Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ།

Posted on 2011-07-132011-07-13 By ཁ་བརྡ་ 8 Comments on བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ།

11071307001748
(བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གིས་བོད་ཀྱི་སྐོར་ལ་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་། ལྷག་པར་བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ནང་གི་དྲག་གནོན་ལ་ངོ་རྒོལ།)

གནས་ཚུལ་མཁོ་གཏོང་བ། གཅན་སྣང་བ་ཚེ་རིང་བཀྲ་ཤིས། (ལྡི་ལི་མཐོ་སློབ།)
ངྷ་རམ་ས་ལ། ༢༠༡༡ ལོའི་ཟླ་༧ པའི་ཚེས༡༣ ཉིན།
ཉེ་ལམ་རྒྱ་ནག་གཞུང་གིས་བོད་ནང་དུ་སྤེལ་བཞིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་གཉིས་ཏེ། རྒྱ་ནག་དམར་ཤོག་གཞུང་བཙུགས་ནས་མི་ལོ་༩༠འཁོར་བའི་དུས་དྲན་དང་། བོད་ཞི་བས་བཅིངས་འགྲོལ་བཏང་ནས་མི་ལོ་༦༠ འཁོར་བའི་དུས་དྲན་སྲུང་བརྩི་བྱས་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་མཚོན་ཆེད། བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་ནས་ངྷ་ས་ཉིན་མོའི་སློབ་གྲྭའི་བར་ཞི་བའི་ཁྲོམ་སྐོར་གྱི་ལས་འགུལ་ཞིག་སྤེལ་ཡོད་ལ། ལོ་ངོ་དྲུག་ཅུའི་རིང་ལ་རྒྱ་ནག་གཞུང་གི་མནར་གཅོད་འོག་འདས་གྲོངས་སུ་ཕྱིན་པའི་བོད་མི་རྣམས་ལ་མྱ་ངན་གུས་འདུད་མཚོན་ཆེད་ལས་འགུལ་ཁྲོད་ཀྱི་འཛུལ་ཞུགས་པ་ཡོངས་ནས་༼བོད་རང་བཙན་༽ཞེས་འཁོད་པའི་གཅིག་གྱུར་གྱི་སྟོད་ཐུང་ནག་པོ་གྱོན་པ་དང་ལག་ལ་དར་ཆ་ནག་པོ་རྐྱང་རྐྱང་བསྣམས་ནས་ཁྲོམ་སྐོར་དེ་དབུ་འཛུགས་ཞུས་སོང་། དེ་མ་ཚད་རྒྱ་ནག་གཞུང་གི་བཙན་གནོན་འོག་མྱངས་དང་མྱོང་བཞིན་པའི་བོད་མི་ས་ཡ་དྲུག་གི་དཀའ་སྡུག་གི་མི་ཚེ་དང་མུན་ནག་གི་ལོ་ཟླ་མཚོན་ཆེད“བཙན་དབང་འོག་གི་ལོ་ངོ་དྲུག་ཅུ། གཉན་གནོན་འོག་གི་ལོ་ངོ་དྲུག་ཅུ་”ཞེས་འཁོད་པའི་འཕྲེད་དར་དཔྱངས་པ་དང་ཁྲོམ་སྐོར་མདུན་གྲལ་གྱི་བོད་མི་དྲུག་གི་ལུས་པོ་ཡོངས་རྫོགས་རས་ནག་པོས་གཡོགས་ཤིང་། མཐའ་མར་མ་འོངས་པའི་མི་རབས་གསར་པས་ང་ཚོའི་རང་བཙན་གྱི་རྨི་ལམ་མངོན་འགྱུར་བྱེད་ངེས་ཡིན་པ་མཚོན་ཆེད་བོད་པའི་ཕྲུ་གུ་དྲུག་གིས་མི་དྲུག་པོ་དེའི་ལུས་པོ་སྒང་གི་རས་ཆ་ཚང་རལ་ནས་རང་བཙན་དང་བོད་ཀྱི་རྒྱལ་དར་ཡོད་པའི་སྟོད་གོས་ཕྱིར་མངོན་དུ་བཅུག་པ་དང་ལྷན་བོད་ཀྱི་རྒྱལ་དར་རེ་རེ་ཁོང་ཚོ་ལ་རྩིས་སྤྲོད་བྱས་སོང་།
དེ་ཡང་རྒྱ་གར་རྒྱལ་ཡོངས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས།“བོད་ཞི་བས་བཅིངས་གྲོལ་བཏང་ནས་མི་ལོ་༦༠འཁོར་བ་ཟེར་བའི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་དྲིལ་བསྒྲགས་དེའི་དམིགས་ཡུལ་གཙོ་བོ་ནི། ཁྲིམས་མཐུན་མ་ཡིན་པའི་བོད་རྒྱལ་ཁབ་ཉིད་བཙན་འཛུལ་བྱས་པ་དེ་ཁོང་ཚོས་ཁྲིམས་མཐུན་དུ་བཟོ་འདོད་པ་དེ་རེད་ལ། བོད་མི་ཚོས་དུས་རྟག་ཏུ་བོད་ནང་གི་རྒྱ་ནག་གཞུང་གི་ཆབ་སྲིད་ཀྱི་བདག་དབང་ངོས་ལེན་གནང་མེད་པ་མ་ཟད། བཙན་དབང་དང་གཉའ་གནོན་ལ་ཕྱོགས་པའི་ངོ་རྒོལ་གྱི་མེ་ལྕེ་དེ་ས་བྱི་ཞི་རྒོལ་ནས་རིམ་བཞིན་བོད་ཆོལ་ཁ་གསུམ་ལ་ཡོངས་སུ་ཁྱབ་ཡོད།”ཅེས་བརྗོད་སོང་།
རྒྱ་ནག་གཞུང་གིས་དུས་དྲན་སྲུང་བརྩིའི་གྲ་སྒྲིག་དང་ལས་གཞི་ཁག་གི་ཆེད་དུ་ཟླ་གཅིག་ལྷག་རིང་ཕྱི་རྒྱལ་གྱི་ཡུལ་སྐོར་སྤྲོ་འཆམ་པ་ཚོ་བོད་རང་སྐྱོང་ཟེར་བའི་ནང་འགྲོ་བསྐྱོད་ཆོག་པའི་མཐོང་ཆེན་སྤྲད་མེད་པ་དང་། དེ་ཡང་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། གྲོས་མཐུན་དོན་ཚན་བཅུ་བདུན་བཞག་ནས་མི་ལོ་༦༠་འཁོར་བའི་དུས་དྲན་སྲུང་བརྩིའི་ཆེད་ཟླ་༧་པའི་ཟླ་དཀྱིལ་དུ་རྒྱ་ནག་གི་ཆེས་མཐོའི་དཔོན་རིགས་མི་སྣ་ཁ་ཤས་ཕྱི་རྒྱལ་གྱི་མགྲོན་པོ་ཚོ་དང་ལྷན་དུ་ལྷ་ས་ལ་སྐོར་བསྐྱོད་བྱེད་རྒྱུ་ཡིན་པ་དང་། སྐབས་དེར་རྒྱ་ནག་གཞུང་གིས་དམག་མིའི་སྦྱོང་བརྡར་ཞིག་ཀྱང་བྱེད་རྒྱུ་རེད་ལ། དེས་བོད་ནང་གི་ད་ལྟའི་ཛ་དྲག་གི་གནས་བབ་ཤུགས་ཆེ་རུ་གཏོང་ངེས་རེད།
རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་འགན་འཛིན་འཇིགས་བྲལ་ལགས་ཀྱིས། “བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ནང་ཁྱབ་བཞིན་པའི་ཞི་རྒོལ་གྱི་རྦ་རླབས་དྲག་པོ་དེ་དང་ལྷན་དུ་ང་ཚོས་རྒྱ་ནག་གཞུང་གི་དྲག་གནོན་དང་བཙན་དབང་ལ་ཕྱོགས་པའི་བོད་ནང་གི་བོད་མི་ཚོའི་གདོང་ལེན་གྱི་རྣམ་པ་གསར་པ་ཞིག་མཐོང་ཐུབ་ཀྱི་འདུག་ལ། རྒྱ་ནག་གཞུང་གིས་ངེས་པར་དུ་བོད་ཨ་མདོ་རྔ་བ་དང་ཁམས་དཀར་མཛེས་ནང་གི་དྲག་གནོན་གྱི་ལས་འགུལ་གང་མགྱོག་མཚམས་འཇོག་བྱེད་དགོས་པ་མ་ཟད། ཉེ་ཆར་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཁྲོད་བཙོན་འཇུག་བྱས་པའི་བོད་མི་ཡོངས་རྫོགས་མྱུར་དུ་གློད་གྲོལ་གཏོང་དགོས།”ཞེས་ཐ་ཚིག་ནན་མོ་བསྒྲགས་སོང་།
ཨ་མདོ་རྔ་བའི་ནང་གི་ཞི་རྒོལ་ལ་རྒྱ་ནག་གཞུང་གིས་ཁྲག་དྲི་བྲོ་བའི་དྲག་གནོན་བྱས་རྗེས། ཟླ་༤བའི་ཚེས་༢༡་ནས་ཁམས་དཀར་མཛེས་ནང་གི་ཞི་རྒོལ་གྱི་ལས་འགུལ་ཁག་ཀྱང་ཕྱི་ལོགས་སུ་ཁྱབ་སྤེལ་འགྲོ་བར་བཀག་སྡོམ་ཤུགས་ཆེར་བྱས་ཡོད་ལ། ས་ཁུལ་དེར་ཟླ་༦པའི་ཚེས་༦ནས་ཡང་བསྐྱར་རང་དབང་རང་བཙན་དགོས་པ་དང་། ས་གནས་ཀྱི་བླ་ཆེན་ཁག་གཙོས་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་དགོས་པ། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་༧གོང་ས་སྐྱབས་མགོན་མཆོག་བོད་ནང་དུ་གདན་ཞུ་དགོས་པ་ལ་སོགས་པའི་ངོ་རྒོལ་སྐད་འབོད་ཀྱི་ལས་འགུལ་ཤུགས་ཆེར་སྤེལ་ཡོད་པ་རེད།
img_4693222

ཁམས་དཀར་མཛེས་ས་ཁུལ་ལ་མཚོན་ན་ད་ཆ་རྒྱ་ནག་གཞུང་གི་ཤུགས་ཆེའི་དམ་དྲག་འོག་གནས་ཡོད་པ་མ་ཟད། ས་གནས་དེར་ཞིབ་བཤེར་ས་ཚིགས་གང་མང་བཙུགས་ཏེ་བོད་མི་ཚོར་རྒྱ་ནག་གི་ཐོབ་ཐང་ལག་ཁྱེར་དང་སྡོད་གནས་ལག་ཁྱེར་སོགས་སྟོན་དགོས་པའི་དགོས་འདུན་འདྲ་མིན་བཏོན་ནས། བོད་མི་ཚོའི་འགྲོ་སྡོད་ལ་དོགས་ཟོན་དང་བཀག་སྡོམ་ནན་མོ་བྱེད་ཀྱི་ཡོད་པ་རེད།
དེ་རིང་གི་ལས་འགུལ་དེ་རྒྱ་གར་ནང་གཅིག་པུ་ཙམ་མ་ཡིན་པར། ཨ་རི་དང་། ཡོ་རོབ། ཁེ་ན་ཌ། ཉི་ཧོང་གཙོའི་འཛམ་གླིང་གི་གང་མང་ཞིག་གི་ནང་དུ་སྤེལ་ཡོད་ལ། ལྷག་པར་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ནང་ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་ཟུར་བ་ཇོ་ཚི་ན་(jyotsna)ལགས་ཀྱིས་སྣེ་ཁྲིད་འོག་ལྡི་ལི་གཙུག་ལག་སློབ་གྲྭ་ཆེན་མོའི་ནང་སློབ་གཉེར་བྱེད་བཞིན་པའི་རྒྱ་གར་དང་བོད་པའི་སློབ་ཕྲུག་ཁ་ཤས་ཀྱིས་མི་ལོ་དྲུག་ཅུའི་རིང་གི་བོད་མི་ཚོའི་དཀའ་སྡུག་གིོ་ལོ་ཟླ་ལ་གདུང་སེམས་མཉམ་བསྐྱེད་དང་རྒྱ་ནག་གི་དྲང་བདེན་མ་ཡིན་པའི་ཆབ་སྲིད་ཀྱི་དྲིལ་བསྒྲགས་ཁག་ལ་ངོ་རྒོལ་མཚོན་ཆེད་རྒྱ་གར་སྒོ་ཆེན(INDIAGATE) གྱི་མདུན་ཐང་དུ་ཞི་བའི་ལས་འགུལ་ཞིག་ཀྱང་སྤེལ་འདུག

བོད་རང་བཙན་སློབ་ཕྲུག་ཚོགས་པས་བོད་མི་ཚོའི་རང་བཙན་འཐབ་རྩོད་ཀྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཐོག་ནས་ལས་འགུལ་འདྲ་མིན་སྤེལ་གྱི་ཡོད་ལ། ང་ཚོ་ནི་ལས་འགུལ་པ་དང་གཞོན་སྐྱེས་མི་སྣས་གྲུབ་པའི་རྒྱལ་སྤྱིའི་རང་བཞིན་གྱི་ཚོགས་པ་ཞིག་ཡིན་ལ། ཤེས་ཡོན་དང་། འཚེ་མེད་ཞི་བའི་ལས་འགུལ། གཞི་རིམ་གྱི་བཀོད་སྒྲིག་ལ་སོགས་པའི་སྦྱོང་བརྡར་ཁག་བརྒྱུད་ནས་བོད་མིའི་གཞི་རྩའི་ཐོབ་ཐང་དང་ཆབ་སྲིད་ཀྱི་རང་དབང་རྩོད་ལེན་བྱེད་ཀྱི་ཡོད་ལ། ང་ཚོའི་ལས་གཞི་ཁག་བརྒྱུད་ནས་གཞོན་སྐྱེས་ཚོར་འགོ་ཁྲིད་ཀྱི་སྦྱོང་བརྡར་སྤྲད་དེ། ཁོང་ཚོས་མ་འོངས་པར་འཛམ་གླིང་ནང་གི་དྲང་བདེན་གྱི་འཐབ་རྩོད་དང་ལས་འགུལ་ཁག་གི་ཁྲོད་དུ་སྣེ་ཁྲིད་བྱེད་ཐུབ་པའི་ནུས་པ་བསྐྱེད་བསྲིང་བྱེད་རྒྱུ་དེ་ཡིན།

པར་བ་་་་ནོར་བུ་དབང་རྒྱལ།

གསར་འགྱུར།

Post navigation

Previous Post: གཞན་ཡུལ་ན་ལས་ཀ་དང་འཚོ་བ་འདི་འདྲ་རེད།
Next Post: འཇིགས་པ་མེད་པ།

Comments (8) on “བོད་པ་དང་བོད་དོན་རྒྱབ་སྐྱོར་བ་ཚོས་རྒྱ་ནག་གཞུང་གི་དྲག་གནོན་ལ་ངོ་རྒོལ།”

  1. འདྲེ་མགོ་རྡོ། says:
    2011-07-14 at 4:18 am

    xxxxxxxxxxxxxxxxxxx

  2. འདྲེ་མགོ་རྡོ། says:
    2011-07-14 at 4:24 am

    xxxxxxxxxxxxxxxxxx

  3. ཁྱི་ཕྲུག says:
    2011-07-14 at 5:22 am

    འདྲེ་མགོ་རྡོ་ལགས།
    གཅིག   (ཁྲིམས་མཐུན་མ་ཡིན་པའི་བོད་རྒྱལ་ཁབ་ཉིད་བཙན་འཛུལ་བྱས་པ་དེ་ཁོང་ཚོས་ཁྲིམས་མཐུན་དུ་བཟོ་འདོད་པ་དེ་རེད་)ཟེར་བ་དེ་(་བོད་རྒྱལ་ཁབ་ཉིད་ཁྲིམས་མཐུན་མ་ཡིན་པར་བཙན་འཛུལ་བྱས་པ་དེ་ཁོང་ཚོས་ཁྲིམས་མཐུན་དུ་བཟོ་འདོད་པ་དེ་རེད་ལ།)བཟོ་བཅོས་གནང་རོགས།
    ད་དུང་མགོ་ཚོས་ན་ཁྱེད་ཀྱི་ཐོག་མའི་ཀུན་སློང་ལ་ཆགས་སྡང་གི་ཚོར་ཤུགས་དྲག་པོ་ཡོད་པའི་རྟགས་རེད།

    གཉིས།  ངས་བལྟས་ནས་ཁྱེད་ཀྱིས་གོང་གི་གསར་འགྱུར་དེ་ཡག་པོ་ཞིག་ཀློག་མེད་པ་འདྲ།  གང་ཡིན་ཞེ་ན་གོང་གི་ཚིག་དུམ་དེ་ནི་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱི་སྐད་ཆ་རེད་མ་གཏོགས་བསྟན་འཛིན་རྡོ་རྗེ་ལགས་ཀྱི་སྐད་ཆ་མ་རེད།

    གསུམ།  ཁྱེད་ཀྱི་མཆན་གསར་འགྱུར་གྱི་ཁོར་ཡུག་ལས་རིང་དུ་བརྒལ་ནས་གང་ཟག་བྱེ་བྲག་པ་ཞིག་གི་སྟེང་དུ་མཆོང་འདུག་པ་མ་ཟད་རྒྱུ་མཚན་དང་ཁུངས་ལུངས་མེད་པའི་ཉོག་གཏམ་རྐྱང་རྐྱང་བཤད་འདུག

    བཞི   (ཁ་ཙམ་འགུལ་ཙམ་གྱིས་འགྲིག་གི་འདུག་བསམ་གྱི་ཡོད)  སྐད་ཆ་འདི་ཡང་ཉོག་གཏམ་ཁོག་ན་རེད་ལ།  ཁོང་ཚོར་རྒྱུས་མེད་པའི་རྟགས་མཚན་རྣལ་མ་ཞིག་ཀྱང་རེད།   དྲང་མོར་ཞུས་ན་ཁོང་ཚོ་ནི་ཁ་འགུལ་ཙམ་བྱས་ནས་འདུག་མཁན་ཞིག་མིན་པ་ངས་བཤད་མི་དགོས་པར་ཚང་མས་མཁྱེན་གསལ་ཡིན་ལ།  དེ་ཁྱེད་ཀྱིས་མ་མཁྱེན་ན་ཁྱེད་རང་ལོང་བ་དང་ཁྲོམ་པའི་ནང་གི་སྦལ་བ་ཡིན་པ་ཡིན་པའི་རྟགས་མཚན་རེད།  ཕྱོགས་གཞན་ཞིག་ནས་ཞུས་ན་ཁྱེད་ཀྱི་སྐད་ཆ་དེ་ནི་མི་གཞན་ལ་གཞུས་པའི་རྡོ་དེ་མཐའ་མར་རང་གི་མགོ་ལ་འཁེལ་བ་དང་གཅིག་མཚུངས་རེད། 

    བོད་པའི་སྤྱི་ཚོགས་ཁྲོད་ན་བོད་པའི་རྩ་དོན་གྱི་ཆེད་དུ་སོ་སོའི་ལག་པ་ཨམ་ཕྲག་ནང་དུ་ལྟད་མོ་བལྟ་མཁན་མང་ལ།  མི་དེ་ཚོས་རྩ་དོན་གྱི་ཆེད་དུ་ལས་ཀ་བྱེད་མཁན་གྱི་མི་ཚོའི་སྐྱོན་ཆ་ཁོ་ན་སྲུང་གི་རེད།  གང་ཡིན་ཞེ་ན་ཁོང་ཚོར་དེ་ལས་ལྷག་པའི་ལས་ཀ་གཞན་ཞིག་མེད་ལ།  དེ་ལས་ལྷག་པའི་ལས་ཀ་ཞིག་བསྒྲུབ་པའི་ནུས་པ་ཡང་མེད་པས།་་   ཁོ་ཚོ་ནི་ནམ་ཡང་ང་ཚོའི་སྤྱི་ཚོགས་ཁྲོད་ཀྱི་འཇོན་མེད་རིང་ལུགས་པ་རྐྱང་ཡིན་ལ།   དོན་ངོ་མར་མི་དེ་ཚོའི་རིགས་ནི་ཁ་ཙམ་འགུལ་ཙམ་འགུལ་ཙམ་བྱས་ནས་སྡོད་མཁན་གྱི་གྲས་དེ་རེད་ལ།  སོ་སོའི་རྐང་པའི་རྩེ་མ་མཐོང་བར་ད་དུང་ང་རྒྱལ་རི་འདྲ་བ་ཞིག་རུམ་ནས་འདུག་མཁན་དེ་ཚོ་རེད།

  4. ཁྱི་ཕྲུག says:
    2011-07-14 at 5:25 am

    ནོར་བཅོས་་་་་་ད་དུང་མགོ་ཚོས་ན་ཟེར་བ་དེ་༼་ད་དུང་མགོ་མ་ཚོས་ན་༽

  5. འདྲེ་མགོ་རྡོ། says:
    2011-07-14 at 5:44 am

    བསྟན་རྡོར་རྡོར་བསྟན་ལ་ནོར་མེད། འོན་ཀྱང་རྡ་སའི་ཚོགས་གཙོ་ཁོང་གི་སྐད་ཆ་དེ་མཐོང་བས་ང་རྒྱ་ནག་ལ་ངོ་ཚ་སོང་། དེ་གཅིག་ཡིན། དེ་ནས་བོད་ཀྱི་སྐོར་ཤེས་རྟོགས་མེད་མཁན། བོད་མིའི་སེམས་ཁམས་ལ་རྒྱུས་མངའ་མེད་མཁན་འདི་རིགས་ཀྱིས། དེང་སང་འཛམ་གླིང་སྤྱི་འགྲོའི་ཆབ་སྲིད་ཀྱི་ཚོང་ལ་ཞུགས་ཁུལ་བྱེད་པ་འདི་དངོས་གནས་རང་། བོད་རང་གི་རང་དོན་ཐད་ནས་བཤད་ན་ཁ་ཙམ་འགུལ་ཙམ་ཡིན་ལ། ད་ལྟའི་གནས་སྟངས་ཀྱི་ཆ་ནས་དེ་བས་ཀྱང་ཞུ་མ་དགོས་སོ། མི་འདིའི་རིགས་འདི་ག་དུས་ཡིན་ན་རྙོགས་རོ་ཆགས་ནས་སྲབ་ཏུ་སྲབ་ཏུ་འགྲོ་རྒྱུ་ལས་གཞན་གང་ཡང་མེད་པ་རེད།

    xxxxxxxxxxxxxxxxxxxxxxx

  6. འདྲེ་མགོ་རྡོ། says:
    2011-07-14 at 5:51 am

    ངས་སྐྱོན་ཁོ་ན་སྒྲུག་གི་མེད། སྐྱོན་མེད་ན་སྐྱོན་དུ་འགྱུར་དོགས་ཀྱང་མེད་པ་རེད། ད་བར་རང་བཙན་སློབ་ཕྲུག་ཚོགས་པར་ཡག་ས་རྐྱང་རྐྱང་ནས་གླེང་བ་མ་གཏོགས། སྡུག་ས་ནས་གླེང་མེད་པ་གསལ་བོ་རེད། བོད་དང་བོད་མི། བོད་ནང་གི་བོད་མི་ཞེས་དབྱིན་ཇི་བ་ཚོའི་མདུན་ནས་སྡུག་སྐད་རྒྱབ། ཨ་སྒོར་སློང་རྒྱབ་ཚར་དུས། དེ་བོད་སྤྱིའི་རེད་མ་གཏོགས། མི་རེ་གཉིས་ཀྱི་མ་རེད། ཚོགས་པ་ཆེ་ཆུང་ཚང་མས་ད་བར་ཡོངས་ཁྱབ་ཏུ་རྩིས་ཁྲ་འབུལ་སྲོལ་ཞིག་ཡོད་པ་རེད། འོན་ཀྱང་སློབ་ཕྲུག་ཚོགས་པ་གཉིད་ཁུག་བསྡད་ན་འགྲིག་གི་མ་རེད། དེ་ངའི་དོན་རྡོག་རེད་མ་གཏོགས། བསྟན་རྡོར་ལྷ་སྒྲོན་ཟེར་ནས་གང་ཟག་སྒེར་བ་ཞིག་ཅི་གང་བཤད་ཀྱི་མེད། སྤྱི་པའི་ལས་ཀ་བྱེད་ན་བྱེད་ལུགས་བྱེད་སྟངས་ཏག་ཏག་སྡོད་དགོས་ཀྱི་རེད་ཅེས་ངས་ཟེར་གྱི་ཡོད། གོ་སོང་ངམ།

  7. ྦྦྦཁིར་བཞུད། says:
    2011-07-14 at 10:31 am

    རེད། ཁ་སང་དེ་རིང་ངའི་ཕ་ཡུལ་ན་རླུང་འཚུབ་ཤུན་ཏུ་རྒོད་མོད་ཀྱང་། སྤུན་ཟླ་ཚོའི་བྱམས་སྐྱོང་རེ་ཚོར་དུས། ངས་ཕ་ཡུལ་གྱི་སེམས་ཤུགས་དང་ལ་རྒྱ་གཞི་ནས་ཚོར་བྱུང་།

  8. ཁྱི་ཕྲུག says:
    2011-07-17 at 4:44 am

    གཅིག་ རྡོར་བརྟན་གྱི་བརྟན་ར་བརྟན་རེད་མ་གཏོགས་ས་བསྟན་མ་རེད།་་་དེ་ཐོག་མར་བཟོ་བཅོས་ཤིག་བྱེད་རོགས།
    གཉིས མི་གཞན་ལ་སྐྱོན་འཛུགས་པར་ཁྱོད་ཧ་ཅང་མཁས་པོ་འདུག་ དེ་ན་ཁྱེད་ཀྱིས་ཅི་ཞིག་འཇོན་ཡོད། ཚོགས་པ་གང་ཞིག་གིས་ཁྱོད་ལ་རྩིས་ཁྲ་འདི་ཡིན་ཟེར་ནས་བསྟན་སོང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་རང་རང་གི་རྩིས་ཁྲ་འགྲོ་སྟངས་གསལ་པོ་གསལ་རྐྱང་ཡོད། ཡིད་མ་ཆེས་ན་ལས་ཁུངས་ལ་ཕེབས་དང་ཁྱོད་ལ་གཅིག་གཅིག་གཉིས་བྱས་ནས་བསྟན་ཆོག
    གསུམ གསར་འགོད་གསལ་བསྒྲགས་བོད་འགྱུར་མ་ལ་སྐྱོན་འདུག་ཅེས་ལབ་ན་ཁས་ལེན་ཐུབ་ས་རེད། རྡོར་བརྟན་གྱི་སྐད་ཆས་ཁྱེད་རང་རྒྱ་ནག་ལ་ངོ་ཚ་རུ་བཅུག་སོང་ཅེས་བྲིས་འདུག་ དོན་ངོ་མ་ཁོང་གི་སྐད་ཆ་གང་ཞིག་མ་འགྲིག་པ་རེད། ཁོང་གི་སྐད་ཆ་དབྱིན་སྐད་ནང་དུ་ཞུས་པ་དེས་འདིར་བཀོད་ན་ China’s propaganda celebration of the so-called ’60 years of peaceful liberation’ is a futile attempt to legitimize their illegal occupation of Tibet. ངས་བལྟས་ན་ཁྱོད་ཀྱིས་ཁོང་ཚོས་བོད་ཡིག་ཤེས་ཀྱི་མི་འདུག་ཟེར་གྱི་ཡོད་པ་འདྲ། འཆར་གཞི་དང་ཇུས་སོགས་གང་ཡང་མེད་པར་བོད་ཡིག་ཐར་ཐོར་ཞིག་ཤེས་པ་ཙམ་གྱིས་ཅི་ཕན།
    ཁྱོད་འདྲེ་མགོ་རྡོའི་ཀུན་སློང་དེ་ཆོས་ཅན། ཆགས་སྡང་གི་མཁྲིས་ནད་ཀྱིས་མནར་གྱིན་ཡོད་པ་ཐལ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དེ་ཁྱོད་ཀྱིས་གངས་དཀར་སེར་པོ་ལྟ་བུ་སྣང་གི་ཡོད་པའི་ཕྱིར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme