Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནས་ཕེབས་པའི་གླུ་མ་གྲགས་ཅན་གཉིས་དང་ཕྱིར་སྡོད་གླུ་པ་སྤེན་ཚེ་བཅས་ནས་ནེའུ་ཡོག་ལ་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་གླུ་གཞས་ལེན་རྒྱུ་རེད་འདུག

Posted on 2011-12-042011-12-04 By tenzin 30 Comments on བོད་ནས་ཕེབས་པའི་གླུ་མ་གྲགས་ཅན་གཉིས་དང་ཕྱིར་སྡོད་གླུ་པ་སྤེན་ཚེ་བཅས་ནས་ནེའུ་ཡོག་ལ་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་གླུ་གཞས་ལེན་རྒྱུ་རེད་འདུག

གོ་ཐོས་ལ་ཀོ་ལོམ་སྤི་ཡའི་སློབ་ཆེན་གྱི་ཚོགས་རྭར་བོད་ནས་ཕེབས་པའི་གྲགས་ཅན་གླུ་མ་གཉིས་དང་གླུ་པ་སྤེན་ཚེ་བཅས་ཀྱི་གླུ་གཞས་མཚན་ཚོགས་བསྐོང་རྒྱུ་རེད་འདུག། པ་སེ་དགོས་ན་གཤམ་གྱི་ཁ་པར་ཐོག་འབྲེལ་བ་བྱེད་ཚེ་པ་སེ་ཉོ་ཐུབ་ཀྱི་འདུག

པ་རེ་གཅིག་ལ་ཨ་སྒོར་༣༠རེ་རེད་འདུག།

ཁ་པར་ཨང་གྲངས་ནི་212-367-7380རེད།

གླུ་མ་གཅིག་ཁམས་ནས་ཡིན་པ་དང་གཅིག་ཤོས་དེ་ཨ་མདོ་ནས་ཡིན་སྐད། མགྱོགས་པོ་འབྲེལ་བ་བྱོས།  པ་སེ་མང་པོ་མིན་འདུག

 

གསར་འགྱུར།

Post navigation

Previous Post: གསལ་བཤད་ཚིག་འགའ།
Next Post: དྲང་བདེན་གྱི་སློང་མོ་བ།

Comments (30) on “བོད་ནས་ཕེབས་པའི་གླུ་མ་གྲགས་ཅན་གཉིས་དང་ཕྱིར་སྡོད་གླུ་པ་སྤེན་ཚེ་བཅས་ནས་ནེའུ་ཡོག་ལ་སྤྱི་ཟླ་བཅུ་གཉིས་པའི་ཚེས་༡༠ཉིན་གླུ་གཞས་ལེན་རྒྱུ་རེད་འདུག”

  1. རྐྱང་ཕྲུག་ says:
    2011-12-04 at 8:01 am

    གླུ་ཚིག་གི་ནང་དོན་བོད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་དགའ་བསུ་ཞུ།
    སྤྱིར་ད་ལྟའི་དུས་ཚོད་འདིར་རྒྱལ་སྤྱིའི་ཐོག་བོད་པས་གླུ་ལེན་རྒྱུའི་དུས་ཚོད་ཅིག་མ་རེད། ང་ཚོའི་མི་རིགས་ཀྱི་ཐོག་སྡུག་གི་ཁུར་བོ་ཐེག་དཀའ་བ་འདི་འདྲ་ཞིག་གི་ས་དུས་ལ་སླེབས་འདུག། གཞུང་སྒེར་ཚང་མས་བོད་མི་རིགས་ཀྱི་དཀའ་སྡུག་དེ་སེམས་ནས་མ་བརྗེད་པར་ལས་འགུལ་གྱི་རང་བཞིན་ལྡན་པའི་བྱ་བ་སྒོ་གང་ཐད་ནས་སྤེལ་ན་དགའ་བསུ་ཡོད།

  2. ཆོས་འཕེལ་དར་རྒྱས་ says:
    2011-12-04 at 11:55 am

    རྐྱང་ཕྲུག་ཨ་རྐྱང་ཕྲུག།
    ཁྱེད་འདི་་་་་་་་
    གླུ་བས་གླུ་བླང་། གར་བས་གར་ཁྲབ། གྲ་བས་ཆོས་བྱས། ཚོང་བས་ཚོང་བྱས། ཆབ་སྲིད་པས་སྲིད་བསྐྱང། མདོར་ན་རྒད་པོ་རྒན་མོས་གཡབ་རེས་བྱེད་པ་སོགས་ལ་བརྟེན་ནས་སྤྱི་ཚོགས་འདི་སྐྱོང་བ་ལས་ནམ་ཡང་བོད་རང་དབང་རང་བཙན་ཡང་ན་རྒྱལ་བ་རིན་པོ་ཆེ་བོད་ལ་ཕེབས་དགོས་ཞེས་སྐད་འབོད་དང་ལས་འགུལ་གཅིག་པོ་བྱས་བསྡད་ན་གང་ལ་ཡོང་།
    འབྱོན་ན་ལྷ་ས་ལ་འགྲོ་ཞོར་གཡག་ལ་སྣ་ལོ་བཏུས་ཞོར་བྱེད་དགོས་བ་རེད་བསམ།

  3. སྨུ་ཐག་གི་བུ་རྒྱུད། says:
    2011-12-04 at 1:04 pm

    དེ་ལོས་ཡིན། གླུ་བས་གླུ་བླངས་ནས་སྤྱི་ཚོགས་ལ་ཤུགས་རྐྱེན་བསྐྲུན་དགོས། གླུ་བ་ཚོ་སྤྱི་ཚོགས་ཀྱི་སྣེ་ཁྲིད་རེད། སྐད་ངག་སྙན་མོ་དང་ཚིག་དོན་ཟབ་མོས་མི་རྣམས་ལ་ངར་ཤུགས་སློང་ཐུབ།

  4. གངས་ཅན་བུ། says:
    2011-12-04 at 1:21 pm

    གླུ་བ་གསུམ་གྱི་གླུ་གཞེས་ཀྱི་ལས་རིམ་ལ་རྒྱབ་སྐྱོར་ཡོད། དེ་ཡང་བོད་དོན་ཁྱབ་སྒྲག་གི་ཆ་ཤས་ཤིག་རེད། གོང་དུ་ཆོས་འཕེལ་དར་རྒྱས་ཀྱི་གསུང་པ་དེ་བཞིན་མོས་ཐུན་ཡོད། བྱེད་སྒོ་སྣ་མང་གིས་ཐབས་ལམ་ལ་བསྟེན་ནས་བོད་དོན་ལས་འགུལ་སྤེལ་དགོས་པ་ལས་སྐད་གཅིག་པོ་རྒྱབ་སྡད་པས་གོ་མི་ཆོད།

  5. འབྲི་རུའི་ཤེས་དཀར་འབུམ་པ་ནས། says:
    2011-12-04 at 1:26 pm

    གླུ་བའི་གླུ་ལེན་བྲོ་བའི་བྲོ་འཁྲབ་བོད་དོན་དབྱངས་སུ་གྱེར་བདེན་པའི་འཐབ་རྩོད་བྱེེད་སེམས་ཤུགས་མ་ཆགས་བོད་པ་ཚོ་ཐབས་གང་དྲག་ཡིན་གདའ

  6. དྲི་མེད་ཟླ་བ། says:
    2011-12-04 at 6:42 pm

    བོད་པའི་མི་གང་ཞིག་འཛམ་གླིང་འདི་ཡི་སྟེང་ལ་གོ་ཡ་ཞིག་དང་ཐོས་ཡ་ཞིག་དགོས་ན་དེ་ལྟར་བུ། བྱ་ཐབས་སྣ་ཚོགས་ཞིག་དངོན་ཐུབ་པ་དགོས་རེད་དཔེ་ཡག་པོ་རེད་གུས་རང་གལ་སྲིད་་ས་གནས་དེ་ཡོད་ན་འགྲོ་ཡ་ཡིན། གླུ་མ་ལེན་བོད་པ་སྤྱི་ཚོགས་རྒང་ལ་མ་འགྲོ་སྡུག་སྲོག་ནས་སྡོད་དགོས་རེད་ཟེ་ཉན་དེ་ཚོ་། དཔེ་མ་སྲིག་གི་ཅོ་ཆུང་གི་སྐད་ཆ་རེད། བོད་ས་དེ་འདྲས་ཀྱང་ཀྱང་གི་ཤོར་བ་རེད། ད་དུང་སྲིད་དོན་གི་གླུ་གཏང་ན་ཡ་མཚན་རྒྱུ་གང་ཡང་མེད་། ་ག་རེ་ཟེར་ན་བོད་ནས་ཡོང་པ་ཡིན་ཚམ་ཁོ་ཚོ་རྗེས་མ་ལོག་དུས་དཀལ་ངལ་འཁྲད་སྲིད་པ་རེད། རྗེས་མ་ཁོ་ཚོ་དེ་འདྲའི་ས་ལ་ཡོང་་ནུས་གི་མ་རེད། སྲིད་དོན་དང་མ་འདྲེས་པའི་གཞི་གྱེད་མཉམ་འཛོམ་གི་གླུ་ཞིག་གཏང་ན་ངོ་རེ་འཚར།

  7. རྟའུ་ཚང། says:
    2011-12-04 at 7:22 pm

    གཞས་མ་དེ་གཉིས་དེ་སུ་ཡིན་ནམ་།
    ཁམས་ནས་གཞས་མ་དེ་གླུ་མ་ཚེ་དབང་ལྷ་མོ་ཡིན་པའི་ཡིད་ཆེས་ཡོད།
    གོ་སྐབས་འདི་འདྲ་ཞིག་རག་ན་འདོད།

  8. སྣྲོན་ངག་ཁྲི། says:
    2011-12-04 at 7:26 pm

    དྲཱ་གྲོགས་རྐྱང་ཕྲུག་དང་བཞེད་པ་མཐུན་པ་རྣམས་ཀྱིས་གསུངས་པ་ལ་མངོན་པར་བསྟོད་དོ། ལར་ནས་བོད་ཀྱི་ལོ་གསར་སྔ་ནུར་བྱས་ཏེ་གཏོང་རྩིས་ཡིན་ནམ་ཡང་ན་
    གཞོན་ནུ་ལྷན་ཚོགས་ཀྱི་གསལ་བསྒྲགས་མ་གསན་པ་ཡིན་ནམ་། བོད་གཞུང་ཟློས་གར་གྱི་གླུ་གར་རུ་ཁག་གཉིས་ཀྱི་གླུ་གཞས་འགྲན་ཚོགས་འཕྲལ་མར་ཕྱིར་འཐེན་གནང་བའི་དགོངས་དོན་མ་མཁྱེན་པ་ཡིན་ནམ། དེ་མིན་གླུ་གཞས་ཀྱི་ནང་དོན་རང་ལུས་མེར་བསྲེགས་གནང་བ་སོགས་ཆབ་སྲིད་ཀྱི་དྲིལ་བསྒྲགས་དང་གདུང་སེམས་མཉམ་བསྐྱེད་མཚོན་བྱེད་དང་ནང་མིར་སེམས་བུགས་སྤོར་བྱེད་སོགས་
    ཡིན་ན་སྐྱོན་མེད་ཅིང་དགེ་མཚན་བླ་ན་མཐོ། དེ་མིན་སྐབས་འདིར་དགོས་པ་ལས་དགག་བྱ་ཆེ་བར་འདུག་པས་དེ་དོན་དགོངས་འཇགས་
    བཅས་རྒྱལ་སྲས་རྣམས་པ་གཤེགས་མ་ཐག་རྒྱལ་རྔ་མ་བརྡུང་ན་གཟི་བརྗིད་དང་འབྲེལ་ཆགས་པར་མཐོང་ངོ།།།།

  9. སྐྱུ་རྩི་ནས། says:
    2011-12-04 at 7:57 pm

    པ་སེ་མང་པོ་མེད་ན་གོ་སྒྲིག་བྱ་མཁན་གྱི་དགའ་བོ་ཉེ་བོ་རྣམས་ཀྱིས་ཉོས་ཚར་ཡོད་ཀྱི་རེད། དེ་མིན་དུས་ཚོད་དང་། ཚོགས་ཁང་དམིགས་ཡུལ་སོགས་་ཁ་གསལ་མེད་པ་དང་། དེང་སྐབས་བོད་ཕྱི་ནང་གཉིས་སུ་ཉིན་མོ་འཁྱོལ་ཡང་མཚན་མོ་མི་འཁྱོལ་བའི་ཉམ་ཐག་པའི་དུས་འདིར་དགའ་སྟོན་གྱི་གཞས་བྲོ་ཉུང་ཙམ་འཁྲབ་ན་ལེགས་པར་མཐོང་།

  10. ཀརྡོ་རབ་འབྱམས་པ་ says:
    2011-12-04 at 8:20 pm

    ཡ་རབས་མ་རབས་སྤྱོད་པས་ཤེས། །
    ཆེད་རྩོམ་མཆན་བུས་བསམ་ཕུག་ཤེས། །
    འདི་གསལ་བཤད་ཚིག་འགའི་འོག་ཏུ་བཅུག་འདོད་ཀྱང་།

  11. མིའུ་ཕྲུག says:
    2011-12-04 at 8:45 pm

    གཞས་མ་གཉིས་ཀ་ཁམས་ནས་ཡིན་སྐད་འདུག་གཅིག་དེའི་མིང་དུ་སྐྱིད་བྱམས་དང་གཞན་དེར་ཚེ་དབང་ལྷ་མོ་ཟེར་བ་དེ་རེད་འདུག

  12. གསེར་འབྲུག་སྡེར་ལྔ་ says:
    2011-12-04 at 9:16 pm

    ཨ་ཡ་མཚན་། སྤྱིར་གླུ་ཞིག་ལེན་ན་དགའ་ན་དགའ་བའི་དགའ་གླུ་ལེན་པ་དང་སྡུག་ན་སྡུག་པའི་སྐྱོ་གླུ་ལེན་པ་ནི་གནའ་སྔ་མོ་ནས་ཡོད་པ་རེད། གར་འཁྲབ་ན་དགའ་བའི་རྣམ་འགྱུར་གྱིས་གར་འཁྲབ་པ་མ་གཏོགས་སྐྱོ་གར་འཁྲབ་པ་ཞིག་གོ་མྱོང་མེད། གཅིག་ན་ཡོད་ཀྱི་རེད་མི་ཤེས། ད་རེས་གླུ་པ་གཅིག་དང་གླུ་མ་གཉིས་ཀྱིས་གླུ་གཞས་མཚན་ཚོགས་དེ་དགའ་གླུ་ལེན་གྱི་ཡིན་ནམ་སྐྱོ་གླུ་ལེན་གྱི་ཡིན་ནམ། སྐྱོ་གླུ་ཞིག་བླངས་ནས་བོད་དོན་དྲིལ་སྒྲགས་བྱས་ན་ལུགས་དང་མཐུན་པ་རེད་ལ་རྒྱབ་སྐྱོར་ཡང་ཡོད། མ་གཞི་མཚན་ཚོགས་གཉེར་མཁན་གྱིས་དཔལ་འབྱོར་ཁེ་ཕན་ཁོ་ནར་དམིགས་ཏེ་དགའ་གླུ་ལེན་པ་ཡིན་ན་ནི་ངོ་རྒོལ་མཐའ་གཅིག་ཏུ་ཡོད། བྱས་ཙང་གོང་གི་གསལ་བཤད་དམ་ཁྱབ་བསྒྲགས་ནང་མཚན་ཚོགས་གཉེར་མཁན་དང་གཉེར་དགོས་པའི་དམིགས་ཡུལ་སོགས་གང་ཡང་མི་འདུག་པས་ཅི་ཆ་མི་རྟོགས། འོན་ཀྱང་གཞས་མ་གཉིས་ཀྱི་སྐྱེ་འབྲས་སམ་ལང་ཚོའི་མཚར་སྡུག་ལ་གཅིག་བལྟ་འདོད་འདུག་ལ་ངག་གི་འགྱུར་ཁུག་ལ་ཡང་གཅིག་ཉན་འདོད་སྐྱེས་སོང་། ཡིན་ན་ཡང་མཚན་ཚོགས་ཀྱི་དམིགས་ཡུལ་ལ་ངེས་པར་དུ་བལྟ་གི་ཡིན་ད།

  13. དཀོན་ཚེ says:
    2011-12-04 at 10:03 pm

    ད་ལོ་འདི་འདྲ་མི་འོས། བོད་པ་ཚོ་ལ་རྒྱ་ཡོད་ན།

  14. ཀླུ་སྨྱོན། says:
    2011-12-04 at 10:20 pm

    ཨ་རི་ལ་བྲེལ་བ་ཚ་སེ་འདུག་ག གཞས་པའི་མིང་མེད་པའི་གཞས་ཚོགས་ཁྱབ་བསྒྲགས།

  15. tenzinpema says:
    2011-12-05 at 2:52 am

    པ་སེ་རིན་གོང་ལ་ལྟས་ན་་བོད་དོན་དང་འབྲེལ་བ་ཡོད་པའི་གཞས་ཞིག་ཨེ་ཡིན་ན།

  16. དྲི་མེད་ཟླ་བ། says:
    2011-12-05 at 5:24 am

    བོད་མི་དངོས་གནས་དང་བོད་གླུ་བཙང་མ་ཞིག་གཏང་ཉན་ཡིན་ན་སྒོ་མོ་ག་ཚད་སྡུ་རུག་ཐུབ་ན་རྒྱོབ་སྐྱོར་ཡོད་སྒོར་མོ་དང་མི་མང་སྡུ་རུག་མ་ཐུབ་ན་བོད་པའི་གླུ་ཕ་འཛམ་གླིང་སྟེང་ལོང་མི་ཐུབ།

  17. རྭ་དབུ་དབང་རྒྱལ། says:
    2011-12-05 at 7:05 am

    གཞས་མ་སྐྱིད་བྱམས་དང་ཚེ་དབང་ལྷ་མོ་གཉིས་ཡིན་ན་གཉིས་ཀ་ཁམས་བྲག་མགོ་ནས་རེད།
    སྐྱིད་བྱམས་ཀྱིས་(གླུ་ཡི་ལྷ་མོ)ཟེར་བའི་འོད་སྡེར་ཞིག་འགྲེམས་སྤེལ་བྱས་ཏེ་སྤྱི་ཚོགས་སྟེང་སྐད་གྲགས་ཆོད་ཡོད། ཚེ་དབང་ལྷ་མོས་ད་བར་དུ་མོ་རང་གཅིག་པུས་འོད་སྡེར་དེ་འདྲ་བཏོན་མེད་ཀྱང་ལྷ་ས་དང་ཁྲིན་ཏུའུ་མཚོ་སྔོན་བཅས་སུ་ལྷན་སྐྱེས་ཀྱི་སྐད་སྙན་མོས་མཉམ་གཞས་དང་ཁེར་གཞས་སོགས་ལ་རྒྱའི་གཞས་མང་དུ་བླངས་ཏེ་ད་ལྟ་མོ་སྐད་གྲགས་འགྲོ་བཞིན་ཡོད། གོ་ཐོས་ལ་མོས་གང་མགྱོགས་འོད་སྡེར་ཞིག་འདོན་གྲབས་ཡོད་པ་འདྲ།

  18. མྱི་ལྟིག says:
    2011-12-05 at 8:27 am

    ཀླུ་སྨྱོན་གྱིས་བཤད་པ་དེ་ག་རང་རེད

  19. ལུང་རྟོགས། says:
    2011-12-05 at 12:23 pm

    བོད་ནང་ལ་སྡུག་གི་མཆི་མ་མ་སྐམ་ཞིང་ཉིན་མཚན་འཁྱོལ་དཀའ་བའི་སྐབས་འདིར། ཨ་རིར་གླུ་གཞས་མཚན་ཚོགས་བསྡུས་ཏེ་པ་སེའི་ཚོང་ལས་གཉེར་བ་ནི་ངོས་ལེན་བྱེད་ཐབས་མེད་པ་ཞིག་རེད། མ་ཟད་འདི་ནི་ཚོང་ལས་རང་གི་ཆེད་དུ་ཡིན་པ་ལས་བོད་དོན་དང་འབྲེལ་བ་མེད་པ་གསལ་བསྒྲགས་ལས་ཤེས་ཐུབ་པས་འདི་ནི་ངོ་མ་ཤོར་ཐོག་གྲོ་རྡུང་ཞེས་པ་དེ་རེད།

  20. ཀརྡོ་རབ་འབྱམས་པ་ says:
    2011-12-05 at 1:15 pm

    གཞས་པ ཨ་རིའི་ ཌོ་ལོར་ རྒྱུགས་ཁྱི་དང་། གླུ་མ་ བོད་དོན་ མེར་བསྲེག་ མ་གོ་མཁན ་མོ་ ཡིན་པ་ འདྲ།

  21. ཆོས་འཕེལ་དར་རྒྱས་ says:
    2011-12-05 at 2:22 pm

    ཡ་ཡ་གྲོགས་པོ་ཚོ།
    ངས་བལྟས་ན་གླུ་མ་ལེན། ལོ་སར་མ་བྱེད་ཟེར་ནི་ཚོས་ཏཱ་ལེའི་བླ་མའི་ཞི་བདེའི་རྟ་བོ་བྲག་རོང་ལ་ཁྲིད་མཁན་རྐྱང་རྐྱང་རེད། མི་རིགས་ཀྱི་སྲོལ་རྒྱུན་བླག་འགྲོ་གི་ཟེར་བཞིན་རིག་གཞུང་དང་སྲོལ་རྒྱུན་སྤེལ་བའི་དུས་ཚོད་ལ་སླེབས་དུས་དེ་མི་འགྲིག་གི་ཟེར་བ་འདི་ཡ་མཚར། ཁ་གཅིག་ནང་གི་ལྕེ་གཉིས་ཟེར་བ་འདི་ལིས་ཡིན། ངོ་རྫོགས་རྒྱུ་ཚོ།

  22. དྲི་མེད་ཟླ་བ། says:
    2011-12-05 at 3:10 pm

    ཕྱི་ལོག་ལ་ཡོད་པའི་བོད་མི་ཚོས་བོད་པ་ནང་མིའི་མགོ་ལ་རྡོ་ཞུ་ཡ་མ་གཏོག་དོན་དག་ཡོད་པ་དང་བོད་མི་ལ་ཕན་ཐོག་པའི་ལས་ཀ་ག་དུས་ཡང་བྱས་མ་རེད། ད་ཡང་གླུ་མ་དེ་ཚོའི་མགོ་ལ་རྡོ་ཞུ་ཡ་རེད་བཞག། ཤ་ཚ་བོད་མི་ཚོ།

  23. ཀརྨ་ལྷུན་གྲུབ། says:
    2011-12-05 at 11:21 pm

    གཞས་མའི་མིང་ཙམ་ཡང་མེད་པར་གཞས་མ་གྲགས་ཅན་ཡིན་པ་ག་འདྲ་སེ་ཧ་གོ་གི་རེད། སྒོར་མོ་༣༠་བཏང་རྗེས་གཞས་མ་གྲགས་ཅན་མིན་ན་ག་རེ་བྱེད་དགོས་རེད།

  24. ཀརྡོ་རབ་འབྱམས་པ་ says:
    2011-12-06 at 12:30 am

    མཚན་ཚོགས་ཟེར་ན་”ནིཊ་ཌིས་ཀོ་”ལ་ཟེར་ན། ཌོ་ལར་༣༠ཨེ། ཨ་ལེ། སུ་སུ་འགྲོ་བགྱི་འདུག ལྟོས་ཨ། སྐྱིད་པོ་ཡོད་ན་ང་ལ་ཡང་ལོན་ཅིག་འཇོག་རོགས་གནོངས། ཁེ་དང་གྱོང་གཉིས་ཀྱི་དབྱེ་འབྱེད་ནས་ང་ཡང་ཁྱེད་ཀྱི་མཉམ་དུ་ཡོང་དགོས་ལོ།

  25. ལུང་རྟོགས། says:
    2011-12-06 at 2:34 pm

    འདིའི་ནང་གི་མཆན་འདེབས་མཁན་མང་པོ་ཞིག་པ་སེའི་ཁེ་ཕན་ཟ་མཁན་ཡིན་པ་ཐག་གི་ཆོད། མི་འགག་རེས་དེ་དག་གི་གཡོ་འཕྲུལ་མ་ཤེས་པར་གཡམ་རྒྱུག་བྱེད་མཁན་ཡང་ཡོད་སྲིད། བཙན་བྱོལ་བ་ཚོས་ནམ་རྒྱུན་དུ་རང་མི་རིགས་ཀྱི་སྐད་ཡིག་དང་རིག་གཞུང་ལ་དོ་སྣང་གང་ཡང་མེད་པར་གླུ་གཞས་མཚན་ཚོགས་རེ་བསྡུས་ནས་སྲོལ་རྒྱུན་རྒྱུན་འཛིན་བྱེད་པ་ཡིན་ཞེས་བཤད་པ་ནི་ཁག་འདོག་ས་ཙམ་ལས་ཅི་ཡང་མ་རེད།

  26. རྐྱང་ཕྲུག་ says:
    2011-12-06 at 3:37 pm

    གོང་དུ་དྲ་གྲོགས་ཚོས་དགོངས་ཚུལ་མང་ཆེ་བ་ཡག་པོ་གསུངས་འདུག ད་ལྟའི་གནས་སྐབས་འདིར་མདོ་ཁམས་ཕྱོགས་ནས་རང་ལུས་མེ་བསྲེག་གི་དོན་རྐྱེན་འདི་འདྲ་བྱུང་དང་འབྱུང་བཞིན་པ་འདི་ཚོ་བོད་མི་ས་ཡང་དྲུག་གི་བདེ་སྡུག་གི་ཆེད་དུ་རེད། ཁོང་ཚོའི་འབོད་ཚིག་ནང་བོད་ལ་འགྲོ་བ་མིའི་ཐོབ་ཐང་དགོས་པ་དང་། རང་དབང་དགོས་པ། རང་གི་རྩ་བའི་བླ་མ་རང་ཡུལ་ལ་ཕེབས་འཇུག་དགོས་པ་སོགས་ནི་ཁོང་ཚོའི་མངོན་འདོད་རེད། མངོན་འདོད་དེ་ལ་སོགས་པའི་ཆེད་དུ་རང་གི་གཅེས་པའི་སྐུ་སྲོག་བློས་བཏང་ནས་རང་སྲོག་དོར་བ་དང་། དཀའ་སྡུག་ཚད་མེད་སྨྱོང་བཞིན་ཡོད་མོད། དེ་ཚོ་ཚང་མ་ནི་ང་ཚོ་ཚང་མའི་ཆེད་དུ་ཡིན་པ་ལས་སྒེར་དོན་གང་ཡང་མིན། དེར་བརྟེན་ང་ཚོ་རང་དབང་ལུང་པར་ཡོད་མཁན་ཚོས་སྒོ་གང་ཐད་ནས་ཁོང་ཚོའི་མངོན་འདོད་དེ་འགྲུབ་ཆེད་མཇུག་སྐྱོང་དགོས་པ་དེ་གལ་གནད་ཆེ། དེ་མ་བྱས་པར་ཕར་ཕྱོགས་ནས་རང་གི་མི་རིགས་ཀྱིས་དཀའ་སྡུག་ཚད་མེད་མྱོང་བཞིན་ཡོད་ཀྱང་། ཕྱི་ཕྱོགས་ནས་གནས་སྐབས་གནས་སྐབས་ལ་ཕྱེ་མ་ལེབ་མེ་ནང་ལ་མཆོང་བ་ནང་བཞིན་བྱས། དུས་ཚོད་གང་མཚམས་སོང་ཕྱིན་དམིགས་གསལ་ཚོར་སྣང་མེད་པ་དང་། ལྷག་པར་སྤྲོ་ཚོགས་ཀྱི་འདུག་འཛོམས་རིགས་བྱས་ན། ཙི་ནའི་ཡུལ་གྱི་རྒྱལ་ཕྲན་འགས།།ཕ་བསད་པ་ལ་རྒྱལ་རྔ་རྡུང་།། གསུངས་པ་དང་གཅིག་མཚུངས་ཡིན་པར་སྣང་། དེས་ཁོ་བོས་གོང་དུ་གླུ་ཚིག་གི་ནང་དོན་དེ་བོད་དོན་དང་འབྲེལ་བ་ཡོད་པ་ཞིག་ཡིན་ན་དགའ་བསུང་ཡོད་ལབ་པ་ཡིན།

  27. དམར་ཁ་ཚ། says:
    2011-12-06 at 5:09 pm

    འོ་ཁ་བརྡ་རྩོ་སྒྲིག་པ་ལགས་ང་ཚོར་པ་སེ་མི་དགོས་འཛིན་བྱང་དགོས།

  28. བདེན་པ་རྒྱལ says:
    2011-12-06 at 5:24 pm

    སྒང་བ་བོད་པ་ཚོ་་སྐྱིད་སྡུག་མཉམ་མྱོང་བྱེད་རོགས།

    བོད་ནས་གླུ་མ་ཁག་ཅིག་ནེའུ་ཡོག་ཏུ་ཡོང་གི་ཡོད་པ་ཐོས་་པས་དགའ་བོ་བྱུང་། གླུ་བ་ཞིག་ལ་མཚོན་ན་འགན་གཙོ་བོ་ནི་མི་རིགས་དེའི་མགྲིན་འཚབ་པ་བྱེད་རྒྱུ་དེ་ཡིན། དེར་བསྟེན་མི་རིགས་ཤིག་གི་བདེ་བ་དང་སྡུག་བསྔལ་དག་སྙན་མོ་ངག་གི་ལམ་ནས་སྒྲོགས་རྒྱུ་དེ་རེད། མ་ཟད་ཆོས་དང་ཆབ་སྲིད་གང་གི་ཆ་ནས་གླུ་བ་གླུ་མས་རྒྱལ་ཁབ་དང་མི་རིགས་སྒུལ་ཤུགས་ཐུབ་པའི་ནུས་བ་གང་མང་ཐོན་ཡོད་པ་དཔེར་ན་་ཨ་རིའི་གླུ་བ་JOHN LENNON  ལྟ་བུ་རེད། ངའི་འདི་ལྟར་བཤད་དགོས་དོན་ནི་ཀུན་ཀྱིས་ཤེས་གསལ་ལྟར་བོད་པའི་གནས་དོན་ནི་ཛ་དྲག་དང་སྐྱོ་ངལ་ཆེ་བའི་སྐབས་ཅིག་སླེབས་ཡོད་པ་མ་ཟད་ང་ཚོའེ་འཐབ་རྩོད་ནི་གཅིག་རྒྱལ་ཅིག་ཕམ་གྱི་་སྐད་ཆ་མིན་པ། དྲང་བོ་དང་རྫུན་པ་་་ཞི་འབོད་དང་བཙན་གནོན་་་་ཉམས་ཆུང་ལ་སྟོབས་ཆེན་ཀྱིས་གཉའ་གནོད་མ་བཟོད་པའི་འཐབ་རྩོད་ཡིན་ལ་རྒྱལ་ཁབ་མགོ་སྟེང་་སློག་དགོས་པའི་ཚིག་ཅིག་ད་སྔ་བོད་མི་རིགས་ཀྱི་འཐབ་རྩོད་བརྒྱུད་རིམ་ནང་་མེད་ལ་རྗེས་ཕྱོགས་མི་ཡོང་བ་ཁེ་ཐག་ཆོད་པོ་ངང་ནས་བཤད་ཐུབ།དེ་འདྲ་ཡིན་དུས་དེང་སང་ཡེ་ཤེའི་འཁྲུངས་སྐར་དང་ལོ་གསར་བ་སླེབས་ལ་ཉེ་བའི་སྐབས་འདིར་ཚོགས་པ་ཁག་གླུ་བ་དང་གླུ་མ་་་བོད་ནས་འབྱོར་བའི་གླུ་མ་འདི་དག་གིས་མཛད་རིམ་གང་མང་ཞིག་ཡོད་ཚུལ་ཐོས་བྱུང་བ་་ཕྲན་ཀྱིས་སེམས་འཚབ་ངང་མཛད་རིམ་འདི་དག་སྤྲོ་ཚོགས་དང་དགོངས་ཚོགས་ཧ་ཧ་ཧོས་ཧོས་ཀྱི་རྣམ་པ་ཞིག་ཏུ་འགྱུར་མི་ཡོང་ངམ་སྙམ་ནས། གལ་སྲིད་་འདི་ལྟར་མཛད་རིམ་ཡོད་པ་ཡིན་ན་ཡང་འདི་དག་བོད་མི་རིགས་ཀྱི་འཐབ་བརྩོད་དང་འབྲེལ་བའི་རྣམ་པ་ཅན་དུ་བསྒྱུར་ཐུབ་པའི་རེ་འབོད་སྙིང་ནས་ཞུ་བཞིན་ཡོད་་་་སྔར་བཤད་སྲོལ་ལ”་མདོ་སྟོད་སྨད་ནས་རྒྱ་དམག་དང་དམག་འཐབ་བྱེད་དུས་ལྷ་ས་ནས་སྐུ་དྲག་ཚོས་གླིང་ག་བཏང་བའི་”་ལོ་རྒྱུས་ཡོད་པ་བཞིན་་་རྡོག་རྩ་གཅིག་སྒྲིལ་དང་་གདུང་སེམས་མཉམ་བསྐྱེད་་་་སྐྱིད་སྡུག་མཉམ་མྱོང་་་འདིདག་གིས་འཕུང་བའི་སྒང་བ་བོད་པ་ཚོས་་་བོད་ནང་ན་ཉིན་རེ་ནས་འབར་བཞིན་པའི་བདེན་པའི་འོད་སྣང་དང་་་ཞི་འབོད་་ཀྱི་རླབས་སྒྲ་དེ་འཛམ་གླིང་ཁྱོན་ན་གཡོ་བཞིན་པའི་སྐབས་འདིར་་་སྤུན་ཟླ་ཚོར་མེ་ཐོག་ལ་མེ་སྤུང་ན་མེ་སྤུང་ཆེ་རུ་འགྱུར་བ་ལྟར་་་་་སྒང་བ་བོད་པ་ཚོར་སྡུག་ན་མཉམ་སྡུག་དང་སྐྱིད་ན་མཉམ་སྐྱིད་ཡིན 
    བདེན་པ་རྒྱལ་ལོ་༡༢/༧/༢༠༡༡ 

  29. གེ་གསར་ says:
    2011-12-08 at 7:51 am

    བོད་ཀྱི་གླུ་མ་ཚེ་དབང་ལྷ་མོ་དང་སྐྱིད་བྱམས་གཉིས་ལ་དགའ་བསུ་ཚད་མེད་ཡོད་
    སྤན་ཚེ་ཟེར་བའི་གླུ་བ་ཐེབ་ཅག་དེ་འདྲའི་གླུ་ཉན་པ་ལས་གཉིད་སྐྱིད་པོ་ཞིག་ཉལ་བསྡད་ན་ཡག་ལེ་རེད་།

  30. ཀ་དག་ཆོས་དབྱིངས། says:
    2011-12-08 at 10:11 am

    གཡུ་ལ་མ་ལྟ་མིག་་ལ་ལྟོས། ཕྱི་ཚུལ་་མ་ལྟ་སྐད་ངག་ལ་ལྟོས། གླུ་མ་རིག་འཛིན་སྒྲོལ་མ་ལས་ལྷག་པ་ཞིང་དེང་བར་མཐོང་མ་སོང་ཨ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (97)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (68)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (36)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme