁྱིམ་ཚང་ས་ཡ་མང་པོར་ལོ་ངོ་སྟོང་ཕྲག་གི་ཁྱིམ་རྒྱུད་ཟིན་དེབ་ཡོད་པ་དང་། གལ་སྲིད་ཁྱིམ་རྒྱུད་ཟིན་དེབ་མེད་ན་ཡང་མི་རབས་བཞི་ཅུ་ལྔ་བཅུའི་རིང་གི་ཕ་མེས་གཤིན་པོ་དག་གི་མིང་བྱང་རེ་རེ་བྱས་ནས་ཁྱིམ་སྦུག་གི་མཆོད་ཁང་དུ་ཉར་ཡོད་པས། ལོ་ངོ་སྟོང་ཕྲག་དང་ཡང་ན་བཞི་བརྒྱ་ལྔ་བརྒྱའི་ཕ་མེས་ཀྱི་མིང་རུས་དེ་ཧ་ཅང་ལས་སླ་བོའི་སྒོ་ནས་འཚོལ་རྙེད་ཐུབ་པ་རེད། ཡིན་ན་ཡང་རིག་གསར་སྐབས་ཕ་མེས་ཀྱི་མཆོད་ཁང་ཐམས་ཅད་རྩ་གཏོར་བྱས་པ་དེས་རྒྱ་རིགས་དུང་ཕྱུར་དུ་མའི་ཕ་མེས་ཀྱི་ཁྱིམ་རྒྱུད་ཟིན་དེབ་དུང་ཕྱུར་དུ་མ་ཡང་མེར་བསྲེགས་ཆུར་བསྐྱུར་བྱས་པ་ནི་ཇི་འདྲའི་ཕངས་པ་ལ་ཨང་། ཡིན་ན་ཡང་རིག་གསར་སྔོན་དུ་ཐེ་ཝན་ལ་བྲོས་བྱོལ་དུ་ཕྱིན་པའི་ཐེ་སྡོད་རྒྱ་རིགས་ཁྱིམ་ཚང་དག་ལ་ད་ལྟ་ཡང་ཕ་མེས་ཀྱི་ཁྱིམ་རྒྱུད་ཟིན་དེབ་མཐུག་པོ་བཅུ་བཅོ་ལྔ་རེ་ཡོད་མཁན་གང་མང་འདུག་ཟེར་ལ། ཁྱིམ་རྒྱུད་ཟིན་དེབ་མཐུག་པོ་དེ་དག་གི་ངོས་སུ་མི་ལོ་སྟོང་ཕྲག་རིང་གི་མིའི་མིང་བྱང་རྐྱང་རྐྱང་གིས་ཁེངས་བསྡད་འདུག་ཟེར། ང་ཚོ་བོད་རིགས་ཀྱི་ཁྱིམ་ཚང་མང་ཆེ་བར་མི་རབས་གཉིས་གསུམ་གྱི་ལོ་རྒྱུས་ལས་བཤད་རྒྱུ་མེད་པ་དང་། དེ་ཡང་ཡིག་ཐོག་ཏུ་འཁོད་པ་ནི་ཉིན་སྐར་མཐོང་བའི་རྗེས་སུ་འགྲོ་བ་ཞིག་མིན་ནམ། ལོ་ཤས་སྔོན་ངའི་ཕུ་བོ་ལྡོང་ཕྲུག་ཡེ་བཟང་གིས་ལྰ་མོའི་ཡོངས་འཛིན་ཚང་གི་བཀའ་ལྟར་མང་རའི་ལོ་རྒྱུས་ཟེར་བའི་དེབ་ཅིག་བྲིས་པ་དང་། དེབ་དེ་པར་སྐྲུན་བྱས་པའི་རྗེས་སུ་མ་གཏོགས་ངས་ང་རང་གི་ཕ་རྒན་གྱི་ཕ་མའི་མིང་ཙམ་ཡང་ཤེས་ཀྱི་མེད་ལ། ད་ལྟ་ཡེ་བཟང་གིས་སྐབས་དེར་བཅར་འདྲི་བྱེད་སའི་མི་རབས་རྒན་པ་དེའི་གྲས་ནས་བརྒྱ་ཆའི་དགུ་ཅུ་ཙམ་ཞིག་མི་མཐོང་ཕྱི་མའི་མགྲོན་པོར་ཆས་ཟིན་པས། ད་ལྟ་དེབ་དེ་འདྲ་ཞིག་ལ་བལྟས་ན་མ་གཏོགས་མི་ཚང་རེ་རེ་ཕར་ཞོགས་སྡེ་བ་ཚོ་བའི་ལོ་རྒྱུས་དངོས་མ་ཤེས་མཁན་ཡང་ཧ་ཅང་དཀོན། མང་རའི་ཀླུ་ཚང་གི་སྡེ་བ་ཞིག་ཏུ་ང་བརྒྱད་དང་རིག་གསར་སྐབས་གསང་ཉར་བྱས་པའི་ཁྱིམ་རྒྱུད་ཟིན་དེབ་ཡོད་མཁན་གྱི་ཁྱིམ་ཚང་ཞིག་ཡོད་ན་ཡང་དེ་ཚང་གིས་དེབ་དེ་ཕྱི་མིར་མི་སྟོན་པས་མི་རང་ག་བས་ཁོ་ཚང་གི་ཁྱིམ་རྒྱུད་ཟིན་དེབ་དེ་ཇི་ལྟ་བུ་ཞིག་ཡིན་པ་ཤེས་ཐབས་བྲལ་ཟེར། ངས་ཉེ་སྔོན་བལྟས་པའི་འཇར་པན་གྱི་གློག་བརྙན་རྙིང་བ་ཞིག་ཏུ་མི་ཞིག་གིས་ཁོའི་ཁྱིམ་རྒྱུད་རྩད་གཅོད་སྐབས་གཞུང་གི་ལས་ཁུངས་ཤིག་ཏུ་སོང་བ་དང་། དེར་ཁྱིམ་རྒྱུད་ཟིན་དེབ་སྟོང་ཕྲག་མང་པོ་ཉར་གསོག་བྱས་ཡོད་པ་བསྔོགས་ནས་ཁོའི་ཕ་མེས་ཀྱི་མིང་དང་ས་ཆ་གང་ཞིག་ཏུ་འཚོ་སྡོད་བྱས་པ་རྩད་གཅོད་བྱེད་ཐུབ་སོང་བས། ཧ་ཅང་རྩ་ཆེ་བའི་ཁྱིམ་རྒྱུད་ཟིན་དེབ་འདི་རིགས་ཀྱི་མ་ཕྱི་རང་གིས་ཉར་བ་དང་དེའི་འདྲ་བཤུས་རེ་གཞུང་གི་བདག་ཉར་ཁང་ལ་བཅོལ་བ་ཡིན་ན་ཕྱོགས་གཅིག་ནས་བརླགས་པ་ཡིན་ན་ཡང་ཕྱོགས་གཅིག་ན་ད་དུང་རེ་བ་ཡོད་པ་ཞིག་རེད། དེ་ལ་དམིགས་ནས་བལྟས་པ་ཡིན་ན་རྒྱ་རིགས་ཀྱི་མཚུན་གསོལ་བ་སྟེ་གཤིན་པོའི་རྣམ་ཤེས་གསོལ་མཆོད་ཀྱི་ཆེད་དུ་ཁྱིམ་རྒྱུད་ཟིན་དེབ་འབྲི་བ་དང་ཕ་མེས་ཀྱི་མིང་དེ་ཤིང་དང་རུས་བུ་ལ་བརྐོས་ནས་ཁྱིམ་སྦུག་ཏུ་ཉར་སྲོལ་དེ་རང་རེ་བོད་ལ་ཡང་ངེས་པར་དགོས་ཀྱི་འདུག ངའི་ཕ་ཡུལ་དུ་མི་ཞིག་ཤི་བའི་རྗེས་སུ་མི་དེའི་མིང་ནས་འབོད་རྒྱུར་ཡང་འཚེར་སྣང་ཆེན་པོ་ཞིག་བྱེད་པས། ལུགས་སྲོལ་འདི་ལ་བརྟེན་ནས་མི་དེའི་མིང་དེ་ལོ་བཅུ་ཕྲག་འགའི་རྗེས་ནས་སུས་ཀྱང་མི་ཤེས་པ་ཞིག་ཆགས་རྒྱུའི་རྐྱེན་གཙོ་བོ་ཞིག་ཏུ་འགྱུར་གིན་འདུག དེར་མ་ཟད་མི་ཤི་བོ་ཚོའི་མིང་ཤོག་བུའི་ངོས་སུ་བྲིས་ནས་དགོན་པ་གྲྭ་ཚང་དང་བླ་མ་རེར་ཕུལ་ཡོད་པ་དེ་ཚོ་ཡང་ལོ་ཟླ་ངེས་ཅན་རེའི་རྗེས་ནས་སྦྱིན་སྲེག་ཡིན་ཟེར་ནས་མེ་ལ་སྲེག་གིན་འདུག་པས། དེ་ནས་བཟུང་སྟེ་ཁྱོད་དང་ང་ཡི་སྤོ་བོའམ་རྨོ་མོ་དེའི་མིང་ཙམ་ཡང་བྱ་འཕུར་རྗེས་མེད་དུ་གྱུར་པ་རེད། ད་ལྟའི་ངའི་ཕ་ཡུལ་དུ་སྡེ་བ་ཚོ་བའི་ལོི་རྒྱུས་ཡིག་ཐོག་ཏུ་འབྲི་བའི་ལུགས་སྲོལ་བཟང་པོ་ཞིག་དར་ཁྱབ་ཏུ་འགྲོ་བཞིན་པ་དང་། དེ་ཡང་སྡེ་བ་རང་རང་གི་ནང་དུ་ཡི་གེ་ཤེས་མཁན་ཞིག་ཡོད་ན་དེས་འབྲི་བ་དང་། གལ་སྲིད་དེ་འདྲ་ཞིག་མེད་ཚེ་ས་ཕྱོགས་གཞན་གྱི་མི་ལ་དངུལ་སྤྲད་དེ་འབྲི་རུ་འཇུག་གིན་འདུག ངའི་ཕུ་བོ་དེ་ལ་མཚོན་ན་ཡང་ས་མང་ཡུལ་སྟོད་བར་གསུམ་གྲྭ་རྐྱང་ཞིག་གི་རྐང་བས་འཇལ་ནས་མང་རའི་ལོ་རྒྱུས་དེ་འཚོལ་བསྡུ་བྱས་འདུག ཡིན་ན་ཡང་དེབ་དེའི་ནང་དུ་ཁྱིམ་རྒྱུད་རེའི་མི་རབས་གཉིས་གསུམ་ཙམ་རེ་ལས་མི་འདུག་ལ་དེབ་དེ་འདྲ་ཞིག་གི་ནང་དུ་དེ་ཙམ་ལས་ཤོང་གི་ཡང་མ་རེད། གང་ལྟར་དེབ་དེ་ལ་བརྟེན་ནས་ང་ལ་རང་རེའི་མི་རིགས་འདི་ལ་མཚོན་ན་ཁྱིམ་ཚང་རེ་རེར་རང་རང་གི་ཁྱིམ་རྒྱུད་ཟིན་དེབ་འབྲི་བའི་ལུགས་སྲོལ་ཞིག་ངེས་པར་དུ་མགོ་འཛུག་དགོས་ཀྱི་འདུག་ལ། དེ་ཡང་དག་ཆ་ཞིབ་ཆ་དེ་ཙམ་མེད་ན་ཡང་མིའི་མིང་ཙམ་རེ་དང་མི་དེ་ད་ལྟ་ས་གནས་གང་ཞིག་ཡོད་པ་ཙམ་རེ་ངེས་པར་དུ་ཡིག་ཐོག་ཏུ་འཕབ་པའི་དྲན་སྐུལ་གྱི་ཅོང་བརྡ་གསར་བ་ཞིག་བསྒྲགས་བྱུང་། ངས་ལོ་ཤས་སྔོན་ས་སྐྱའི་ལོ་རྒྱུས་ཤིག་བྲིས་པ་ཡིན་ལ། དེ་རྗེས་ནས་ས་སྐྱའི་གདུང་རྒྱུད་རིམ་བྱོན་གྱི་འཁྲུངས་འདས་ལོ་ཚིགས་ཀྱིས་གླེང་བསླངས་ནས་ད་ལྟ་ལ་ཐུག་གི་བར་གྱི་ལོ་ངོ་ཆིག་སྟོང་གི་རིང་ལ་བྱོན་པའི་ས་སྐྱའི་མི་རབས་དག་གི་ལོ་རྒྱུས་དེབ་ཅིག་བྲིས་པ་ཡིན་པས། ལས་གཞི་འདི་ཡིས་ཀྱང་ང་ལ་རང་རེ་བོད་པ་ཚང་གི་ཁྱིམ་ཚང་རེ་རེ་ལ་མཚོན་ན་རང་རང་གི་ཁྱིམ་རྒྱུད་ཟིན་དེབ་རེ་ངེས་པར་དུ་དགོས་པའི་སེམས་ཚོར་དྲག་པོ་ཞིག་སྤྲད་བྱུང་བས། བོད་ཕྱི་ནང་གི་བོད་པའི་ཆབ་དཔལ་རིག་གསུམ་ལ་ཤ་ཚ་ཡོད་པའི་བོད་རིགས་དག་གིས་འདི་ཕྱོགས་སུ་ལས་འགུལ་རེ་རྩོམ་རོགས་ཞུ་ཞུ། །

དཔྱད་རྩོམ།

Post navigation

Previous Post: ༼ཁ་སང་གི་གཏམ་རྒྱུད་༽གླེང་བ།
Next Post: རིགས་གཅིག་རྐང་འཛིན་གྱི་དགོས་མཁོ་གླེང་བའི་སྐད་མགོ་ཇེ་མཐོ་རེད།

Comments (7) on “བོད་པ་ཚོར་ཡང་རང་རང་གི་ཁྱིམ་རྒྱུད་ཟིན་དེབ་འབྲི་བའི་རིག་གཞུང་འདི་མགོ་འཛུག་དགོས་ཀྱི་འདུག”

  1. karchen says:
    2009-02-08 at 7:11 pm

    ད་ནི་བོད་རིགས་སྨྱུག་ཐོགས་པ་ཚོས་འགན་འདི་ལེན་དགོས་ཀྱི་འདུག

  2. དཀོན་མཆོག says:
    2009-02-08 at 7:12 pm

    ཨ་ལགས། ཡང་ཁྱེད་ཀས་དགྲ་ལྟ་བྱེད་འདོད་པ་ཨེ་ཡིན། གལ་ཏེ་ང་ཚོས་ཁྱིམ་རྒྱུད་ཟིན་ཐོ་བྲིས་ན་དགེ་མཚན་ག་རེ་འདུག མ་བྲིས་ན་ཉེས་པ་ཅི་ཡོད། ཞིབ་འཇུག་མེད་པར་ཡོད་ཚད་གཞན་གྱི་ལད་མོ་བྱེད་ཐལ་ན་ནམ་ཞིག་ཁྱོད་དང་ང་ཡི་ཡོང་ཁུངས་འདི་ཡང་དགྲ་ལ་བསྟུན་དགོས་ཉེན་ཁ་མི་ཤར་བའི་ངེས་པ་མི་འདུག ང་ཚོར་དགོས་ངེས་པ་ནི་བོད་རང་གི་ཁུངས་ལྡན་ལོ་རྒྱུས་ཡིག་ཆ་ཡག་པོ་ཞིག་ཡོད་ན་འགྲིག་གི་རེད་འདོད་ཀི དེ་མིན་ཁྱིམ་རྒྱུད་ཟིན་ཐོ་མེད་ན་ཡག་ཤོས་རེད། དགྲ་ཡར་ལ་འགྲོ་དུས་ང་ཚོ་མར་ལ་འགྲོ་ཨེ་ཐུབ་བལྟ་རྒྱུ་གལ་ཆེན་པོ་རེད། དགྲ་བོ་ལ་ལད་མོ་བྱེད་རྒྱུ་མང་དྲགས(ལོ་གསར་སྟངས་དང་དུར་འདེབས་སྟངས་སོགས)ནས་དུས་དེང་སང་ཁྱོད་དང་ངའི་ཕ་ཡུལ་དེ་ཡང་རྒྱ་མ་བོད་ཅིག་གི་ལོག་འགྲོ་བ་མཐོང་མ་སོང་ངམ།

  3. ཀླུ་སྨྱོན། says:
    2009-02-08 at 7:58 pm

    གོང་དུ་གླེང་ཟིན་པ་བཞིན་ཁྱིམ་རྒྱུད་ཟིན་ཐོའི་དགོས་པ་གཙོ་བོ་དེ་ནི་ལོ་ངོ་བརྒྱ་ཕྲག་མང་པོའི་རྗེས་ནས་ཀྱང་རང་རང་གི་ཕ་མེས་ཀྱི་འབྱུང་ཁུངས་ཤེས་ཐུབ་པ་དེ་རེད། འདི་ལ་མཁས་པ་ལྡེའུའི་ཆོས་འབྱུང་ཡིན་ནམ་ཞིག་ཏུ། རང་གི་རིགས་རུས་མ་ཤེས་ན་ནགས་ཀྱི་སྤྲེའུ་དང་འདྲ། ཞེས་གསུངས་ཡོད། སྔོན་མར་ཆེ་ས་གཉན་ས་ནས་འབྲི་བ་གལ་ཆེན་པོ་རེད། ཡིན་ན་ཡང་ད་ལྟ་ཆུང་ས་དམའ་ས་ནས་འབྲི་རྒྱུའི་རིག་གཞུང་ཞིག་ས་དར་རྡོ་དར་རེད། དཔེར་ན་བརྩམས་སྒྲུང་ལྟ་བུ་རེད།

  4. ÇtôzÅ-q- says:
    2009-02-08 at 10:12 pm

    ༸གོང་ས་མཆོག་གིས་མི་རྒན་ཚོས་རང་རང་གི་མི་ཚེའི་ལོ་རྒྱུས་འབྲི་རྒྱུ་གལ་ཆེ་ཚུལ་ཞིག་གསུངས་པར་བརྟེན་དེང་སང་ཅིག་མང་པོ་བྲིས་ཡོང་གིན་འདུག དེ་ཚོ་རྒྱུན་མཐུད་ནས་བྲིས་ན་ཁྱིམ་རྒྱུད་ཀྱི་དེབ་འདྲ་བོར་འགྱུར་བའི་ས་བོན་ཡག་པོ་ཡིན་ངེས་རེད།

  5. ཟླ་བ་དོན་འགྲུབ says:
    2009-02-09 at 6:30 am

    སྐུ་ཞབས་ཀླུ་སྨྱོན་ལགས་ནས་འདི་འདྲའི་དགོངས་ཚུལ་སྤེལ་བར་ཐུགས་རྗེ་ཆེ་ཞུ་ཡོད། ཁྱེད་ཀྱིས་གསུངས་པ་ལྟར་རེད། ང་ཚོར་ཁྱིམ་རྒྱུད་དམ་རུས་རྒྱུས་ཀྱི་ལོ་རྒྱུས་རེ་ཤས་ཡོད་པ་དེ་ཚོ་དེ་རིང་ཁ་སང་གི་ཞིབ་འཇུག་པ་དག་ལ་ཕན་ཐོགས་ཆེ་སེར་འདུག་པ་འདི་དཔེ་མཚོན་དུ་བཞག་སྟེ། ཁྱིམ་རྒྱུད་ལོ་རྒྱུས་སམ་ཁྱིམ་རྒྱུད་ཟིན་ཐོ་འབྲི་བའི་སྲོལ་ག་ཞིག་དར་ཐུབ་པའི་དབང་དུ་བཏང་ན། སྔ་རྒྱུས་ད་རྒྱུས་གང་ལ་དཔྱད་ཀྱང་རིན་ཐང་ཅིག་ཡོད་ཡོད་རེད། ངས་ལོ་ཤས་རིང་ལོ་རྒྱུས་ཀྱི་སྐོར་ལ་སློབ་སྦྱོང་བྱས་ཤིང༌། རྡ་རམ་ས་ལ་ནས་རེབ་གོང་རུས་མཛོད་ལྟ་བ་མཁའ་ཁྱབ་ཕྱོགས་བྲལ་གྱི་དཔར་ཞུས་ཤིག་ཐོབ་པ་དེའི་ནང༌། བློན་ཆོས་བལ་བཟའི་གུ་རུ་ཚེ་དབང་ལ་བུ་སྲས་གསུམ་བྱུང་བའི་ཆེ་བ་པདྨ་རྡོ་རྗེ། འབྲིང་བ་སྐྱེས་མཆོག་ཆེན་པོ་བལ་བཟའི་རྒྱལ་མོ་ཐར། ཐ་ཆུང་ཚེ་འབུམ་བཀྲ་ཤིས་ཡིན། བལ་བཟའི་ཁྲོ་བོ་སྐྱབས་ལ་སྲས་མིང་སྲིང་ལྔ་བྱུང་བའི་ཆེ་བ་སངས་རྒྱས་འབུམ། བུ་མོ་བཟང་མོ་སྐྱིད། གཅོད་ལུ། ཕུར་བ། རྡོ་རྗེ་ཐར་བཅས་ཡིན་ནོ། ཞེས་སོགས་མི་རྒྱུད་དང་ཁྱིམ་རྒྱུད་ཀྱི་ལོ་རྒྱུས་མང་པོ་བཀོད་ནས་འདུག་ཅིང༌། དེར་བལྟས་ཀྱིན་བལྟས་ཀྱིན་ཡུལ་ལུང་ཚང་མར་འདི་འདྲ་རེ་ཡོད་ན་ཅི་མ་རུང་གི་བསམ་ཚུལ་དེ་ད་ལྟ་ཀླུ་སྨྱོན་ཁྱེད་རང་ནས་གལ་ཆེན་དོན་ཆེན་དུ་གཟིགས་པའི་དགོངས་ཚུལ་དང་གཅིག་པ་ཞིག་བྱུང༌། ཡིན་ནའང༌། དེ་ནི་རེ་བ་ཙམ་རེད། ང་ཚོར་ཁྱིམ་རྒྱུད་དང་ཚོ་རྒྱུད། སྡེ་རྒྱུད། ཤོག་ཁག་ཚུན་གྱི་ལོ་རྒྱུས་རེ་མུ་འབྲེལ་དུ་བསྒྲིགས་སྲོལ་དར་བའི་དབང་དུ་བཏང་ན། དེ་ནི་རིག་གནས་ཀྱི་སྡེ་ཚན་གསར་བ་ཞིག་ཆགས་རྒྱུ་དང༌། ཕན་ཐོགས་ཀྱང་ཆེན་པོ་ཡོང་རྒྱུ་བཤད་མི་དགོས་པ་ཞིག་རེད། དཔེར་ན། གོང་དུ་སྐུ་ཞབས་སྤོབས་པ་ལགས་ནས་གསུངས་པ་ལྟར་རེད། འདི་རིགས་ད་ལྟའི་གནས་སྐབས་ལ་ནི་གལ་ཆེན་དོན་ཆེན་མིན་དུ་ཆུག་ཀྱང༌། སླད་ཀྱི་དུས་སུ་རིན་ཐང་ཆེན་པོ་ཡོད་པ་ནི་ཞུ་ཅི་དགོས། ཚུལ་འདི་ཡས་ཡས་མས་མས་ཀྱི་ལད་མོ་རེད། དགྲ་ལྟ་རེད་ཅེས་གཤེ་དགོས་དོན་ཨེ་འདུག་སྙམ། དྲ་གྲོགས་མང་པོ་ཞིག་གིས་རྒྱུ་མཚན་དང་གནས་ལུགས་མི་འཚོལ་བར་ཁ་རྡུང་གཏོང་བ་དང་སྤྱོ་ཚིག་རྐྱང་འབྲི་འགོད་བྱེད་པ་འདི་བརྒྱ་ལ་དར་སོ་ཆེ་རུ་སོང་ན། ང་ཚོའི་དོ་ར་འདིའི་རིན་ཐང་ས་ལ་བསྲེ་ཉེན་མེད་པ་མ་རེད་ཅེས་ཞུའོ།།

  6. pema says:
    2009-02-09 at 3:02 pm

    i am sorry . still i have to write English . but from tomorrow on i can write Tibetan.
    yeah usually A Lhack have so many strange idea . like competition Amdo boy and etc.
    but this time for my self i am really 100 % agree with you . we can start like that what our grand parents legacy . A Lhack you are really incredible because have so many idea for so many things . thats good .
    and i admire you .

  7. བོད། ལྷ་ཀླུ་གཉན་གསུམ། says:
    2009-02-09 at 4:18 pm

    ང་ཚོས་ཕྱི་ནས་ལེན་དགོས་པའི་ལག་ཆ་ཡང་གང་མང་མང་ཞིག་ཡོད་པ་ལོས་ཡིན། འོན་ཀྱང་། ཕྱི་ནས་ནང་དུ་འཁུར་ནས་ཡོང་མི་དགོས་པའི་རིགས་ཀྱང་ཧ་ལས་པའི་མང་བོ་ཞིག་ཡོད་པ་དེ་དག་ལ་ཞིབ་བརྟག་ཡག་པོ་ཞིག་བྱས་རྗེས་སུ། བསམ་ཚུལ་རྩོམ་ཡིག་སྤེལ་རོགས་ཞུ་ཟེར་ནས་ཞུ་འདོད་བྱུང་སོང་། དམིགས་གསལ་གྱིས་ཀླུ་སྨྱོན་ལགས་ལ་ཞུས་པ་ཡིན། གལ་ཏེ་ང་རང་གི་བཤད་པ་འདི་ལ་དགེ་མཚན་ཡོད་མེད་དེ་ནི་ཁྱེད་རང་གི་ཐག་གཅོད་བྱེད་རུང་བ་ཞིག་ལས། ངས་ཁྱེད་རང་ལ་ཨུ་ཚུགས་བྱས་པ་གང་ཡང་མེད་དོ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme