Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནི་ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད་ཅེས་གསུངས།

Posted on 2013-09-062013-09-06 By ཁ་བརྡ་ 2 Comments on བོད་ནི་ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད་ཅེས་གསུངས།

སྤྱི་འཐུས་ཨ་ཀྲུག་ཚེ་བརྟན།

0-3བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་ཡུལ་ཆེ་ཤོས་དང་། ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད་ཅེས་གསུངས།
ལྷོ་ཕྱོགས་མངའ་སྡེ་ཞུ་གཏུག་ལས་འགུལ་ཚོགས་ཆུང་གི་ཞུ་གཏུག་ཐེངས་དང་པོ་༢༠༡༣ ཟླ་༡ ཚེས་༡ ཉིན་ནས་ཚེས་༢༥ བར་ཀརྣ་ཀྲ་ཀའི་མངའ་སྡེ་དང་། ༢ ཨ་དཱར་པརྡེ་ཤི། ༣ ཀེ་ར་ལ། ༤ ཏ་མུན་ན་དུ། ༥ པོན་འདྲི་ཅ་རི་བཅས་མངའ་སྡེ་ལྔར་བསྐོར་ཟིན་པ་དང་། ཞུ་གཏུག་ཐེངས་གᩡཉིས་པ་དེ་བཞིན་ཟླ་འདིའི་ཚེས་༢༤ ནས་མགོ་བཙུགས་ཏེ། ༡ རྒོ་བ་མངའ་སྡེ། ༢ མ་ཧ་ར་སིར་ཏིན་མངའ་སྡེ། ༣ སྒུ་རྗུ་ར་ཏིན་མངའ་སྡེ། ༤ ར་རྗི་སི་ཏན་མངའ་སྡེ་བཅས་མངའ་སྡེ་བཞིར་སྐོར་རྒྱུ་ཡིན་ཞིང་། ཚེས་༢༤ ཉིན་སྒོ་བ་མངའ་སྡེའི་ཀ་ལེན་རྒོ་ཏྲི་ས་གནས་ལ་སྤྱི་འཐུས་འཇིགས་མེད་ལགས་དང་། སྤྱི་འཐུས་བློ་བཟང་ཡེ་ཤེས་ལགས། སྤྱི་འཐུས་ཚེ་རིང་གཡུ་སྒྲོན་ལགས། ཕྲན་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་བཅས་ལྷན་འཛོམས་ཀྱིས་ཕྱི་དྲོ་ཆུ་ཚོད་༧ པར་ཁྲིམས་རྩོད་པ་བེ་ཀ་རམ་བེ་མར་མཆོག་དང་། ཆུ་ཚོད་༨་༣༠ ཐོག་སྨན་པ་ཨ་ནི་ཏ་མཆོག་དང་མཇལ། བོད་ནང་གི་ཛ་དྲག་གནས་ཚུལ་དང་ཞུ་གཏུག་ལས་འགུལ་གྱི་དགོས་དམིགས་སོགས་ངོ་སྤྲོད་ཞུས། ཁོང་གཉིས་ནི་བོད་དོན་ལ་ཐུགས་སྣང་ཆེ་ཞིང་བོད་པར་གདུང་སེམས་མཉམ་བསྐྱེད་གནང་མཁན་བོད་ཀྱི་ས་གནས་འདིའི་གྲོགས་པོ་ཡག་ཤོས་རེད་འདུག མངའ་སྡེ་འདིར་ལས་འགུལ་གང་སྤེལ་ལ་ཁོང་གཉིས་ཀྱིས་ཕྱག་རོགས་གནང་གི་ཡིན་གསུངས་བྱུང་།

0-4ཚེས་༢༥ ཉིན་གྱི་སྔ་དྲོ་ཆུ་ཚོད་༩་༣༠ ཐོག་མངའ་སྡེའི་སྤྱི་ཁྱབ་བློན་ཆེན་གཞོན་པ་ཕྷ་རན་སེས་ཀོ་སྒྲིས་སུ་ས་མཆོག་ལ་མཇལ་འཕྲད་གནང་། རྒྱ་གར་ནི་བོད་ཀྱི་འདས་མ་ད་གསུམ་ལ་གལ་དང་དཀའ་དྲིན་ཇི་ལྟར་ཆེ་ཚུལ་དང་། དེ་བཞིན་རྒྱ་ནག་གི་ཡ་ང་སྙིང་རྗེ་མེད་པའི་གདུག་ཙུབ། གདུག་ཙུབ་དེའི་འོག་གི་བོད་ཀྱི་ཛ་དྲག་སྤྱི་དང་ལྷག་པར་སྐུ་ལུས་མེར་སྲེག་སྐོར་ངོ་སྤྲོད་ཞུས། བློན་ཆེན་མཆོག་ཀྱང་བོད་དོན་ལ་ཐུགས་སྣང་དང་ཐུགས་ཁུར་ཧ་ཅང་ཆེན་པོ་གནང་མཁན་ཞིག་རེད་འདུག་པ་དང་། ཁོང་གིས་གསུངས་དོན་ལ། བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་ཡུལ་ཆེ་ཤོས་དང་། ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གིས་དེ་ཙམ་ཐུགས་ཁུར་གནང་གི་མི་འདུག་པས་དེ་ནི་ཧ་ཅང་གི་བློ་ཕམ་རེད་ཅེས་དང་། བློན་ཆེན་མཆོག་གིས་ནམ་ཡང་བོད་དང་བོད་མི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་སོགས་གསུངས།

0-5ཕྱི་དྲོའི་ཆུ་ཚོད་༧ པར་ཁུལ་དེར་ཡོད་པའི་བོད་རིགས་ཚོ་དང་ཐུག་སྐབས་དེར་རྒྱ་གར་དབུས་གྲོས་ཚོགས་འཐུས་མི་སྐུ་ཞབས་ཤིརི་པད་ན་ཡར་མཆོག་ཚེས་༢༦ ཉིན་གྱི་སྔ་དྲོ་ལྡི་ལིར་ཕེབས་དགོས་ཡོད་པས། མཚན་མོའི་ཆུ་ཚོད་༩་༡༥ ཐོག་མཇལ་རྒྱུ་གནང་བ་བཞིན་བཅར། ཁོང་དང་ལྷན་དུ་གསར་འགོད་པ་གྲགས་ཅན་སན་ཇེ་སིན་ཧ་མཆོག་ཀྱང་ཕེབས་འདུག བོད་དོན་ཐོག་ཆུ་ཚོད་གཅིག་ལྷག་ཙམ་རིང་བགྲོ་གླེང་གནང་། ཁོང་གིས་བོད་དོན་ལ་རྒྱབ་སྐྱོར་དང་བོད་མི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་ཡང་ཡང་གསུངས་སོང་། མཚན་མོའི་ཆུ་ཚོད་༡༠་༣༠ ཐོག་མགྲོན་ཁང་དུ་འབྱོར་བ་སོགས་ཀྱི་ཞུ་གཏུག་ལས་འགུལ་ཐེངས་གཉིས་པ་སྒོ་བ་ནས་མགོ་བཙུགས་པའི་ལས་བསྡོམས་མདོར་བསྡུས་བཅས།

ཕྱི་ལོ་༢༠༡༣ ཟླ་༨ ཚེས་༢༦ ཉིན་གྱི་སྔ་དྲོ་བོད་མི་མང་སྤྱི་འཐུས་ཨ་ཀྲུག་ཚེ་བརྟན་ནས།

འབྲེལ་བ་གནང་ཡུལ་གྱི་ཁ་པར་ཨང་གྲངས། 8628858376 86379329912

གསར་འགྱུར།

Post navigation

Previous Post: སེམས་ཀྱི་རྨ་ཁ།
Next Post: ལམ་དབུ་མ་དང་རང་བཙན་གཉིས་ཀའི་མངོན་འདོད་གཅིག་རེད།

Comments (2) on “བོད་ནི་ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད་ཅེས་གསུངས།”

  1. ཁྲིམས་ལུགས་སློབ་མ་བློ་བཟང་གྲགས་པ། says:
    2013-09-06 at 2:09 am

    ཡག་པོ་བྱུང་་འདུག་་་་་བཀུར་འོས་སྤྱི་འཐུས་རྣམ་པར་ཐུགས་རྗེ་ཆེ་ཞུ་་་་་་

  2. ཀརྡོ་གཉེར་ཕྱག་པ་ says:
    2013-09-06 at 3:03 am

    ་་་་་ ཁོང་གིས་གསུངས་དོན་ལ། བོད་ནི་ད་ལྟའི་ཆར་འཛམ་གླིང་ཐོག་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཐེབས་ཡུལ་ཆེ་ཤོས་དང་། ཛ་དྲག་ཆེ་ཤོས་ཀྱི་ཡུལ་ཞིག་རེད། འོན་ཀྱང་རྒྱལ་སྤྱིའི་སྤྱི་ཚོགས་དང་འཛམ་གླིང་གིས་དེ་ཙམ་ཐུགས་ཁུར་གནང་གི་མི་འདུག་པས་དེ་ནི་ཧ་ཅང་གི་བློ་ཕམ་རེད་ཅེས་དང་། བློན་ཆེན་མཆོག་གིས་ནམ་ཡང་བོད་དང་བོད་མི་ལ་གདུང་སེམས་མཉམ་བསྐྱེད་ཡོད་ཅེས་སོགས་གསུངས། ་་་་

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (99)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (85)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (34)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (17)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme