Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་སློབ་ཕྲུག་བུ་མོ་ཞིག་ལ་ཕྱི་རྒྱལ་གྱི་གྲོགས་པོས་སློབ་གསོ་བརྒྱབ་པ།

Posted on 2011-02-012011-02-01 By ཁ་བརྡ་ 9 Comments on བོད་ནང་གི་སློབ་ཕྲུག་བུ་མོ་ཞིག་ལ་ཕྱི་རྒྱལ་གྱི་གྲོགས་པོས་སློབ་གསོ་བརྒྱབ་པ།

རྨ་མགུར་སངས་རྒྱམ། ཨིན་བསྒྱུར་མ།

ཕྱི་རྒྱལ་ཡུལ་གྲུ་ཁག་གི་ནང་དུ་ཡོད་པའི་བོད་རིགས་དེ་ཚོའི་སྐོར་ལ་ངས་ཁྱེད་ལ་ག་རེ་བཤད་པའི་ནང་དོན་ཚང་མ་ཁྱེད་ཀྱིས་ཤེས་རྟོགས་བྱེད་རྒྱུ་དེ་ནི་ཤིན་ཏུ་དཀའ་ལས་ཁག་པོ་རེད། དེ་ལྟར་དུ་ཡིན་ནའང་ངས་རང་གི་ལངས་ཕྱོགས་ཀྱི་ལྟ་བ་མི་འདྲ་བ་ཞིག་གི་ཐོག་ནས་གནད་དོན་འདི་ལ་བལྟ་རྒྱུ་ཡིན། སྤྱིར་ང་རང་ཁོ་ཚོའི་བྱེད་སྟངས་འདི་ལ་དགའ་བོ་མེད་པ་དང་ཐབས་ཇུས་འདི་རིགས་ཀྱིས་ལས་ཀ་ཡག་པོ་ཞིག་བྱེད་ཐུབ་ཀྱི་མ་རེད། ཕྱི་རྒྱལ་ཁག་ཏུ་ཡོད་པའི་བོད་རིགས་དེ་ཚོས་རང་གི་ལས་དོན་ཚང་མ་ཆབ་སྲིད་ཀྱི་ངོ་བོར་བསྒྱུར་འདོད་པ་དང་། དེའི་རྒྱུ་མཚན་ནི་ཁོ་ཚོ་ཚང་མས་རང་ཉིད་སྐྱབས་བཅོལ་བ་ཞིག་ཡིན་པ་ལྟར་གྱི་གནས་བབ་དེ་བེད་སྤྱོད་བྱས་པའི་རྗེས་སུ་དེས་ཁོ་ཚོ་ཚང་མ་མི་སེར་སྐྱོ་བོ་ཞིག་གི་རྣམ་པ་བཟོ་བཞིན་ཡོད། དོན་དངོས་སུ་ང་རང་འདི་ལ་དགའ་བོ་མེད་པ་ནི་མི་འདི་དག་གིས་རང་ལ་དབང་བའི་གནས་བབ་ཡག་པོ་ཞིག་གི་ཆེད་དུ་བོད་ཀྱི་གནད་དོན་དེ་བེད་སྤྱོད་བྱེད་བཞིན་ཡོད། གལ་སྲིད་ཁྱེད་རང་གིས་ཁོ་ཚོ་བོད་ལ་ཕྱིར་ལོག་འདོད་ཡོད་མེད་སྐད་ཆ་དྲིས་ན་ཁོ་ཚོ་རྩ་བ་ནས་བོད་ལ་ལོག་འདོད་མེད་པ་དེ་རེད། དེར་བརྟེན། ཁོ་ཚོས་བོད་མི་དམངས་ཀྱི་དཀའ་རྙོག་དེ་ཁོ་ཚོའི་དཀའ་ངལ་ལ་སྒྱུར་བཞིན་ཡོད་པ་རེད། བོད་ནང་གི་བོད་རིགས་ཚོ་ལས་ཕྱི་རྒྱལ་ཡུལ་གྲུ་ཁག་གི་བོད་རིགས་ཚོ་ལ་གཞན་གྱི་རོགས་སྐྱོར་མང་བོ་རག་གི་ཡོད། ཁོ་ཚོས་ཕྱི་རྒྱལ་གྱི་རོགས་རམ་དེ་དག་བོད་ནང་གི་བོད་རིགས་ཚོ་དང་མཉམ་དུ་བེད་སྤྱོད་བྱེད་ཐུབ་ཀྱི་ཡོད་ཀྱང་དེ་རྩ་བ་ནས་བྱེད་ཀྱི་མ་རེད། ད་དུང་ཁོ་ཚོས་རྟག་པར་འཆད་བཞིན་པ་ནི་ཁོ་ཚོས་བོད་ནང་གི་བོད་རིགས་ཚོ་ལ་རོགས་རམ་བྱ་རྒྱུ་ཡིན་ཟེར། དེ་ནི་ངོ་མ་རྫུན་གཏམ་ཡིན་པ་དང་། ཁྱེད་ཀྱིས་ང་རང་ལ་ཁོ་ཚོས་ཁྱེད་དང་ཁྱེད་ཀྱི་ནང་མི་ཡང་ན་ཁྱེད་ཀྱི་གྲོགས་པོ་ཚོ་ལ་རོགས་རམ་ག་རེ་བྱས་པ་འགྲེལ་བཤད་ཅིག་བྱེད་ཐུབ་ཀྱི་རེད་དམ། ང་རང་གིས་ཁོ་ཚོ་ལ་བོད་ནང་གི་བོད་རིགས་ཚོ་ལ་རོགས་རམ་བྱ་དགོས་པར་སྐད་ཆ་བཤད་པའི་སྐབས་སུ་ཁོ་ཚོས་དེའི་སྐོར་ཤེས་འདོད་བྱེད་ཀྱི་མི་འདུག ཁོ་ཚོའི་བསམ་བློའི་དམིགས་ཡུལ་ནི་ཨ་རིའི་ནང་དུ་གནས་སྤོར་བྱ་རྒྱུ་གཅིག་བུ་རེད། ང་རང་ཨ་རིའི་རྒྱལ་ཁབ་ནང་གི་མི་རྣམས་ལ་ཐུག་ནས་བོད་རིགས་དེ་ཚོས་ག་རེ་བྱེད་འདོད་ཡོད་མེད་སྐད་ཆ་དྲིས་པའི་སྐབས་སུ་བོད་རིགས་དེ་ཚོ་ཨ་རིའི་རྒྱལ་ཁབ་གཅིག་བུའི་ནང་དུ་སྡོད་པར་བྱེད་འདོད་ཡོད་ཟེར། བོད་རིགས་དེ་ཚོ་ལ་སྐད་ཆ་འདྲི་སྐབས་ཁོ་ཚོས་བཤད་རྒྱུར་ཁོ་ཚོ་བོད་ནང་དུ་སྡོད་འདོད་ཡོད་ནའང་བོད་ནང་དུ་ལོག་རྒྱུ་དཀའ་ལས་ཁག་པོ་ཡིན་པས་དེ་ལ་བསམ་བློ་གཏོང་ཐུབ་ཀྱི་མི་འདུག་ཟེར། ཨ་རིའི་ནང་གི་མི་སེར་ཚོས་ཁོ་ཚོ་བོད་ནང་དུ་ལོག་འདོད་ཡོད་ན་དེ་ནི་ཤིན་ཏུ་ལས་སླ་བོ་ཡིན་པར་བཤད་ཀྱི་ཡོད། དོན་དངོས་སུ་ཨ་རིའི་ནང་གི་བོད་རིགས་ཕལ་མོ་ཆེ་རང་ཉིད་བོད་ལ་འགྲོ་མྱོང་མེད་པ་དང་ཁོ་ཚོ་བོད་ཀྱི་ཕྱི་ལོགས་སུ་སྐྱེས་པ་རེད། ངས་དངོས་གནས་བཤད་ན་གལ་སྲིད་ཁོ་ཚོ་བོད་ལ་ཕྱིར་ལོག་པར་གདན་འདྲེན་ཞུས་ཀྱང་ཁོ་ཚོ་རྩ་བ་ནས་བོད་ལ་ལོག་འདོད་སྐྱེས་ཀྱི་མ་རེད། ཁོ་ཚོས་ཨ་རིའི་ནང་དུ་ཁོ་ཚོར་རོགས་རམ་རག་གི་མེད་པའི་གནས་སྟངས་ཤེས་བཞིན་དུ་ཁོ་ཚོས་ཕྱི་རྒྱལ་གྱི་མི་རྣམས་ལ་སྒྲུང་སྣ་ཚོགས་ཤིག་བཤད་དེ་མི་དེ་ཚོས་དེ་དག་ལ་ཡིད་ཆེས་བྱེད་དུ་འཇུག་བཞིན་ཡོད། གཞན་ཡང་། ཁོ་ཚོས་ནང་ཆོས་ལ་དགའ་བའི་ཕྱི་གླིང་གི་མི་རྣམས་ལ་ནང་ཆོས་ཀྱི་ཐོག་ནས་མགོ་སྐོར་གཏོང་ཐུབ་ཀྱི་ཡོད་པ་རེད། ཕྱི་གླིང་གི་མི་ཚོས་ནང་ཆོས་ཀྱི་དོན་དག་གསལ་བོ་ཤེས་ཀྱི་མེད། ཡིན་ནའང་། ཁོ་ཚོས་ག་རེ་གོ་བ་བཞིན་ཡིད་ཆེས་བྱེད་ཀྱི་འདུག བརྩེ་བའི་སློབ་ཕྲུག་ལགས། གལ་སྲིད་ཁྱེད་རང་རྒྱལ་ཁབ་དེ་ལ་འགྲོ་ན་ཁྱེད་རང་ཡང་གནས་སྟངས་གཅིག་པ་དེའི་འོག་ཏུ་ལྷུང་རྒྱུ་ནི་རང་བྱུང་གི་ཆོས་ཉིད་ཁོ་ན་རེད། ཁྱེད་ཀྱིས་ངེས་པར་དུ་དེ་དག་བྱེད་ཀྱི་ཡིན་ནམ་ཡང་ན་དེའི་རིགས་བྱེད་འདོད་ཡོད་དམ། ཁྱེད་རང་ནི་དེ་འདྲ་བ་ཞིག་བྱེད་འདོད་མེད་པ་ཡིན། ང་རང་གིས་བཤད་པའི་དཀའ་ངལ་ནི་དེ་ཡིན་པ་རེད། ང་རང་གིས་རྒྱལ་ཁབ་དེའི་ནང་གི་བོད་རིགས་མང་ཆེ་བའི་བྱེད་སྟངས་ལྟར་དུ་འགྱུར་འདོད་པའི་བོད་ནང་གི་བོད་རིགས་གཅིག་ལའང་རོགས་རམ་བྱེད་པར་འདོད་པ་མེད་ལ་ཤེས་རྟོགས་བྱུང་འདོད་ཀྱང་མེད། མི་དེ་ཚོས་ཕ་ཡུལ་གྱི་མི་རྣམས་ལ་མགོ་སྐོར་གཏོང་བཞིན་ཡོད། ཡང་ན། གནས་དེའི་སློབ་གྲྭར་ལས་སླ་བོར་འགྲོ་མི་ཐུབ་པའི་བྱིས་པ་ཚོ་ལ་མཚོན་ན་དེ་དག་གི་ལོ་རྒྱུས་ནི་དེ་དང་མི་འདྲ་བ་ཡིན། ཐེངས་ཤིག་ཁྱེད་རང་རྒྱལ་ཁབ་དེའི་ནང་དུ་བསླེབ་ན་ཁོ་ཚོ་དང་མཉམ་དུ་ཨ་རིའི་ནང་དུ་སྡོད་པའི་ལམ་ཁ་ཡག་པོ་ཞིག་འཚོལ་བར་འདོད་པ་ཡིན་ནམ། ཁྱེད་རང་གིས་གཞན་པ་ཚོ་དང་འདྲ་བར་ཨ་རི་ལྟ་བུའི་རྒྱལ་ཁབ་ཅིག་གི་ནང་དུ་སྡོད་པའི་དཀའ་ངལ་དག་ཤེས་ཀྱི་མེད། ཁྱེད་ཉིད་ལ་སྒོར་མོ་མང་བོ་དགོས་པ་དང་ཅ་ལག་ཚང་མ་ཡང་ཧ་ཅང་གིས་གོང་ཆེན་པོ་རེད། ཁྱེད་ཀྱི་ཤེས་ཡོན་གྱིས་དེར་སྡོད་ཐུབ་པའི་རོགས་རམ་བྱེད་ཐུབ་ཀྱི་མ་རེད། ཁྱེད་རང་ནི་གསོ་རིག་སློབ་ཆེན་གྱི་སློབ་མ་ཞིག་ཡིན་ནའང་བོད་ཀྱི་གསོ་རིག་ནི་འཛམ་གླིང་གི་ས་གནས་གང་སར་འཚོ་གནས་བྱེད་པར་ཤིན་ཏུ་དཀའ་ལས་ཁག་པོ་རེད། དེ་ནི་འོས་ཤིང་འཚམས་པའི་སྨན་རིགས་ཤིག་ལ་བསམ་གཞིགས་མི་བྱེད་པར་ཞུ། རྒྱུ་མཚན་དེའི་ཕྱིར། ཁྱེད་ཀྱིས་གནས་དེ་རུ་བོད་སྨན་ལ་བརྟེན་པའི་ལས་ཀ་ཞིག་ཇི་ལྟར་འཚོལ་ཐུབ་བམ། དེའི་རྗེས་སུ་གནས་ཚུལ་ག་རེ་འབྱུང་གི་རེད་དམ། ཕྱི་ལོགས་ལ་འཐོན་པར་དགའ་བར་འགྱུར་རམ་ཡང་ན་མི་དགའ་བར་འགྱུར། དེར་མ་ཟད། བོད་ནང་གི་མི་དམངས་དང་གནས་ཚུལ་མཐའ་དག་དྲན་སྲིད་ཀྱི་རེད། དེ་ནས་ཁྱེད་རང་ཤིན་ཏུ་སྐྱོ་བོ་ཆགས་པ་དང་ཁྱེད་ལ་རོགས་རམ་བྱེད་དགོས་པར་སྐད་བརྒྱག་གི་རེད། དེ་རུ་ཁྱེད་ལ་ལས་ཀ་མི་རག་པ་དང་འཚོ་གནས་ཀྱང་བྱེད་ཐུབ་ཀྱི་མ་རེད། ཟ་མ་དང་སྡོད་ཁང་དང་ཅ་ལག་ཚང་མ་ཧ་ཅང་གིས་གོང་ཆེན་པོ་རེད། གཅིག་བྱས་ན་ངས་ཁྱེད་ལ་བཤད་པ་ཚང་མ་ནོར་འཁྲུལ་ཡང་ཡིན་སྲིད་ཀྱི་རེད་ལ། ཁྱེད་རང་གི་བསམ་ཚུལ་དང་མི་མཐུན་པ་ཡང་འབྱུང་སྲིད་ཀྱི་རེད། མི་ཚང་མ་རྟག་པར་རེ་བ་ཞིག་གི་སྟེང་དུ་གནས་ཡོད། ཡིན་ནའང་། གནས་ཚུལ་དེ་འདྲ་ཁྱེད་ལ་མི་འབྱུང་བར་ཞུ། གལ་སྲིད་ཁྱེད་ཀྱིས་ཕྱི་ལོགས་སུ་འཐོན་པར་ཐག་བཅད་པ་ཡིན་ན་ཁྱེད་ཀྱི་མ་འོངས་པའི་མིའི་ཚེ་ལ་ཇི་ལྟར་གཟིགས་བཞིན་ཡོད་དམ། ང་རང་གིས་ཁྱེད་ལ་རང་དབང་གི་འཚོ་བ་ཞིག་རག་པར་བསམ་གཞིགས་བྱེད་བཞིན་ཡོད། ཁྱེད་ཀྱིས་རང་གི་བོད་ནང་གི་མི་དམངས་དང་གྲོགས་པོ་ཚང་མ་རྒྱབ་ཏུ་བསྐྱུར་ནས་ཕྱི་ལོགས་སུ་མིའི་ཚེའི་འཚོ་བ་ཞིག་ལ་ཇི་ལྟར་དུ་རོལ་ཐུབ་བམ།

སྣ་ཚོགས།

Post navigation

Previous Post: གསར་འགྱུར་ནག་པོ།
Next Post: ས་མཐའི་ཚོར་སྣང་།

Comments (9) on “བོད་ནང་གི་སློབ་ཕྲུག་བུ་མོ་ཞིག་ལ་ཕྱི་རྒྱལ་གྱི་གྲོགས་པོས་སློབ་གསོ་བརྒྱབ་པ།”

  1. yeshe says:
    2011-02-01 at 12:47 am

    མང་པོ་ཞིག་དོན་དངོས་རེད། མང་པོ་ཞིག་འཆལ་གཏམ་རེད།

  2. ཀེ་ཏ་ཀ says:
    2011-02-01 at 6:25 am

    ཡི་གེ་འདི་འབྲི་མཁན་གྱི་མིང་། སྤེལ་ས། ཟླ་ཚེས་གསལ་བོ་མེད་ན། ཨ་རིར་འགྲོ་མ་ཐུབ་མཁན་ཞིག་གམ། སོང་ནས་ཁ་མ་སོས་བསྡད་ཡོད་ནི་ཞིག་གི་བྲིས་པར་ཐེ་ཚོམ་ཟ་དགོས་པ་ཞིག་རེད།

  3. ཀརྡོ་རབ་འབྱམས་པ་ says:
    2011-02-01 at 7:15 am

    ཕ་ཡུལ་ཕྱོགས་ལ། དཔལ་འབྱོར་རོགས་རམ་བྱེད་མ་ཐུབ་ཚེ། “ཁྱེད་ཀྱིས་རང་གི་བོད་ནང་གི་མི་དམངས་དང་གྲོགས་པོ་ཚང་མ་རྒྱབ་ཏུ་བསྐྱུར་ནས་ཕྱི་ལོགས་སུ་མིའི་ཚེའི་འཚོ་བ་ཞིག་ལ་ཇི་ལྟར་དུ་རོལ་ཐུབ་བམ།” སྐད་ཆ་འདི་བདེན་པ་རེད་གདའ། གཞན་ཕྱི་རྒྱལ་ཅིག་གི་བསམ་རང་རེད། ང་བོད་རིགས་ཡོ་རོབ་སྡོད་མཁན་ཅིག་གིས་འདི་ལྟར་མི་བསམ། ༣༠ལ་ར་ཅོ་༦༠དང་། མི༦༠ ལ་བསམ་བློ་ཚོད་ཟ་་་་་

  4. མྱི་ལྟིག says:
    2011-02-01 at 8:18 am

    བདེན་མི་བདེན་གཉིས་ཀ་བསྲེས་ནས་བླུགས་འདུག
    གང་ལྟར་བསམ་བློ་གཏོང་རྒྱུ་མང་པོ་ཞིག་འདུག

  5. ཀརྨ says:
    2011-02-01 at 8:48 am

    འདིའི་སྐད་ཆ་མང་ཆེ་བ་གནས་ལུགས་ལ་བསམ་གཞིགས་མ་བྱས་་པར་ཚོད་དཔག་རེད་སྙམ།

  6. ཀརྨ says:
    2011-02-01 at 10:18 am

    འདིའི་སྐད་ཆ་མང་ཆེ་བ་གནས་ལུགས་ལ་བསམ་གཞིགས་མ་བྱས་པར་ཚོད་དཔག་བྱས་པ་རེད་སྙམ།

  7. འབྲས་བུ་གསུམ says:
    2011-02-01 at 2:52 pm

    གོང་གི་སྐད་ཆ་དེ་ཚོའི་ནང་བདེན་རྫུན་སྣ་ཚོགས་ཞིག་བཀོད་འདུག་པས་སྐྱབས་བཅོལ་གཉིས་པར་འགྲོ་མི་སོ་སོས་བརྟག་དགོས་པ་ཞིག་རེད་འདུག ཁོས་བཤད་པའི་སྐད་ཆ་ “དེ་ནི་༼བོད་ཀྱི་གསོ་རིག་༽འོས་ཤིང་འཚམས་པའི་སྨན་རིགས་ཤིག་ལ་བསམ་གཞིགས་མི་བྱེད་པར་ཞུ།” ཞེས་པ་འདིར་ཁ་བོས་གཏན་ནས་ངོས་ལེན་ཞུ་ཐབས་བྲལ། རྒྱུ་མཚན་གང་ཡིན་ཟེར་ན། དེང་སང་གི་དུས་འདིར་བོད་ཀྱི་གསོ་བ་རིག་པ་འཛམ་གླིང་གི་རྒྱལ་ཁབ་མང་པོའི་ནང་དོ་སྣང་བྱེད་ཡུལ་གསར་པ་ཞིག་དང་སྨན་ལུགས་འདིས་འཛམ་བུ་གླིང་གི་མི་མང་ཁྲི་ཚོ་མང་པོའི་འཕྲོད་བསྟེན་ལ་ཞབས་འདེགས་གང་ལེགས་ཞུ་མུས་ལགས་པས་ས་ཕྱོགས་ཀུན་ཏུ་ཆེས་དར་ཁྱབ་འགྲོ་བཞིན་པ་ངས་གསལ་པོར་རྟོགས་ཐུབ་ཀྱི་འདུག ཁྱེད་ཀྱི་ཤེས་ཀྱི་ཡོད་དམ། རྡ་སར་ཡོད་པའི་སྨན་རྩིས་ཁང་ཆུང་ཆུང་དེའི་ནང་གི་སྨན་པ་ཕལ་མོ་ཆེ་ལོ་ལྟར་ནུབ་ཕྱོགས་རྒྱལ་ཁབ་འདྲ་མིན་ནང་མ་ཁོམ་ཤིག་ཤིག་ངང་བསྐོར་བསྐྱོད་དུ་འགྲོ་བཞིན་པ་དང་གཞན་ཡང་སྨན་རྩིས་ཁང་དེ་དང་ AUSTRIA དུ་ཡོད་པའི་སློབ་གྲྭ་ཞིག་མཉམ་འབྲེལ་ཐོག་བོད་སྨན་ངོ་སྤྲོད་ཀྱི་སློབ་འཁྲིད་བྱེད་བཞིན་ཡོད། ལོ་ལྟར་སྨན་རྩིས་ཁང་དུ་ཨ་རི་མི་ནི་སོ་ཀྲ་ནས་སློབ་ཕྲུག་མང་པོས་རང་ཉིད་ཀྱིས་འགྲོ་སོང་བཏང་ནས་རྡ་སར་སྨན་གྱི་ཟབ་སྦྱོང་ཆེད་ཡོང་གི་ཡོད། ངེས་པར་དུ་ཤེས་དགོས་པ་ཞིག་ལ་༢༠༡༠ ལོར་རྒྱ་གར་གཞུང་གི་AYUSH ལྷན་ཚོགས་ནས་བོད་སྨན་ངོས་འཛིན་གནང་བ་འདིས་བོད་ཀྱི་གསོ་བ་རིག་པ་འདི་ཉིད་འོས་ཤིང་མཚམས་པའི་སྨན་རིགས་ཤིག་ལ་བསམ་གཞིགས་བྱེད་འོས་པ་ཞིག་ཡིན་པ་གསལ་པོར་བསྟན་པ་མ་ཡིན་ནམ་གྲོགས་པ་ལགས། དེ་དང་དེ་འདྲ་བའི་གནས་ཚུལ་མང་དག་ཞིག་ཞུ་རྒྱུ་ཡོད་ནའང་ཚང་མ་འདིར་བཀོད་དགོས་དོན་མིན་འདུག གང་ལྟར་བདེན་རྫུན་དབྱེ་འབྱེད་ཤེས་རྒྱུ་གལ་ཆེར་མཐོང་བས་འདིར་ཡིག་ཉོག་འགའ་འབྲི་བར་ཐལ་སོང་།

  8. རྨ་ཆུའི་སྐལ་བཟང། says:
    2011-02-01 at 2:57 pm

    ག་བ་ཤེས་བོད་བ་ལ་མི་དགའ་མཁན་ཞིག་རེད་ཟེར་ན་དེའང་མིན་བ་འདྲ།
    བོད་ལ་སེམས་དཀར་ཞིག་རེད་ཟེར་ན་དེ་ཡང་མི་ཤེས་གིས་གང་ལྟར་བརྟགས་དཔྱད་མེད་པར་
    མི་རེ་ཟུང་གི་གནས་ཚུལ་གཞིར་བཞག་ནས་བཤད་འདུག་སྙམ།།

  9. འོད་ཡུག་པ། says:
    2011-02-01 at 9:08 pm

    ད་བཀའ་བསྟན་ཕྱི་གླིང་མགོ་སེར་སྐད་ལ་འགྱུར།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (63)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (50)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (34)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme