Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཕལ་མོ་ཆེ་ནེ་ཙོ་དང་ཤིན་ཏུ་ཆ་འདྲ།

Posted on 2014-12-172014-12-17 By ཁ་བརྡ་ 13 Comments on བོད་པ་ཕལ་མོ་ཆེ་ནེ་ཙོ་དང་ཤིན་ཏུ་ཆ་འདྲ།

དུར་བྱང་།

 
(ནེ་ཙོ་ཟེར་བ་ནི་བྱ་བྱེ་བྲག་པ་ཞིག་གི་མིང་རེད། ལད་ཟློས་ཞེས་པའི་དཔེ་རུ་བགྲང་བའི་བྱ་ཞིག་རེད། མི་ཚེ་གང་བོ་ལད་མོ་རྐྱང་རྐྱང་གིས་འཚོ་ཞིང་གནས་པའི་བྱ་ཞིག་རེད། ཁ་ཆོས་ཙམ་གྱི་དཔེ་རུ་ནེ་ཙོ་ཡོང་བ་རེད།)
གུང་ཐང་རིན་པོ་ཆེས། “ནེ་ཙོ་འདོན་པ་ལྟ་བུ་བརྒྱ་ཚར་གྱིས།། བརྗོད་བྱའི་གནད་ལ་སྒྲོ་འདོགས་མི་ཆོད་པས།།” ཞེས་བཀའ་མཆིད་སྩལ་གནང་བ་རེད།

དིང་སང་། འོ་ཅག་གི་གཙོ་རྒྱུགས་སུ་གྱུར་པའི་ཐ་སྙད་གལ་ཆེན་ཞིག་ཡོད་པ་ནི་ལྷག་དཀར་ཞེས་པ་འདི་རེད། ལ་ལས་ལྷག་སྐར་ཞེས་ཀྱང་འབྲི་བར་མཆིས། འོན་ཏེ། གོ་དོན་གཅིག་ཏུ་འབབ་ཚུལ་ནི་སྐར་རྩིས་རིག་པའི་གཞུང་དང་བསྟུན་ཏེ་འགྲེལ་བཞིན་འདུག དེའང་ཡིན་དུ་ཆུགས།
མ་གཞི། ལྷག་དཀར་ཞེས་པའི་སྟེང་དུ་སྲུང་བརྩི་ཟེར་བའི་ཐ་སྙད་ཅིག་བསྣན། དེ་གཉིས་ལྷན་ཐབས་སུ་སྦྱར་ཏེ་ལྷག་དཀར་སྲུང་བརྩི་ཞེས་པའི་མིང་ཚིག་གཅིག་གྲུབ། ཁ་ཅིག་གིས། ལས་འགུལ་ཟེར་བའི་ཐ་སྙད་འདི་ཚིག་ཟུར་དུ་སྦྱར་ཏེ་ལྷག་དཀར་ལས་འགུལ་ཞེས་འབོད་བཞིན་ཡོད། དེ་གཉིས་ཀྱང་དོན་གཅིག་ཏུ་འགྲོ་བ་ཆ་ཞོག

གོ་ཐོས་ལ། ལྷག་དཀར་ལས་འགུལ་ཟེར་བ་འདི་བོད་ནས་འགོ་བརྩམས་ཤིང་བོད་ནས་དར་བ་ཞིག་ཡིན་ཚོད་འདུག་ལ། བཙན་བྱོལ་ནས་ལད་ཟློས་བྱས་ཤིང་བཙན་བྱོལ་ནས་ཁྱབ་སྤེལ་དུ་བཏང་བ་ཞིག་རེད་པས། མི་ཕྱེད་པའི་དད་པ་བརྟན་པོ་ཞིག་གི་ཐོག་ནས་༧གོང་ས་མཆོག་གི་བླ་གཟའི་ཉིན་མོ་དེར་སྡིག་སྤོང་དགེ་སྒྲུབ་སྣ་གཅིག་རེ་ཡང་བྱ་བསམ་པ་ཡིན་ན་ནི། ཤིན་ཏུ་འགྲིག་ལ། དགག་བྱ་ཟེར་བ་ཡང་ངེས་ངེས་མེད།

དགོད་བྲོ་བ་ཞིག་ལ། ང་བོད་ཡིན། ངས་བོད་ལྭ་གྱོན་རྒྱུ་ཡིན། ངས་བོད་སྐད་བཤད་རྒྱུ་ཡིན། ངས་བོད་ཟས་བཟའ་རྒྱུ་ཡིན། དགོད་མི་བྲོ་ཨང་། ག་རེ་རེད། ཅི་ཞིག་ཡིན་པའི་རྣམ་འགྱུར་ཡིན། གོང་གི་དོན་ཚན་དེ་དག་ཉི་མ་ཞིག་གཏན་ཁེལ་བྱ་དོན་ཅི་ཞིག་ཡིན། བོད་ལ་དུང་བ་དང་ཞེན་པའི་རང་གཟུགས་རེད་པས། བོད་ལ་དགའ་བ་དང་བོད་མི་ཡིན་པའི་རྟགས་མཚན་རེད་པས། ཡང་ན། ཁྱེད་ཅག་གིས་བོད་ཀྱི་སྐད་ཡིག་དང་བོད་ཀྱི་ཡུལ་སྲོལ་དེ་དག་ཐབས་དང་བཀོད་པ་འདི་འདྲ་ཞིག་ལ་བརྟེན་ཏེ། ད་གཟོད་འགྲེམ་སྟོན་ཟེར་བའི་ཁང་རྙིང་དེར་འཇོག་རྩིས་ཡིན་ནམ། ཡུལ་སྐོར་སྤྲོ་འཆམ་པ་ཚོར་ལྟད་མོ་གསར་བ་ཞིག་གྲ་སྒྲིག་བྱ་རྩིས་ཡིན་ནམ། མིའི་རིགས་ལ་རླབས་ཆེན་གྱི་མཛད་རྗེས་ཤིག་འཇོག་འདོད་ཀྱི་ཧམ་པ་ཨེ་ཡིན། བསམ་བློ་ནང་ལ་ཁུག་དང་།

ད་ཆ། ང་ཚོ་སུ་ཞིག་རུང་གང་ཞིག་གིས་བསྡམས་ཤིང་གཅུན་ཏེ་ཡོད་ཙང་། འཕག་འཚག་སྟོབས་ཆེན་ཞིག་རྒྱག་པའི་གོ་སྐབས་ཟེར་བ་ཡེ་ནས་བྲལ། སྐབས་འདི་འདྲ་ཞིག་ལ། དམའ་ས་ནས་འགོ་བརྩམས་ཏེ་མཐོ་ས་ཞིག་ལ་ལག་པ་གཟེད་ཀྱིན་པ་ནི་དངོས་གནས་དགའ་འོས་པ་ལོས་ཡིན། འོན་ཀྱང་། བྱེས་སྡོད་ལྷག་དཀར་ལས་འགུལ་བ་ཚོས་བཅའ་སྟངས་ལས་སྟངས་དེ་དངོས་གནས་ཁྱད་མཚར་ཞིག་རེད། གཞན་ལ་ལད་ཟློས་བྱེད་པ་ནི་འགན་འཁྲི་དཔེ་མེད་ཅིག་ཏུ་འདོད་ཀྱིན་པ་འདྲ།

སྔོན་ཆད་ཅིག་ལ། བཙན་བྱོལ་ནས་སྐྱེས་ཤིང་བཙན་བྱོལ་ནས་འཚར་བའི་སློབ་ཆེན་པ་ཁ་ཤས་ཤིག་གིས། ཞལ་འདེབས་སློང་གིན་འདུག ངས་དེ་མ་ཐག་ཞལ་འདེབས་འདི་ཅི་ཞིག་གི་ཆེད་དུ་ཡིན་ཞེས་དྲིས་པ་ན། ཁོ་པ་ཚོས་སྤོབས་པ་ཆེན་པོའི་ཐོག་ནས་ལྷག་དཀར་ལས་འགུལ་སྤེལ་བའི་ཆེད་དུ་གཏོང་རྒྱུ་ཡིན་ཞེས་ཟེར། ལས་འགུལ་ག་རེ་སྤེལ་གྱིན་ཡོད་ཅེས་དྲིས་པ་ན། བོད་སྐད་གཙང་མ་བཤད་རྒྱུ་དང་བོད་ཟས་ངོ་མ་བཟའ་རྒྱུ་སོགས་རྣམ་གྲངས་མང་བོ་ཡོད་ཅེས་དབྱིན་སྐད་དང་བོད་སྐད་སྦྲགས་ཏེ་ལན་བཏབ་སོང་། འོ་ན་ཁྱེད་ཚོས་བོད་སྐད་གཙང་མ་བཤད་ཀི་མི་འདུག ག་རེ་ཡིན་ནམ་ཞེས་སྐྱར་དུ་དྲིས། ཁོ་པ་ཚོས། དེ་རིང་གཟའ་ལྷག་པ་མ་རེད་ཅེས་ལན་འདེབས་གསལ་ཐག་ཆོད་པ་བྱས་སོང་། འདིས་ཅི་ཞིག་མཚོན་པ་ཡིན་ནམ།

གལ་ཏེ། ལས་འགུལ་འདི་ལ་འགྲེལ་བཤད་ཡིན་མདོག་ཁ་འབེལ་བོ་འབེལ་བོ་ཞིག་ཡོད་སྲིད། ལྷག་པར་བོད་ནང་དུ་ཡོད་པའི་བོད་མི་ཚོར་རྒྱ་མཚོ་ལྟར་གཏིང་ཟབ་ལ་ནམ་མཁའ་ལྟར་རྒྱ་ཆེ་བ་ཞིག་བགྲང་རྒྱུ་ཡོད་སྲིད། རེད་དེ། བཙན་བྱོལ་བ་ཚོས་ལས་འགུལ་འདི་དང་དུ་ལེན་ཁུལ་བྱས་པ་ནི་བྱས་རྗེས་སྟོབས་ཆེན་ཞིག་མ་ཡིན་ལ། དེ་ལས་ལྡོག་སྟེ་ངོ་ཚ་ཡ་མེད་ཅིག་རེད། ད་དུང་ནེ་ཙོ་དང་འདྲ་བར་ལད་ཟློས་རྐྱང་བ་ལས་ཅི་ཡང་བསམ་མི་ཤེས་པའི་དཔང་རྟགས་ངོ་མ་ཞིག་རེད་འདོད། ཁྱོད་བོད་ཡིག་སྦྱང་མི་ཆོག བོད་སྐད་བཤད་མི་ཆོག་ཅེས་སུན་པོ་བཟོ་མཁན་ཨེ་ཡོད། ཁྱོད་བོད་ལྭ་གྱོན་མི་ཆོག་བོད་ཟས་བཟའ་མི་ཆོག་ཅེས་བཙན་གཏམ་བཤད་མཁན་ཨེ་ཡོད། དམའ་འབེབས་དང་འཕྱ་དམོད་བྱེད་མཁན་ཨེ་ཡོད། ད་དུང་ངོ་མཚང་འབྲུ་མཁན་ཨེ་ཡོད།

དྲང་མོར་བཤད་ན། རང་ཉིད་ཀྱིས་མ་འཇོན་པ་རེད་ལ། གང་མ་འཇོན་པ་དེ་སྟབས་བདེ་རུ་བཟོས་པ་རེད། མཐར་དེད་ན་རང་ཉིད་འགེབ་སྲུང་བྱེད་པའི་སླད་དུ་རེད། ཅི་ཞིག་འཇོན་མདོག་གི་རྣམ་འགྱུར་རྫ་ནེ་རྫུན་ནེ་ཞིག་ཁྱབ་བདལ་དུ་གཏང་བའི་ཕྱིར་དུ་རེད། དེ་ལ་བརྟེན་ནས་རང་ཉིད་མི་གྲལ་ནས་ལྷོད་ཤིག་ཤིག་ངང་བཞུགས་རྩིས་རེད།

ཞིབ་ཏུ་སོམས་དང། ང་ཚོར་ལས་རྒྱུ་ཟད་པ་རེད་པས། སྲུང་བརྩི་བྱ་རྒྱུའང་རྫོགས་པ་རེད་པས། ལས་འགུལ་སྤེལ་རྒྱུའང་ཚར་བ་རེད་པས། ང་ཚོས་ལྷག་དཀར་ལ་ཁ་གཡར་ཏེ་རང་ཉིད་ལ་མགོ་བསྐོར་གཏོང་བ་ལས། ང་ཚོར་བཅའ་རྒྱུ་དང་ལས་རྒྱུས་ཕོངས་པ་མིན། ཁོ་བོས། ཁྱེད་ཅག་ལ་གྲོས་ཤིག་འདོན། བྱེས་སྡོད་པ་ཚོས་རྣ་བ་བླགས་ཏེ་ཉོན། ད་སྔ། འཛམ་གླིང་དུ་བྱུང་མ་མྱོང་བའི་ཆེས་རླབས་ཆེ་བའི་ལས་འགུལ་དེ་བོད་པས་སྤེལ་བ་རེད། ཧ་ཅང་ཚད་མཐོ་བའི་རང་ལུས་མེར་བསྲེགས་པའི་ལས་འགུལ་དེ་བོད་པ་ཚང་གིས་སྤེལ་བ་ལས། གཞན་གྱི་མ་ཡིན། འདི་ལ་ཉིན་མོ་ཞིག་གཏན་ཁེལ་བྱས་ནས་སྲུང་བརྩི་བྱ་ཐུབ་ན་ག་འདྲའི་ཡག་པོ་འདུག ཤིན་ཏུ་གལ་ཆེན་པོ་རེད།

ཡང་ན། བོད་པ་ཐུན་མོང་གིས་རྒྱ་ནག་གི་ཚོང་རྫས་མི་ཉོ་བའི་ཉིན་མོ་ཞིག་བདམས་ཏེ་གཟའ་རེ་ལ་ཐེངས་རེ་སྤེལ་ཐུབ་ན་ཧང་སངས་པ་མ་རེད་དམ། ཡང་ན། འཛམ་གླིང་གི་ཆེས་ལོ་ན་ཆུང་བའི་བཙོན་པའི་ཉིན་མོ་ཞེས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙོན་དུ་ཚུད་པའི་ཉིན་མོ་དེ་གཏན་འབེབས་བྱས་ཏེ། རྒྱལ་སྤྱིའི་རང་བཞིན་གྱི་སྲུང་བརྩི་ཞིག་གི་ངོ་བོར་བསྒྱུར་ཐུབ་ན་ཧ་ལས་པ་མ་རེད་དམ། འདི་དག་གིས་མཚོན་པའི་ང་ཚོས་ལས་འགུལ་སྤེལ་མ་ཐུབ་པ་ལས་སྤེལ་རྒྱུ་ཟད་པ་དང་རྫོགས་པའི་དཀའ་ངལ་ཞིག་གཞར་ཡང་ཡོད་པ་མིན། ད་བསམ་བློ་གཏོང་རན་རེད།

མཇུག་ཏུ། (ལན་རེར། ཁྱོད་ཀྱིས་ང་ལ་ཞབས་འདེགས་བྱོས། སྐབས་རེར། ཁྱོད་ཀྱིས་ང་ཁེར་རྐྱང་དུ་འགྲོ་རུ་ཆུགས།)

2014.12.17

བསམ་ཚུལ།

Post navigation

Previous Post: ཁྱོད་སུ་ཡིན།
Next Post: ཉི་ཁུག་གི་རི་གྲོང་།

Comments (13) on “བོད་པ་ཕལ་མོ་ཆེ་ནེ་ཙོ་དང་ཤིན་ཏུ་ཆ་འདྲ།”

  1. ཀརྡོ་གཉེར་ཕྱག་པ་ says:
    2014-12-17 at 2:28 pm

    བྱས་ཚད་ལད་མོ་རེད།
    གྱོན་ཆས་ལད་མོ་རེད།
    ཟ་ཐུང་ལད་མོ་རེད།
    སྐད་ཡིག་ལད་མོ་རེད།

  2. ཀརྡོ་གཉེར་ཕྱག་པ་ says:
    2014-12-17 at 2:30 pm

    ལ་རྒྱ་ལད་མོ་མ་རེད།
    ལྷག་དཀར་ལད་མོ་མ་རེད།
    ཞལ་འདེབས་ལད་མོ་མ་རེད།
    ལས་འགུལ་ལད་མོ་མ་རེད།

  3. ཀརྡོ་གཉེར་ཕྱག་པ་ says:
    2014-12-17 at 2:38 pm

    ང་པོས།
    སྦྱང་ཚད་ལད་མོ་བྱས་ནས་སྦྱོང་དགོས་པས་ལད་མོ་རེད།
    གཉིས་པས།
    བྱས་ཚད་འུ་ཐུག་ནས་བྱེད་དགོས་པས་ལད་མོ་མ་རེད།

  4. ནུབ་ཕྱོགས་གངས་ཕྲུག says:
    2014-12-17 at 8:14 pm

    བོད་འབྱོར་བ་ཚོས་བཙན་བྱོལ་བོད་ཕྲུག་གིས་དབྱིན་སྐད་དང་བོད་སྐད་འདྲེས་མ་ཤོད་ཀྱི་འདུག་ཅེས་ཟུར་ཟ་བྱེད་ཀྱི་འདུག དེ་ངའི་ཁས་ལེན་གྱི་མིན། རྒྱུ་མཚན་གང་ཡིན་ཟེར་ན་ང་བོད་ལ་ཐེངས་གཉིས་འགྲོ་ཡིན། གཞིས་སྡོད་བོད་མི་ཚོས་བོད་སྐད་དང་རྒྱ་འདྲེས་མ་རྒྱབ་ཀྱི་འདུག དཔེརན་ངའི་དྲན་ཚོས་ལ། ་རེས་གཟའ་བདུན་བོད་སྐད་ལ་ཡོད་བཞིན་དུ་རྒྱ་སྐད་རྒྱབ་ཀྱི་འདུག དེ་མིན་ཐོག་བརྩེགས་དང་པོ་གཉིས་པ་སོགས་ལ་རྒྱ་སྐད་དང་། གཞན་ཡང་ཁ་པར། གཟུགས་མཐོང་བརྙན་འཕྲིན། ཁ་ལོ་བ། སོགས་ལ་རྒྱ་སྐད་རྒྱབ་ཀྱི་འདུག བོད་འབྱོར་བ་ཚོས་དབྱིན་སྐད་མ་ཤེས་ཙང་། སྐད་ཆ་མ་གོ་དུས་ཕྲག་དོག་ཟ་བ་རེད།

  5. དུར་བྱང་། says:
    2014-12-17 at 8:36 pm

    ནུབ་ཕྱོགས་པ་གངས་ཕྲུགས་ཟེར་བ་དེར། སྐུ་ཉིད་ཀྱིས་རྩོམ་ཐུང་འདིར་གོ་བ་ལོན་མི་འདུག

  6. ཐུབ་པ། says:
    2014-12-17 at 10:44 pm

    བོད་འབྱོར་བ་ཚོས་དབྱིན་སྐད་མ་ཤེས་ཙང་། སྐད་ཆ་མ་གོ་དུས་ཕྲག་དོག་ཟ་བ་རེད།
    ཧ་ཧཧ། གཞིས་ཆགས་ཁྲབ་ཏོ་དེ་ཚོས་དབྱིན་ཇི་གང་ཙམ་ཤེས། བོད་སྐད་འཕྲོ་བརླག་ལ་གཏོང་ཡ་ཙམ་ལས་དབྱིན་སྐད་ཚད་ལྡན་ཤེས་མཁན་ཡོད་མ་རེད། རང་མགོ་མ་ཐོན་མཁན་རྐྱང་རྐྱང་ཡིན་པཱ

  7. དགེ་འདུན་རྒྱ་མཚོ། says:
    2014-12-17 at 11:01 pm

    ཕྱི་ལོག་ན་ཡོད་པའི་བོད་མི་ཚོའམ་བོད་མི་རྒན་གཞོན་ཉིན་རེ་བཞིན་བརྗེ་བཞིན་ཡོད་པས་འདི་ཡང་འགྱུར་ལྡོག་ཅིག་རེད། འགྱུར་ལྡོག་འདིའི་ཁྲོད་བོད་མིའི་ཟ་འཐུང་དང་ལྟ་སྤྱོད་གྱོན་གོས་སོགས་ཀྱང་འགྱུར་བཞིན་ཡོད་པས་ཕྱོགས་གཅིག་ནས་བཤད་ན་འདི་ནི་བོད་མིའི་དཀའ་ངལ་ཞིག་ཀྱང་རེད། དེས་རྐྱེན་གྱིས་ལྷག་དཀར་ལྟ་བའི་ལས་འགུལ་ནི་གལ་ཆེན་པོར་མཐོང་གི་ཡོད། 
    འདི་ནི་ལད་ཟློས་མ་རེད། རྒྱབ་སྐྱོར་རེད། འདིས་ནི་བོད་ཕྱི་ནང་གཉིས་ཀྱང་ག་དུས་ཡིན་ན་གཅིག་གི་རྒྱབ་རྩར་གཅིག་ལངས་ཡོད་པ་མཚོན་ཐུབ། འདི་འདྲའི་ལས་འགུལ་ལ་མི་དགའ་མཁན་དག་གི་དམིགས་ཡུལ་ཅི་ཡིན་ངོ་མ་ཤེས་དཀའ་མོ་རེད། 
    དགོད་བྲོ་བ་ཞིག་ལ་དུར་བྱང་གི་སྐད་ཆ་ལ་ཉན་ནས་དུར་བྱང་མི་ཅི་འདྲ་ཞིག་ཡིན་མིན་ཚོད་དཔག་བྱེད་པ་དེ་རེད། ངས་ནི་དུར་བྱང་ཟེར་བའི་མི་འདི་མཐོང་འདོད་བྱུང་སོང་། རྒྱུ་མཚན་ནི་མི་འདིས་སུ་ལ་ཡང་ལད་ཟློས་མི་བྱེད་པའི་མི་ཁྱད་ཚར་ཞིག་ཡིན་ནམ་སྣམ། 
    ཁོའི་ཟ་འཐུང་དང་ལྟ་སྤྱོད་གྱོན་གོས་སོགས་མི་དང་བོད་མི་དང་མི་འདྲ་བ་དམིགས་བསལ་ཞིག་ཡིན་སྲིད། ཁོས་ཅི་ཞིག་ཟ་གི་ཡོད་དམ། ཅི་ལྟར་འཐུང་གིན་ཡོད་དམ། ཁོས་ཅི་ཞིག་གྱོན་ཡོད་དམ། ཡང་ན་དམར་རྗེན་ཡིན་ནམ། དེ་འདྲ་ཞིག་ཡིན་པའི་དབང་དུ་བཏང་ཡང་། དེ་ཡང་སྤྲེའུ་ལ་ལད་ཟློས་བྱས་པ་ཅི་ཕྱིར་མིན། དེ་དང་དེ་འདྲ་ལ་བསམ་བློ་བཏང་ཚེ་ང་ནི་དུར་བྱང་ལ་བསམ་ནས་དགོད་ཁ་མི་ཤོར་རང་དབང་མི་འདུག 
    ཧཧཧཧཧཧ ངོ་མ་ངར་བ་རེད། ཧྲ་གི

  8. ལུང་རྟོགས། says:
    2014-12-18 at 1:51 am

    བྱ་བ་ཐམས་ཅད་ལད་མོ་ཡིན། ལད་མོའི་ནང་ནས་གང་མཁས་ཡིན་ཟེར་བ་རེད། དགེ་ཕྲུག་གིས་དགེ་རྒན་རྩ་ནས་སློབ་གསོ་ལེན་པ་དེ་ཡང་དགེ་རྒན་གྱི་ལད་མོ་མིན་ན་ཅི་ཡིན།

  9. དུར་བྱང་། says:
    2014-12-18 at 4:51 am

    འདིར་ཕེབས་པའི་དྲ་གྲོགས་ཕལ་ཆེར་གྱིས་རྩོམ་གྱི་ནང་དོན་གོ་མི་འདུག གང་ལྟར་གསལ་བཤད་བྱེད་བློ་མ་སྐྱེས། ད་དུང་ཁ་བདག་མེད་ནས་ཚིག་ཚོད་མེད་བཤད་རྐྱང་བྱོས། འོན་ཀྱང་དམངས་གཙོ་ཟེར་བ་ནི་ཡི་གེ་ཙམ་མ་ཡིན། རང་ཁ་བདག་པོ་རྒྱག་དགོས་ས་འང་ཡོད།

  10. གནམ says:
    2014-12-18 at 10:05 am

    ༡ (རྒྱ་ནག་གི་ཚོང་རྫས་མི་ཉོ་བའི་ཉིན་མོའི་)མ་ཚད་དགྱ་ནག་གི་ཅ་དངོས་སྲེག་པའི་ཉིན་མོ་ཡང་བྱུང་བ་རེད།
    ༢ (ལོ་ན་ཆུང་བའི་བཙོན་པའི་ཉིན་མོ་ཞེས་༧ཀུན་གཟིགས་པཎ་ཆེན་རིན་པོ་ཆེ་བཙོན་དུ་ཚུད་པའི་ཉིན་མོ་)ལ་ཡང་ལོ་ལྟར་ངོ་རྒོལ་བྱེད་བཞིན་པ་རེད།
    ༣ (རང་ལུས་མེར་བསྲེགས་པའི་ལས་འགུལ་དེ་ལ་ཉིན་མོ་ཞིག་གཏན་ཁེལ་བྱས་ནས་སྲུང་བརྩི་བྱ་ཐུབ་ན་ག་འདྲའི་ཡག་པོ་འདུག) འདི་ཡང་ལོ་ནས་ལོ་མ་སར་བར་མྱ་ངན་བྱས་དང་བྱེད་བཞིན་པ་རེད།

    དུར་བྱ(ང)་ཁྱེད་རང་གང་ཞིག་ནས་གཉིད་བསྡད་པ་ཡིན། མདང་སྐྱེས་ཀྱི་བྱིས་བ་ལྟར། གོ་ཐོས་རིག་གསུམ་གང་ཡང་མེད་པའི་སྐད་ཆ་འདི་ཚོ། ལ་རྒྱ་ཞེ་པོ་ཞིག་མེད་ན། སེམས་ལ་འཁོར་ས་རེད་མི་འདུག་ཁོ་ཐག་རེད། ཧ་ཧ་ཧ།

    ཁ་གསལ་ན་གོ་བདེ་ནི་རེད། ནམ་ལངས་ན་འགྲོ་བདེ་ནི་རེད། རྗེས་མར་མིས་གོ་རྒྱུའི་ཁ་བརྡ་བྱོས། དེ་མིན། མི་མང་པོ་ཞིག་འཐོམ་བཅུག་འདུག། ཡང་གཅིག་བཤད་རྒྱུ་ཞིག་ལ། ཅིག་ཅིག་ཅིག་རྒྱལ་སྤྱིའི་དཀའ་སྡུག་གི་རང་བཞིན་ཅན་ལ་བསྒྱུར་རྒྱུ་ཡིན་ཟེར་གི་མ་འདུག། ཁ་ནང་ལ་མཛའ་རུང་། ལག་ནང་ལ་མི་མཛའ་འི། ངོ་མ་ཡིན།
    བྱུང་ན། ང་བོད་ཡིན། ངས་བོད་སྐད་བཤད། ངས་བོད་ཆས་གོན། ང་མ་ཤི་ན་བོད་ཡང་མི་ཤི་ཟེར་ཐུབ་ན་ཡག་ཤོས་རེད། གོ་ཨེ་ཐལ། བུ་ཁོ་ལོ་ལོ།

  11. དུར་བྱང་། says:
    2014-12-18 at 1:10 pm

    གནམ་ཟེར་བ་དེས་ཀྱང་གོ་མི་འདུག བྱིས་པ། ཅིག་མི་མཛའ་ཉིག་མི་མཛའ་ཅན་པོ་ཁ་ནང་ལ་གོམས་ཡོད་ས་རེད། རང་ང་ཁོག་སྟོང་ལ་དབུགས་སྟོང་རྒྱག་རྒྱུར་དགའ་བ་འདི་མི་ཤེས་པ་ཚོའི་དེ་ཉིད་ཡིན་ས་རེད། རབ་ཡིན་ན་ཅི་ཡང་མེད་ན་ཅི་ཡང་ཡོད་མདོག་སྟོན་རྒྱུར་དགའ་བ་དག་གིས་རང་ཁ་བཙུམ་ན་ཡག་གི་མ་རེད་པས། ? བོད་པ་ཟེར་བ་འདི་ད་དུང་རང་བྱུང་གི་གཤིས་ཀ་ལས་བརྒལ་ཐུབ་ཀི་མི་འདུག ཅི་ཡིས་ལན་ནམ།

  12. དཔལ་དོན། says:
    2014-12-18 at 10:49 pm

    ཧ་ཧ་་་མི་གཅིག་གིས་ཀྱང་མི་གོ་བའི་རྩོམ་ཞིག་བྲིས་འདུག

  13. ཨ་ནུ་ཐང་བསོད་ནམས། says:
    2014-12-20 at 5:00 am

    གནམ་གྱི་ཁ་ལ་གང་བྱུང་གི་མི་ཞིག་ཤོར་རྒྱུ་ཡོད་ས་མ་རེད། རྩོམ་ཡིག་འབྲི་སྟངས་དང་སྐད་ཆ་བཤད་སྟངས་ཀྱི་སྐོར་ལ་སློབ་གསོའམ། ཚོགས་གཏམ་ད། དངོས་གནས་བཏང་འདུག ངས་ཐེངས་ཁ་ཤས་ཤིག་ཀློག་དགོས་བྱུང་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme