Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་པ་ཐེ་ཝན་མི་སེར་ལ་ཆང་ས་རྒྱག་མཁན་ཚོར་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད།

Posted on 2017-02-252017-02-25 By ཁ་བརྡ་ 4 Comments on བོད་པ་ཐེ་ཝན་མི་སེར་ལ་ཆང་ས་རྒྱག་མཁན་ཚོར་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད།

ཐེ་བོ་ལྷུན་གྲུབ།

 

བོད་པ་ཐེ་ཝན་གྱི་མི་སེར་དང་མཉམ་དུ་ཆང་ས་རྒྱག་མཁན་རྣམས་ལ་རྒྱལ་ཁབ་གཞན་པ་དང་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་རྒྱུར་ཁྲིམས་ཐོག་ལ་གཏན་འབེབས་བྱུང་འདུག

ཕྱི་ལོ་༢༠༠༩ ལོར་ང་རང་ཐེ་ཝན་གྱི་བུ་མོ་ཚེ་གཡང་ཆིན་ལ་ཆང་ས་བརྒྱབ་པ་ཡིན། ངས་ཐེ་ཝན་དུ་འགྲོ་སྡོད་ཆོག་པའི་ཡིག་ཆ་དང་ཐོངས་མཆན་ཞུ་བའི་འགྲོ་ལུགས་ཆ་ཚང་ཁྲིམས་མཐུན་གྱི་གནས་སྟངས་འོག་སྒྲུབ་མོད། འོན་ཀྱང་ཐོངས་མཆན་ལེགས་འགྲུབ་མ་བྱུང་སྟབས། ངས་རྒྱ་གར་དུ་ཡོད་པའི་ཐེ་ཝན་གཞུང་ཚབ་ཁང་ལ་དེའི་སྐོར་གནད་དོན་གང་ཞིག་ཡོད་མིན་སྐད་ཆ་འདྲི་དུས། ཐེ་ཝན་གཞུང་ཚབ་ཀྱིས་ང་ལ། “གང་ཡང་ཞུ་རྒྱུ་མེད། ཁྱོད་ལ་བཤད་དགོས་ཡ་མི་འདུག” ཅེས་ལན་བསློགས་སོང་། དེ་ལྟར་ཐོངས་མཆན་ཞུས་པ་ལེགས་འགྲུབ་མ་བྱུང་བའི་དབང་གིས་ང་དང་ངའི་སྐྱེ་སྨན་གཉིས་རྒྱལ་ཁབ་མ་འདྲ་བ་གཉིས་ལ་སོ་སོར་འདུག་དགོས་བྱུང་།

16649039_1570674849628816_6948891361638585377_n (1)ཕྱི་ལོ་ ༢༠༡༠ ལོར་ངའི་སྐྱེ་སྨན་ལ་ཕྲུ་གུ་བཙའ་ལ་ཉེ་བ་དང་། ང་ལ་ཐེ་ཝན་དུ་འགྲོ་བའི་ཐོངས་མཆན་ཡིག་ཆ་ཁ་ཐུག་ཞུ་ས་མ་རག་སྟབས། ངའི་སྐྱེ་སྨན་གྱི་ཨ་མས་ཐེ་ཝན་ཁྲིམས་འཛིན་ལྷན་ཁང་ལ་རོགས་རམ་བྱེད་པར་རེ་ཞུ་བྱས་ཤིང་ཁྲིམས་འཛིན་ལྷན་ཁང་གི་གནོན་ཤུགས་ཀྱིས། རྒྱ་གར་དུ་ཡོད་པའི་ཐེ་ཝན་གཞུང་ཚབ་ཀྱིས་ང་ལ་འཇིགས་སྐུལ་དང་སྡིགས་ར་ཐེངས་མང་བསྐུལ་བའི་ཆེས་མཐའ་མར་གཞི་ནས་ང་ལ་ཐོངས་མཆན་སྤྲད་སོང་། འོན་ཀྱང་། ཐོངས་མཆན་གྱི་ཡི་གེ་དེ་ཧ་ཅང་མ་འདྲ་བ་ཞིག་ནི་ལྗོངས་རྒྱུ་བས་བཀོལ་སྤྱོད་བྱ་རྒྱུའི་ཐོངས་མཆན་ཏེ། ལས་ཀ་བྱེད་མི་ཆོག་པ་དང་། འཕྲོད་བསྟེན་ཉེན་སྲུང་གི་འགན་ལེན་མེད་པ། བཅའ་སྡོད་བྱེད་མི་ཆོག་པ་བཅས་ཀྱི་ཐོངས་མཆན་ཞིག་རེད། ཡིག་ཆ་དེའི་སྟེང་དུ་མཉམ་འཇོག་བྱ་དགོས་པའི་དོན་ཚན་ཞིག་ཡོད་པ་ནི་བཅའ་སྡོད་བྱེད་མི་ཆོག་པ་དེ་རེད། དེ་བརྟེན་ང་རང་ཐེ་ཝན་དུ་སླེབས་ནས་ཉིན་གྲངས་ ༦༠ ཐམ་པ་ལ་བསྡད་པ་ཡིན།

ཐེ་ཝན་དུ་འབྱོར་རྗེས་ངའི་སྐྱེ་སྨན་གྱིས་མོ་རང་གི་རོགས་པོ་ཞིག་ངོ་སྤྲོད་བྱས་ཤིང་། ང་ཚོས་ངོ་ཤེས་པའི་གྲོགས་པོ་དེས་ཡིག་ཆ་ནག་པོ་(གཏན་འཇགས་མེད་པ།)ཆགས་པ་དང་ཐེ་ཝན་གྱི་མི་སེར་དང་གཉེན་སྒྲིག་བྱས་པའི་རིགས་ལ་རོགས་རམ་བྱེད་མཁན་པེ་ཧྲ་ཧྲ་ཚོགས་པ་(ཕྱི་རྒྱལ་བའི་མི་ཡིག་ཆ་ནག་པོ་ཆགས་པ་ཚོར་རོགས་རམ་བྱེད་མཁན་གྱི་ཚོགས་པ།)བརྒྱུད་དེ་ཆེད་དུ་རོགས་རམ་བྱས་བྱུང་།
ཐོག་དང་པོ་ངའི་ཐོངས་མཆན་གྱི་ཆུ་ཚོད་མ་ཡོལ་བའི་སྔོན་ཏེ་ཐེ་ཝན་དུ་ཡོད་པའི་གོ་སྐབས་དང་བསྟུན། པེ་ཧྲ་ཧྲ་ཚོགས་པའི་ངོས་ནས་ང་དང་ངའི་སྐྱེ་སྨན་གཉིས་ཀྱིས་གསར་འགོད་ལྷན་ཚོགས་ཤིག་བསྐོང་དགོས་པའི་བསམ་ཚུལ་བཏོན་ཀྱང་། ངེད་གཉིས་ལ་ཇི་ལྟར་སྒྲུབ་རྒྱུའི་ཉམས་མྱོང་མེད་པ་དང་། ངའི་སྐྱེ་སྨན་ལ་ཡང་ཕྲུ་གུ་བཙས་མ་ཐག་ཡིན་པས་གོ་སྐབས་དེ་ལག་ལེན་བསྟར་མ་ཐུབ་སྟབས། ཉིན་གྲངས་ ༦༠ ཐམ་པའི་རྗེས་ནས་ང་རང་ཐེ་ཝན་དང་གྱེས་པ་ཡིན། ད་རུང་ཐེ་ཝན་ཕྱི་འབྲེལ་སྡེ་ཚན་གྱི་ལས་ཁུངས་ནས་ང་ལ་“ཁྱོད་རང་རྒྱལ་ཁབ་འདིར་ཡོང་མི་ཆོག་པ་བྱེད་པའི་དབང་ཆ་ང་ཚོར་ཡོད་པ་རེད་”ཅེས་ཐད་ཀར་བརྗོད་སོང་།

16711966_1570675002962134_7150377544895603844_n

ཕྱི་ལོ་ ༢༠༡༡ ལོར་ངའི་ཕྱི་སྐྱོད་ལག་འཁྱེར་སེར་པོ་བསྐྱར་ཞུའི་ཆེད་དུ་ང་ཚོ་ནང་མི་གསུམ་པོ་རྒྱ་གར་དུ་ཡོང་ནས་གནས་སྡོད་བྱས་ཤིང་། དེ་ལོའི་ཕྱི་ཟླ་ ༧ པའི་ནང་ང་ཚོ་མཉམ་དུ་ཐེ་ཝན་ལ་ཕྱིར་སླེབས་རྗེས། (ང་རང་ཟླ་བ་གཉིས་ལ་སྡོད་ཆོག་པའི་ཐོངས་མཆན་བླངས་པ་ཡིན་མོད། སྔར་བཞིན་ལས་ཀ་བྱེད་མི་ཆོག་པ། འཕྲོད་བསྟེན་ཉེན་སྲུང་གི་འགན་ལེན་མེད་པ་དང་། བཅའ་སྡོད་བྱེད་མི་ཆོག་པ་བཅས་ཡིན་ནའང་། ཟླ་གཉིས་བགོར་རྗེས་ཡང་བསྐྱར་ཐོངས་མཆན་ཟླ་དྲུག་གི་རིང་ལ་དུས་འགྱང་བྱ་ཆོག་གི་འདུག) ང་ཚོ་དང་འདྲ་བའི་དཀའ་ངལ་ལ་འཕྲད་བཞིན་པའི་བོད་པའི་མི་ཚང་ཞིག་གིས་གྲོགས་པོ་ཞིག་བརྒྱུད་དེ་ང་ཚོའི་སར་སླེབས་སོང་ལ། ཁོང་རང་གིས་ཀྱང་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སེར་པོ་བསྣམས་ཡོད་སྟབས། ང་རང་ནང་བཞིན་ཁོང་ལའང་ཐེ་ཝན་གྱིས་ཐོངས་མཆན་སྤྲད་མེད་པར་བརྟེན། ཁོང་གིས་ང་ཚོ་ལ་ཐབས་ཤེས་བྱེད་པའི་རེ་སྐུལ་བྱས་བྱུང་། ད་དུང་ཁོང་རང་ནང་བཞིན་དེ་འདྲའི་དཀའ་ངལ་ཅན་གྱི་ཐེ་བོད་ཁྱིམ་ཚང་རྣམས་ཀྱིས་ང་ཚོར་རིམ་བཞིན་འབྲེལ་བ་བྱས་བྱུང་།

16712031_1570675146295453_5090555555057699484_nདེ་ལྟར་འབྲེལ་བ་བྱེད་དགོས་པའི་རྒྱུ་མཚན་ནི། ང་རང་དང་ཐོག་ཐེ་ཝན་དུ་འབྱོར་རྗེས། ངའི་སྐྱེ་སྨན་ལ་ཐེ་ཝན་གྱི་ཁྲིམས་འཛིན་ལས་ཁུངས་གང་སར་འབྲེལ་བ་བྱས་པའི་ཉམས་མྱོང་ཡོད་པས་རེད། གོ་སྐབས་འདི་བརྒྱུད་དེ་ང་ཚོ་ཐེ་བོད་ཁྱིམ་ཚང་ཁག་གིས་རང་ཉིད་ཀྱི་དཀའ་ངལ་གྱི་གནད་དོན་སེལ་ཆེད་གཞུང་གི་ལས་ཁུངས་ཁག་ལ་འབྲེལ་བ་བྱས་མོད། འོན་ཀྱང་། གཞུང་ཕྱོགས་ནས་ཡང་ནས་ཡང་དུ་ང་ཚོ་ཐེ་བོད་ཁྱིམ་ཚང་ལ་སྣང་མེད་བྱས་སྟབས། ངའི་སྐྱེ་སྨན་དང་ང་གཉིས་ཀྱིས་གནད་དོན་འདི་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པའི་ཐབས་ལམ་གྱི་ངོ་བོར་བསྒྱུར་རྒྱུར་གྲོས་བསྡུར་ཞིབ་མོ་བྱས་རྗེས་གཉིས་མོས་བྱུང་། གལ་སྲིད་རང་ཉིད་སོ་སོ་ཕྱི་ལ་ཐོན་ཏེ་ཐོབ་ཐང་བརྩོན་ལེན་ཆེད་གཞུང་ལ་ངོ་རྒོལ་བྱས་ནས་ཐོབ་ཐང་བརྩོན་ལེན་བྱས་པ་དང་། དེ་འདྲ་བྱས་ན་ཐེ་ཝན་ཕྱི་སྲིད་ལས་ཁུངས་ཀྱིས་མི་འདི་ལ་ཡིག་ཆ་རྩ་བ་ནས་སྤྲོད་མི་རུང་བསམས་ཏེ་ཡིག་ཆ་མ་སྤྲད་པར་མིང་ཐོ་ནག་པོ་བཟོས་བཞག་ན་ཅི་བྱ་དགོས་སམ། ང་དང་ངའི་སྐྱེ་སྨན་གཉིས་ཀྱི་གཅིག་མཐུན་གྱི་བསམ་བློ་ནི། འདི་ལྟར་མི་ཚང་ཞིག་མཉམ་འཛོམས་ཀྱི་ཐོབ་ཐང་ལ་ཁྱད་གསོད་དང་། བོད་མིའི་བྱ་བ་རྒྱ་ཡན་དུ་གཏོང་མི་ཆོག་པ་དེ་རེད། དེར་བརྟེན་ངེད་གཉིས་ཀྱིས་རང་ཉིད་སོ་སོའི་ཐོབ་ཐང་བརྩོན་ལེན་ཆེད་དུ་གཞུང་ལ་ངོ་རྒོལ་མུ་མཐུད་དུ་བྱ་རྒྱུར་བློ་རྒྱ་ཆེན་པོའི་སྒོ་ནས་ཕྱིར་ནུར་གཏན་ནས་མི་བྱེད་པའི་དམ་བཅའ་བཞག་པ་ཡིན།

ཕྱི་ལོ་ ༢༠༡༡ ལོའི་སྟོན་མཇུག རང་འགུལ་གྱིས་པེ་ཧྲ་ཧྲ་ཚོགས་པར་འབྲེལ་བ་བྱས་ཏེ་ང་ཚོ་ཐེ་བོད་ཁྱིམ་ཚང་གི་དགོས་འདུན་ནི་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱེད་པ་ཡིན་པས་རོགས་རམ་བྱེད་པར་རེ་འབོད་ཞུས་ཤིང་། ལོ་ངོ་དྲུག་གི་རིང་ལ། པེ་ཧྲ་ཧྲ་ཚོགས་པས་སྣེ་ཁྲིད་བྱས་ཏེ་ང་ཚོ་ཐེ་བོད་ཁྱིམ་ཚང་གིས་ངོ་རྒོལ་ཤུགས་ཆེན་པོ་བྱས་པའི་བརྒྱུད་རིམ་ཁྲོད་ཀྱི་འབོད་ཚིག་ནི། བོད་མིའི་བཟའ་ཟླའི་བརྩོན་ལེན་ནི་ཐེ་ཝན་དུ་བཅའ་སྡོད་བྱེད་པའི་ཁེ་དབང་དང་མི་ཚང་མཉམ་འཛོམས་ཡོང་དགོས་པ་དེ་ཡིན།

16711520_1570674962962138_1572654610202237726_nཕྱི་ལོ་ ༢༠༡༡ ཟླ་ ༡༢ ནང་གི་ཐེངས་དང་པོའི་གསར་འགོད་གསལ་བསྒྲགས་དང་། ཐེངས་དང་པོ་འཕྲེད་དར་འཕྱར་ནས་ཁྲོམ་ལམ་དུ་ངོ་རྒོལ་བྱེད་སྐབས། དཀའ་ངལ་གཅིག་པ་འཕྲད་པའི་ཐེ་བོད་ཁྱིམ་ཚང་རྣམས་འཛུལ་ཞུགས་བྱས་བྱུང་།
ཕྱི་ལོ་ ༢༠༡༢ ཟླ་ ༥ པར་ཐེངས་དང་པོ་སྲིད་གཞུང་གི་མདུན་དུ་འཕྲེད་དར་འཕྱར་ནས་ངོ་རྒོལ་མགོ་བཙུགས་པ་དང་། དེ་ལྟར་སྲིད་འཛིན་ལྷན་ཁང་ནང་དང་གཞུང་ཕྱོགས་མཐུན་ཐབས་ཚོགས་པ་བཅས་ཀྱིས་ཟླ་ ༧ ཚེས་ ༩ ཉིན་སྤྱི་ཡོངས་སྒྲིག་གཞི་སྟེ་”རྒྱ་གར་ཕྱི་སྐྱོད་ལག་འཁྱེར་སེར་པོ་བཟུང་ནས་ཐེ་ཝན་གྱི་མི་སེར་ལ་གཉེན་སྒྲིག་བཅའ་སྡོད་བྱེད་པའི་བོད་མིའི་སྒྲིག་གཞི།” ཞེས་པ་ལས། བཟའ་ཟླ་ཕྲུ་གུ་མེད་པའི་ཁྱིམ་ཚང་ལ་ལོ་གསུམ་རིང་ཞིབ་བཤེར་དང་། ཕྲུ་གུ་ཡོད་པའི་ཁྱིམ་ཚང་ལ་ལོ་ངོ་གཉིས་ཀྱི་རིང་ཞིབ་བཤེར་ཚར་རྗེས། གཞི་ནས་བཅའ་སྡོད་བྱ་ཆོག་མིན་གྱི་ཆོག་མཆན་ཞུ་དགོས་པའི་སྒྲིག་སྲོལ་ཞིག་བཟོས་ཀྱང་། པེ་ཧྲ་ཧྲ་ཚོགས་པ་དང་ང་ཚོ་ཐེ་བོད་ཁྱིམ་ཚང་རྣམས་ཀྱིས་མུ་མཐུད་དུ་ངོ་རྒོལ་བྱས་པ་ཡིན།

ཕྱི་ལོ་ ༢༠༡༣ ཟླ་ ༥ ནང་དུ་ཐེངས་གཉིས་པར་སྲིད་གཞུང་གི་མདུན་དུ་འཕྲེད་དར་འཕྱར་ནས་ངོ་རྒོལ་བྱས་པར། གཞུང་ངོས་ནས་མཐུན་སྦྱོར་བྱས་ནས་ཟླ་ ༨ ཚེས་ ༨ ཉིན་སྤྱི་ཡོངས་སྒྲིག་གཞི་ལྟར། རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སེར་པོ་འཛིན་པའི་བོད་མི་ཐེ་ཝན་མི་སེར་མཉམ་དུ་གཉེན་སྒྲིག་བྱས་ཏེ་བཅའ་སྡོད་བྱེད་པའི་སྒྲིག་སྲོལ་ལ་འགྱུར་བ་ཞིག་བཏང་སྟེ། གཉེན་སྒྲིག་བྱས་ཤིང་ཕྲུ་གུ་མེད་པའི་བཟའ་ཟླར་ལོ་གཉིས་རིང་ཞིབ་བཤེར་དང་། བཟའ་ཟླར་ཕྲུ་གུ་ཡོད་པ་རྣམས་ལ་ལོ་གཅིག་རིང་གི་ཞིབ་བཤེར་གྲུབ་རྗེས། གཞི་ནས་བཅའ་སྡོད་བྱ་ཆོག་མིན་གྱི་ཆོག་མཆན་ཞུ་དགོས་པའི་སྒྲིག་སྲོལ་ཞིག་བཟོས་པ་རེད།

ཐེ་ཝན་གཞུང་ཕྱོགས་ནས་ལོ་དུས་རྒྱས་བཅད་བྱས་པའི་སྤྱི་ཡོངས་སྒྲིག་གཞི་དེ་ནི་ཧ་ཅང་གིས་བསམ་བློ་ཆེན་པོ་བཏང་ནས་བྱམས་སྙིང་རྗེ་བསྒོམས་པའི་ཚུལ་རེད་མོད། ང་ཚོ་ཐེ་བོད་ཁྱིམ་ཚང་རྣམས་ལ་མཚོན་ན་དེ་ཡང་ལུགས་མཐུན་མིན་པ་མ་ཟད། མཐོང་ཆུང་ཁྱད་གསོད་བྱས་པ་ཞིག་རེད།
ཕྱི་ལོ་ ༢༠༡༤ ཟླ་ ༦ ཚེས་ ༣ ཉིན་གྱི་སྤྱི་ཡོངས་སྒྲིག་གཞི་ལྟར་ན། རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སེར་པོ་བཟུང་བའི་བོད་མི་ཐེ་ཝན་མི་སེར་དང་མཉམ་དུ་གཉེན་སྒྲིག་བཅའ་སྡོད་བྱེད་པའི་རེ་ཞུའི་སྒྲིག་གཞི་ལ་ཡང་བསྐྱར་འགྱུར་བ་ཞིག་བཏང་བ་ནི། བཟའ་ཟླར་ཕྲུ་གུ་མེད་ན་ལོ་གཉིས་རིང་ཞིབ་བཤེར་བྱ་དགོས་པ་དང་། བཟའ་ཟླར་ཕྲུ་གུ་ཡོད་ན་ལོ་ཚད་ཅི་ཡང་མེད་པར་བཅའ་སྡོད་བྱ་ཆོག་པའི་སྒྲིག་སྲོལ་གསར་བཟོ་བྱས་པ་རེད།

16683935_1570675206295447_5866551708477194756_nཐེ་ཝན་སྲིད་གཞུང་གིས་ང་ལ་ཁྱོད་ནི་རྒྱལ་ཁབ་མེད་པའི་མི་རེད་ཅེས་བརྗོད་སོང་། གང་ཡིན་ཞེ་ན། ངས་རྒྱ་གར་གྱི་ཕྱི་སྐྱོད་ལག་འཁྱེར་སེར་པོ་བཟུང་ཡོད་པས་རེད། དེར་བརྟེན་ང་རང་ཐེ་ཝན་གྱི་ས་ཆ་ག་ས་གང་དུ་བཀག་འགོག་དང་ཞིབ་བཤེར་བྱས་མོད། རྒྱ་གར་དུ་ཡོད་པའི་ཐེ་ཝན་གཞུང་ཚབ་ཁང་གིས་ངའི་ཡིག་ཆར་ཞིབ་བཤེར་ནན་ཏན་བྱས་ཡོད་པ་མ་ཟད། ཁོང་ཚོར་ངོ་ཐུག་གིས་སྐད་ཆ་བཤད་སྐབས་ངས་ཆང་ས་བརྒྱབ་པའི་ཡིག་ཆ་སོགས་སུ་དོགས་པ་ཅི་ཡང་མེད་པའི་ཞིབ་དཔྱོད་ར་འཕྲོད་དང་ཐོབ་ཐང་། ཁེ་དབང་། ཐེ་ཝན་མི་སེར་བོད་མི་མཉམ་དུ་གཉེན་སྒྲིག་བྱས་པ་ནི་ཕྱི་མི་གཞན་རྣམས་ཀྱིས་གཉེན་སྒྲིག་བྱེད་པ་དང་ཀུན་ནས་མཚུངས་པས། པེ་ཧྲ་ཧྲ་ཚོགས་པའི་སྣེ་ཁྲིད་འོག་ང་ཚོ་ཐེ་བོད་ཁྱིམ་ཚང་རྣམས་ཀྱིས་ངོ་རྒོལ་རྒྱུན་མཐུད་ནས་བྱེད་དགོས་བྱུང་བ་རེད།

ཕྱི་ལོ་ ༢༠༡༦ ཟླ་ ༡༡ ཚེས་ ༡༡ ཉིན། པེ་ཧྲ་ཧྲ་ཚོགས་པ་དང་ང་ཚོ་ཐེ་བོད་ཁྱིམ་ཚང་ཁ་ཤས་ཀྱིས། ཁྲིམས་འཛིན་ལྷན་ཁང་གི་ལྩམ་ཀོའུ་ལཱ་སི།(ཐེ་ཝན་གྱི་འཐུས་མི་བོད་དོན་རྒྱབ་སྐྱོར་བ།) གཞུང་ཕྱོགས་མཐུན་ཐབས་ཚོགས་པ། ཕྱོགས་གཉིས་མཐུན་ཐབས་ཚོགས་པ་བཅས་ཀྱིས་སྤྱི་ཡོངས་གྲོས་མཆོད་ཅིག་ལས་”བོད་མིའི་གཉེན་བསྒྲིགས་པ་ནི་ཕྱི་མི་གཞན་གྱིས་གཉེན་བསྒྲིགས་པའི་ཐོབ་ཐང་དང་གཅིག་མཚུངས་བཟོ་དགོས།” ཞེས་པའི་སྤྱི་ཆིངས་བཞག་ཡོད་པ་དང་། འདི་ནི་ཧ་ཅང་གིས་སེམས་སུ་སྐུལ་ལྕགས་ཐེབས་པའི་གསར་འགྱུར་ཞིག་ཡིན་མོད། འོན་ཀྱང་། ང་རང་སྔ་མོ་ནས་ཐེ་ཝན་སྲིད་གཞུང་ལ་ཡིད་ཆེས་བརླགས་ཚར་ཡོད་སྟབས། ཁྲིམས་དེ་ཆ་ཚང་བ་ཞིག་ལག་ལེན་མ་བསྟར་བའི་སྔོན་ལ། ང་ཚོ་ཐེ་བོད་ཁྱིམ་ཚང་ཁག་ནམ་ཡང་སེམས་པ་ལྷོད་ལ་འབབ་ཐུབ་ཀྱི་མི་འདུག

ཕྱི་ལོ་ ༢༠༡༧ ལོའི་ཟླ་ ༢ ཚེས་པ་ ༡༥ ཉིན་ང་ཚོ་ཐེ་བོད་ཁྱིམ་ཚང་རྣམས་ཀྱིས་ཡང་བསྐྱར་ཐེ་ཝན་གཞུང་ལ་ངོ་རྒོལ་བྱས་ནས་རྒྱལ་ཁབ་གཞན་པའི་མི་དང་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་དགོས་པ་དང་། བོད་མི་ལ་སྣང་ཆུང་གཏོང་མི་རུང་བའི་རེ་སྐུལ་བྱས་པ་ལྟར། ཉིན་དེ་རང་ལ་ད་ནས་བཟུང་བོད་པ་ཐེ་ཝན་གྱི་མི་སེར་དང་མཉམ་དུ་ཆང་ས་བརྒྱབ་ན། རྒྱལ་ཁབ་གཞན་པའི་མི་དང་སྤྱི་མཚུངས་ཀྱི་ཐོབ་ཐང་སྤྲོད་རྒྱུར་ཁྲིམས་ཐོག་ལ་གཏན་འབེབས་བྱས་ཡོད་པས། བོད་མི་སུ་རུང་ནས་ཐེ་ཝན་གྱི་མི་དང་མཉམ་དུ་ཆང་ས་བརྒྱབ་ན། རྒྱལ་ཁབ་གཞན་པའི་མི་ནང་བཞིན་ལོ་ངོ་བཞིའི་རྗེས་སུ་ཐེ་ཝན་གྱི་མི་སེར་ཆགས་རྒྱུ་ཡིན་སྟབས། ང་ཚོ་ཐེ་བོད་ཁྱིམ་ཚང་རྣམས་ཀྱིས་རང་ཉིད་ཀྱི་ཐོབ་ཐང་བརྩོན་ལེན་བྱས་པར་གྲུབ་འབྲས་ཡག་པོ་ཐོབ་ཅིང་། འདིས་བོད་པ་ཐེ་ཝན་གྱི་མི་སེར་དང་མཉམ་དུ་ཆང་ས་རྒྱག་མཁན་རྣམས་ལ་ཕན་ཐོགས་ཧ་ཅང་རྒྱ་ཆེན་པོ་བྱུང་དང་འབྱུང་ངེས་ཡིན་པས། ད་ལྟ་ང་ཚོ་དགའ་སྤོབས་བྱེད་ཀྱི་ཡོད།

གསར་འགྱུར།

Post navigation

Previous Post: འབྲོང་དྲན་པའི་ཟིན་ཐོ། (འོས་སྦྱོར།)
Next Post: ཐུབ་ཕུན་གྱི་ལན་དང་འབྲེལ་བའི་དྲ་ཐོག་དྲིས་ལན།

Comments (4) on “བོད་པ་ཐེ་ཝན་མི་སེར་ལ་ཆང་ས་རྒྱག་མཁན་ཚོར་རྒྱལ་ཁབ་གཞན་དང་གཅིག་མཚུངས་ཐོབ་ཐང་སྤྲོད་རྒྱུའི་ཐག་གཅོད།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-02-25 at 5:37 am

    དུས་རབས་ཉི་ཤུ་རྩ་གཅིག་འདིའི་ནང་མི་རིགས་ས་མཚམས་འགལ་ནས་མི་རིགས་ཕན་ཚུན་བར་གཉེན་སྒྲིག་བྱེད་བཞིན་པ་ནས་རྒྱལ་ཁབ་སོ་སོའི་ཁྲིམས་ལུགས་གཏན་འབེབས་བརྒྱུད་ནས་འགྲོ་དགོས་པ་མ་ཟད་ཐེ་ཝན་ཁྲིམས་བཟོ་ལྷན་ཚོགས་ནས་བོད་མིའི་ཆེད་དམིགས་བསལ་ཁྲིམས་ལུགས་གཏན་འབེབས་གནང་ཡོད་ན་དེ་ནི་སུ་གཅིག་གི་འཇོན་པ་ལ་ནམ་ཡང་ངོས་འཛིན་མེད་པ་ནི་གོང་ས་མཆོག་གི་མཚན་གནས་རྗེས་འབྲེལ་ལས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་གི་ཡོད་།

  2. སྦྲ་ནག says:
    2017-02-25 at 7:52 am

    མི་ཚང་གཅིག་ལ་བདེ་སྐྱིད་རེག་ན་ཡང་ཁེ་བཟང་རེད་།

  3. དགེ་འདུན་རྒྱ་མཚོ། says:
    2017-02-26 at 5:16 am

    གང་ལྟར་ཡང་ཁྱེད་ཀྱི་བུ་རབས་ཚ་རྒྱུད་རྣམས་ད་ནས་མི་རིགས་གཙང་མ་རེད་མི་འདུག

  4. ཏྲེ་ཧོར་བྱམས་པ་རིན་ཆེན། says:
    2017-02-26 at 5:34 am

    མི་རིགས་གཙང་མ་ཡོད་མེད་སྐོར་ནས་བཤད་ཨེ་དགོས་སམ། དགོས་ན་བོད་པའི་སྤྱི་ཚོགས་ནང་གི་གནད་ཡོད་མི་སྣ་ཚོའི་ཁྱིམ་རྒྱུད་ནས་ཞིབ་བཤེར་གྱིས་ཤོག་ཨ་་་་་་་་་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme