Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་བློན་ལི་ཁིག་ཆིང་ལ་ངོ་རྒོལ་བྱ་འཆར།

Posted on 2013-05-192013-05-19 By ཁ་བརྡ་ 8 Comments on བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་བློན་ལི་ཁིག་ཆིང་ལ་ངོ་རྒོལ་བྱ་འཆར།

གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།

དེ་རིང་རྒྱ་ནག་གི་སྲིད་བློན་རྒྱ་གར་དུ་འབྱོར་བར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་རྒྱ་གར་ནང་གྲགས་ཆེ་བའི་ཀི་རི་ཌ་རྩེད་མོའི་ཐོན་གསར་བའི་གླུ་གཞས་ཀྱི་གདངས་དབྱངས་བེད་སྤྱད་དེ་ཟུར་ཟ་དང་བཞད་གད་ཀྱིས་ཁེངས་བའི་བརྙན་པར་ཞིག་རྒྱལ་སྤྱིའི་བརྙན་པར་དྲ་གནས་་ཡོ་ཀྲོ་བྷི་དང་། རྒྱ་ནག་གི་བརྙན་པར་དྲ་གནས་ཁྱབ་ཆེ་ཤོས་ཡོ་ཁཱོ་གཉིས་ཀྱི་ནང་ཁྱབ་སྤེལ་བྱས་ཡོདལ། བརྙན་པར་ལ་གཟིགས་འདོད་ཚེ་འབྲེལ་ཐག་་་http://www.youtube.com/watch?v=MAKi5R5sakY&feature=youtu.be འདིའི་ཐོག་ལ་བསྣུན་རོགས།
བརྙན་པར་དེའི་ནང་ཉེ་ལམ་རྒྱ་ནག་གིས་ལ་དྭགས་ནང་བཙན་འཛུལ་བྱས་པར་སྐྱོན་བརྗོད་དང་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཁག་ཀྱང་ཞབས་བྲོའི་ལམ་ནས་གསལ་སྟོན་བྱས་ཡོད། བརྙན་པར྆་དེའི་ནང་ལས་འགུལ་བ་ཚོས་་ལི་ཁིག་ཆིང་གི་གདོང་འབག་གྱོན་པ་དེ་ལ་བཞད་གད་ཀྱི་ངོ་བོ་ལྡན་པ་གང་ཞིག་ལ་འཕྱ་སྨོད་ཀྱི་ནུས་པ་ཤུགས་ཆེར་ལྡན་པས་བོད་པ་དང་རྒྱ་གར་བ་མང་པོ་ཞིག་གིས་དོ་སྣང་བྱེད་འགོ་ཚུགས་ཀྱི་ཡོད་པ་རེད། དེ་ཡང་བརྙན་པར་དེའི་ནང་དུ་བོད་པ་དང་རྒྱ་གར་མི་སེར་གཉིས་ཀས་འཁྲབ་སྟོན་བྱས་པ་དེས་བོད་པ་དང་རྒྱ་གར་བ་གཉིས་ཀྱི་ངོས་ནས་རྒྱ་ནག་གི་སྲིད་བློན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་མཚོན་འདུག“རྒྱ་ནག་གི་བཙན་འཛུལ་དང་གནོན་ཤུགས་འོག་ད་ལྟའི་ཆར་བོད་མི་༡༡༧་ལྷག་གིས་རང་ལུས་མེར་བསྲེགས་ཀྱི་ལམ་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད།

ད་ཆ་རྒྱ་ནག་གི་ཧམ་སེམས་ཤུགས་ཆེ་རུ་ཕྱིན་ཏེ་རྒྱ་གར་གྱི་ས་མཚམས་བརྒལ་ནས་བྱང་ཕྱོགས་ལ་དྭགས་ཁུལ་དུ་བཙན་འཛུལ་བྱས་པ་དེས། བོད་རྒྱ་གཉིས་དབར་གྱི་གནད་དོན་དེ་ནི་མདོར་དེད་ན་རྒྱ་གར་རྒྱལ་ཁབ་དང་ཁ་འབྲལ་ཐབས་་གཏན་ནས་མེད་པའི་ར་སྤྲོད་གསལ་པོ་བྱས་ཡོད་པ་མ་ཟད། རྒྱ་ནག་གཞུང་ངོས་ནས་གླིང་ཆེན་ཨེ་ཤེ་ཡ་ཡོངས་རྫོགས་ལ་དབང་བསྒྱུར་བྱེད་འདོད་པའི་ངན་ཇུས་གསལ་རྗེན་དུ་བསྟན་ཡོད།་ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱ་གར་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་བྱུང་། ད་དུང་ཁོས་མུ་མཐུད་ནས་“བོད་ནང་གི་བོད་མི་ཚོའི་ངོས་ནས་སེམས་ཤུགས་ནམ་ཡང་མ་ཆགས་པར་དུས་ད་ལྟའི་དབར་སྙིང་ལ་རུས་པ་བཅུག་ནས་བདེན་དོན་ཆེད་འཐབ་རྩོད་བྱེད་བཞིན་ཡོད་པ་བཞིན། ད་ཆ་རྒྱ་གར་གཞུང་ངོས་ནས་རང་ཉིད་ཀྱི་མངའ་ཁོངས་སྲུང་སྐྱོབ་བྱེད་འདོད་ཚེ་ལི་ཁིག་ཆིང་གི་ཉིན་གསུམ་རིང་གི་རྒྱ་གར་གྱི་གཟིགས་སྐོར་་སྐབས་དང་འབྱུང་འགྱུར་རྒྱ་དཀར་ནག་གཉིས་ཀྱི་ཕྱི་འབྲེལ་ཚོགས་འདུ་སྐབས་སུ་ཡང་ཉམ་ཆུང་བསྟུན་མཁས་ཀྱི་བྱ་སྤྱོད་སྤངས་ཏེ་རྒྱ་ནག་གཞུང་ལ་གདོང་ལེན་ཀྱི་འཐབ་བྱུས་གསར་བ་བེད་སྤྱོད་གཏོང་དགོས་འདུག་”ཅེས་བརྗོད་སོང་།

དེ་ཡང་ཀི་རི་ཌ་རྩེད་མོའི་མཐའ་མའི་འགྲན་བསྡུར་སླེབས་ལ་ཉེ་བའི་དུས་འདིར། ཟུར་ཟའི་རང་བཞིན་གྱི་བརྙན་པར་འདི་བརྒྱུད་ནས་རྒྱ་གར་གྱི་མི་རབས་གསར་བའི་གཞོན་སྐྱེས་ཚོར་ཡང་རྒྱ་ནག་གིས་བོད་བཙན་འཛུལ་བྱས་པ་དེས་རྒྱ་གར་ལ་ཉེན་ཁ་ག་ཚོད་ཅིག་ཡོང་གི་ཡོད་མེད་གོ་རྟོགས་སྤྲོད་རྒྱུ་དང་། བོད་ཀྱི་དཀའ་རྙོག་སེལ་བ་ཡིན་ན་རྒྱ་གར་ལ་དོན་དམ་གྱི་བདེ་འཇགས་དང་ཞི་བདེ་ཡོང་བའི་ངེས་ཤེས་སྐྱེས་སུ་འཇུག་པའི་རེ་ལྟོས་བྱེད་ཀྱི་ཡོད་འདུག

ད་ཆ་ལྡི་ལི་བོད་མིའི་བཞུགས་སྒར་བསམ་ཡས་གླིང་དང་བོད་ཀྱི་མཐོ་རིམ་སློབ་མའི་སྡོད་ཁང་གཉིས་ཀ་ཉེན་རྟོག་མི་སྣས་མཐའ་སྐོར་འདུག་ལ། མཐོ་སློབ་ཀྱི་སློབ་མ་ཚོར་ཆ་མཚོན་ན་ད་ཆ་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ལོ་འཁོར་ཡིག་རྒྱུགས་ཀྱི་དུས་སྐབས་ལ་འཁེལ་ཡོད། གཅིག་བྱས་ན་སང་ཉིན་དང་གནང་ཉིན་གཉིས་ཀར་རྒྱ་གར་གཞུང་ངོས་ནས་བོད་མི་ཚོའི་འགྲོ་འདུག་ཡོད་ཚད་ལ་བཀག་སྡོམ་བྱེད་རྒྱུའི་་ཉེན་ཁ་ཆེན་པོ་འདུག
གང་ཡིན་ཞེ་ན་མ་གཞི་ནས་རྒྱ་གར་གཞུང་ངོས་ནས་ལྡི་ལི་ས་གནས་གཞོན་ནུ་ཚོགས་པ་དང་། ས་གནས་བུད་མེད་ཚོགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ་བཅས་ཀྱི་མཉམ་རུབ་ཐོག་ཚེས་༢༠་ཉིན་ལྡི་ལི་ས་གནས་ཇེན་ཏར་མེན་ཏར་ནང་སྤེལ་འཆར་ཡོད་པའི་མི་མང་གི་ངོ་རྒོལ་ལས་འགུལ་ལ་ཆོག་མཆན་སྤྲད་ཡོད་ཀྱང་། མདང་དགོང་གློ་བུར་དུ་ཆོག་མཆན་དེ་ཕྱིར་བསྡུ་་བྱས་འདུག དེ་ཡང་རྒྱ་ནག་གི་སྲིད་བློན་རྒྱ་གར་ལ་སླེབས་ཀྱི་ཡོད་རུང་བོད་གཞུང་དམངས་གཉིས་ཀྱིས་ངོས་ནས་ངོ་རྒོལ་གང་ཡང་མ་བྱས་པར་བརྟེན་རྒྱ་གར་ནང་ཀློག་གྲངས་ཆེས་མང་ཤོས་ཀྱི་རྒྱ་གར་དུས་བབ་དྲ་ཚིགས་ངོས་སུ་”རྒྱ་ནག་གི་སྲིད་བློན་གྱི་གཟིགས་སྐོར་དང་། ལྷིང་འཇགས་ངང་གནས་པའི་ངྷ་རམ་ས་ལ་”ཞེས་པའི་གནས་ཚུལ་ཞིག་ཀྱང་བཀོད་འདུག

བཞད་གད་དང་འཕྱ་སྨོད་ཀྱི་བརྙན་པར་འདི་ནི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ངོས་ནས་སྤེལ་འཆར་ཡོད་པའི་ལས་འགུལ་ཁག་གི་ཆ་ཤས་ཙམ་ཡིན་འདུག་ལ། ད་ཆ་ལས་འགུལ་དངོས་གཞི་ཁག་ལ་གྲ་སྒྲིག་དང་འཆར་གཞི་འཐེན་མུས་ཡིན་འདུག

ལྡི་ལི།་༢༠༡༣་ཟླ་༥་པའི་ཚེས་༡༩་ཉིན།

གསར་འགྱུར།

Post navigation

Previous Post: མི་ཁ།
Next Post: ཐའེ་ཝན་བོད་བརྒྱུད་དྲ་བརྙན་དངོས་སུ་དབུ་བརྙེས་པ།

Comments (8) on “བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གི་སྲིད་བློན་ལི་ཁིག་ཆིང་ལ་ངོ་རྒོལ་བྱ་འཆར།”

  1. མེ་ཏོག་དཀར་པོ says:
    2013-05-19 at 12:30 pm

    ཁྱེད་ཅག་གི་ལས་འགུལ་དེར་བསྔགས་བརྗོད་ཡོད།

  2. རིགས་ཞེན་དཀར་པོ། says:
    2013-05-19 at 1:20 pm

    འདི་འདྲའི་སྐབས་སུ་དབུ་ལམ་ཁང་ཟེར་བའི་ཚོགས་པ་དེ་གཉིད་སྐྱིད་པོ་ཁུག་གི་ཡོད་རེད།

    གང་ཡིན་ཟེར་ན་བཀའ་ཟུར་བླ་མའི་བཀའ་སློབ་ཀྱིས་ཚོས་ནས་རྒྱ་ནག་གུ་ཁྲན་ཏང་གི་རྩ་

    ཁྲིམས་ཀྱི་ནང་དུ་མྱུར་བར་སླེབ་འདོད་ཀྱི་རེ་བས་ཁེངསང་པའི་ཕྱིར་རོ།

  3. ཀརྡོ་གཉེར་ཕྱག་པ་ says:
    2013-05-20 at 3:50 am

    ལས་འགུལ་གྱི་རྣམ་དཔྱོད་དང་། ལས་བྱས་པར་རྒྱབ་སྐྱོར་དང་རྗེས་ུ་ཡི་རང་ཞུའོ།།

  4. ཀརྡོ་གཉེར་ཕྱག་པ་ says:
    2013-05-20 at 3:55 am

    Li Premier League: TIBET Challenge to CHINI Joker in India

  5. ཤར་པ་ says:
    2013-05-20 at 7:47 am

    ལྷིང་འཇགས་ངང་གནས་པའི་སྡ་རམ་ས་ལ་ཞེས་པ་དེས་ཟུར་ཟའམ་ཡང་གོ་རྒྱུ་ཆེན་པོ་རེད། སེམས་ཕམ་པ་ལ་ཡར་ལང་ན་མགོ་སྡབ་མར་སྡད་ན་རྐུབ་སྡབ་། ལྷག་པར་དབུ་ལམ་བ་ཚོ་ཁ་ཐག་འཐེན། རང་བཙན་བ་ཚོ་ངོ་རྒོལ་བྱེད་ན་ཡག་པོ་འདུག། སྲིད་དོན་ཞེས་པ་དེ་རྣམ་པ་མའདྲ་བ་དང་། རྣམ་པ་འདྲ་ལ་དམིགས་ཡུལ་མི་འདྲ་བ་དང། ཐབས་ལམ་མི་འདྲ་བ་བྱེད་དགོས་། རང་བཙན་བ་དང་དབུ་ལམ་བ་ཚོ་དོན་ངོ་མ་བབས་ས་ཅིག་་ཡིན་དང་ཡིན་། མཐུན་སྒྲིལ་དཔུང་པ་རྟེན་པོ་ལོས་ཡིན།

  6. ཤར་མདའ། says:
    2013-05-20 at 10:08 am

    ང་ཚོས་དུས་ནམ་ཡང་རྒྱ་ནག་ལ་མགོ་སྒུར་དགོས་དོན་མེད།  གང་ཡིན་ཟེར་ན་འུ་ཚོས་བོད་མི་རིགས་ཀྱི་ལོ་རྒྱུས་ཡིན་ན་རེད་རང་ཉིད་ཀྱིས་བྱས་འབྲས་ཡིན་ན་རེད།རྒྱ་ནག་དམར་གཞུང་གིས་ཚུར་གུས་ཞབས་ངང་འུ་ཚོ་ལ་གླེང་མོར་བྱེད་དགོས་པ་ལས་འུ་ཚོས་ཕར་མགོ་སྒུར་དོན་གང་ཡང་མེད་འདི་ནི་ངས་དེ་རིང་བློ་ལ་འཁོར་བ་ཞིག་མིན་དེ་འདྲ་ཡིན་དུས་གཙོ་བོ་རང་ཉིད་ཀྱི་རིགས་གཞུང་དང་ཁྱད་ཆོས་སོགས་ཉམ་ཆགས་སུ་མ་སོང་བར་བྱེད་དགོས་པ་ལས་རྒྱ་ནག་དམར་གཞུང་ལ་མགོ་སྒུར་དགོས་པ་ཞིག་མཐོང་མ་སོང་ཡིན་ན་ཡང་༸གོང་ས་མཆོག་གིས་བྱམས་བརྩེའི་ཤེས་རབ་ཀྱི་གཟིགས་ནས་ལམ་དབུ་མ་ཞིག་གནང་འདུག་པ་འདི་ལ་ཁོང་ཚོས་ངེས་པར་བསམ་བློ་གཏོང་དགོས་པ་ལས་དུས་ནམ་ཞིག་བོད་མི་རང་ཉིད་ཀྱིས་ལམ་ཁ་གཞན་ཞིག་འདམས་པ་ཡིན་ན་དེ་དུས་རྒྱ་ནག་དམར་གཞུང་

  7. ཤར་མདའ། says:
    2013-05-20 at 10:09 am

    གིས་བློ་འགྱོད་སྐྱེ་ངེས་རེད་དྲན་སོང་།

  8. ཤར་མདའ། says:
    2013-05-20 at 10:12 am

    ང་ཚོས་དུས་ནམ་ཡང་རྒྱ་ནག་ལ་མགོ་སྒུར་དགོས་དོན་མེད།  གང་ཡིན་ཟེར་ན་འུ་ཚོས་བོད་མི་རིགས་ཀྱི་ལོ་རྒྱུས་ཡིན་ན་རེད་རང་ཉིད་ཀྱིས་བྱས་འབྲས་ཡིན་ན་རེད།རྒྱ་ནག་དམར་གཞུང་གིས་ཚུར་གུས་ཞབས་ངང་འུ་ཚོ་ལ་གླེང་མོར་བྱེད་དགོས་པ་ལས་འུ་ཚོས་ཕར་མགོ་སྒུར་དོན་གང་ཡང་མེད་འདི་ནི་ངས་དེ་རིང་བློ་ལ་འཁོར་བ་ཞིག་མིན་དེ་འདྲ་ཡིན་དུས་གཙོ་བོ་རང་ཉིད་ཀྱི་རིགས་གཞུང་དང་ཁྱད་ཆོས་སོགས་ཉམ་ཆགས་སུ་མ་སོང་བར་བྱེད་དགོས་པ་ལས་རྒྱ་ནག་དམར་གཞུང་ལ་མགོ་སྒུར་དགོས་པ་ཞིག་མཐོང་མ་སོང་ཡིན་ན་ཡང་༸གོང་ས་མཆོག་གིས་བྱམས་བརྩེའི་ཤེས་རབ་ཀྱི་གཟིགས་ནས་ལམ་དབུ་མ་ཞིག་གནང་འདུག་པ་འདི་ལ་ཁོང་ཚོས་ངེས་པར་བསམ་བློ་གཏོང་དགོས་པ་ལས་དུས་ནམ་ཞིག་བོད་མི་རང་ཉིད་ཀྱིས་ལམ་ཁ་གཞན་ཞིག་འདམས་པ་ཡིན་ན་དེ་དུས་རྒྱ་ནག་དམར་གཞུང་ལ་འགྱོད་པ་སྐྱེ་བའི་དུས་ཤིག་ཤར་ངེས་དྲན་སོང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (67)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme