Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་སྐད་ཡིག་སྲུང་སྐྱོབ་ཀྱི་གནས་ཚུལ།

Posted on 2012-07-022012-07-02 By ཁ་བརྡ་ 13 Comments on བོད་ནང་སྐད་ཡིག་སྲུང་སྐྱོབ་ཀྱི་གནས་ཚུལ།

མཁོ་འདོན་པཿ དམ་ཆོས་བསམ་འཕེལ།
སྤྱིར་རྒྱུ་རྐྱེན་སྣ་ཚོགས་ཀྱི་དབང་གིས་ཕྱོགས་གང་ཐད་ནས་བོད་མི་རིགས་འདི་རྗེས་ལུས་ཤིག་ཡིན་པ་རང་གཞན་ཀུན་གྱིས་ཤེས་གསལ་ལྟར་ཡིན་མོད། ཉེ་བའི་ལོ་ཤས་རིང་མི་རིགས་འདིའི་གོ་རྟོགས་སད་པའི་མྱུར་ཚད་དང་ཚད་རིམ་ནི་ཧ་ལས་པའི་མཐོན་པོར་སླེབས། དཔེར་ན་མདོ་དབུས་ཁམས་གསུམ་གྱི་མི་མང་ཡོངས་ནས་སྡེབས་གཅིག་ལ་མ་བསྐུལ་དང་བླངས་ཀྱིས་རྩ་ཆེའི་རི་དྭགས་ཀྱི་པགས་རིགས་གྱོན་མཚམས་འཇོག་པའི་ཆས་གོས་གསར་བརྗེའི་བྱ་འགུལ་ཆེན་མོ་ནས་མགོ་བརྩམས་ཏེ་ད་ལྟའི་སྐད་ཡིག་རྨོངས་སེལ་གྱི་བྱ་འགུལ་བར་གནས་སྟངས་ཀྱི་ཆ་ནས་བལྟས་ན་འཛམ་གླིང་སྟེང་མཐོང་དཀོན་པ་ལྟ་བུར་ཡོད།
བོད་རང་གི་ལོ་རྒྱུས་ལ་ཕྱིར་འདང་རེ་བརྒྱབ་པ་ཡིན་ན་སྔར་ཆོས་རྒྱལ་མེས་དབོན་རྣམ་གསུམ་གྱིས་བོད་ལ་ཆོས་ལུགས་རིག་གནས་གསར་བརྗེ་བྱས་པའི་ཚུན་གྱི་བོད་ཀྱི་རླབས་ཆེ་བའི་གསར་བརྗེའི་ལས་འགུལ་ཆེ་ཤས་དེ་ཡིན་པར་གླེང་ཆོག་ཆོག་རེད། སྐད་ཡིག་རྨོངས་སེལ་གྱི་བྱ་འགུལ་འདིར་ཆོས་སྲིད་གང་གི་ཕྱོགས་ནས་ཀྱང་བསྐུལ་སློང་བྱེད་མཁན་གྱི་ཚོགས་པ། སྒྲིག་འཛུགས་ཅི་ཡང་མེད་པར་མང་ཚོགས་རང་ངོས་ནས་གོ་རྟོགས་སད་དེ། མི་རེ་རེ་དང་། ཁྱིམ་ཚང་རེ་རེ། སྡེ་བ་རེ་རེ་བྱས་ནས་ཡོངས་ཁྱབ་ཏུ་མཆེད་བཞིན་འདུག ཁོ་ཚོའི་ནང་ན་ཆེ་བ་ལོ་དགུ་བཅུའི་མན་དང་ཆུང་བ་བྱིས་པ་ལོ་གསུམ་ཡན་ཆད་ཡོད་པ་མ་ཟད། སྐད་ཡིག་རྨོངས་སེལ་གྱི་བྱ་བ་འདི་ནི་རྒྱལ་ཁབ་ཀྱི་སྐད་གཉིས་སློབ་གསོའི་སྲིད་ཇུས་དང་ཡོངས་སུ་མཐུན་པས་རྒྱལ་ཁབ་ཀྱིས་ཀྱང་བཀག་འགོག་བྱེད་ཀྱི་མི་འདུག་ལ། ས་གནས་ལ་ལའི་རྫོང་དང་ཡུལ་ཚོ་སྲིད་གཞུང་གི་ལས་བྱེད་རྣམས་ཀྱིས་ཀྱང་སྐད་ཡིག་རྨོངས་སེལ་གྱི་བྱ་བར་མཉམ་ཞུགས་དང་རྒྱབ་སྐྱོར་བླ་མེད་གནང་བཞིན་འདུག


གོང་བཀོད་ཀྱི་པར་རིས་འདི་དག་ལོ་འདི་འགའི་རིང་བོད་ནང་དུ་རྒན་པས་སྣེ་ཁྲིད་ནས་སྐད་ཡིག་རྨོངས་སེལ་བྱེད་བཞིན་པའི་གནས་སྟངས་དངོས་ཡིན། ཁོ་ཚོའི་མི་ཚེ་ཧྲིལ་བོར་རིག་གནས་སྦྱངས་པའི་གོ་སྐབས་མ་བྱུང་བའི་ཕངས་སེམས་གསུང་ཡོང་དུས་མི་རྣམས་ཀྱི་མིག་ཆུ་དབང་མེད་དུ་འཇོ་བར་བྱེད། འདི་ལྟར་རྒན་སྐྱོར་བྱིས་ཁྲིད་ཀྱིས། རྒྱུ་དང་ནོར་གྱི་ཧམ་སེམས་མེད་ལ། ཐོབ་དང་གོ་སའི་རེ་བ་མེད་པར། ཞི་བདེ་དང་སློབ་གསོ་ཁོ་ནའི་ཆེད་ལམ་ལ་ཆས་བཞིན་འདུག ད་དུང་གནས་སྟངས་དངོས་ལ་བསམ་བློ་རེ་བཏང་ཚེ། ཆ་རྐྱེན་དང་གོ་སྐབས་ཞན་ལ། ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་དཀའ་ངལ་ལ་གདོང་གཏད་ནས་རང་མི་རིགས་ཀྱི་སློབ་གསོའི་བྱ་བཞག་རྨངས་ནས་གསོ་བའི་མང་ཚོགས་འདི་དག་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་ཆབས་ཅིག་རྒྱལ་ཁབ་ཕྱི་ནང་ན་གནས་པའི་བོད་རིགས་སྤུན་ཟླ་ཡོངས་དང་། ལྷག་པར་བླ་སྤྲུལ་དང་མཁས་དབང་བོད་ཀྱི་སློབ་གསོའི་རྐང་འཛིན་པར་རློམ་པ་རྣམས་ལ་བོད་སྐད་གཙང་མ་སྨྲ་བའི་རྐང་འཛིན་པ་མི་བྱེད་རུང་མང་ཚོགས་ཕལ་བ་འདི་དག་ལ་ཡིད་སྨོན་རེ་མི་འཆོར་རམ་ཞུ་བ་ལགས་སོ། །

གསར་འགྱུར།

Post navigation

Previous Post: ལྷ་ས་ནས་དབྱིན་ཇིའི་སློབ་གྲ་ཐོག་མ་ཐོར་བའི་བྱ་རིམ ཟེར་བའི་རྩོམ་བཀླགས་རྗེས་སུ།
Next Post: རྒྱ་དང་བོད་གཉིས་སོ་སོར་ཅིས་མ་གྲུབ།

Comments (13) on “བོད་ནང་སྐད་ཡིག་སྲུང་སྐྱོབ་ཀྱི་གནས་ཚུལ།”

  1. མིག་བརྒྱད་པ། says:
    2012-07-02 at 4:44 am

    བོད་མི་རིགས་ཀྱི་མཚོན་རྟགས་བླ་ན་མེད་པ། ཀ་ཁ་ག་ང་ནམ་ཡང་རྒྱལ་གྱུར་ཅིག །ས་ཆ་གང་ནས་ཡིན་གསལ་ཁ་མི་འདུག །ཕལ་ཆེར་མཚོ་སྔོན་ཕྱོགས་ཡིན་ས་རེད།

  2. ཚེ་རིང་ནམ་རྒྱལ says:
    2012-07-02 at 8:38 am

    ཧ་ཅང་ཡག་པོ་འདུག་མུ་མཐུད་དུ་ཤིགས་རྒྱག་རོགས།

  3. བསོད་ནམས་ says:
    2012-07-02 at 8:46 am

    བོད་ཡིག་བོད་སྐད་་བོད་ཀྱི་བླ་སྲོག་ཡིན་པས་སྐད་དང་ཡི་གེ་ག་ཚོད་གནས་ན་བོད་མི་ཡང་དེཚོད་གནས་སྐད་ཡིག་སྲུང་སྐྱོབ་བྱེད་པ་ནི་ཤུན་དུ་ལེགས།

  4. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-02 at 11:13 am

    གནས་ཚུལ་ཐོས་པར་མཛད་པ་ལ་བཀའ་དྲིན་ཆེ། བོད་ལུགས་བཟང་སྲུང་བའི་བྱ་བ་འདི་བཞིན་བོད་ལྗོངས་ཡོངས་དང་། རི་བོ་གངས་ཅན་ལོགས་སུ་འཁོད་པའི་སྐྱེ་བོ་རྣམས་དང་། རྒྱ་གར་སོགས་ལ་ཡོད་པའི་བོད་རིགས་དག་གིས་ཀྱང་མཛད་མི་དགོས་སམ། སྔོན་ལོ་ངོ་ཉི་ཤུ་རྩ་གྲངས་ཙམ་སྔོན་དུ་ཨ་རིའི་གྲོང་ཁྱེར་ནེཝ་ཡོརཀ་གྲོང་ཁྱེར་དུ། བོད་ཀྱི་ལས་ཁུངས་ཀྱི་ཁང་པར་བདུན་རེ་བཞིན་འཛོམས་ནས་ས་སྐྱ་ལེགས་བཤད་སོགས་ཀློག་པར་དྭངས་བླངས་ཀྱིས་ཕྱིན་ཏེ། ཀློག་པ་པོ་བཅོ་ལྔ་ཉི་ཤུ་ཙམ་འཛོམས་པའི་རེ་བ་བྱས་ཀྱང་། ང་རང་ཐེ་བས་ཀློག་པོ་བཞི་མ་གཏོགས་མ་བྱུང་། ད་རེས་བོད་ཀྱི་ལས་འགུལ་འདི་ཛམ་གླིང་བོད་ཡོངས་ཀྱི་མིག་ལྟ་སའི་རྒྱུར་གྱུར་ཅིང་། བོད་སྲོལ་བཟང་སྲུང་བའི་བྱ་བ་བཟང་པོའི་ས་བོན་འདེབས་པ་འདི་ལ་བོད་སྲོལ་བཟང་གི་མེ་ཏོག་དང་ལོ་ཏོག་མང་པོ་འཆར་བར་སྨོན་ནོ།།
    ཡི་གེ་འབྲི་བ་པོ་ལ་དྲི་བ་དང་། བསམ་འཆར་ཞིག་ཡོད།
    བོད་རང་གི་ལོ་རྒྱུས་ལ་ཕྱིར་འདང་རེ་བརྒྱབ་པ་ཡིན་ན། ཞེས་པའི་འདང་གི་དོན་ཅི་ཡིན་ནམ།
    ཡོད་པ་མ་ཟད། ཅེས་པ་ཁྱེད་ཙམ་མ་ཡིན་པར་བོད་ཀྱི་རིག་གཞུང་དཔེ་ཆ་ལེགས་པར་ཀློག་་མ་མྱོང་བ་མང་པོས་འབྲི། འོན་ཀྱང་བོད་ལུགས་བཟང་གི་སྐད་དུ། ཡོད་པར་མ་ཟད་ཅེས་བྲིས་ཡོད་པ་དཔེ་རྙིང་ཚང་མ་ན་འདུག བོད་སྔ་རབས་པའི་སྐད་ཡིག་དེ་བོད་ཡོངས་གཅིག་སྒྲིལ་བྱེད་པ་ལ་མེད་དུ་མི་རུང་བར་མཐོང་ངོ་།།

  5. གཉིས་མེད་སེངྒེ says:
    2012-07-02 at 12:41 pm

    ངོ་མ་འདི་དག་ནི་དགའ་འོས་པའི་གནས་ཚུལ་རེད། སྟག་གཟིག་གི་པགས་པའི་ལས་འགུལ་བཞིན་བོད་ཕྱི་ནང་གཉིས་ནས་རྒྱུན་སྐྱོང་ཐུབ་པར་བྱ་དགོས་པ་གལ་ཆེ།

  6. མིག་བརྒྱད་པ། says:
    2012-07-02 at 1:15 pm

    རྒན་ལ་དྭགས་པ་ལགས། སྐུ་ཉིད་ཀྱི་e-mail་ཁ་བྱང་འདིར་བཞག་ན་འགྲིག་གི་རེད་དམ། སྐུ་ཉིད་ལ་བཀའ་འདྲི་ཞུ་ཡ་ཁ་ཤས་ཡོད་ལགས།
    ཨ་མདོའི་ཁ་སྐད་དུ་སྤྱོད་པའི་འདང་ཞེས་པ་ཞེན་ཆགས་དང་བརྩེ་གདུང་ལ་འཇུག །དཔེར་ན། ང་རང་དགེ་རྒན་ལ་འདང་ཆེ་ལྟ་བུ། ཕ་མ་ལ་འདང་ཆེ་ལྟ་བུའོ། །དེ་མིན། བསམ་བློ་ལའང་འཇུག་སྟེ། དཔེར་ན། ངས་འདང་ཡུན་རིང་བརྒྱབ་ཀྱང་དྲན་མ་སོང་ལྟ་བུའོ།།

  7. མིག་བརྒྱད་པ། says:
    2012-07-02 at 1:16 pm

    མི་རྟག་དྲན་སྐུལ།
    ཀྭ་ཡེ་ལེ་ལོ་ལང་ཤོར་མ་སོང་བར།།ཁ་ཙམ་མིན་པའི་མི་རྟག་དྲན་སྐུལ་བྱ།།ག་ནས་བསྡད་ཀྱང་འཆི་བདག་བདུད་པོ་ཡིས།།ང་དང་གྲོགས་ཁྱོད་ཐར་བར་མི་གཏོང་ངོ་།།ཅ་ཅོ་བག་མེད་སྤྲང་པོའི་སྟོང་འདང་གིས།།ཆ་ལུགས་ཉི་མ་འཕུད་ཐབས་བྱེད་པ་འདི།།ཇ་ཡུན་ཙམ་ལ་སྡོད་པའི་དབང་མེད་པས།།ཉ་ཉོག་སྟོང་བར་ཟད་པའི་ལོ་རྒྱུས་ཡིན།།ཏཱ་ཐ་གཱ་ཏའི་གཞུང་ལ་མ་འགྲིམས་པར།།ཐ་མལ་རང་སེམས་བསླུས་བ་མ་ཤེས་པས།།ད་ལྟའི་ཡོ་ལང་གློག་གི་འཕྲུལ་འཁོར་གྱིས།།ན་ཚོད་སྟོང་ཟད་བྱེད་པ་ཡུན་གྱིས་ཚོར།།པ་སངས་ལྟ་བུའི་རབ་དཀར་སེམས་གཏིང་ནས།།ཕ་རོལ་དོན་ཆེན་སྒྲུབ་པའི་སེམས་དཔའ་ལ།།བ་ལང་ལྟ་བུ་འདུ་ཤེས་དམན་པ་ཡིས།།མ་རིག་ཁྱད་གསོད་བྱེད་པ་ཡིད་རེ་སྐྱོ།།ཙ་ན་ཀ་ཡི་ཟས་སོགས་ངན་ངོན་ཙམ།།ཚ་གྲང་མྱོང་མཁན་ཀུན་ལ་ཁྱད་མེད་ཀྱང་།།ཛ་ལང་སྤྱོད་པ་བདག་དོན་ཁོ་ནའི་ཆེད།།ཝ་ལེར་བསམ་ན་ཡིད་སེམས་གཏིང་ནས་འཕྱོ།།ཞྭ་སེར་མཁན་པོས་བྲག་ཕུག་སྐམ་པོ་ནས།།ཟ་རྒྱུ་འཐུང་རྒྱུ་ཙམ་ལ་མ་ཞེན་པར།།འ་ཅག་སྐྱེ་འགྲོ་ཡོངས་ལ་སྨན་སླད་དུ།།ཡ་མཚར་ཆེ་བའི་གདམས་ངག་གྲུ་ཆར་ཕབ།།ར་རིའི་བློ་དང་བྲལ་བའི་བཤེས་གཉེན་རྣམས།།ལ་ལུང་ངེས་མེད་མི་མེད་རི་ཁྲོད་དུ།།ཤ་མཆོག་སྙིང་གི་གུར་ཁང་ར་བ་ནས།།ས་ལམ་འདྲེན་པའི་བྱང་ཆུབ་ལམ་རིམ་སྒོམ།།ཧ་ལེ་ཧོ་ལེའི་ངང་དུ་མ་སོང་བར།།ཨ་མྲི་ཏ་ཡི་བདུད་རྩིའི་དཔལ་འདོད་ན།།ཧ་ལམ་བདེན་བཞིའི་མི་རྟག་སྒོམ་པ་ནི།།ཨ་དོན་སྐྱེ་མེད་རྟོགས་པའི་ཆེད་དུ་ཡིན།།

  8. རིག་པའི་གླིང་བུ says:
    2012-07-02 at 1:43 pm

    དངོས་གནས་ཡག་པོ་རེད་འབྲོག་ཕྲུག་ཚོ་ཤུགས་བརྒྱབ།

  9. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2012-07-02 at 11:46 pm

    མིག་བརྒྱད་པ་མཆོག འདང་གི་དོན་གསུངས་པར་བཀའ་དྲིན་ཆེ། ཡིག་སྐད་དུ། དྭངས་དང་། དང་གི་ད་ལྟ་བ། འདང་། ཞེས་པ་ཡིན་འདུག ངའི་གློག་འཕྲིན་ཨང་གྲངས་ནི། lj53@columbia.edu ཞེས་པ་ཡིན། སྐུ་ཉིད་དང་གཞན་ཡོངས་ལ་བཀྲ་ཤིས་བདེ་ལེགས།

  10. འཁྱམ་པོ says:
    2012-07-03 at 9:08 am

    ཁམས་ཨ་མདོའི་སྐད་གང་ཡིན་རུང་སྒྲ་གདོང་མ་འདྲ་བ་ཙམ་ལས་དགས་ཆ་སོགས་བོད་སྤྱིའི་སྐད་ཡིག་དང་མ་མཐུན་པ་ཞིག་མེད། འདང་རྒྱག་ཟེར་བ་མིན་པ། འདུན་རྒྱག་ཡིན་དགོས། འདུན་གྱི་སྒྲ་དེ་ཨ་མདོ་ནང་འདང་རྒྱག་བཅས་ཀློག་ནས། ད་ལྟ་འདང་རྒྱག་བཅས་བྲིས་པ་ནི་ཁུངས་མེད་རེད་བསམ། དགས་ཆ་ང་ཡང་ཡག་པོ་མེད་རུང་། རང་གི་ཡུལ་སྐད་ཀྱི་སྒྲ་བྲིས་ནས་འགྲིག་པ་ངས་མ་མཐོང་།

  11. ཇིང་སྲས་མིག་གསུམ་པ། says:
    2012-07-04 at 11:38 am

    ཀ་ཁ་ག་ངའི་གདངས་འདི་བོད་ཀྱི་ཡིན།། ཨི་ཨུ་ཨེ་ཨོའི་དབྱངས་འདི་བོད་ཀྱི་ཡིན།།
    འདི་ལ་གཅེས་སྤྲས་བྱས་ན་ལ་རྒྱ་ཡིན།། འདི་ལ་བདག་པོ་རྒྱབ་ན་དཔའ་པོ་ཡིན།།

  12. ཀརྡོ་གཉེར་ཕྱག་པ་ says:
    2012-07-05 at 4:31 am

    ཀ་ཁའི་བོད་སྐད་བོད་པ་ཀུན་གྱིས་སྦྱོང་དགོས་འདུག །
    ཁ་ནས་སྐད་ཆ་བོད་པར་ཤོད་ཚད་བོད་སྐད་དང་། །
    ག་ཝར་བོད་པ་ཐུག་ཚད་བོད་སྐད་ཤོད་ཐབས་ལས། །
    ང་ཅག་བོད་པས་བོད་སྐད་སྲུང་སྐྱོབ་དེ་ལྷག་མེད། །

  13. གངས་རི་དཀར་པོ། says:
    2012-07-05 at 12:40 pm

    ཐུགས་རྗེ་ཆེ་ཐུགས་རྗེ་ཆེ། ད་དུང་སེམས་ཤུགས་བསྐྱེད་དེ་ཡར་རྒྱས་གོང་འཕེལ་ཡོང་བའི་བཀྲིས་སྨོན་འདུན་ཞུ་རྒྱུ་ཡིན།
    འཛམ་གླིང་ལྷ་ལམ་ཡངས་པའི་དཀྱིལ་འདི་ན།།
    སྣང་བྱེད་བོད་ཀྱི་རིགས་གཞུང་འདི་འདྲ་བ།།
    རེ་ཞིག་སྤྲིན་ནག་འཐུག་པོས་བསྒྲིབས་ཡོད་ཀྱང༌།།
    ད་ལམ་རླུང་གིས་འཐོར་བ་བཀའ་དྲིན་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (78)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (7)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme