Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་ན་མེར་བསྲེགས་ཀྱི་ལས་འགུལ་ཆེ། བོད་ཕྱི་ན་དྲ་ཐོག་གི་རྩོད་པ་ཆེ།

Posted on 2012-04-122012-04-12 By ཁ་བརྡ་

རིག་འབྱུང་དོན་གྲུབ་བཀྲ་ཤིས།

དབྱིན་ཡིག་གི་འགྱུར་ལ་གཟིགས་ན།

བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་ཇེ་མང་དང་དེའི་ཁྱབ་རྒྱ་ཇེ་ཆེར་འགྲོ་བཞིན་པའི་སྐབས་སུ། བཙན་བྱོལ་སྤྱི་ཚོགས་སུ་དེའི་སྐོར་ལ་བགྲོ་གླེང་འཁྲུག་པོ་འབྱུང་གིན་ཡོད། བགྲོ་གླེང་དེ་ཚོ་དྲ་ཐོག་གི་བགྲོ་གླེང་ཡིན། ད་ཕན། བཙན་བྱོལ་ནང་གི་བོད་ཡིག་དྲ་བ་ཁ་བརྡ་དང་བོད་ཀྱི་དུས་བབ། བོད་ཀྱི་བང་ཆེན་གསུམ་ཀའི་སྟེང་ལ། བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་ངོ་རྒོལ་སྐོར་ལ་བསམ་ཚུལ་རྩོམ་ཡིག་ལྔ་བཅུ་ལྷག་ སྤེལ་འདུག རྩོམ་ཡིག་དེ་རྣམས་ལ་མཆན་བུ་སྟོང་ཕྲག་བརྒལ་བ་བྱུང་འདུག འོན་ཀྱང་། རྩོམ་ཡིག་སྤེལ་མཁན་ཚོའི་བསམ་ཚུལ་གཅིག་པ་མིན་ལ། བསམ་ཚུལ་ཁ་ཤས་ཀྱི་དབར་ལ་འགལ་ཟླ་ཡང་ལངས་བཞིན་ཡོད་།

རང་ལུས་མེར་བསྲེགས་ཀྱི་རྒྱུ་རྐྱེན་ཐད་ལ། བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱིས་། བོད་ནང་དུ་རྒྱ་ནག་སྲིད་གཞུང་གིས་ཆབ་སྲིད་ཀྱི་དམ་བསྒྲགས་དང་རིག་གཞུང་རྩ་གཏོར་། དཔལ་འབྱོར་དབྱེ་འབྱེད་། ཁོར་ཡུག་གཏོར་བཤིག་སོགས་ཀྱི་སྲིད་ཇུས་མུ་མཐུད་དུ་ལག་བསྟར་བྱེད་བཞིན་པ་དེ་ཡིན་ལབ་འདུག མེར་བསྲེགས་ཀྱི་རྒྱུ་རྐྱེན་འདིའི་ཐད་ལ། དྲ་ཐོག་གི་བགྲོ་གླེང་བ་དང་རྩོམ་ཡིག་སྤེལ་མཁན། མཆན་རྒྱག་མཁན་ཚོ་ལ་ཡང་བསམ་ཚུལ་གཅིག་མཚུངས་སུ་འདུག འོན་ཀྱང་། ཁོང་ཚོ་བསམ་ཚུལ་མི་མཐུན་ས་དེ་ནི་མེར་བསྲེགས་རྒྱུ་རྐྱེན་གྱི་གནད་དོན་དེ་མ་རེད། མེར་བསྲེགས་ལ་ལྟ་སྟངས་དང་དེའི་འབྱུང་འགྱུར་གྱི་ཐད་ལ་རེད་།

ཕྱི་ལོ་ཉིས་སྟོང་བཅུ་གཅིག་དང་བཅུ་གཉིས་ལོའི་རང་ལུས་མེར་བསྲེགས་ཀྱི་གནད་དོན་ཐོག་བལྟས་ན། དྲ་ཐོག་གི་བོད་མིའི་རྩོད་པ་ནི་རིམ་པ་བཞི་ལྟ་བུ་ཞིག་གི་ངོ་བོར་གནས་འདུག རང་ལུས་མེར་བསྲེགས་ཐོག་མར་བྱུང་དུས། དེ་ལ་གདུང་སེམས་མཉམ་བསྐྱེད་བྱེད་དགོས་བའི་བསམ་ཚུལ་བྱེད་མཁན་མང་དུ་བྱུང་འདུག དེ་ནས་རིམ་བཞིན། རང་ལུས་མེར་བསྲེགས་དེ་འཚེ་བ་དང་འཚེ་བ་མིན་པའི་རྩོད་པ་བསླངས། དྲ་ཐོག་གི་བོད་ མི་ཚོ་རྩོད་པ་འདིའི་སྒང་ནས་མ་བསྡད་པར་། རྩོད་པ་གཞན་ཞིག་དྲུད་ནས་ཡོང་། དེ་ནི་རང་ལུས་མེར་བསྲེགས་བྱེད་མཁན་ཚོའི་འབོད་ཚིག་དེ་རང་བཙན་ཡིན་དང་དབུ་མའི་ལམ་ཡིན་མིན་སྐོར་དེ་རེད་། རྩོད་པ་དེ་ཡང་རྫོགས་ནས་ད་ལྟ་རྩོད་པ་གཞན་ཞིག་རྒྱག་བཞིན་ཡོད་། ད་ལྟའི་རྩོད་པ་ནི། རང་ལུས་མེར་བསྲེགས་ཀྱི་ལས་འགུལ་འདི་མཚམས་འཇོག་དགོས་མིན་གྱི་རྩོད་པ་དེ་རེད་། རྩོད་པ་འདི་ཤུགས་ཆེན་པོ་ལངས་ཀྱིན་ཡོད།

བོད་ནང་གི་རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་སྤྱོད་པ་དེ་། འཚེ་བ་ཡིན་དང་འཚེ་མེད་ཡིན་གྱི་རྩོད་པ་དེ་བོད་མི་ནང་ཁུལ་མིན་པར་། རྒྱ་ནག་གི་གསར་འགྱུར་བརྒྱུད་ལམ་ཁག་གིས་བསླངས་པ་ཞིག་རེད་། རྒྱ་ནག་གཞུང་གིས་བོད་མིའི་རང་ལུས་མེར་བསྲེགས་དེ་འཚེ་བ་ཡིན་པའི་དྲིལ་བསྒྲགས་དེར་། བཙན་བྱོལ་བོད་མི་ཚོས་དྲ་ཐོག་ནས་དེ་འཚེ་བ་མིན་པའི་བསམ་ཚུལ་ཤུགས་ཆེན་གླེང་ཡོད་། བོད་མི་ཚོས་། འཚེ་བ་མིན་པའི་སྒྲུབ་བྱེད་ཀྱང་གཙོ་བོ་ཆོས་ཕྱོགས་ནས་ཡིན། འཚེ་བ་མིན་པར་སྒྲུབ་མཁན་ཚོས་ཆོས་བྱེད་ཀྱི་གཏམ་རྒྱུད་ཞིག་ལུང་འདྲེན་བྱས་ཡོད་། གཏམ་རྒྱུད་དེ་ནི།བཅོམ་ལྡན་འདས་སྔོན་རྒྱལ་བུ་སེམས་ཅན་ཆེན་པོའི་སྐྱེ་བ་བཞེས་པའི་སྐབས་སུ་སྟག་མོ་ལ་ལུས་སྦྱིན་པའི་ཚུལ་དེ་ཡིན། གཏམ་རྒྱུད་དེའི་མདོ་དོན་ནི། རྒྱལ་བུ་ཁོང་གིས་སྟག་མོའི་ཚང་ལ་སོང་ནས་སྟག་མོའི་དྲུང་དུ་ཉལ་བ་དང་། སྟག་མོ་ཁ་འཐམས་ནས་ཟ་མ་ནུས་། དེའི་ཚེ་རྒྱལ་བུས་ཚལ་བ་རྣོན་པོས་ལུས་ལ་ཁྲག་ཕྱུང་ནས་སྟག་མོ་ལ་བལྡག་ཏུ་བཅུག་པ་དང་། སྟག་མོས་ཁ་གདངས་ནས་ལུས་ཀྱི་ཤ་མ་ལུས་པར་ཟོས་པ་རེད།

རྩོད་པ་གཞན་ཞིག་ནི། རང་ལུས་མེར་བསྲེགས་གཏོང་མཁན་ཚོའི་འབོད་ཚིག་གི་སྐོར་ལ་ཡིན། སྤྱི་ཡོངས་ནས་། བཙན་བྱོལ་ནང་གི་དྲ་རྒྱ་ཁག་ལ་སླེབས་པའི་བོད་ནང་གི་འབོད་ཚིག་ནི། བོད་རང་བཙན་ཡིན། བོད་ལ་རང་དབང་དགོས། རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་སོགས་ཡིན་མོད་། དྲ་ཐོག་གི་རྩོད་པ་བྱེད་མཁན་ཚོས་། འབོད་ཚིག་འདི་དག་གི་རྒྱབ་ལྗོངས་ལ་རྩོད་པ་རྒྱག་གི་ཡོད་ལ་དེའི་མང་ཉུང་ལ་ཡང་ རྩོད་པ་བྱེད་ཀྱི་ཡོད་། དཔེར་ན། དབུ་མའི་ལམ་དང་དེའི་རྗེས་འཇུག་བྱེད་མཁན་ཚོས། རང་ལུས་མེར་བསྲེགས་གཏོང་མཁན་མང་ཆེ་བའི་འབོད་ཚིག་ནི། བོད་ལ་རང་དབང་དགོས་དང་རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་གཉིས་རེད་ཟེར་ནས་བོད་རང་བཙན་གྱི་འབོད་ཚིག་དེ་མཐའ་ལ་འདེད་པར་བྱེད་། ཕྱོགས་གཞན་ཞིག་ནས། བོད་རང་བཙན་རྩོད་མཁན་ཚོས་། འབོད་ཚིག་འདི་གསུམ་གྱི་རྒྱབ་ན་བོད་རང་བཙན་གྱི་གོ་བ་ཡོད་པར་སྒྲུབ་ཀྱི་ཡོད་། གནད་དོན་འདིའི་ཐད་། བོད་རང་བཙན་རྩོད་མཁན་འཇམ་དབྱངས་ནོར་བུ་ལགས་ཀྱིས་རང་བཙན་དྲ་རྒྱའི་སྒང་དུ་། ༧རྒྱལ་བ་རིན་པོ་ཆེ་བོད་དུ་ཕེབས་པའི་དགོས་འདུན་བཏོན་པ་འདི་ནི་ངེས་པར་དུ་དེའི་ཆབ་སྲིད་དང་ལོ་རྒྱུས་ཀྱི་གནས་བབས་དང་བསྟུན་ནས་ཤེས་པར་བྱེད་དགོས་པ་ཞིག་རེད་། གང་ཡིན་ཟེར་ན། ཆེས་ཐོག་མར་ཤེས་དགོས་པ་ནི།ནམ་ཡིན་ཡང་༧རྒྱལ་བ་རིན་པོ་ཆེ་ནི་བོད་རང་བཙན་གྱི་དོན་གྱི་བདག་པོའི་དབུ་འཁྲིད་ཅིག་ཏུ་ངོས་འཛིན་བྱས་ཡོད་པ་རེད་། ཅེས་གསུངས་འདུག

གོང་གི་རྩོད་པ་ཆེན་པོ་འདི་གཉིས་ཀྱི་མཇུག་ཏུ། བཙན་བྱོལ་ནང་གི་དྲ་ཐོག་རྩོམ་འབྲི་བ་ཚོས་རྩོད་པ་གཞན་ཞིག་གི་འགོོ་བསླངས་ཡོད་། དེ་ནི། བོད་ནང་གི་མེར་བསྲེགས་གི་ལས་འགུལ་འདི་མཚམས་འཇོག་དགོས་མིན་སྐོར་ལ་ཡིན། ལས་འགུལ་མཚམས་འཇོགས་དགོས་བའི་འབོད་སྐུལ་འདོན་མཁན་ཚོས་རྒྱུ་མཚན་སྙིང་རྗེ་མོ་འགའ་དྲངས་ཡོད་། ཁོང་ཚོས་། ད་ལྟའི་རྒྱ་ནག་གི་མཁྲེགས་འཛིན་གྱི་སྲིད་ཇུས་ལ་བལྟས་ན། ཚེ་སྲོག་བློས་གཏོང་ལ་གྲུབ་འབྲས་ཐོན་དཀའ་བ་འདུག་པ་དང་། དེ་ལས་གསོན་པོའི་འཐབ་རྩོད་གལ་ཆེ་བ་དང་། ལྷག་པར་དུ། བོད་ལ་རང་སྐྱོང་ཡོང་ཐབས་ཀྱི་ཐོབ་ཐང་རྩོད་རྒྱུ་གལ་ཆེ་ཚུལ་གླེང་འདུག རྡ་ལམ་ས་ལའི་དབུ་མའི་ལམ་ལས་འགུལ་ཁང་གིས་ཁ་བརྡ་དྲ་བའི་སྟེང་འབོད་སྐུལ་ཡང་བྱས་འདུག ད་དུང་། ན་གཞོན་ཚོས་འཐབ་རྩོད་ཀྱི་ནུས་བ་དེ་སློབ་སྦྱོང་དང་ཤེས་ཡོན་གྱི་སྒང་ལ་བཏང་ནས་ཕུགས་རྒྱང་རིང་པོའི་འཚོ་གནས་སྒྲུབ་རྒྱུ་ དེ་གལ་ཆེ་ཚུལ་གླེང་མཁན་འདུག་ལ། འདིའི་ཁྲོད་དུ་བོད་ཀྱི་བླ་ཆེན་རྒྱལ་བ་ཀརྨ་པ་ཡང་ཡོད་ལ་། ཁོང་གིས་ཀྱང་ཚེ་སྲོག་ལ་བདག་པོ་བརྒྱབ་ནས་བོད་ཀྱི་དཀའ་ངལ་སེལ་ཐབས་ལ་འབད་རྒྱུ་གལ་ཆེ་ཚུལ་གསུངས་ཡོད་།

གོང་གི་བསམ་ཚུལ་འདི་དག་ལ་ཁ་གཏད་གཅོག་མཁན་དག་གིས་། མེར་བསྲེགས་ཀྱི་ལས་འགུལ་འདི་མཚམས་འཇོག་མི་ཉན་ཚུལ་གླེང་གིན་ཡོད་། དེ་ཡང་ཁོང་ཚོས་། གལ་སྲིད་བོད་ནང་གི་ལས་འགུལ་དེ་མཚམས་འཇོག་གནང་བ་ཡིན་ན། མེར་བསྲེགས་གཏོང་མཁན་དག་ནི་ལོ་རྒྱུས་ཙམ་ཆགས་འགྲོ་བ་དང་། འདས་པོ་རྣམས་ཀྱི་ཚེ་སྲོག་ཆུད་ཟོས་སུ་སོང་བ་མ་ཟད་ཁོང་ཚོའི་གཉེན་ཉེ་དག་གི་སེམས་སུ་ཡང་སྡུག་བསྔལ་གྱི་རྨ་ཁ་ཆེན་པོ་ཞིག་བཟོས་པ་རེད་ལ། ལྷག་པར་དུ་། རྒྱ་གཞུང་ནས་བཟང་ཕྱོགས་ཀྱི་བརྡ་ལན་ཞིག་མ་སྤྲད་བར་དུ་། ལས་འགུལ་འདི་མུ་མཐུད་དུ་སྤེལ་དགོས་བརྗོད་འདུག དུས་བབ་དྲ་ཚིགས་སུ། རྩོམ་པ་པོ་བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས། བོད་ནང་གི་མེ་ལྕེ་མུ་མཐུད་དུ་འབར་དགོས་ཞེས་རྩོམ་ཡིག་ཀྱང་སྤེལ་འདུག ད་དུང་། བཙན་བྱོལ་ནང་གི་འོད་དཀར་དྲ་ཚིགས་ཀྱི་བདག་པོ་། ཤིང་བཟའ་རིན་པོ་ཆེ་ཡིས་བོད་ཀྱི་དུས་བབ་ཏུ་། གལ་སྲིད་སུ་གང་གིས་གནད་དོན་འདི་དེ་མ་ཐག་མཚམས་འཇོག་དགོས་ལུགས་བརྗོད་ཚེ་དེ་ནི་མི་སྲིད་པ་ཞིག་ཡིན། རྒྱུ་མཚན་ནི་གོང་བླ་སྤྲུལ་རྣམས་དང་དཔོན་རིགས་སུ་གཅིག་ལའང་ལས་འགུལ་འདི་ཉིད་མཚམས་ཞོག་ཅེས་བཀའ་ཁྱབ་གཏོང་རྒྱུའི་འོས་འགན་དང༌། ཡང་ན་དབང་ཆ་གང་ཡང་མེད། ཞེས་གསུངས་འདུག ད་དུང་། ཁོང་གིས་མུ་མཐུད་དུ་། དེའི་ཕྱིར་དེང་སྐབས་བཙན་བྱོལ་ནང་བོད་མི་ཅོལ་ཆུང་ཁ་ཤས་ཀྱིས་ལས་ འགུལ་འདི་ཉིད་མཚམས་འཇོག་དགོས་པར་བརྗོད་བཞིན་པ་དང༌། དེ་བཞིན་༧གོང་ས་མཆོག་གིས་མཚམས་འཇོག་དགོས་པའི་བཀའ་སློབ་ཕེབས་དགོས་པར་བརྗོད་བཞིན་པ་དག་ལ་ཁོ་བོས་ལེགས་སོ་བརྗོད་ཐུབ་མེད་སོང༌། ཞེས་ནན་བརྗོད་བྱས་འདུག (ཁོང་ནི་ད་ལྟ་ནེའུ་ཡོག་གི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་མདུན་དུ་ཟས་བཅད་ངོ་རྒོལ་ལ་བཞུགས་མཁན་བོད་མིའི་གྲས་ཀྱི་གཅིག་ཡིན།)

བཙན་བྱོལ་གྱི་དྲ་ཐོག་གི་བོད་མི་རྣམས་ནི། ད་དུང་ཡང་རྩོད་པ་འདི་ལ་ཞུགས་ནས་ཡོད་། འོན་ཀྱང་། རྩོད་པ་འདི་དུས་ནམ་ཞིག་ལ་མཇུག་བསྡུ་མིན་བརྗོད་དཀའ་ལ། རྩོད་པ་འདི་ལ་མཐའ་དང་གྲུབ་འབྲས་ཡོད་མེད་ཀྱང་རབ་རིབ་ཡིན། གང་ལྟར་། བོད་ནང་དུ་མེར་བསྲེགས་ཀྱི་ལས་འགུལ་ཆེ་རུ་འགྲོ་བ་དང་དུས་མཚུངས་། བཙན་བྱོལ་དུ་དྲ་ཐོག་གི་རྩོད་པ་ཇེ་མང་ལ་འགྲོ་གིན་ཡོད་།

སྤྱི་ཟླ་གསུམ་པའི་ཚེས་༡༦ཉིན་བྲིས།

(རྩོམ་ཡིག་འདིའི་དབྱིན་འགྱུར་མ་དེ་། ཨ་རིའི་རིག་གཞུང་དུས་དེབ་(Cultural Anthropology)ཟེར་བ་དེའི་སྒང་ལ་བཀོད་ཡོད་།)

གསར་འགྱུར།

Post navigation

Previous Post: ཤི་འདོད་མེད་པའི་ང་དང་ངའི་སྙན་ངག
Next Post: ད་ནི་མེ་ལྕེའི་ཀློང་ལ་ཞུགས་ནས་བླ་འབོད་ཐེངས་ཤིག་བྱེད་སྙིང་འདོད།།

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme