Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཚོ། བསམ་བློ་ཞིབ་ཚགས་པོ་ཞིག་གཏོང་བའི་དུས་ཤིག་ལ་འཁེལ་ཡོད།

Posted on 2011-11-07 By ཁ་བརྡ་ 6 Comments on བོད་པ་ཚོ། བསམ་བློ་ཞིབ་ཚགས་པོ་ཞིག་གཏོང་བའི་དུས་ཤིག་ལ་འཁེལ་ཡོད།

བོད། ལྷ་ཀླུ་གཉན​་གསུམ།

བོད་པ་ཚོ། དེང་སང་ནངས་ཀ་འདིར་བོད་ནང་གི་མེ་ལྕེ་ལས་མཆེད་པའི་འབོད་སྒྲ་དེ་དག་ལས་གཉིད་དཀྲོགས་པའི་རྔ་ཆེན་ཞིག་བརྡུངས་ནས་ཡོང་དུས།བོད་ཡུལ་ནས་མཆེད་པའི་མེ་ལྕེ་དེ་དག་ལས་བོད་མི་གང་ན་སུ་ཡོད་པ་དག་གི་སེམས་ཁམས་བདེ་བོ་མེད་པའི་ཚད་དུ་བཏང་ནས།རང་ཉིད་བོད་མི་ཞིག་ཡིན་བསམ་པར་འདོད་མཁན་གྱི་བོད་མི་སུ་ཞིག་གི་ངོས་ནས་བཤད་ན། དེང་དུས་ཀྱི་སྐབས་འདི་ནི་བོད་མི་ཞིག་གི་རང་ཉིད་ཀྱི་བོད་མིའི་འགན་འཁྲི་འཁུར་བའི་དུས་སུ་སླེབས་པར་ཡང་དང་བསྐྱར་དུ་བསམ་གཞིགས་བྱེད་ཀྱིན་དུས་པའི་དུས་ཀྱི་ཁྲོད་ཀྱི་རང་ཉིད་ཡང་བོད་མི་ཞིག་གི་དངོས་ནས་ག་རེ་བྱེད་དགོས་མིན་གྱི་སྐོར་ནས་བསམ་བློ་བཏང་བ་ཡིན།བསམ་བློ་ཅི་ཙམ་བཏང་ན་ཡང་། རང་དབང་ཆེད་དུ་ཤི་བ་ནི་ཐབས་ཤེས་ཤིག་གཏན་ནས་མིན་པའི་ངེས་པ་ཟབ་དུ་སོང་།

དེ་འདྲ་ཡིན་དུས། ངས་འདི་ནས་རང་རེའི་གངས་ཅན་པའི་སྐྱེ་བོ་ཡོངས་ལ་སེམས་གཏིང་བསམ་པའི་སྐད་ཆ་ཐད་ཀར་བཤད་རྒྱུ་ཡིན།རང་དབང་དང་ཞི་བདེ་འདོད་པའི་སྐྱེ་བོ་ཞིག་ཡིན་ན། དེ་ཉིད་ཐོབ་པའི་ཆེད་དུ་ཐོག་མའི་ཆ་རྐྱེན་དང་བོ་ནི།གསོན་དགོས་པ་ཡིན་ལ། གསོན་པ་ནི་རང་དབང་རྩོད་ལེན་བྱེད་པའི་ཐོག་མའི་ཆ་རྐྱེན་དེ་ཡིན། དེ་ཡིན་དུས་དེང་སང་བོད་ནང་དུ་རང་ལུས་མེ་རུ་སྒྲོན་པའི་གྲངས་ཀ་མང་དུ་སོང་བ་བསྟུན།རང་དབང་གི་ལུང་བ་ནས་ཀྱང་རང་ལུས་མེ་རུ་སྒྲོན་པའི་འགོ་སླར་ཡང་འབུས་པ་རེད། དེ་དག་ནི་དངོས་ནས་བསམ་བློ་ཇི་ལྟར་བཏང་ནའང་།རང་དབང་རྩོད་ལེན་བྱེད་པའི་ཐབས་ཤེས་ཤིག་གཏན་ནས་ཆགས་མེད། {འདི་ནི་ང་རང་སྒེར་གྱི་ལྟ་བ་དང་བསམ་ཚུལ་ལས་མི་སུ་ལ་ཡང་འབྲེལ་བ་མེད} དངོས་ནས་རང་དབང་འདོད་པའི་མི་ཞིག་ཡིན་ན། རང་དབང་ཆེད་དུ་འཐབ་རྩོད་ཀྱི་ལམ་དུ་ཞུགས་དགོས་པ་དེ་ཡིན།འཐབ་རྩོད་དེ་ཡང་ཞི་དྲག་གང་རུང་གི་ངོ་བོ་ནས་འགྲོ་བཞིན་པའི་དེང་རབས་ཀྱི་གསར་བརྗེ་གྱི་ཡོངས་ཁུངས་དག་ལ་ཞུགས་ན།ཞི་དྲག་གཉིས་ལྡན་གྱི་འཐབ་རྩོད་ཀྱི་ལམ་ཁར་ཞུགས་རྒྱུ་དེ་ནི་ད་ལྟའི་བོད་མི་དག་གི་ཆེས་ཛ་དྲག་གི་ལས་ཡིན།

བོད་མི་གང་ན་སུ་ཡོད་པ་དག་གིས་ཞི་དྲག་གཉིས་ལྡན་གྱི་ལས་འགུལ་གང་སྤེལ་བ་དེ་དག་ལ།བསམ་གཞིགས་ཞིབ་ཚགས་པོ་བྱེད་དགོས་པ་མ་ཟད། ལས་འགུལ་དེ་ཉིད་འགོ་བརྩམས་པ་ནས་མཇུག་བསྐྱེལ་ཐུབ་པར་ལས་འགུལ་སྤེལ་བ་རང་ཉིད་ལ་དེ་ཡི་འགན་ཞིག་ཡོད་དགོས་པ་དེ་ཡིན།དེ་ལྟར་བྱུང་ན་ད་གཟོད་བོད་མི་དག་མི་རིགས་ཤིག་གི་གསར་བརྗེ་ཡི་ལམ་ཁར་ཞུགས་མཁན་མང་དུ་འགྲོ་བ་ལས་ཉུང་དུ་འགྲོ་མི་སྲིད་པ་ཡིན།དེང་གི་བར་དུ་བོད་མི་འདུས་བསྡོད་ཀྱི་ས་གནས་ཕྱི་རོལ་རང་དབང་གི་རྒྱལ་ཁབ་གང་ས་ནས་བོད་དོན་དུ་ཞི་དྲག་གང་རུང་གི་ལས་འགུལ་མི་ཉུང་བ་ཞིག་སྤེལ་མྱོང་ན་ཡང་།མཐར་ཐུག་ན་མི་རིགས་ཤིག་གི་འཐབ་རྩོད་བྱེད་པའི་འགན་འཁྲི་སེམས་དང་ཀླད་པའི་གསེང་དུ་འབྱར་ནས་བྱས་པའི་གཏན་ནས་འདང་མེད་པ་ཡིན།དེ་ཡི་སྟབས་ཀྱི་སྲིད་གཞུང་ངན་པའི་འགོ་ཁྲིད། རྒྱ་ནག་གི་དཔོན་ངན་དེ་དག་གིས་ཀྱང་། ཕྱི་རོལ་རང་དབང་གི་ལུང་བ་ནས་སྐད་འབོད་རེ་བྱེད་པ་དང་།མར་མེ་ཁྲོམ་སྐོར་རེ་བྱེད་པ། བོད་ནང་གི་ལས་འགུལ་རེ་སྤེལ་བ་དང་འཛམ་གླིང་གང་ས་ནས་དུས་ཚོད་ཁ་ཤས་དང་ཉིན་མ་རེ་ཟུང་ལ།རྒྱ་ནག་གཞུང་ཚབ་ཁང་དག་གི་སྒོ་འགྲམ་དུ་འཛོམ་ནས། བོད་ལ་རང་དབང་དགོས། རྒྱ་ནག་གིས་སྐྱག་རྫུན་བཤད་ཀྱི་འདུགབོད་ལ་རང་དབང་གཙང་མ་དགོས། འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་གི་འདུག མི་གསོད་མཚམས་འཇོག་བྱེད་རོགས་ཞེས་འདུ་འཛོམ་རེ་བྱེད་ངེས་ཡིན་ལ།དེ་ཡི་གྲངས་ཀ་ཡང་བོད་མི་བྱེས་གྱར་བ་དག་གི་གྲངས་ཀ་དང་བསྡུར་ན་བརྒྱ་ཆའི་གཅིག་དང་ཕྱེད་ཀ་ལས་ཟིན་གྱི་མེད་པ་ཤེས་ཡོད་པ་དེ་ཡིན།

ད་ནི་ངས་འདི་ནས་སྐད་ཆ་དག་གསང་བ་དང་སྐོར་ནས་མི་བཤད།ཐད་ཀར་བཤད། བོད་མི་ང་དང་བཅས་པའི་ཕྱི་རོལ་རང་དབང་གི་ཡུལ་དུ་ཡོད་པ་དེ་དག་གིས། བོད་མིའི་སྐྱིད་སྡུག་ཟེར་བ་དང་།རང་གི་སྐྱིད་སྡུག་ཟེར་བ་གཉིས་ལས། རང་གི་སྐྱིད་སྡུག་དང་བོ་བཞག་ནས་འདུར་བ་དེ་ཡི་སྟབས་ཀྱིས་བོད་དོན་འདི་རྒྱལ་གཅེས་པ་མི་ཉུང་བ་ཞིག་གི་སྙིང་གི་ནད་ཚ་ལྟ་བུ་ཆགས་ནས་ལུས་ཡོད་པ་དེ་ཡི་སྟབས་ཀྱིས་བོད་དོན་གཏན་ནས་ལམ་འགྲོ་བྱུང་གི་མེད་པ་དེ་ཡིན།ཕྱིས་སུ་དངོས་ནས་བོད་མི་དག་གིས་བོད་དོན་དུ་ལས་འགུལ་འགོ་འཛུགས་བྱེད་མཁན་གྱི་ཚོགས་པ་སྐྱིད་སྡུག་གང་ཞིག་བྱུང་ན།རང་གི་ཉིན་མ་རེ་ཟུང་གི་འཚོ་བའི་ཁེ་ཕན་ལས། བོད་མིའི་སྐྱིད་སྡུག་དང་བོ་བཞག་ནས་ལས་དོན་ལ་མཉམ་ཞུགས་དང་།ལས་འགུལ་གྱི་ནུས་པ་དེ་དག་གོང་འཐོར་གཏོང་བ་དང་། ལས་འགུལ་སྤེལ་མཁན་གྱི་ཚོགས་པ་སྐྱིད་སྡུག སྒེར་དང་གཞུང་སུ་ཞིག་ཡིན་ཡང་། ལས་འགུལ་དེ་ཉིད་མཐའ་ཡོད་པ་དང་མི་མང་མཉམ་ཞུགས་བྱེད་པར་ཐེ་ཚོམ་མེད་པ་དང་གདེང་སྤོབས་སླེབས་ཐུབ་པ་ཞིག་བྱེད་དགོས་པ་དེ་ཡིན།

མཐའ་དོན་ངས་སེམས་གཏིང་ནས་རེ་སྐུལ་ནན་པོ་ཞུ་རྒྱུ་ནི།རང་དབང་དང་ཞི་བདེ། འགྲོ་བ་མིའི་ཐོབ་ཐང་། གང་ཞིག་ལ་འཐབ་རྩོད་བྱེད་འདོད་ཡོད་ན། གསོན་དགོས་པ་དེ་ནི་ཆ་རྐྱེན་དང་པོ་དེ་ཡིན་པ་ཐུགས་སུ་བཞག་ནས།རང་ལུས་མེ་ལ་སྒྲོན་པའི་ཡིད་སྐྱོ་ཞིང་བསམ་ན་སེམས་པ་ཚ་བའི་ལས་འདི་རིགས་ཕྱིས་སུ་མི་འབྱུང་བར་སྙིང་ཐག་པ་ནས་འབོད་སྐུལ་བྱེད་ཀྱི་ཡོད།ལྷག་དོན། བོད་དོན་བོད་མིས་བྱེད་ཐུབ་ལ། བོད་མི་གཅིག་ཡིན་ཡང་གསོན་ནས་འཐབ་དགོས་པ་ལས། ཤི་བ་ནི་རང་དབང་རྩོད་པའི་ལམ་ཁ་གཏན་ནས་མིན།གསོན་པ་ནི་རང་དབང་གི་སྒོ་ཐེམ་ལ་འགྲོ་བའི་ལམ་ཁ་གཅིག་བུ་དེ་ཡིན། ང་ཚོ་གསོན་དགོས། གསོན་པ་དེ་ཡང་རང་ཉིད་མི་ཞིག་དང་ནང་དགོས་བོད་མི་ཞིག་ཡིན་པ་དེ་དག་དྲན་ནས་གསོན་དགོས་པ་དེ་ཡིན།

སྣ་ཚོགས།

Post navigation

Previous Post: སུའི་དོན་དུ་རེད།
Next Post: ཡིག་ནོར་དང་ཨུ་ཚུགས།

Comments (6) on “བོད་པ་ཚོ། བསམ་བློ་ཞིབ་ཚགས་པོ་ཞིག་གཏོང་བའི་དུས་ཤིག་ལ་འཁེལ་ཡོད།”

  1. yum says:
    2011-11-07 at 2:00 pm

    ཤེས་བརྩོན་ཐོས་པ་ཅན་གྱི་ཉམ་ཆུང་གི་ཁ་རྟབ།།
    བླུན་པོ་ནོར་རྐྱལ་ཁུར་བའི་དབང་ཤེད་ཀྱིས་བཅོམ་སྟེ།།
    ཆོས་མཐུན་བཀུར་བསྟིའི་བཞུགས་གྲལ་གོ་ལོག་ཏུ་བསྡེབས་ནས།།
    སེང་གེ་ཁྱི་ཡི་གཡོག་ཏུ་འགྱུར་ཚུལ་འདི་སྐྱོ་བ།།

    མཁས་པས་རྒྱལ་ཁམས་འགྲིམ་སྟེ་བསགས་བྱས་པའི།།
    དབུལ་བོའི་གཅེས་ནོར་ས་ལ་བཀྲམ་པ་འདི།།
    སྙན་ནས་སྙན་དུ་ཤུལ་བུར་བརྒྱུད་པ་ཡི།།
    ཕྱུག་པོའི་གསེར་ཆོས་དག་གིས་དོ་ཟླ་མིན།།

  2. བཙན་བྱོལ་བ་ says:
    2011-11-07 at 6:27 pm

    https://secure.avaaz.org/en/save_tibetan_lives/
    དྲ་ཚིགས་འདིའི་ནང་དུ་འཛུལ་ནས་མཚན་རྟགས་སྐྱོན་རོགས། འདི་ནི་བོད་དོན་དང་འབྲེལ་བའི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ལ་ཕུལ་བའི་ཞུ་ཡིག་ཡིན་པས་མཚན་རྟགས་ཇི་ཙམ་མང་བའི་ཚོད་ཀྱིས་ནུས་ཤུགས་ཆེ་བ་ཡོད་པ་ནི་སྨོས་མེད་རེད། ངོས་རང་ནི་ངོ་མ་ཧང་སང་སོང་། ནུབ་ཕྱོགས་མི་རིགས་རྣམས་ཀྱིས་དོ་སྣང་ཆེན་པོས་ཞུ་ཡིག་ལ་མཚན་རྟགས་རྒྱབ་བཞིན་འདུག་མོད། བོད་མི་ནི་ཉུང་ཉུང་ཞེ་དྲག་རེད། སྔ་མོ་༢༠༠༨ལོར་ཡང་དེ་མཚུངས་རེད། དེ་དུས་ཀྱང་རྒྱབ་སྐྱོར་ཀྱི་འབོད་སྐུལ་ལ་མཚན་རྟགས་བསྡུ་རུབ་བྱེད་མོད། བོད་མི་ཞུགས་མཁན་ཉུང་ཉུང་ཞེ་དྲག་རེད། དྲང་པོར་བཤད་ན། དྲ་ཚིགས་འདིའི་བརྒྱུད་ནས་འཛམ་གླིང་ནང་གི་ཉམ་ཐག་མི་རིགས་མང་པོ་ཚེ་སྲོག་ལས་སྐྱོབ་ཐུབ་པ་བྱུང་ཡོད་པ་ཡོངས་གྲགས་རེད། བྱས་ཙང་ང་ཚོས་ཆ་ཤས་བླང་དགོས། གོ་སྐབས་གང་བྱུང་དམ་འཛིན་བྱ་དགོས།

  3. བོད། ལྷ་ཀླུ་གཉན་གསུམ། says:
    2011-11-07 at 7:26 pm

    yumལགས། ཉིད་ནས་གསུངས་པ་འདི་ནི་དགེ་ཆོས་ཀྱི་ཚིག་བཅད་ཅིག་ཡིན་པ་འདྲ། གསལ་བོ་ཞིག་དྲན་གྱི་མི་འདུག་མོད། གང་ལྟར། བསམ་ཚུལ་འདྲ་གསུང་འདོད་ཡོད་ན་ཐད་ཀར་གསུང་བར་དགའ་བསུ་ཡོད། དེ་ནས་ལན་འདེབས་དགོས་པ་འདྲ་ཡོད་ན་ལན་ཕུལ་ངེས་ཡིན་ལགས།

  4. ཆུ་ཤེལ་དྭངས་མོ། says:
    2011-11-08 at 4:36 am

    ཁྱེད་ལ་ཉལ་སྡད་ནས་རང་དབང་རྩོད་པའི་ཐབས་ལམ་གང་ཞིག་སྟོན་རྒྱུ་ཡོད། ང་ལ་ནི་དེ་འདྲ་ཞིག་བྱུང་ན་དགའ་ཐག་ཆོད་ཡིན། ཡིན་ཡང་་བོད་ཀྱི་ལྷ་ཀླུ་གཉན་གསུམ་ལ་མཐུ་རྩལ་ཞིག་ཨེ་ཡོད་སྙམ།

  5. བོད། ལྷ་ཀླུ་གཉན་གསུམ། says:
    2011-11-08 at 7:22 pm

    ཆུ་ཤེལ་དྭངས་མོ་ལགས། ཉལ་ནས་དོན་ཐག་དུད་འགྲོ་ཚུན་ཆད་ནས་འགྲུབ་ཀྱི་མེད་པ་ཤེས་གསལ་མཐོང་གསལ་རེད། དུད་འགྲོ་ཚུན་ཚད་ནས་གསོན་པའི་ཆེད་དུ་གང་ཡང་བྱེད་ཀྱི་ཡོད་པ་དེ་དག་ངོ་ཤེས་ནས་མི་རིགས་ཤིག་གི་རང་དབང་དོན་དུ་དཀའ་ལས་རྒྱགས་པའི་འགན་འཁྲུ་ཁྱེད་རང་འུ་གཉིས་གཙོ་བའི་གངས་ཅན་པའི་མིང་འོག་ལ་སྐྱེ་བའི་སྐྱ་སེར་དབྱེར་མེད་རྒན་གཞོན་ཚང་མར་འཁྲི་བ་དེ་གླེང་གི་ཡོད་ལགས།

  6. རྒོད་བསམ་རང་འགན་རང་ཁུར་ says:
    2011-11-11 at 5:03 pm

    ལྷ་ཀླུ་གཉན་གསུམ་གྱིས་བསམ་པ་བཞིན་རང་མི་རིགས་གཅིག་ཀྱི་ཚེ་སྲོག་ནི་རང་བཙན་སླར་གསོའི་ཆེད་ཆེས་དགོས་མཁོ་མེད་དུ་མི་རུང་་་་
    ང་ཚོར་འུ་ཇི་ལྟར་ཐུག་ཀྱང་རང་སྲོག་ནི་བོད་རང་བཙན་གྱི་བླ་སྲོག་གསོན་པོ་ཡིན་
    ད་བར་དུ་གངས་ཅན་བོད་ཀྱི་དཔའ་བོ་དཔའ་མོ་དག་གིས་རང་ལུས་བོད་མི་རིགས་ཀྱི་ཆེད་བློས་གཏོང་བ་རྗེས་སུ་ཡིད་རངས་དང་ནམ་ཡང་ངས་ཁོང་ཚོར་གུས་བཀུར་དང་ནམ་ཡང་སྨོན་ལམ་བཟང་པོ་འདེབས་
    འོན་ཀྱང་ཁོང་ཚོའི་དལ་འབྱོར་མི་ལུས་རིན་ཆེན་འཇིག་རྟེན་དེ་དང་ཁ་བྲལ་བར་ནམ་ཡང་འགྱོད་པ་དང་སེམས་ཀློང་ན་བཅོས་མིན་གྱི་མིག་ཆུ་ཐེངས་མང་ཤོར་་་་་་་
    གང་ལྟར་སྤུན་ཟླ་ཚོ་ནམ་ཡང་སེམས་ཤུགས་མ་ཆགས་
    ཇི་སྲིད་ང་ཚོ་འཇིག་རྟེན་འདེར་གནས་པ་བར་དུ་དེ་སྲིད་ང་ཚོས་བདེན་པའི་རྒྱབ་ཏུ་སྙིགས་དགོས་ལ་
    ཆོས་དང་འཇིག་རྟེན་གང་ནས་ཀྱང་བཤད་ན་རང་ཉིད་རང་གིས་གསད་པ་ནི་ཆེས་དེ་ཙམ་དགེ་མཚན་མེད་
    སོང་ཙམ་ནམ་ཡང་རང་ཉིད་ཀྱི་སྲོག་ནི་གངས་ལྗོངས་བསྐྱར་གནས་ཀྱི་གཞི་ཡིན་པས་ཐབས་ཇི་ལྟར་སྐྱོ་ཡང་ངས་ནམ་ཡང་སྤུན་ཟླ་གཅིག་ཀྱང་རང་ལུས་མེར་སྒྲོན་མི་འདོད་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (69)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (37)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme