Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་དང་དད་པ་གཉིས་གཅིག་རེད་དམ།

Posted on 2008-07-04 By དབང་ཕྱུག་ 5 Comments on བོད་པ་དང་དད་པ་གཉིས་གཅིག་རེད་དམ།

ཨ་འབྲུག་དཀོན་མཆོག

མི་བུ་ཆེན་པོར་རློམ་མཁན་ཞིག་གིས་གཏམ་བརྗོད་བྱེད་ཀྱི་འདུག། བོད་པ་བཤད་ཀྱིན་འདུག དད་པ་བཤད་ཀྱི་འདུག བོད་པ་དང་དད་པ་གཉིས་མཉམ་དུ་བཤད་ཀྱི་འདུག མཐའ་མཇུག་དད་པ་མེད་ན་བོད་པ་མིན་པ་དང་བོད་པ་ཡིན་ན་དད་པ་ཡོད་དགོས་ལྟ་བུ་བཤད་ཀྱི་འདུག ཁོ་བས་དད་པ་ནི་རིག་གནས་ཤིག་གི་སྲོག་སྙིང་དང་སྤྱི་ཚོགས་ཤིག་གི་རྟེན་གཞི་མི་རིགས་ཤིག་གི་ངོ་རྟགས་སུ་སྙམ་བཞིན་པ་འདྲ་ལ། དད་མ་མེད་སོང་ན་རིག་གནས་ཉམས་སོང་བ་དང་སྤྱི་ཚོགས་འཐོར་སོང་བ་མི་རིགས་བརླགས་སོང་བར་མཐོང་བཞིན་ཡོད་པ་འདྲ། འོན་ཀྱང་ངས་ནི་ཁོའི་གཏམ་བཤད་དེའི་རྒྱབ་ནས་གོ་དོན་གཞན་ཞིག་རྟོགས་ཡོང་གི་འདུག ཁོའི་དད་པ་གཙོ་བོར་བཤད་པ་དེ་མི་རིགས་ཀྱི་ཆེད་རེད་དམ་རིག་གནས་ཀྱི་ཕྱིར་རེད་དམ། ཡང་ན་ཁོའི་སྐད་ཆ་དེ་ནི་རང་ཉིད་དང་རང་ཉིད་གང་དུ་གཏོགས་པའི་གྲལ་རིམ་དེའི་ཆེད་རཻད། ཁོའི་སྐད་ཆ་དེ་རང་སྲུང་གི་ཆེད་རེད་དམ་གཞན་སྐྱོབ་ཀྱི་ཆེད་རེད། དོན་ངོ་མ་བོད་པ་དང་དད་པ་གཅིག་རཻད་དམ། དད་པ་མེད་ན་བོད་པ་མེད་སོང་བ་རེད་དམ། ཁོང་ཚོས་ད་ལོའི་བོད་མིའི་འོས་ལངས་ཆེན་པོ་འདི་ཡང་དད་པ་དང་དེའི་སྟོབས་ཤུགས་ལས་བྱུང་བ་བཤད་ཀྱི་འདུག སྐུ་མཁྱེན་སྐུ་ཤོབ་མ་གསུང་རོགས། ད་ལོ་བོད་མི་ཚོས་ཕྱག་འཚལ་མཆོད་འབུལ་བྱས་པ་མ་རེད། མ་ཎི་དུང་བསྒྲུབ་འཚོགས་པ་མ་རེད། ཁོང་ཚོའི་ནང་སེམས་ཀྱི་འདུ་ཤེས་ཡན་འགར་བ་ཞིག་གི་ཆེད་དུ་རང་ལུས་ཁྲག་ལ་བརྗིས་ཤིང་རང་སྲོག་འབེན་ལ་བཙུགས་པ་མ་རེད། ཁོང་ཚོ་ལ་འགྲོ་བསྐྱོད་འདུ་འཛོམས་ལ་སོགས་པའི་ལུས་ཐོག་གི་རང་དབང་བཀག་སྡོམ་བྱས་ཡོད་པ་རེད། ཁོང་ཚོ་ལ་རང་ཉིད་ཀྱི་དགའ་སྡུག་གི་ཚོར་བ་ཙམ་སྟོན་པའི་གཏམ་བརྗོད་ཀྱི་རང་དབང་བཀག་སྡོམ་བྱས་ཡོད་པ་རེད། ཁོང་ཚོའི་འཚོ་བའི་རྟེན་གཞི་འཕྲོག་གི་ཡོད་པ་རེད། ཁོང་ཚོའི་རིགས་རྒྱུད་བཙན་གྱིས་གཅོད་ཀྱི་ཡོད་པ་རེད༌། ཁོང་ཚོའི་འཚོ་གནས་ཀྱི་ཁོར་ཡུག་ཏུ་རང་ཉིད་ཉམ་ཆུང་དུ་གྱུར་ཅིང་རང་སྐད་བེད་མེད་དུ་གྱུར་ཡོད་པ་རེད། ཁོང་ཚོ་གྲངས་ཉུང་མི་རིགས་སུ་གྱུར་ཅིང་གྲལ་རིམ་གཉིས་པ་རུ་གྱུར་ཡོད་པ་རེད། འདི་དག་གི་རྐྱེན་གྱིས་ཁོང་ཚོར་སྡུག་བསྔལ་ཆེ་བ་རེད། སྙིང་ནད་ཡོད་པ་རེད། དེའི་ཕྱིར་ཁོང་ཚོའི་བཙན་གནོན་ལ་ངོ་རྒོལ་བྱེད་ཀྱི་ཡོད་པ་རེད། དཔུང་རྡིང་གཅིག་གྱུར་བྱེད་ཀྱི་ཡོད་པ་རེད། མ་གྲོས་བསམ་པ་གཅིགམ་མཐུན་ཡོང་གི་ཡོད་པ་རེད། སྐྱིད་སྡུག་མཉམ་མྱོང་བྱེད་ཀྱི་ཡོད་པ་རེད། འདི་དག་ང་ཚོ་ལ་དད་པ་མཁོ་བའི་རྒྱབ་ལྗོངས་མ་རེད་ང་ཚོ་ལ་རང་དབང་མཁོ་བའི་རྒྱབ་ལྗོངས་རེད། འདི་དག་ང་ཚོ་ལ་དད་པ་ཡོད་པའི་རྒྱུ་མཚན་གྱིས་མ་རེད་ང་ཚོ་ལ་རང་དབང་མེད་པའི་རྒྱུ་མཚན་གྱིས་རེད། ཇི་སྲིད་ང་ཚོར་འགྲོ་བ་མི་ལ་ཡོད་འོས་པའི་གཞི་རིམ་གྱི་རང་དབང་རྣམས་མ་ཐོབ་པ་དེ་སྲིད་དུ་ང་ཚོས་ངོ་རྒོལ་བྱེད་ཀྱི་རེད། དད་པ་མེད་ཀྱང་བྱེད་ཀྱི་རེད། བོད་པ་དང་དད་པ་གཉིས་གཅིག་གྱུར་མ་རེད་ལ་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་དེ་དད་པ་མ་རེད། ད་དུང་སྐབས་ལ་ལར་དད་པ་ནི་དེའི་འགོག་རྐྱེན་དུ་འགྱུར་གྱི་ཡོད་པ་རེད། དེའི་དཔེ་མཚོན་གཅིག་ནི་རྒྱ་གཞུང་གིས་དམངས་ཀྱི་འོས་ལངས་དེའི་མགོ་གནོན་དུ་བོད་ཀྱི་ས་ཁུལ་ག་གེ་མོའི་བླ་སྤྲུལ་ག་གེ་མོ་བེད་སྤྱོད་བྱེད་ཀྱི་ཡོད་པ་རེད། ངས་བལྟས་ན་བོད་པ་དང་དད་པ་གཉིས་གཅིག་གྱུར་མ་རེད། ཁྱེད་ཀྱིས་བལྟས་ན་ག་འདྲ་རེད། བོད་དེ་བོད་དུ་འགྲུབ་བྱེད་དེ་དད་པ་རེད་དམ། བོད་མའི་མི་ལོ་སྟོང་ཕྲག་དུ་མའི་ལོ་རྒྱུས་ནང་གི་རླབས་ཆེན་གྱི་ལས་དོན་མཐའ་དག་དད་པ་རྨང་གཞི་བྱས་ནས་གྲུབ་པ་རེད་དམ། ངས་འདི་ལྟར་བཤད་ནི་དད་པ་གཏན་ནས་མི་དགོས་པ་ཞིག་ཏུ་འགྲེལ་བརྗོད་བྱེད་ཀྱིན་པའི་གོ་བ་མ་ལོག་རོགས། འོན་ཀྱང་བོད་པ་དད་པ་གཅིག་གྱུར་དུ་བསྒྲུབ་པའི་རིགས་པ་དེ་རྒྱབ་ལྗོངས་ཅན་གྱི་སྐད་ཆ་ཞིག་ཡིན་པ་ཁས་ལེན་ཐུབ་ཀྱི་མི་འདུག་ལ། འཇིག་རྟེན་ཧྲིལ་པོ་ཤེས་རིག་གི་ལམ་སྟེགས་ནས་མ་འོངས་པར་ཕྱོགས་པའི་དེ་རིང་རི་བོ་གངས་ཅན་པའི་ལག་ཏུ་དད་པ་གཅིག་བུ་བཟུང་འདུག་ས་ཞིག་འདུག་གམ། དད་པ་ཡོད་པས་འགྲིག་གི་ཡོད་ན་དེ་ནི་ང་ཚོ་ལ་སྔོན་མ་ཞིག་ནས་ཡོད་པ་མ་ཡིན་ནམ།

སྣ་ཚོགས།

Post navigation

Previous Post: བོད་སྤྱི་སྐད་གསར་བཟོའི་སྐོར་གྱི་བགྲོ་གླེང༌།
Next Post: ཐེངས་བདུན་པ་དེ་ཐེངས་མཐའ་མ་ཡིན་ནམ།

Comments (5) on “བོད་པ་དང་དད་པ་གཉིས་གཅིག་རེད་དམ།”

  1. སྤོབས་པ། says:
    2008-07-04 at 7:46 pm

    སྐུ་ཞབས་ཨ་འབྲུག་དཀོན་མཆོག་ལགས།
    དད་པ་མེད་ན་བོད་པ་མིན་ཞེས་བཤད་མཁན་ཡོད་ན་དེ་ལ་འདི་དྲི་བར་བྱ་སྟེ། དད་ཡུལ་གང་ཡང་རུང་བ་ཞིག་ལ་དད་པ་ཙམ་གྱིས་ཆོག་ཡང་ན་དད་ཡུལ་བྱེ་བྲག་པ་ཞིག་ཡིན་དགོས། སྔ་མ་ལྟར་ན་རྒྱ་ནག་གུང་ཁྲན་ལ་དད་པ་བྱས་ན་ཅིར་འགྱུར། ང་ཚོའི་བོད་གཞུང་ཡང་སྔོན་མ་ཆོས་ལུགས་ཤོག་ཁག་དང་སྐུ་དྲགས་མཉམ་སྦྲེལ་གྱིས་འཛིན་སྐྱོང་བྱེད་པའི་གཞུང་ཞིག་རེད། ད་ལྟ་དམངས་གཙོ་ཡང་དག་གི་གཞུང་ཡིན་པར་ཤོད་ཀྱི་ཡོད། དམངས་གཙོ་དེ་དད་པ་ཡོད་མེད་ལ་འབྲེལ་བ་ཡོད་པ་ཞིག་མ་རེད། བོད་པ་ཡིན་དགོས་ན་བོད་རིགས་ཡིན་དགོས་པ་སྨྲོས་མེད་ཡིན་ཡང་བོད་མིའི་མཚན་ཉིད་དེ་དད་པ་དང་ལྡན་པ་ཞེས་སྦྱར་དགོས་ན་ཧ་ཅང་མི་ཐལ་ལམ། མ་གཞི་མི་དེ་ཚོས་དད་པ་ཟེར་བ་དེ་གང་ཞིག་ལ་ཟེར་གྱི་ཡོད་དམ།
    སྐུ་ཞབས་ལགས། ངས་ཁྱེད་ཀྱིས་གང་ཞིག་ཤོད་ཀྱི་ཡོད་པ་གསལ་བོར་གོ་བྱུང༌། ཁྱེད་ཀྱིས་དད་པ་མི་དགོས་ཞེས་ཤོད་ཀྱི་མི་འདུག་ལ་ཆོས་ལུགས་མི་དགོས་ཞེས་ཀྱང་ཤོད་ཀྱི་མི་འདུག ཁྱེད་ཀྱི་ཤོད་བཞིན་པ་དེ་ནི་བོད་མི་ཟེར་བ་གང་ཞིག་ལ་ངོས་འཛིན་དགོས་མིན་དང་བོད་མིས་གང་ཞིག་གི་ཆེདརྒྱ་གཞུང་ལ་ངོ་རྒོལ་བྱེད་བཞིན་ཡོད་པའི་སྐོར་དེ་གཉིས་གསལ་བཤད་བྱས་འདུག ངས་བསམ་ན་དེ་གཉིས་གང་ཡིན་ངོས་ཟིན་རྒྱུ་གལ་ཆེན་ཞིག་ཀྱང་རེད་སྙམ།
    ངས་ཀྱང་རང་རེའི་ཆེན་པོར་རློམས་པ་ཚོས་ད་དུང་ཡང་མང་ཚོགས་ཀྱི་རྨོངས་དད་བེད་སྤྱད་ནས་ལྟོ་གོས་གཏམ་གསུམ་སྒྲུབ་པའི་བག་ཆགས་དེ་དབང་ཆེན་གསེར་གྱི་ས་གཞི་བཞིན་བརྟན་པོར་གནས་པ་མཐོང་བས་ངས་སྐུ་ཞབས་ཞོགས་དུང་གི་བག་ཆགས་དོངས་ནས་སྤྲུགས་པའི་ལྟ་ཚུལ་ལ་རྗེས་སུ་ཡི་རངས་ཅུང་ཙམ་རེ་མི་བྱེད་ཐབས་མེད་དུ་གྱུར་ལ། འབའ་པ་ཕུན་ཚོགས་དབང་རྒྱལ་གྱིས་དམར་པོའི་ལམ་ལུགས་ཀྱི་བོད་ལ་འགྱུར་བ་གཏོང་བའི་འཆར་གཞི་བཏིངས་ནས་ལམ་ལྷོངས་མ་བྱུང་བ་བདེན་ན་དེ་ལ་ཡང་ཕངས་སེམས་རེ་སྐྱེས་དགོས་བྱུང༌།
    འདི་དང་འདི་ལྟ་བུའི་སེམས་ཚོར་གང་བྱུང་རྒྱུན་དུ་གླེང་རོགས། ང་ཚོ་ལ་ད་ལྟ་ནས་འཇིག་རྟེན་བཀོད་པ་པོ་ལྟར་སྤྱི་ཚོགས་ཆེན་མོའི་ལེགས་ཉེས་བླངས་དོར་བྱེད་པའི་ནུས་པ་མེད་རུང་རང་རང་གི་ས་ནས་བསམ་ཚུལ་བརྗེ་རེས་བྱེད་རྒྱུ་དེས་སེམས་ལ་ཕན་པོ་འདུག

  2. མགོན་པོ་ཕྱག་གཉིས་པ། says:
    2008-07-10 at 12:49 pm

    བོད་པ་དང་དད་པ་གཉིས་གཅིག་པ་རེད་དམ་ཞེས་པ་འདི་དྲི་བ་གལ་ཆེན་པོ་ཞིག་ཏུ་མཐོང་། འདི་མཚན་ཉིད་རིག་པ་བ་ཞིག་ལ་མཚོན་ན་དྲི་བ་གལ་ཆེན་པོ་ཞིག་རེད་ལ། བརྡ་སྤྲོད་རིག་པ་བ་ཞིག་ལ་མཚོན་ནའང་དྲི་བ་གལ་ཆེན་པོ་ཞིག་རེད། སྤྱིར་བཏང་བྱ་བྱེད་གཉིས་ཐ་དད་ཡིན་པས་བོད་པ་དང་དད་པ་གཉིས་གཅིག་པ་གང་ནས་ཡིན། ངས་བོད་ཀྱི་སྤྱི་ཚོགས་ལ་བསམ་བློ་ཅུང་བཏང་བ་ཡིན། བོད་ལ་མཚོན་ན། འདི་ལས་སུ་བྱ་བ་མིན་པ་དང་དགོས་པའི་ཆེད་དུ་བྱ་བའང་མིན་པར་བྱ་བྱེད་གཉིས་ངོ་བོ་གཅིག་ཏུ་གྲུབ་པའི་དེ་ཉིད་ཀྱི་དཔེར་འོས། དེས་ན་བོད་པ་དང་དད་པ་གཉིས་ངོ་བོ་གཅིག་ཏུ་གྲུབ་ཡོད་པའི་རྒྱུ་མཚན་གྱིས། བོད་པ་དང་དད་པ་མཉམ་དུ་བཤད་ཆོག་ལ། དད་པ་མེད་ན་བོད་པ་མིན་པ་དང་བོད་པ་ཡིན་ན་དད་པ་ཡོད་དགོས་ཞེས་བཤད་ཀྱང་ཆོག འདི་དེ་ཉིད་རང་ཡིན་པས། ཉེ་སྔོན་གྱི་ལས་འགུལ་དེ་ཚོའང་བྱ་བྱེད་ངོ་བོ་གཅིག་ཏུ་གྲུབ་འདུག་པས་དེ་ལ་བྱ་བ་དང་ཆེད་དུ་དོན་དུ་སོགས་མང་པོ་ཞིག་དབྱེ་རྒྱུ་ཅི་ལ་ཡོད།
    ནམ་ཞིག་དད་པ་མེད་སོང་དུས་བོད་པའང་མེད་སོང་བ་ཡིན། དད་པ་ཅན་གྱི་བོད་པ་དེ་མེད་སོང་བ་ཡིན། དེའི་སྐབས་བོད་པའི་ངོ་བོ་ཡང་རྣམ་པ་གཞན་དུ་འགྱུར་ཡོད། དེའི་སྐབས་དེ་ཉིད་མ་ཡིན་པའི་དཔེ་བརྗོད་གཞན་ཞིག་འཇོག་འོས།

  3. ཡེ་ཤེས། says:
    2008-07-10 at 1:03 pm

    ངས་བསམས་ན་དད་པ་ཞེས་པ་དེ་ནི་ད་ལྟ་དང་མ་འོངས་པའི་ཕུགས་རེ་མངོན་དུ་འགྱུར་བའི་ཆེད་དུ་བཅང་བའི་རེ་སྨོན་ཞིག་ཏུ་གོ་ན་འགྲིག་པས། དེ་ལྟ་བུའི་རེ་སྨོན་ཙམ་ཡང་མེད་པའི་བོད་པ་ཞིག་རང་རེ་ལ་མཁོ་འམ་མི་མཁོ་ཞེས་པ་ནི་ང་ཚོའི་མདུན་དུ་ལྷགས་པའི་དྲི་རྟགས་དེ་རེད།

  4. སྤོབས་པ། says:
    2008-07-10 at 7:02 pm

    བཀུར་འོས་པའི་སྐུ་ཞབས་ཡེ་ཤེས་ལགས། ཁྱེད་ཀྱིས་གསུངས་པ་ལྟར་གོ་ན་ལོས་འགྲིགས། འོན་ཀྱང་ཁྱེད་ཀྱི་གསུངས་སྟངས་དེ་མཁས་པས་བཤད་ན་ཅི་ཡང་བདེན་ཞེས་པ་ཙམ་ལས་སྐབས་དོན་དངོས་ཀྱི་སྟེང་དུ་དེ་ཙམ་བབ་མེད་པ་འདྲ། མི་འདི་ཚོས་ཆོས་པ་དང་དད་པ་ཅན་ཞེས་པ་དེ་ལྟ་གྲུབ་ཅིག་གི་རྗེས་སུ་འབྲངས་པ་ལ་མི་ཟེར་བར་བཟང་ངན་ལ་མ་ལྟོས་པར་སྔར་སྲོལ་རྒྱུན་འཛིན་གྱི་གང་ཟག་ཅིག་གིས་སྒེར་གཅོད་དབང་བསྒྱུར་འོག་ལ་འགྲོ་མཁན་ཞིག་ལ་ཟེར་གྱིན་ཡོད་པ་འདྲ། བོད་པ་ཞེས་པ་དེ་བོད་ཀྱི་མི་རིགས་སུ་སྐྱེས་པ་ཙམ་གྱིས་ཆོག་པ་ལས་དེ་ལ་དད་པ་སོགས་ཀྱི་ཆ་རྐྱེན་འདྲ་ཚང་ཨེ་དགོས། ལན་དྲང་པོ་ཞིག་གསུངས་དང༌།

  5. སེམས་ཆུང་སྡེ་བ། says:
    2008-07-14 at 2:50 am

    “ཁོའི་དད་པ་གཙོ་བོར་བཤད་པ་དེ་མི་རིགས་ཀྱི་ཆེད་རེད་དམ་རིག་གནས་ཀྱི་ཕྱིར་རེད་དམ། ཡང་ན་ཁོའི་སྐད་ཆ་དེ་ནི་རང་ཉིད་དང་རང་ཉིད་གང་དུ་གཏོགས་པའི་གྲལ་རིམ་དེའི་ཆེད་རཻད། ” ང་ཚོས་མགོ་བརྩམས་དུས་ནས་བཟུང་ཅིའི་ཕྱིར་མི་དེས་བྲིས་པའི་རྩོམ་ཡིག་ལ་བལྟས་ཏེ་དེའི་རིན་ཐང་དང་གནས་ལུགས་ཡོད་མེད་སོགས་ལ་མི་བལྟ་བར་འདི་ལྟར་ཐད་ཀར་མི་དེས་ཅི་བསམ་སྟེ་བྲིས་སོང་ཞེས་པར་ལྡིང་དགོས་དོན་ཨེ་འདུག འདི་གཅིག་ཐང་ན་ཁྱེད་ཚོ་ཕྱི་སྡོད་པ་ཚོའི་གོམས་གཤིས་ཡིན་ཡང་སྲིད། གལ་སྲིད་མི་ཞིག་གིས་ཅི་བཤད་དང་ཅིའི་ཕྱིར་བཤད་སོགས་ལ་དཔྱད་པ་གཏོང་འདོད་ན། ཀྲུང་གོའི་དཔོན་པོ་ཚོས་ཀྲུང་གོའི་དྲ་ཐོག་ཉིན་ཚགས་དང་མི་དམངས་་དྲ་ཐོག་ཉིན་ཚགས་སོགས་ཐོག་སྤེལ་བའི་གཏམ་བཤད་དང་གསལ་བསྒྲགས་ཁག་ལ་ལྟོས་དང་། ད་གཟོད་སྐད་ཆ་་རེ་རེའི་ཕག་ཀུན་སློང་བཙོག་པ་རེ་འཁྱེར་ཡོད་པ་མཐོང་ཐུབ། ཁྱེད་ཚོར་མཁྱེན་སྤྱན་ཡོད་ན་རང་དབང་ལུང་བའི་ཡོད་པའི་དགེ་མཚན་སྤྱད་ནས་དེ་དག་ལ་དབྱེ་གསེས་བྱས་ན་ལེགས་པ་ལས། ནང་ནས་ཕན་ཚུན་ལ་ཁབ་གཙགས་འབིགས་གཙགས་བྱེད་རེས་བྱས་ནས་བསྡད་ན་ཅི་ཕན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme