Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་ཤེས་ཡོན་པས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གླེང་བ།

Posted on 2011-03-18 By ཁ་བརྡ་ 81 Comments on བོད་ནང་གི་ཤེས་ཡོན་པས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གླེང་བ།

རྩོམ་པ་པོ: དགུ་རོང་སྤུན་གྲོལ།

ཉེ་རབས་བོད་ཀྱི་སྤྱི་ཚོགས་ཁྲོད་ཏཱ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་འགྱུར་གྱི་གཏམ་དང་ཀརྨ་པ་ལ་འཕྲད་པའི་དངུལ་ལོར་གྱི་དོན་རྐྱེན་དག་གིས། རང་ཉིད་ཙོག་པར་བསྡད་དེ་རང་ཉིད་ཀྱི་སྐྱབས་དང་མགོན་གྱིས་རང་ཉིད་ཀྱི་སྡུག་བསྔལ་སེལ་བར་སྨོན་པའི་བོད་ཀྱི་མི་རབས་འདིའི་སེམས་ཀྱི་གཏིང་ལ་བཟོད་དཀའ་བའི་ན་ཟུག་ཅིག་སྤྲད་ཡོད་པ་འདྲ། རྒྱ་གར་གསར་ལམ་ཁག་ཏུ་ཀརྨ་པའི་དངུལ་ལོར་གྱི་དོན་རྐྱེན་ཤུགས་ཆེན་འུར་བརྗོད་བྱས་པ་དང་། དེ་ལ་བརྟེན་ནས་ཧི་མ་ཅལ་མངའ་སྡེའི་གཞུང་གི་འབྲེལ་ཡོད་ལྷན་ཁང་དང་། ཀང་རཱ་རྫོང་ཁྲལ་བསྡུ་ལས་ཁུངས་ཀྱིས་ཀརྨ་པ་དང་ཁོང་གི་བླ་བྲང་། དེར་གནས་བཅས་པའི་བརྒྱུད་སྟོད་དགོན་པ་བཅས་ལ་ཞིབ་བཤེས་བྱས་པ་ན། བརྒྱུད་སྟོད་དགོན་པ་བཞེངས་པའི་ས་ཆ་དེ་བོད་མི་སྒེར་བ་ཞིག་གི་མིང་ཐོག་ནས་དགོན་པ་བཏབ་ཡོད་པ་དང་། ས་ཆ་དེ་བོད་པ་ཨ་རོན་རྡོ་རྗེ་ཟེར་བ་ཞིག་གིས་ས་ཉོས་ཏེ་ཕྱིས་སུ་བོད་པ་དེས་བརྒྱུད་སྟོད་དགོན་པར་བཙོང་བ་ཞིག་རེད་འདུག མངའ་སྡེའི་གཞུང་གི་ཁྲིམས་ལུགས་གཞིར་བཞག་ན། རྒྱ་གར་གྱི་ས་ཆའི་བདག་དབང་ཕྱི་མི་ལ་མིང་བསྒྱུར་བྱེད་མི་ཆོག་པ་ཡིན་བརྟེན། ཀརྨ་པ་བཞུགས་སའི་བརྒྱུད་སྟོད་དགོན་པ་དེ་ཁྲིམས་འགལ་གྱིས་ཕྱག་བཏབ་གནང་བ་ཞིག་ཏུ་གྱུར་འདུག དེ་བས་དགོན་པའི་བདག་དབང་མངའ་སྡེའི་གཞུང་གི་མིང་ཐོག་ཏུ་བསྒྱུར་ཟིན་འདུག་པས། དགོན་པ་དེར་གནས་པའི་གྲྭ་བཙུན་སློབ་གཉེར་བ་དག་གི་སེམས་པ་རྩིང་བོར་གྱུར་ཡོད་ས་རེད།

ཀརྨ་པའི་དངུལ་ལོར་གྱི་དོན་རྐྱེན་དེས་སྤྱི་ཟླ་གསུམ་པའི་ནང་འཚོགས་འཆར་ཡོད་པའི་བཙན་བྱོལ་བོད་གཞུང་གི་གྲོས་ཚོགས་སྟེང་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ཚུལ་གྱི་བཅའ་ཁྲིམས་ལ་འགྱུར་བ་གཏོང་ཕྱོགས་ལ་ལྡོག་ཕྱོགས་ཀྱི་ཤུགས་རྐྱེན་ཐེབས་སྲིད། གང་ཡིན་ཞེ་ན། 1979 ལོ་ནས་བོད་རྒྱ་ཞི་མོལ་གྱི་ལས་རིམ་མགོ་བཙུགས་ཏེ་ཏྰ་ལའི་བླ་མའི་ཐུགས་འདུན་ལྟར་ལམ་དབུ་མའམ་གཉིས་ཕན་གྱི་ལམ་ནས་བོད་རྒྱའི་གནད་དོན་ཐག་གཅོད་པའི་རེ་འདུན་བཅངས་ནས་པེ་ཅིན་དུ་སྐུ་ཚབ་ཚོགས་པ་ཕེབས་བཅར་གྱིས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་ལས་བྱེད་མི་སྣ་སྐོར་ཞིག་གི་མཉམ་དུ་ཞི་བའི་གྲོས་མོལ་བྱེད་པའི་རྣམ་པ་མཛད། དམིགས་བསལ་གྱིས་ཟམ་གདོང་བླ་མ་བཀའ་བློན་ཁྲི་བའི་སྲིད་སྟེགས་སྟེང་བཞུགས་པ་ནས་བཟུང་བོད་རྒྱ་ཞི་མོལ་ལ་བཟང་ཕྱོགས་ཀྱི་རེ་བ་ཞིག་མངོན་ཏེ། ཟམ་གདོང་གིས་རྒྱ་ནག་དབུས་འཐབ་ཕྱོགས་གཅིག་གྱུར་ལྷན་ཁང་གི་མི་སྣའི་རེ་འདོད་ལྟར་བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་ལས་འགུལ་སྤེལ་སྟངས་སྐོར་ཞིག་ཐལ་དྲག་རབས་བཤད་དེ་མགོ་འདོགས་ཀྱི་རྣམ་པ་ལྷུར་ལེན་བྱས། འོན་ཀྱང་། ཞི་བའི་གྲོས་མོལ་ཐེངས་དགུ་ལ་བྱས་ཀྱང་བཟང་ཕྱོགས་ཀྱི་རྣམ་འགྱུར་ཞིག་ཁྱོན་ནས་མ་མཐོང་སྟབས། གནས་སྐབས་རིང་ཞི་བའི་གྲོས་མོལ་མཚམས་ཆད་འདུག

ཁ་ཕྱིར་འཁོར་ནས་བསམ་གཞིག་རེ་བཏང་ན། ཟམ་གདོང་མཁས་པ་ཡིན་ཀྱང་ཆབ་སྲིད་པ་ཞིག་མ་ཡིན་པས་ཁོའི་ཆབ་སྲིད་ཀྱི་ལངས་ཕྱོགས་དེ་སེམས་ཅན་ཐམས་ཅད་མ་རུ་སྒོམ་པའི་བདག་གཞན་མཉམ་བརྗེའི་འདུ་ཤེས་ཤིག་རེད་འདུག དེ་བས་ན། བདག་གཞན་མཉམ་བརྗེས་ཀུན་ནས་བསླངས་པའི་སེམས་པ་ཞིག་གིས་མི་རིགས་གཉིས་ཀྱི་གྱོད་བཤད་ཚེ། གྱོད་དོན་ཐག་མི་ཆོད་པ་ནི་ཚད་མས་ངེས། ལོ་ངོ་དུ་མའི་རིང་ལ་ཕུགས་བསམ་ཁྲོད་ཀྱི་གྱོད་བཤད་ནས་རེ་བ་ཡོད་འདོགས་དང་གྲུབ་འབྲས་ལེགས་འདོགས་བསྟན་ནས། དབུ་མའི་ལམ་ལ་གཞུང་ལུགས་ཀྱིས་རྒྱས་འགྲེལ་གནང་ནས་དུས་འདའ་བར་བྱས་ཡོད། དུས་ད་ལྟར་ཟམ་གདོང་གི་ལས་ཡུན་རྫོགས་ལ་ཉེ་བ་དང་སྤྱི་ཟླ་གསུམ་པའི་ནང་ལ་བཀའ་ཁྲི་གསར་བ་ཞིག་བདམ་རྒྱུ་ཡིན་ཙང་། བོད་རྒྱ་ཞི་མོལ་ལ་བརྩོན་པའི་མཁས་དབང་ཟམ་གདོང་གི་རེ་བ་ལ་གྲུབ་འབྲས་གང་མང་བྱུང་ཐུབ་མེད། དེ་དང་ལྷན་དུ་ཏྰ་ལའི་བླ་མ་ཡང་འབྱུང་འགྱུར་བགྲེས་ཡོལ་དུ་ཕེབས་ལ་ཉེ་བ་དང་། ཁོང་རྣམ་གཉིས་ཀྱི་སྲིད་ཀྱི་ལས་ཡུན་དུས་གཅིག་ལ་རྫོགས་ཚིག་དགོད་རྒྱུ་རེད།

དེར་བརྟེན་འབྲས་བུ་བསྐྱེད་པའི་རྒྱུ་ལ་བསམ་གཞིག་མི་གཏོང་ཐབས་མེད་དུ་གྱུར་ཡོད། ལོ་ངོ་དུ་མའི་རིང་ལ རྒྱུ་འབྲས་ཀྱི་སྐད་ཆ་བཤད། དྲང་བདེན་གྱི་གནས་ལུགས་བགྲངས་ཏེ་ཁ་ཞེ་གཉིས་མེད་ཀྱི་ཞི་མོལ་བྱེད་པའི་རྣམ་འགྱུར་བསྟན་པ་མ་ཟད། དེའི་དོན་དུ་སྐད་ཆ་ཡི་གེར་ཕབས་ཏེ་ཡིག་ཐོག་གི་སེམས་གཏམ་ཕུལ། ཨ་རི་གཙོས་པའི་སྟོབས་ཆེན་རྒྱལ་ཁབ་དག་གི་གཙོ་འཛིན་རྣམས་ལ་སྐད་བསྐུར་ནས་ཞི་མོལ་བྱེད་པའི་རྣམ་འགྱུར་ཡང་དག་བསྟན་མོད། པེ་ཅིན་དབུས་གཞུང་གིས་རེ་བའི་ཟུར་གཅིག་ལ་ཡང་ཡ་ལན་ལེགས་པོ་ཞིག་ཁྱོན་ནས་སྤྲད་མྱོང་མེད། དེ་དང་བསྟུན་ནས་ཏྰ་ལའི་བླ་མ་དགུང་གྲངས་མཐོན་པོར་སླེབས་པ་དང་། པེ་ཅིན་དབུས་གཞུང་གིས་བཟང་ཕྱོགས་ཀྱི་ཡ་ལན་ཅི་ཡང་མ་བྱིན་སྟབས། ཟམ་གདོང་གཙོས་པའི་སྐུ་དྲག་གི་གདུང་རྒྱུད་རྣམས་ལ་ཏྰ་ལའི་བླ་མའི་སྐུ་རིང་ལ་བོད་དོན་ཐག་གཅོད་མི་ཐུབ་པའི་ཡིད་ཆེས་རྙེད་དེ་སེམས་པ་ཅུང་ཙམ་འགྱུར་མགོ་ཚུགས། མ་མཐའ་ཡང་ཏྰ་ལའི་བླ་མ་སྐུ་བཞུགས་པའི་རིང་ལ་ཁོང་ཉིད་བོད་ནང་དུ་གཟིགས་སྐོར་ལ་ཕེབས་ཐུབ་པ་བྱུང་ན། དེ་ནི་ཟམ་གདོང་བཀའ་བློན་ཁྲི་བར་བསྡད་པའི་གྲུབ་འབྲས་ལེགས་ཤོས་ཡིན་པར་སྙམ་ཏེ། བོད་རྒྱ་ཞི་མོལ་ཐེངས་བརྒྱད་པ་དང་དགུ་བའི་སྐབས་ལ། གཙོ་དོན་ཏྰ་ལའི་བླ་མ་རྒྱ་ནག་གཞུང་ཚབ་ཁང་གིས་སྤྲད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་གྱི་ཕྱིར་སྐྱོད་སྤ་སེ་བརྒྱུད་བོད་ནང་དུ་ཕེབས་རྒྱུའི་ཐད་ལ་གྲོས་མོལ་མཛད། བོད་རྒྱ་ཞི་མོལ་གྱི་ལས་རིམ་ཁག་ཏུ་མི་རིགས་གཉིས་ཀྱི་གྱོད་གཙོ་གླེང་མི་བྱེད་པར། མི་གཅིག་གི་ལས་དོན་ལབ་གླེང་བྱས་ཏེ་དུས་འདའ་བར་བྱས་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་འདུག

དེ་ལ་ཡང་ཁག་མི་འདུག་སྟེ། ཁོང་ཚོས་ཏྰ་ལའི་བླ་མ་བོད་ནང་དུ་ཕེབས་ནས་བོད་ནང་གི་བོད་པ་ཚོའི་དམ་ཚིག་བརྟན་པོར་གཏོང་རྒྱུ་དང་། དེ་ནས་རྒྱ་རིགས་འབོར་ཆེན་ཞིག་ལ་དངོས་སུ་ཐུག་ནས་ཏྰ་ལའི་བླ་མའི་ཆོས་ཀྱི་བསླབ་བྱས་རྒྱ་རིགས་རྣམས་ཀྱི་ད་ཡོད་ཀྱི་དོགས་པ་སེལ་ཐུབ་པའི་རེ་བ་བཟུང་ཡོད་པ་རེད། རྒྱ་རིགས་འབོར་ཆེན་ཞིག་གིས་རྒྱབ་རོགས་བྱས་ན་བོད་རྒྱ་ཞི་མོལ་ལ་དོན་ཕན་འབྱུང་བར་སེམས་འདུག དོན་དམ་པས་གོ་སྐབས་འདི་འདྲ་འབྱུང་སྲིད་པ་ཞིག་མ་རེད། འོན་ཀྱང་། ཁོང་ཚོས་ ཅིའི་ཕྱིར་རེ་བ་དེ་ལྟར་བཟུང་བ་རེད་ཟེར་ན། མ་གཞི་ནས་ཆོས་སྲིད་གང་ཡིན་ཀྱང་གཞན་ལ་བརྟེན་ནས་རང་འཚོ་བའི་སེམས་དམིགས་གཏིང་ཟབ་དྲག་པས། ཡོད་ཚད་ཕུགས་བསམ་ལ་རེ་བ་བཅོལ་འདུག

འཛམ་གླིང་འཚེ་མེད་ཞི་བའི་ལས་འགུལ་སྣེ་རྩོམ་མཁན་དག་གི་ལོ་རྒྱུས་ལ་བལྟས་ནས་འོངས་ན། ལས་འགུལ་དེ་རྩོམ་མཁན་གྱི་ཆོས་ལུགས་མི་སྣ་དག་ནི་ལས་འགུལ་དེའི་སྣེ་འཁྲིད་པ་ཡིན་པར་མ་ཟད། ལས་འགུལ་དེའི་འཐབ་མོ་བའང་ཡིན་པ་རེད། རང་ཉིད་ལས་འགུལ་དེའི་ནང་ཞུགས་ཏེ་མི་སེར་ཕལ་བ་དག་གི་མཉམ་དུ་དམངས་དོན་ཁུར་གྱིས་བཞེས་འདུག དེ་བས། ལས་འགུལ་དེ་ལ་སྟོབས་ཤུགས་རྒྱས་ཏེ་ཞི་བའི་ལས་འགུལ་ལ་རྒྱལ་ཁ་ཐོབ། གནད་ཀ་འདི་ལ་དམིགས་ནས་བཤད་ན། ཏྰ་ལའི་བླ་མ་ཡབ་སྲས་གཉིས་ཀྱིས་ཆོས་ཀྱི་ཁྲི་འཕང་མཐོན་པོར་བཞུགས་ནས་མི་རིགས་གཉིས་ཀྱི་གྱོད་བཤད་མགོ་བརྩམས་པས། གྲོས་མོལ་ལ་གྲུབ་འབྲས་མ་སོན་པ་རེད་སྙམ། གལ་ཏེ་ཏྰ་ལའི་བླ་མས་རྒྱལ་ཁབ་འདྲ་མིན་དུ་ཕེབས་ནས་ཆོས་གསུང་པའི་བགྱི་བའི་དོད་དུ། ཉིན་གཅིག་གཉིས་ཙམ་གྱི་རིང་ལ་ཟས་བཅད་ངོ་རྒོལ་བྱེད་པ་དང་། ཕྱིར་བོད་ནང་དུ་ཕེབས་ནས་ཞི་བའི་ལས་འགུལ་ཁྲོད་དངོས་སུ་ཞུགས་ཚེ། སྟན་ཐོག་གཅིག་ལ་འཚང་རྒྱ་ཐུབ་པར་གདོན་མི་ཟའོ།།

དེ་ལྟ་ནའང་། དེ་ནི་སྲིད་པ་མ་ཡིན་པའི་ཁོ་བའི་སྟོང་སེམས་འབའ་ཞིག་རེད། རེད་དེ། ཏྰ་ལའི་བླ་མས་སྔར་བཟུང་གི་འཚེ་མེད་ཞི་བའི་ཐུགས་འདུན་ལ་ལེགས་འབྲས་ཅི་ཡང་མ་བྱུང་བར་ཁོང་བགྲེས་ཡོལ་དུ་ཕེབས་ངེས་ཡིན་ཚུལ་གྱི་གསུང་ཚིག་བསྒྲགས་པ་ནི། ཁོང་ཆབ་སྲིད་ཀྱི་སྤྱན་མིག་མངའ་བའི་སྐྱེས་བུ་རླབས་ཆེན་ཞིག་ཡིན་པར་རྟོགས་ཐུབ། ཡིན་ནའང་། ཁོང་ཉིད་བགྲེས་ཡོལ་དུ་ཕེབས་པའི་གཏམ་གླིང་དུ་གྲགས་པ་ནས་བཟུང་། ཁོང་གིས་མི་མངོན་པའི་དབྱིངས་ནས་སེམས་ཅན་ཐམས་ཅད་བདེ་བའི་ལམ་དུ་འཁྲིད་ཐུབ་པའི་ནུས་པ་ཡོད་པར་ཡིད་ཆེས་དྲག་པོ་ལྡན་པའི་བོད་མི་རྣམས་ཀྱི་ལག་ཏུ་དགྲོད་དཀའ་བའི་མདུད་པ་མཁྲེགས་པོ་ཞིག་བྱུང་དུ་བཅུག་པ་ནི། ཁོང་ཉིད་སྐུ་བཞུགས་པའི་རིང་བོད་དོན་ཐག་མི་ཆོད་པར་མངོན་སུམ་གྱིས་རྟོགས་ཏེ། རྒྱ་གར་དུ་གནས་པའི་བོད་པ་མང་ཤོས་ཤིག་སྐྱབས་བཅོལ་བའི་རང་རྣམ་སྐྱོང་མི་འདོད་པར། རང་གི་འཚོ་གནས་བརྟན་པོ་ཡོང་པའི་ཆེད་ཨ་རི་གཙོས་པའི་རྒྱལ་ཁབ་འདྲ་མིན་དུ་ཕྱོགས་སྐྱོད་བྱེད་རྒྱུའི་དམིགས་འདུན་ཤུགས་དྲག་པོ་སྐྱེས་ཏེ། བཙན་བྱོལ་སྤྱི་ཚོགས་ཁྲོད་ཀྱི་བོད་དོན་འཐབ་རྩོད་ཀྱི་སྟོབས་ཤུགས་ཞན་དུ་འགྲོ་སྲིད། བྱེས་འབྱོར་བོད་མི་རྣམས་ཀྱི་སེམས་པ་ཉེན་དོགས་ཀྱི་ནང་དུ་ཚུད་དེ། རྒྱ་ནག་གི་དཔལ་འབྱོར་སྟོབས་ཤུགས་ཀྱིས་རྒྱ་གར་ལ་གནོན་ཤུགས་སྤྲད་ནས་བོད་པའི་འཚོ་གནས་ལ་གནོད་སྐྱོན་སླེབས་པའི་སེམས་འཚབ་ཆེན་པོ་སྐྱེ་སྲིད། བོད་ཀྱི་རིག་གནས་དང་། ལོ་རྒྱུས། ཆབ་སྲིད་བཅས་ཀྱི་རྨང་གཞི་ཞན་པའི་བྱེས་ཀྱི་གཞོན་སྐྱེས་ཕྱི་རབས་པ་རྣམས་བོད་ཀྱི་རིག་གནས་ཀྱི་ཁོར་ཡུག་དང་ཁ་བྲལ་ཏེ་ཕྱིའི་རྒྱལ་ཁབ་ཁག་ཏུ་ཕྱོགས་བསྐྱོད་པའི་ལམ་དུ་འཇུག་རྒྱུའི་ཉེན་ཁ་འབྱུང་སྲིད། དེ་བས་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་པ་ནས་སྐུ་མ་གཤེགས་པའི་བར་དུ་བཙན་བྱོལ་བོད་མི་རྣམས་ཀྱིས་རང་ཉིད་ཀྱི་འཚོ་གནས་བདེ་འཇགས་ངང་རྒྱུན་སྐྱོང་ཐུབ་པའི་ཁོར་ཡུག་ཅིག་བཙལ་ནས་ཕྱིའི་རྒྱལ་ཁབ་ཏུ་བསྐྱོད་པའི་གྲངས་འབོར་སྔར་ལས་ཤུགས་ཆེན་པོ་འགྱུར་རྒྱུ་རེད། དེ་ལྟ་ན། བཙན་བྱོལ་སྤྱི་ཚོགས་ཁྲོད་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་པའི་གཏམ་གོ་དུས་སེམས་བདེ་རུ་འབབ་མཁན་ཕལ་ཆེར་ཡོད་མི་སྲིད། ལྷག་དོན་ཁོང་ཉིད་སྐུ་གཤེགས་པའི་བར་མཚམས་ནས། བཙན་བྱོལ་སྤྱི་ཚོགས་ཟིང་ཟིང་དུ་འགྱུར་ངེས་ཡིན་པ་རེད།

འདི་ལྟ་བུའི་ཟིང་ཟིང་ཞི་འཇགས་སུ་གཏོང་སླད་བཙན་བྱོལ་བོད་གཞུང་གི་ངོས་ནས་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་རྗེས། བཅའ་ཁྲིམས་ནང་འཁོད་ལྟར་འོས་འདེམས་བྱས་པའི་མི་གསུམ་གྱིས་གྲུབ་པའི་སྡེ་སྲིད་ལྷན་ཚོགས་ཞེས་པ་ཞིག་ཏྰ་ལའི་བླ་མའི་ཚབ་ཏུ་བསྐོ་འཇོག་གནང་རྒྱུ་ཡིན་པ་དང་། འོས་འདེམས་བྱས་པའི་མི་གསུམ་པོ་དེ་ཡང་བླ་ཆེན་སྐྱབས་ཆེན་ཡིན་ངེས་པས། བོད་མི་རྣམས་ཀྱི་སེམས་པ་སླར་ཡང་སྐྱབས་ཤིག་ལ་བརྟེན་མགོ་ཚིགས་པས་སེམས་འཚུབ་ཆེ་ཤོས་ཤིག་ཞི་འཇགས་སུ་འགྲོ་སྲིད། དེ་བས་སྡེ་སྲིད་ལྷན་ཚོགས་ཀྱི་འོས་མི་ལ་དགའ་ལྡན་གསེར་ཁྲི་དང་ས་སྐྱ་གོང་མ། ཤར་བྱང་ཆོས་རྗེ་ལྟ་བུ་ཐོན་སྲིད་པས། ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་ནའང་། བཙན་བྱོལ་བོད་གཞུང་གི་སྲིད་སྟེགས་སྟེང་གི་ཆོས་ལུགས་ཀྱི་རྫོབ་དྲི་གཏན་ནས་ཡལ་མི་སྲིད། བརྒྱ་ལ་ཁོང་ཚོ་སྡེ་སྲིད་ལྷན་ཚོགས་གྱུར་ཚེ། ཁོང་ཅག་གིས་ཀྱང་དབུ་མའི་ལམ་དེ་ཀླུ་སྒྲུབ་ཡབ་སྲས་ཀྱི་དབུ་མའི་གཞུང་གིས་རྒྱས་འགྲེལ་བྱེད་པ་དང་། འཚེ་མེད་ཞི་བ་ཐེག་ཆེན་དུ་བགྲོད་པའི་ལམ་རིམ་ཡིན་པར་བཤད་ནས་དུས་འདའ་བར་བྱེད་ངེས་ཡིན་པ་རེད།

སྤྱིར་བཅའ་ཁྲིམས་ནི་བཅའ་ཁྲིམས་ཡིན་པས་དེ་དུས་བསྟུན་གྱི་འགྱུར་བ་གཏོང་ཆོག་པ་རེད། དེ་བས་ཏྰ་ལའི་བླ་མའི་ཐུགས་འདུན་གཙོ་བོ་ནི། ཁོང་བགྲེས་ཡོལ་དུ་ཕེབས་རྗེས་ཆོས་གཞུང་གི་གོ་རྟོགས་ཟབ་ཅིང་། ན་ཚོད་གཞོན་པ་ཡིན་པའི་མི་རེ་གཉིས་ཀྱིས་ཁོང་གི་དབུ་མའི་ལམ་གྱི་རྒྱུན་སྐྱོང་ཐུབ་པའི་རེ་བ་བསྣམས་ཏེ། ཡོངས་འཛིན་གླིང་རིན་པོ་ཆེའི་སྤྲུལ་དང་ཀརྨ་པ་རྣམ་གཉིས་སྡེ་སྲིད་ལྷན་ཚོགས་ཀྱི་འོས་མིར་འཚམས་ཤོས་སུ་བཞེད་ཀྱིན་ཡོད་པར་སྙམ། འདི་གང་གིས་ཤེས་ཐུབ་ཟེར་ན། 2008 ལོར་ཏྰ་ལའི་བླ་མས་ཀརྨ་པ་དང་ཡོངས་འཛིན་གླིང་རིན་པོ་ཆེའི་སྤྲུལ་སྐུ་རྣམ་གཉིས་ལ་ང་རང་འདས་པའི་རྗེས་སུ་ཁྱེད་རང་གཉིས་ཀྱིས་ཤུགས་རྒྱག་པའི་བཀའ་གནང་ཡོད་པ་འཇར་མན་གྱི་མཁས་པ་སྦྲེ་སོན་གྱིས་དྲངས་འདུག ཁོ་བོས་ཀྱང་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་རྗེས་སྡེ་སྲིད་ལྷན་ཚོགས་ཀྱི་འོས་མིར་ཁོང་རྣམ་གཉིས་བདམ་རྒྱུ་ཡིན་པར་ཡིད་ཆེས་བྱེད་ཐུབ། ཡིན་ནའང་། ཉེ་ཆར་བྱུང་བའི་ཀརྨ་པའི་དངུལ་ལོར་གྱི་དོན་རྐྱེན་གྱིས་ཀརྨ་པ་དོགས་ཡོད་མི་སྣ་ཞིག་ཏུ་གྱུར་ཡོད་པ་དང་། ཁོང་དང་འབྲེལ་བའི་དངུལ་ལོར་གྱི་དོན་རྐྱེན་དག་རྒྱ་གར་ཁྲིམས་ཁང་དུ་ཁ་མཆུ་གཏུག་བཤེར་གྱི་ལས་རིམ་བྱེད་ཀྱིན་ཡོད་སྟབས། སྤྱི་ཟླ་གསུམ་པ་བར་དུ་ཁ་མཆུ་ཐག་གཅོད་བྱེད་མི་ཐུབ་པར་འདོད། དེ་བས་ཀརྨ་པ་དེ་རེབ་ཀྱི་སྡེ་སྲིད་ལྷན་ཚོགས་སུ་ཞུགས་ཐུབ་མིན་བཤད་དཀའ།

གང་ལྟར་ཏྰ་ལའི་བླ་མ་བགྲེས་ཡོལ་དུ་ཕེབས་འགྱུར་གྱི་གཏམ་དེས་རྒྱ་ནག་ལ་འགྲམ་ལྕག་ཚ་བོ་ཞིག་གཞུས་ཡོད་ཅེས་བཤད་མཁན་ཡོད་ཀྱང་། ངས་བལྟས་ན། ཏྰ་ལའི་བླ་མ་དང་བཅས་པའི་སྡེ་སྲིད་ལྷན་ཚོགས་བོད་ཀྱི་སྲིད་སྟེགས་ལས་རྡོག་ཐོན་མ་བྱས་ཚེ། རྒྱ་ནག་ལ་འགྲམ་ལྕག་ཚ་བོ་གཡར་ཡང་གཞུས་མི་སྲིད་དོ།། དེའི་ཕྱིར་ན། རྨོངས་འཇུག་གི་སེམས་པ་དོར་ནས་ཆབ་སྲིད་ལ་བློ་སྦྱོང་བསྟེན་ཏེ། གཞུང་འཛིན་ཚོགས་པ་ལ་ཆབ་སྲིད་ཚོགས་པ་ཞིག་ངེས་པར་དུ་གསར་འཛུགས་བྱེད་པ་མ་གཏོགས། བླ་མའི་བྱིན་རླབས་ཀྱིས་གྱོད་དོན་བཤད་ཁུལ་བགྱིས་ན། རྒྱུ་སྐམ་པོ་ལ་འབྲས་བུ་རློན་པ་འབྱུང་བར་སྨོན་པ་དང་གཉིས་སུ་མ་མཆིས་སོ།།

· རྩོམ་ཡིག་ཡོངས་ཁུང་རང་གྲོལ་སྨུག་གསར་དྲ་བ།

· མཁོ་སྤྲོད་པ་ལྷ་སྡེ་གནམ་ལོ་ཡག

རྩོམ་རིག

Post navigation

Previous Post: བཀའ་ཁྲིའི་འོས་མི་གསུམ་གྱི་ད་ལྟའི་ལས་གནས་ལ་དཔྱད་པ།
Next Post: གསུང་འཕྲིན་དང་བསམ་གཞིགས།

Comments (81) on “བོད་ནང་གི་ཤེས་ཡོན་པས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གླེང་བ།”

  1. yeshe says:
    2011-03-18 at 11:45 pm

    ད་ནི་དགུ་རོང་སྤུན་གྲོལ་ཡང་ཅིག་ག་འཁྲིད་རྒྱུར་ཅང་མི་འགོར་བ་འདྲ། ཡང་མིན་ན་འོད་ཟེར་བཞིན་ལོ་ཟླ་རེ་ཟུང་ལ་ལྷག་ནའང་ཐང་།

  2. ཉི་མ་ལྷ་ས། says:
    2011-03-19 at 12:32 am

    དགུ་རོང་སྤུན་གྲོལ་ལགས། ཏཱ་ལའི་བླ་མའི་སྡེ་སྲིད་ལྷན་ཚོགས་ཟེར་བ་ཞིག་ད་ལྟ་ཡོད་པ་མ་རེད་ལ། བཅའ་ཁྲིམས་ནང་དུ་སྡེ་སྲིད་སྐོར་གསལ་བ་དེའང་དགོས་པ་མེད་ཚུལ་༧རྒྱལ་བ་རིན་པོ་ཆེས་གསུངས་ཚར་བ་རེད། ད་སྡེ་སྲིད་གཅིག་གཅིག་གཉིས་གཉིས་དེ་ཚོ་གླེང་དགོས་དོན་གང་ཡང་ཡོད་མ་རེད།

  3. tenzin dhargay says:
    2011-03-19 at 12:49 am

    བློ་མཐུན་ལགས།། ཁྱེད་ནས་གསུང་གསལ་་་་་་་་་་་་་་་་་ན་ཚོད་གཞོན་པ་ཡིན་པའི་མི་རེ་གཉིས་ཀྱིས་ཁོང་གི་དབུ་མའི་ལམ་གྱི་རྒྱུན་སྐྱོང་ཐུབ་པའི་རེ་བ་བསྣམས་ཏེ། ཡོངས་འཛིན་གླིང་རིན་པོ་ཆེའི་སྤྲུལ་དང་ཀརྨ་པ་རྣམ་གཉིས་ སྡེ་སྲིད་ལྷན་ཚོགས་ ཀྱི་འོས་མིར་འཚམས་ཤོས་སུ་བཞེད་ཀྱིན་ཡོད་པར་སྙམ། གསུང་བ་ནི་ བོད་མི་ཞིག་གི་༧ གོངས་ས་མཆོག་གི་ཟབས་ཅིང་རྒྱ་ཆེ་བའི་དགོངས་པ་ཁྱེད་མི་རྟོགས་ལ་ཁྱོད་ཀྱི་རྟག་དཔྱད་ཞིབ་འཇུག་རྩ་བ་ནས་མི་བྱེད་པར་འཆལ་གཏམ་སྒྲོག་པ་ནི་བློ་ཕམ་གྱི་གནས་སུ་གྱུར།།
    ཁྱོད་བོད་མི་ངོ་མ་ཞིག་ཡིན་ན་ཉོན་དང་། འདི་ལོའི་གསུམ་བཅུའི་དུས་དྲན་ཐེངས་༥༢ པར་གསལ་བཤད་གནང་ཡོད་ལ། སྐབས་བཅུ་གསུམ་པའི་བོད་མི་མང་སྤྱི་འཐུས་ཐུན་མོང་ལ་ཆེད་དོན་བརྩལ་བའི་ནང་།་་་་་་་་་བཙན་བོད་མིའི་བཅའ་ཁྲིམས་དོན་མཚན་༣༡པའི་ནང་།་་་་སྡེ་སྲིད་ལྷན་ཚོགས་ཀྱི་་་་་་་་་་་་ཆ་རྐྱེན་ཞིག་ཡོད་ཀྱང་། དེ་ནི་སྔོན་སྲོལ་རྒྱུན་སྐྱོང་ལྟ་བུ་དང་། བར་བརྒལ་གྱི་ཆ་རྐྱེན་ཙམ་ལས་༧ རྒྱལ་བ་རིན་པོ་ཆེས་བོད་ཀྱི་ཆབ་སྲིད་ཀྱི་འགོ་ཁྲིད་བྱེད་མི་དགོས་པའི་ཆ་རྐྱེན་ཞིག་ཏུ་གྱུར་མེད། དེར་བརྟེན་ད་ལམ་བཅའ་ཁྲིམ་བསྐྱར་བཅོས་སྐབས། བཅའ་ཁྲིམ་གྱི་སྒྲོམ་གཞི་ལ་འགྱུར་བ་བཏང་ནས་ཆབ་སྲིད་དང་འཛིན་སྐྱོང་གཉིས་ཀའི་འགོ་ཁྲིད་མང་ཚོགས་ཀྱིས་འོས་འདེམས་བྱས་པའི་མི་སྣས་དུས་ཡུན་ངེས་ཅན་དུ་བྱ་རྒྱུའི་ཆ་རྐྱེན་བསྐྲུན་ཏེ། བཅའ་ཁྲིམས་ཡུལ་མིའི་རྒྱལ་ཁབ་ཀྱི་སྒྲོམ་གཞི་དང་མཐུན་པ་ཞིག་ངེས་པརབཟོ་དགོས་གསུང་ཡོད་།།
    ཁྱོད་ཀྱིས་ཡང་ནས་ཡང་དུ་ཀློག་ནས་གོ་བ་ལོན་དགོས་པ་ལས་ཡང་དུ་སྒྲོ་རྟག་བྱེད་མི་རུང་ཞུ་རྒྱུ་ཡིན།། །།

    མཚན་མོའི་ཆོུད་དང་པོར།།
    རེ་རེ་བཞིན་དུ་ལན་རྒྱབ་རྒྱུ་ཡོད་ཏེ། བཀའ་ཁྲི་དང་སྤྱི་འཐུས་ཀྱིས་བྲེལ་ཟིང་ངང་ཡིན།།
    འཕན་པོ་བསྟན་དར་པས།།

  4. ཤར་ཕྱོགས་ཁུག་རྟ། says:
    2011-03-19 at 1:38 am

    ད་ཐད་ཀར་ཞུས་ན། སྐད་ཆ་འདིའི་རིགས་ལ་བདག་པོ་མ་རྒྱབ་ན་དགའ་ནི་རེད། འདི་དག་ཡོང་སྟངས་དང་། མ་རྟོག་ལ་དང་ལོག་རྟོགས་ཀྱི་བསམ་ཚུལ་ལ་དེ་བས་ཀྱང་དོགས་པ་བྱེད་དགོས་ས་རེད། མ་གཞི་ནས་བསམ་ཚུལ་གཞན་ཞིག་སྤྱི་ཚོགས་ནང་བརྒྱུད་དེ་༧རྒྱལ་བ་རིན་པོ་ཆེའི་སྙན་དུ་འཁྱོལ་རྒྱུར་ཧུར་བརྩོན་བྱེད་པའི་༼ ཁུངས་མེད་རུ་དཔུང་༽ གི་བྱེད་ལས་ཉག་ཅིག་ཡིན་པས། ཚང་མས་བསམ་ཚུལ་མ་གནང་བར་བཏང་སྙོམས་སུ་བཞག་ན་སྐབས་འདིར་འོས་ཤོས་སུ་མཐོང་། དེ་དོན་ཀུན་པོར་དགོངས་འཇགས་ཞུ།

    ཤར་ཕྱོགས་ཁུག་རྟའམ་ཆོས་འབྱོར་དུ་བཏགས་པས།

  5. ཀརྡོ་རབ་འབྱམས་པ་ says:
    2011-03-19 at 1:51 am

    ་་་་། གལ་ཏེ་ཏྰ་ལའི་བླ་མས་རྒྱལ་ ཁབ་འདྲ་མིན་དུ་ཕེབས་ནས་ཆོས་གསུང་པའི་བགྱི་བའི་དོད་དུ། ཉིན་གཅིག་གཉིས་ཙམ་གྱི་རིང་ལ་ཟས་བཅད་ངོ་རྒོལ་བྱེད་པ་དང་། ཕྱིར་བོད་ནང་དུ་ཕེབས་ནས་ཞི་བའི་ལས་འགུལ་ཁྲོད་དངོས་སུ་ཞུགས་ཚེ། སྟན་ཐོག་གཅིག་ལ་འཚང་རྒྱ་ཐུབ་པར་གདོན་མི་ཟའོ།། ་་་་་་ ཀླད་སྟོང་གི་སྐད་ཆ་འདི་ནས་ཀློག་འཚམས་བཞག་པ་ཡིན།

  6. འཇིགས་བྲལ་བསྟན་འཛིན། says:
    2011-03-19 at 2:05 am

    བསམ་ཚུལ་འདི་བོད་ནས་འབྱོར་བ་ཞིག་ཡིན་མིན་ལ་དོགས་པ་ཧ་ཅང་ཆེན་པོ་བྱུང་།

  7. བདུད་ནག་བུ་ནས་ says:
    2011-03-19 at 2:19 am

    རྒྱལ་ཁབ་ཕྱི་ལོག་ཡོད་མཁན་ཚོ་བསམ་བློ་གཏོང་བ་ཡིན་ན་དབུ་མའི་ལམ་རང་རེད་རྒྱ་ནག་འོད་དུ་ཡོད་མཁན་ཚོ་བསམ་བློ་གཏོང་བ་ཡིན་ན་ཁ་ནས་ཏཱ་ལའི་བླ་མ་བོད་ལ་གདན་འདྲེན་ཞུ་དགོས་ཟེར་རེད་མ་གཏོགས་དོན་ལ་རང་བཙན་རང་རེད།
    ང་ནི་ཕྱི་ལོག་མི་ཞིག་ཡིན་པའི་ཆ་ནས་དབུ་མའི་ལམ་ལ་རྒྱབ་སྐྱོར་ཡོད།

  8. བན་ནག་ཚང་ says:
    2011-03-19 at 2:24 am

    གོང་ལྟ་ག་རེ་བཤད་ན་བཤད་ཁྱད་པ་གང་ཡང་མེད།

  9. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 3:14 am

    མཆན་བ་ཁ་ཤས་ཤིག་ངར་ནས་ཁ་ཚོད་མེད་ནང་ནས་ཚིག་ཆོ་མེད་བཤད་ཀྱིན་པས། གཤམ་དུ་དོན་ཚན་གསུམ་ལ་གྲོས་བསྡུར་བྱས་ན་བསམ་སོང་།

    ༡ རྩོམ་ཡིག་འབྱུང་ཁུངས་རང་གྲོལ་སྨྱུག་གསར་ཡིན་པས། བོད་ནང་གི་མ་རེད་ཟེར་མཁན་ཡོད་ན་རང་ལྟ་མཆོག་འཛིན་ཉག་གཅིག་ཡིན་པའི་ཁར། བཙན་བྱོལ་ནང་དུ་བོད་ལ་དོན་དངོས་སུ་ལྟ་སྟངས་ག་རེ་ཞིག་བཟུང་ཡོད་པ་ཕྱིར་མངོན་བྱས་པའང་ཡིན་པས། མཆན་བ་ཚོས་སྐད་ཆ་བཤད་དུས་བསམ་ནས་བཤད་འོས་ལ་རྩམ་པ་མིད་དུས་ལྡད་ནས་མིད་འོས་པར་འདོད།

    ༢ བོད་ཀྱི་དེང་རབས་རྩོམ་རིག་དེད་དཔོན་ཆེན་མོ་དཔལ༸དོན་གྲུབ་རྒྱལ་ནས་བཟུང་སྟེ། བོད་ལ་ལྟ་བ་གསར་བ་དང་བསམ་ཚུལ་ལྷག་འགྲོལ་ཐུབ་པའི་ཤེས་ཡོན་པའི་དཔུང་ཁག་ཅིག་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཡོད་པ་ནི་ཀུན་ཀྱིས་བསྙོན་འདོད་ཀྱང་བསྙོན་འབྱིན་བྱེད་ས་མེད་པ་ཞིག་ཆགས་ཡོད་ཅིང་། སྒོས་སུ་རང་གྲོལ་སྨྱུག་གསར་ལ་མཚོན་ན་བོད་ཕྱི་ནང་གཉིས་སུ་སྤར་མོ་ཐོད་པར་བསྒྲེངས་ནས་ལྟ་ས་གསར་བ་ཞིག་ཆགས་ཡོད་ཅིང་། འདི་རུ་ཐོན་བཞིན་པའི་བོད་ནང་གི་ན་གཞོན་ཤེས་ཡོན་པའི་རུ་དཔུང་གི་བསམ་ཚུལ་གྱི་བསྡུས་གཟུགས་ཤ་སྟག་ཡིན་ཞེས་བཤད་མ་ཆོག་པའང་མེད། ཡང་ཅིག་བཤད་ན། རྒྱལ་བ་རིན་པོ་ཆེ་ཡིས་གསུམ་བཅུའི་དུས་དྲན་ཐེངས ༥༢སྟེང་དུ་གཞོན་སྐྱེས་ཤེས་ཡོན་པར་བསྔགས་བརྗོད་གནང་རྐྱེན་གཙོ་བོར་ཡང་གྱུར་ཡོད། དེ་བས། གཟུགས་མེད་ཀྱི་མཆན་བ་ཚོར་འགན་མེད་ཀྱང་གཟུགས་ཅན་མཆན་བ་ཚོར་གཞིས་བྱེས་འབྲེལ་ཟམ་མ་ཆད་པ་ཞིག་ཡོང་ཐབས་ཀྱི་ལས་འགན་ལྡོག་ཏུ་མེད་པ་ཞིག་ཡོད།

    ༣ གལ་སྲིད་བཙན་བྱོལ་བོད་ཀྱི་སྤྱི་ཚོགས་འདི་བཞིན་ནང་བའི་བསྟན་པ་མ་ཉམས་པར་བརྒྱུད་འཛིན་གནང་མཁན་ཞིག་ཡིན་ན། སྟོན་པ་ཤཀྱཱ་ཐུབ་པས་བསྲེག་བཅད་བརྡར་གསུམ་གནང་རུང་གི་རླབས་ཆེན་ལག་ལེན་དེ་བཞིན་མ་མཐར་རྗེས་སུ་ཡི་རངས་ཀྱི་ཁོངས་སུ་འཇོག་འོས་པར་འདོད།

  10. འོ་མ། says:
    2011-03-19 at 3:30 am

    སྤྱིར་ན་༸གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མ་ནི། བོད་རང་བཙན་ཐོབ་རྩོད་པ་དང་། བོད་རང་བཙན་འཕྲོག་རྩོད་པ་གཉིས་བར་གྱི་གཟི་དཔོན་ཞིག་ཡིན་མོད། འོན་ཀྱང་ང་ཚོས་དོན་གནད་དེ་སྤེལ་ཐབས་མ་ཤེས་པས། བོད་རང་བཙན་ཐོབ་རྩོད་པ་དང་རང་བཙན་འཕྲོགག་རྩོད་པ་གཉིས་ཀྱི་བར་ན་ལམ་དབུ་མའི་བྱུས་འཆར་ལག་བསྟར་མ་བྱས་པར། ༸གོང་ས་མཆོག་གི་དགོངས་གཞི་ལམ་དབུ་མ་དང་། བོད་རང་བཙན་འཕྲོག་རྩོད་པ་རྒྱ་གཞུང་གཉིས་ཀྱི་བར་ནའང་དབུ་མའི་ལམ་འཕར་མ་ཞིག་བཙུགས་ཡོད། དེ་ནི་བོད་རྒྱ་ཞི་མོལ་མགྲིན་ཚབ་པ་དག་རེད།

  11. རིན་པོ་ཆེ། says:
    2011-03-19 at 3:30 am

    བཀའ་ཁྲི་ཟམ་གདོང་རིན་པོ་ཆེས་གྲོས་ཚོགས་ནང་གསུང་པའི་དངོས་དོན་རྣམས་བདེན་བདེན་རྐྱང་ཡིན་པ་ཤེས་དགོས།དཔེར་ན་༸གོང་ས་མཆོག་ཐེག་ཅེན་གཙུག་ལག་ཁང་གི་སྡིང་ཆའི་ཐོག་ཞབས་མ་གཅག་ན་མཛད་སྒོ་དང་གསུང་ཆོས་ཞུ་བར་ཡོང་མཁན་ག་ཚོད་འདུག་སྟོང་ལྷང་ལྷང་ཡིན་པ་མ་ཚོར་རམ།ཟམ་གདོང་རིན་པོ་ཆེས་བཀའ་ཁྲྲི་གནང་ནས་ད་བར་བཙན་བྱོལ་བོད་གཞུང་གི་སྒྲིག་འཛུགས་དང་དཔལ་འབྱོར་སོགས་གང་གི་ཆ་ནས་ཡུན་གནས་ཡོང་བའི་རྨང་གཞི་སྲ་ཐག་ཐག་བཟོས་ཡོད་ལ་རྒྱ་ནག་གཞུང་དང་བོད་རྒྱ་འབྲེལ་མོལ་ཐེངས་དགུ་བྱས་ཏེ་བོད་རིགས་ཡོངས་ལ་མིང་དོན་མཚུངས་པའི་མི་རིགས་རང་སྐྱོང་ཡོང་བའི་བསམ་ཚུལ་ཡིག་ཐོག་ཏུ་སྤྲད་དེ་རྒྱ་ནག་གཞུང་ག་བྱེད་འདི་བྱེད་མེད་པ་གྱུར་ཡོད།རྒྱ་ནག་གཞུང་གི་བོད་མིའི་མངོན་དོད་བསྒྲུབ་ཀྱི་ཡིན་ཟེར་བཤད་ན་ཁོང་ཚོའི་ཁེ་ཕན་བློས་གཏང་དགོས་རེད་ཁེ་ཕན་བློས་བཏང་གི་རེད་པས།བྱས་ཙང་གྲུབ་འབྲས་མ་བྱུང་བའི་ལན་པ་རྒྱ་མིར་ཡོད་པ་ལས་བོད་གཞུང་དང་ཟམ་གདོང་རིན་པོ་ཆེར་མེད།བོད་ཀྱི་གནས་བབ་ལ་འགྱུར་བ་གཏོང་རྒྱུ་ཁ་ཡོད་ཚད་ཀྱི་ཤོད་པ་དང་ཚང་མས་སེམས་ནང་དྲན་གྱི་ཡོད་ཀྱང་དོན་དངོས་ཐོག་འགྱུར་བ་འགྲོ་ཐུབ་ཀྱི་རེད་དམ།མང་པོ་ཤོད་མི་དགོས་པར་དངོས་ཡོད་གནས་སྟངས་མིག་མཐོང་ལག་ཟིན་ཡོད་པ་དང་སྤྱི་འཐུས་ཀྱི་མཚོན་བོད་མི་མང་ཆེ་བའི་འཇིག་རྟེན་ལྟ་བ་འགྱུར་བ་འགྲོ་གྱི་མེད་ན་ད་ལྟའི་གནསབབ་ལས་ལྷག་པ་འོང་རྒྱུ་མེད་པ་ནི་ལོང་བས་ལྟས་ཀྱང་མཐོངགསལ་མ་ཡིན་ནམ།དེ་ལས་༸གོང་ས་མཆོག་གི་དགོངས་གཞི་དང་མི་མང་གི་རེ་བ་གཉིས་དབར་གཉིས་སྨན་གྱི་དབུ་མའི་ཐབས་ལམ་ཞིག་ལག་ལེན་བསྟར་ཐབ་པ་ཞིག་བསྟོན་ཐུབ་ན་དགེ་ཕན་ཆེ།

  12. ལ་རྒྱའི་བདག་པོ། says:
    2011-03-19 at 3:42 am

    དྲ་གྲོགས་ཚོ་སྐུ་ཁམས་བཟང་།གོང་གི་རྩོམ་ཡིག་ད་ལྟ་ཞིབ་ཀློག་བྱ་རྒྱུའི་འཁོམ་པ་མི་འདུག་པས་རྗེས་སུ་ཞིབ་ཀློག་བྱས་ནས་བསམ་ཚུལ་ཞུ་རྒྱུ་ཡིན།ད་ཐེངས་སྔོན་ལ་ང་རང་གི་༸གོང་ས་མཆོག་བགྲེས་ཡོལ་ལ་འབྱོན་རྒྱུའི་ཐད་གནད་དོན་ཆེན་པོ་གསུམ་ལ་བསམས་གཞིགས་བྱོས་རོགས་ཞུ་རྒྱུ་ཡིན།

    དང་པོ།བགྲེས་ཡོལ་ལ་འབྱོན་རྒྱུའི་དགོངས་པའི་ཕུག་དམིགས།
    ༡༽༸གོང་ས་མཆོག་ནས་ཉེ་བའི་ལོ་ཤས་སྔོན་ནས་རེ་བ་བཟང་ས་ནས་རྒྱོབས།གྲ་སྒྲིག་སྡུག་ས་ནས་བྱོས་ཞེས་གསུངས་པའི་ཞལ་གདམས་དེའི་ནང་གི་གྲ་སྒྲིག་སྡུག་ས་ནས་བྱ་རྒྱུའི་ཆ་ཤས་ཤིག་ཡིན་པས་དགོངས་པ་དེ་བོད་མི་མང་ལ་དམིགས་གནང་བ་རེད།
    ༢༽ བཙན་བྱོལ་གཞུང་དམངས་མང་གཙོའི་ལྟ་གྲུབ་དང་འཕེལ་རིམ་དང་མཐུན་པར་དམིགས་གནང་བ།
    ༣༽རྒྱ་དམར་གཞུང་གི་བརྗོད་བབ་དང་བྱ་སྤྱོད་ལ་དམིགས་གནང་མཛད་པ།
    ༤༽རྒྱལ་སྤྱིའི་སྣང་ཚུལ་དང་།གནས་ཚུལ།ལྟ་ཚུལ་བཅས་ལ་དམིགས་པ་ཞིག་ཡིན་པས་གཟིགས་རྐྱང་ཧ་ཅང་གི་རིང་ལ་དགོངས་པ་གཏིང་ཟབ་པོ་རེད།དེ་ན་ང་ཚོས་གནད་དོན་དེར་སླ་བཅོས་དང་སྟབས་བདེའི་ཐག་གཅོད་ཅིག་བྱ་མི་རུང་།

    གཉིས་པ།གུས་བརྩི་དང་གསོལ་འདེབས།
    ༡༽༸གོང་ས་མཆོག་བགྲེས་ཡོལ་ལ་འབྱོན་རྒྱུའི་ཐད་ཞེ་ཕུག་ནས་གུས་བརྩི་དང་དང་ལེན་ཞུ་རྒྱུ་ལས་མ་འདས་མོད།གང་ཉིད་ནི་གཞིས་བྱེས་བོད་འབངས་དང་སྐྱེ་བ་དཔག་མེད་ནས་ལས་འབྲེལ་ཡོད་པ་དང་གཅིག
    ༢༽གཞིས་བྱེས་མི་མང་གིས་གང་ཉིད་ལ་རིང་ནས་བརྩེ་དྲགས་པས་གཞིས་བྱེས་མི་མང་རྣམས་བློ་ཐག་རྦད་ཆོད་ཡོང་རྒྱུར་དུས་ཚོད་ངང་སྒུག་དང་གཉིས།
    ༣༽རྒྱལ་སྤྱིའི་ནང་ནས་བོད་མི་མང་དང་ཏཱ་ལའི་བླ་མའི་བར་གྱི་འབྲེལ་བའི་ཐད་ལྟ་ཚུལ་དང་བག་ཆགས་བཟང་པོ་བཞག་ནས་མི་རྣམས་ཧ་ལས་བཅུག་དགོས་པ་དང་གསུམ།
    ༤༽རྒྱ་གཞུང་ལ་དུས་ཚོད་དང་།ས་གནས།གནས་བབ་གང་དུ་བསླེབས་ཀྱང་ཏཱ་ལའི་བླ་མ་དེ་བོད་མི་མང་གི་ཤ་དང་རུས་པའི་ནང་འཐིམས་ཡོད་པའི་བརྡ་ལན་སྤྲོད་ཆེད་དང་བཞི།
    ༥༽གང་ཉིད་ཀྱི་མཚན་གནས་དང་བསྟུན་ན་དགོངས་པ་ཞུས་པ་དང་ལམ་སེང་དང་ལེན་ཞུས་ན་མ་གུས་པའི་རྣམ་པས་མི་འགབ་ཅིང་།ལམ་ལུགས་དང་ཡང་འགལ་བ་བཅས་ཀྱི་ཆེད་དུ་ཐེངས་གཅིག་དང་ལན་གཅིག་བགྲེས་ཡོལ་ལ་མི་འབྱོན་རྒྱུའི་གསོལ་འདེབས་ཞུས་རྗེས།ཕལ་ཆེར་གང་གིས་ཞལ་བཞེས་གནང་མི་སྲིད་པས་དེའི་ཚེ་དེ་དུས་སུ་ང་ཚོས་༸རྒྱལ་བའི་བཀའ་བཞིན་བསྒྲུབས་ནས་ཁྲིམས་སྒྲིག་ལ་འགྱུར་བཅོས་བྱ་རྒྱུས་མཚོན་གྲ་སྒྲིག་ཁག་སྤོབས་པ་ལྡན་པའི་ངང་ནས་བསྒྲུབས་དགོས་རེད།

    གསུམ་པ།༸གོང་ས་མཆོག་བགྲེས་ཡོལ་ལ་ཕེབས་རྗེས་ཀྱི་མཚན་གནས་གསར་པ་འབུལ་དགོས།
    ༡༽བོད་དང་ནང་པའི་ཆོས་ཕྱོགས་ཀྱི་བླ་ན་མེད་པའི་དབུ་ཁྲིད་ལ་ཁྲིམས་ཐོག་ནས་ཆ་རྐྱེན་དགོས་པ།
    ༢༽བོད་ཀྱི་ཆོས་སྲིད་གཉིས་ཀྱི་ལམ་སྟོན་པའམ་མཛུབ་སྟོན་པར་ཁྲིམས་ཐོག་ནས་མཚན་གནས་འབུལ་དགོས་པ།
    ༣༽གཞིས་བྱེས་བོད་མིའི་མགྲིན་ཚབ་གཙོ་བོའི་ཐོག་ནས་མཚན་གནས་འབུལ་དགོས་པ།
    ༤༽རྒྱལ་སྤྱིའི་ཞི་བདེའི་དེད་དཔོན་དང་ཆོས་ཕྱོགས་ཀྱི་དབུ་ཁྲིད་ཀྱི་མཚན་གནས་རྒྱུན་འཇགས་འབུལ་དགོས་པ།
    ༥༽གང་ཉིད་ནི་གཞིས་བྱེས་མི་མང་ལ་བཀྲིན་ཅན་གྱི་མེས་པོར་བསྐུར་དགོས་པ།
    ༦༽མ་འོངས་པར་བཀའ་སྤྱི་གཉིས་སམ་གང་ཟག་སུ་རུང་གིས་བོད་ཀྱི་རྩ་དོན་ཐད་ཐག་གཅོད་དཀའ་བའི་གནད་དོན་ལྷག་ཚེ་༸གོང་ས་མཆོག་ནས་དངོས་སུ་ཕྱག་འཆང་ཆོག་པའི་བཅའ་ཁྲིམས་ནང་ཆ་རྐྱེན་བསྐྲུན་དགོས་པ་བཅས་སོ།།

  13. གསང་གྲོལ། says:
    2011-03-19 at 3:51 am

    འདི་སྔོན་མ་ནས་བཀློགས་ཟིན། ཉོག་བཤད་རང་ཡིན་པས་གཡུགས་ཟིན། ལྷ་སྡེ་གཡག་གིས་ཅིག་རེད་ཟེར་ནས་འདིར་དྲངས་འདོད་ཀྱི་དགོས་བ་མི་འདུག་སྙམ།

  14. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 4:08 am

    མ་གཞི་ཁྱོད་རང་གི་བསམ་ཚུལ་ཡག་པོ་གསུང་འདུག འོན་ཀྱང་། རྒྱལ་བ་རིན་པོ་ཆེ་ནས་སྲིད་ཕྱོགས་ནས་བགྲེས་ཡོལ་ཞུ་བཞིན་པ་ལས་ཆོས་ཕྱོགས་ནས་བགྲེས་ཡོལ་ཞུ་ཀི་མ་རེད་ལ། ཞུ་སའང་མེད་པ་ཁོང་གིས་ཡང་ནས་བསྐྱར་དུ་གསུངས་ཡོད།

    བཅའ་ཁྲིམས་ལ་ག་རེ་བྱས་ནས་འགྱུར་བ་གཏོང་དགོས་ཀྱི་ཡོད་པ་རེད་དམ།

    ༡ སྐུ་དབང་ལོ་ལྔ་ཚན་རེ་ཡི་ནང་འོས་འདེམས་བྱེད་ཀྱིན་པའི་བཀའ་ཁྲིའམ་སྲིད་བློན་དང་གྲོས་ཚོགས་ལ་ཕུལ་བཞིན་པས། འབྱུང་འགྱུར་ལོ་ལྔ་ཚན་ཁ་ཤས་ནང་འཁོར་བསྐྱོད་དེ་བཞིན་རང་མགོ་རང་ཐོན་ཞིག་ལ་དམིགས་ཡོད་པ་རེད། དེ་ལས་ལྡོག་ན། སྐུ་མ་བཞུགས་པའི་ཕྱི་ཉིན། ད་ལྟ་པཱ་ལི་སི་ཐན་ནང་བཞིན་ཕྱོགས་ཁག་གཉིས་སུ་གྱེས་ནས་ནང་འཁྲུག་ཡོང་མི་སྲིད་པའང་མ་རེད།

    ༢ སྐུ་དབང་རྩིས་སྤྲོད་འདིས་པེ་ཅིན་སྲིད་གཞུང་ལ་ལག་པ་འཆིང་ས་མེད་པ་ཞིག་བཟོས་ཡོད། གལ་སྲིད་སྐུ་དབང་མུ་མཐུད་གནས་པའམ། ཡང་ན། ཐེ་གཏོགས་ཀྱི་ལམ་ཁ་ཡོད་ན། པེ་ཅིན་གཞུང་གིས་མ་འོངས་པར་ཡང་སྲིད་རྫུན་མ་ཞིག་གདམ་རྗེས། དཔལ་འབྱོར་གྱི་སྟོབས་ཤུགས་ལ་བརྟེན་ནས་བོད་ཀྱི་གནད་དོན་སྟེང་ཇུས་གཏོགས་མང་པོ་ཞིག་ཡོང་སྲིད་པར་མ་ཟད། སྐབས་དེ་ཤེད་དུ་བོད་མི་ཚོར་ལམ་ཁ་མེད་པ་ཞིག་ཏུའང་གྱུར་ཡོད།
    ༣ སྐུ་བཞུགས་ཐོག་ནས་བསྒྱུར་བཅོས་འདི་བཞིན་གནང་བ་ཡིན་ན། གཅིག་ནས་བོད་མིའི་འདི་ཕྱིའི་སྐྱབས་གནས་ཡིན་བཞིན་དུ་གནད་དོན་ཆེ་ཕྲ་ཅི་རིགས་ཐད་བློ་འདོན་ཆོག་པར་མ་ཟད། བོད་མི་དམངས་ལ་འབོད་བསྐུལ་ཡང་བྱས་ཆོག་པས། བོད་ཕྱོགས་ནས་ཕྱག་འཆིང་ས་ཞིག་ཡིག་ཐོག་ཏུ་ཕབ་དགོས་ཀྱི་མ་རེད། གཉིས་ནས་ཁོང་གི་མཛད་པ་འཕྲིན་ལས་སྔར་ལས་ཡར་ངོའི་ཟླ་བ་བཞིན་དུ་འཕེལ་རྒྱུ་ཡིན་པས། སྲིད་ཕྱོགས་ཀྱི་མ་འདས་སྤྲུལ་སྐུའི་མཚོན་དོན་སྲིད་བློན་དང་གྲོས་ཚོགས་གཉིས་ལ་འཛམ་གླིང་སྟེང་ནས་ངོས་ལེན་ཡོང་ཐབས་སུ་ཕྱག་ལས་རྒྱ་ཆེན་པོ་ཞིག་བྱེད་ཐུབ། གསུམ་ནས་ཁོང་སྐུ་བཞུགས་ཐོག་བསྒྱུར་བཅོས་གནང་བ་ཡིན་པས། དམངས་གཙོའི་རྒྱལ་ཁབ་སུ་དང་གང་གིས་ཀྱང་དེ་མ་རེད་ཅེས་དགག་ས་མེད་པར་མ་ཟད། འབྱུང་འགྱུར་པེ་ཅིན་གྱི་ཐེ་གཏོགས་ལའང་གདོང་ལེན་བྱེད་རོགས་མི་བྱེད་རང་བྱེད་དུ་གྱུར་ཡོད། བཞི་ནས་མང་མོས་རྩེ་བཏོགས་ཀྱིས་ཐོན་པའི་བཀའ་ཁྲི་དང་གྲོས་ཚོགས་གཉིས་ལ་དམངས་གཙོའི་རྒྱལ་ཁབ་སུ་ཡིན་ཡང་བོད་ཀྱི་མངོན་འདོད་ཚོན་པའི་འཐུས་ཚབ་མ་རེད་ཅེས་ལབ་ས་ལྷག་མེད།

  15. འདུས་བྱུང་ཕུན་ཚོགས་ཚེ་རིང་། says:
    2011-03-19 at 4:38 am

    གོང་གི་རྩོམ་དེ་ཆ་ཚང་ཀློག་རྒྱུ་དུས་ཚོད་འཁོམ་མ་བྱུང་། འོན་ཀྱང་བརྗོད་བྱེད་ཀྱི་ཐ་སྙད་བཻད་སྤྱོད་ཚཡལ་དང་བརྗོད་བྱར་བལྟ་ན་རྩོམདེ་བོད་ནས་ཤེས་ཡོན་ཅན་གང་རུང་ཞིག་གི་བཏང་མེད་ཟུར་ལྟས་ལེབ་མཐོང་རེད།
    བོད་ནང་གིས་ཤེས་ཡོན་ཅན་པས་ག་དུས་ཡིན་ཡང་༼པེ་ཅིན་དབུས་གཞུང་༽ཟེར་བའི་ཐ་སྙད་དེ་བེད་སྤྱོད་གཏོང་གིན་མེད།

  16. རང་གྲོལ། says:
    2011-03-19 at 4:47 am

    གོང་གི་རྩོམ་ཡིག་འདི་བོད་བཞུགས་སྤུན་ཟླ་སུས་ཀྱང་བྲིས་པ་ཞིག་མིན་པ་ཐག་བཅད་ནས་བཤད་ཆོག མ་མཐར་ཡང་བཟོ་བཅོས་ངེས་ཅན་ཞིག་བཏང་འདུག ཕལ་ཆེར་ལྷ་སྡེ་གནམ་ལོ་ཡག་ལ་ཨམ་མདོ་དགུ་འགྱུར་པདྨོ་རོང་ནས་མཁའ་འགྲོ་འམ་གསོན་འདྲེ་མ་གང་རུང་ཞིག་ནས་ལུང་བསྟན་པ་དང་། དེ་ནས་ལྷ་སྡེས་གཏེར་ནས་བཏོན་ཞེས་བཀོད་ན་མཛེས་སམ། ལྷག་དོན་བརྗོད་བྱའི་ཐད་ང་རྒྱལ་ཆེ་ཞིང་གནས་ཚུལ་ཆ་ཚང་མ་རྟོགས་མཁན་གྱི་བླུན་རྨོངས་ཤིག་གི་བསམ་ཚུལ་ཡིན་པ་གོར་མ་ཆགས།

  17. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 5:25 am

    ༡ རྩོམ་བོད་ནང་ནས་ཡིན་མིན་ལ་ཐེ་ཚོམ་མེད་གཤམ་གྱི་དྲ་ཐག་ལས་ཐད་ཀར་ཀློག་ཐུབ།

    http://rangdrol.net/node/140

    ༢ གཟུགས་མེད་གང་རུང་ཞིག་གིས་བོད་ཀྱི་མཁས་པའི་དང་རྩེ་རང་གྲོལ་མཆོག་གི་མིང་བཀོལ་ཐུབ་པ་འདི་དངོས་གནས་ཡིད་སྐྱོ་དགོས་པར་མ་ཟད། ཐ་ན་ཅི་ཡང་མི་ཤེས་པའི་བླུན་པོ་ཧམ་ཤེད་ཅན་ཞིག་ཡིན་པ་གསལ་བོ་རེད།

  18. ཤར་རལ་གྲི says:
    2011-03-19 at 5:39 am

    དགུ་རོང་སྤུན་གྲོལ་ནས་དཔལ་དོན་གྲུབ་རྒྱལ་གྱི་མཚན་སྙན་གྱི་ཟུར་ཞིག་ཁུར་ནས་འདི་གར་བསམ་ཚུལ་སྤེལ་བ་ལ་བཀའ་དྲིན་ཆེ། ངས་དང་པོར་རྩོམ་གྱི་ཁ་བྱང་དང་ཁོང་གི་སྙུག་མིང་མཐོང་དུས་དབུགས་ཐེངས་གཅིག་གིས་ཀློག་འདོད་ཀྱི་ཀུན་ནས་བསླངས་ཏེ་བཀླགས་པ་ཡིན། ཡིན་ནའང་ཁོང་གི་རྩོམ་ཡིག་འདིས་གནས་ཚུལ་གསལ་པོ་རྟོགས་དཀའ་བར་ཡོད་པའི་བོད་ནང་དུ་སྤེལ་ན་མི་མང་པོ་ཞིག་སེམས་འཚབ་སྐྱེས་སྲིད་པ་ལས། གནས་ཚུལ་ཕྱི་གསལ་ནང་གསལ་དུ་ཡོད་པའི་ཕྱི་སྡོད་བོད་མིའི་ཁྲོད་སྤེལ་ན་འདི་ནི་བོད་ནང་གི་རྩོམ་པ་བོའི་ངོ་ཚབ་མཚོན་པའི་རྩོམ་ཡིག་ཅིག་མ་རེད། ཁོང་གིས་ཡང་གནས་ཚུལ་ཆ་ཚང་ཧ་མ་གོ་བར་གསར་འགྱུར་སྙིང་བསྡུས་འགའ་བཀླགས་ཏེ་བྲིས་པ་འདྲ། དེའི་སྟབས་ཀྱིས་མང་པོ་གླེང་དགོས་དོན་མི་འདུག དེ་ཙམ་མོ།

  19. རང་གྲོལ། says:
    2011-03-19 at 5:47 am

    རྒན་པོ་གནམ་ལོ་ཡག དུས་རབས་བདུན་པ་བརྒྱད་པ་ནས་བཟུང་རྙིང་གཞུང་ནས་གསུངས་པའི་གྲོལ་ལུགས་བཞིའི་ཡ་གྱལ་རང་བྱུང་རིག་པ་འདི་ཉིད་གཉེན་པོ་གཞན་ལ་མ་ལྟོས་པར་གྲོལ་ཚུལ་ཞིག་ཡོད་པ་ལ་རང་གྲོལ་ཞེས་པའི་ཐ་སྙད་བྱས་པ་དང་། ། ཀློང་ཆེན་མཛོད་བདུན་ནང་དུ་རང་གྲོལ་སྐོར་གསུམ་སྟེ། སེམས་ཉིད་རང་གྲོལ་དང་། ཆོས་ཉིད་རང་གྲོལ། མཉམ་ཉིད་རང་གྲོལ་སོགས་ཀྱི་དབྱེ་སྒོ་མང་དུ་གསུངས་ཡོད། མ་ཟད་རྗེ་མི་ལའི་དངོས་བརྒྱུད་ཀྱི་སློབ་མའི་ཁྲོད་རང་གྲོལ་གྱི་རྣལ་འབྱོར་པ་དང་རྣལ་འབྱོར་མ་ག་ཚོད་བྱུང་ཡོད་པ་རྣམས་མཁའ་འགྲོས་ལུང་དུ་བསྟན་པ་ཁྱེད་རང་གིས་གོ་མྱྲོང་ཡོད་ཤག་རེད། དེ་འདྲ་སོང་ཙང་ངས་ཁྱོད་ལ་དྲི་ཡས་ཤིག་ཡོད། རང་གྲོལ་ཞེས་པའི་ཐ་སྙད་འདི་དོན་གྲུབ་རྒྱལ་ལ་སྒེར་བདག་བྱེད་ཆོག་པའི་དབང་ཆ་སུས་སྤྲད་པ་རས། རྒྱ་ནག་དམར་གཞུང་རེད་པས། རྒྱ་ནག་དམར་གཞུང་ཡིན་ན་ཆོས་མེད་ཀླ་ཀློའི་གཞུང་ནས་ནང་ཆོས་ཀྱི་གཞུང་ནས་བྱུང་བའི་བརྡ་ཆད་ལ་སྟངས་འཛིན་བྱེད་པའི་དབང་ཆ་མེད།
    འོ་ན་ཁྱེད་རང་རེད་དམ། ཁྱེད་རང་ཡིན་ན། ཕྱིས་དྲགས་ཐག་ཆོད་འདུག ཁོང་འདས་ནས་ལོ་ངོ་ཉི་ཤུ་རྩ་དྲུག་ཏག་ཏག་སོང་ཟིན། ལར་ནས་སངསརྒྱས་དང་། ཀུན་མཁྱེན། འཇམ་དབྱངས། ཕྱག་རྡོར། ལྷུན་གྲུབ། ཕུན་ཚོགས། སྒྲོལ་མ་སོགས་ལེགས་པ་དང་ཕུན་སུམ་ཚོགས་པ་ཐམས་ཅད་མིང་དུ་སྦྱོར་ཆོག་པ་ལ་རང་གྲོལ་སྦྱོར་མི་ཆོག་གང་ཡིན། ངས་འདི་ལྟར་སྦྱར་བར་དོན་གྲུབ་རྒྱལ་གྱི་སྨྱུག་མིང་རེད། སྦྱོར་ཆོག་གི་མ་རེད་ཟེར་ན། ངའི་སྔོན་ལ་དོན་གྲུབ་རྒྱལ་གྱིས་ཞབས་དྲུང་ཚོགས་དྲུང་རང་གྲོལ་གྱི་མཚན་ཟུར་གྱི་རང་གྲོལ་དེ་ཁོ་པས་ཁྱེར་འདུག་པས་ཁྱེད་རང་དོན་གྲུབ་རྒྱལ་ལ་རྩོད་པ་རྒྱོབས། ལེ་འདའ་གྱིས། གྱོད་གཏུགས། ཤེས་སོང་ངམ། ལྷག་དོན་ཁྱེད་རང་གི་སྐད་ཆ་འདི་ལ་ལན་བརྒྱབ་ཀྱང་དུས་ཚོད་ཆུད་བཟོས་ལས་དོན་དག་མི་འདུག་སྙམ།

  20. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 5:57 am

    གཟུགས་མེད་སྡེ་བ་ནས་ཡིན་པ་ཞིག་གིས་བོད་ཀྱི་དེང་རབས་མཁས་པའི་ཡང་རྩེར་འགྲན་སློང་བ་ནི་རང་ཉིད་མི་གྲལ་ནས་སྔ་མོ་ནས་བུད་ཟིན་པའི་རྟགས་རེད་ལ། དཔལ༸དོན་གྲུབ་རྒྱལ་མཆོག་གིས་སྨྱུགམིང་འདི་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་ནས་བཀོལ་ཡོད་པའི་ཁྲིམས་ཐོག་ནས་ར་སྤྲོད་བྱེད་ཐུབ་པ་ཞིག་རེད། ཁྱོད་རང་སུ་ཡིན་ནམ། གཟུགས་མེད་མི་གྲལ་ན་མེད་པ་ཞིག་ལ་འདི་རྩོད་པའི་ཐོབ་ཐང་ཡོད་དམ།

  21. རང་གྲོལ། says:
    2011-03-19 at 5:58 am

    རྒན་པོ་གནམ་ལོ་ཡག དུས་རབས་བདུན་པ་བརྒྱད་པ་ནས་བཟུང་རྙིང་གཞུང་ནས་གསུངས་པའི་གྲོལ་ལུགས་བཞིའི་ཡ་གྱལ་རང་བྱུང་རིག་པ་འདི་ཉིད་གཉེན་པོ་གཞན་ལ་མ་ལྟོས་པར་གྲོལ་ཚུལ་ཞིག་ཡོད་པ་ལ་རང་གྲོལ་ཞེས་པའི་ཐ་སྙད་བྱས་པ་དང་། ། ཀློང་ཆེན་མཛོད་བདུན་ནང་དུ་རང་གྲོལ་སྐོར་གསུམ་སྟེ། སེམས་ཉིད་རང་གྲོལ་དང་། ཆོས་ཉིད་རང་གྲོལ། མཉམ་ཉིད་རང་གྲོལ་སོགས་ཀྱི་དབྱེ་སྒོ་མང་དུ་གསུངས་ཡོད། མ་ཟད་རྗེ་མི་ལའི་དངོས་བརྒྱུད་ཀྱི་སློབ་མའི་ཁྲོད་རང་གྲོལ་གྱི་རྣལ་འབྱོར་པ་དང་རྣལ་འབྱོར་མ་ག་ཚོད་བྱུང་ཡོད་པ་རྣམས་མཁའ་འགྲོས་ལུང་དུ་བསྟན་པ་ཁྱེད་རང་གིས་གོ་མྱྲོང་མེད། དེ་འདྲ་སོང་ཙང་ངས་ཁྱོད་ལ་དྲི་ཡས་ཤིག་ཡོད། རང་གྲོལ་ཞེས་པའི་ཐ་སྙད་འདི་དོན་གྲུབ་རྒྱལ་ལ་སྒེར་བདག་བྱེད་ཆོག་པའི་དབང་ཆ་སུས་སྤྲད་པ་རས། རྒྱ་ནག་དམར་གཞུང་རེད་པས། རྒྱ་ནག་དམར་གཞུང་ཡིན་ན་ཆོས་མེད་ཀླ་ཀློའི་གཞུང་ནས་ནང་ཆོས་ཀྱི་གཞུང་ནས་བྱུང་བའི་བརྡ་ཆད་ལ་སྟངས་འཛིན་བྱེད་པའི་དབང་ཆ་མེད།
    འོ་ན་ཁྱེད་རང་རེད་དམ། ཁྱེད་རང་ཡིན་ན། ཕྱིས་དྲགས་ཐག་ཆོད་འདུག ཁོང་འདས་ནས་ལོ་ངོ་ཉི་ཤུ་རྩ་དྲུག་ཏག་ཏག་སོང་ཟིན།
    ལར་ནས་སངས་རྒྱས་དང་། དཀོན་མཆོག འཇམ་དབྱངས། སྒྲོལ་མ། ཕྱག་རྡོར། ལྷུན་གྲུབ། ཕུན་ཚོགས། བསམ་གྲུབ། ནོར་བུ་སོགས་ལེགས་པ་དང་ཕུན་སུམ་ཚོགས་པ་གང་ཡོད་སོ་སོའི་འདོད་པ་ལྟར་མིང་དུ་སྦྱོར་ཆོག་པ་ལ། རང་གྲོལ་ཞེས་པ་འདི་སྦྱོར་མི་ཆོག་པ་གང་ཡིན། གལ་ཏེ་ཁྱེད་རང་གིས་འདི་དོན་གྲུབ་རྒྱལ་གྱི་སྨྱུག་མིང་ཡིན་པས་སྦྱོར་མི་ཆོག་ཅེས་བཤད་ན། ངའི་སྔོན་ལ་དོན་གྲུབ་རྒྱལ་གྱིས་ཞབས་དྲུང་ཚོགས་དྲུག་རང་གྲོལ་གྱི་མཚན་ཟུར་གྱི་རང་གྲོལ་དེ་ཁྱེར་ཚར་འདུག་པས། ཁ་མཆུ་རྒྱག་འདོད་ན་དོན་གྲུབ་རྒྱལ་ལ་རྒྱོབས། ལེ་འདའ་བྱེད་འདོད་ཁོང་ལ་གྱིས། གྱོད་གཏུགས་འདོད་ན་ཁོང་ལ་གཏུགས། དེ་ནས་ངའི་སར་ཕེབས་ཤོག
    མ་གཞི་ནས་ཁྱེད་རང་གི་རྩོད་པ་འདིར་ལན་བརྒྱབ་ཀྱང་དུས་ཚོད་ཆུད་བཟོས་ལས་དོན་དག་དེ་ཙམ་མེད། ད་བདེ་མོ།

  22. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 6:10 am

    གཟུགས་མེད་མཆན་བ་ཞིག་ལ་ལར་ནས་ལན་རྒྱག་མ་དགོས་མོད། མི་ཤེས་ཤེས་མདོག་གིས་བོད་ནང་གི་རྩོམ་ཡིན་མིན་ལ་དོགས་འདྲི་བྱས་པར་དོགས་སེལ་མགོ་བོ་ཐེག་མི་ཐུབ་པ་ཞིག་བྱས་ཡོད་པས། ཚིག་སྐམ་འགས་བསྐྱར་ཟློས་ལས་ལན་ཅི་ཡང་མི་ཐོབ་པ་འདི་གཟུགས་མེད་ཚོའི་ཁྱད་ཆོས་རེད་ལ། མི་གྲལ་ན་མེད་པའི་མངོན་རྟགས་ཀྱང་རེད། ད་རྒན་པོས་ཁ་ཏ་སློབ་གསོར་ཉོན།

    ༡ གལ་སྲིད་གྲྭ་བ་གཟུགས་མེད་ཅིག་ཡིན་ན། ཁྱོད་ཀྱིས་མིང་བརྐུ་འཁྱེར་བྱས་པ་འདི་སྡོམ་ཁྲིམས་ལ་འགལ་ཟིན་པས། དེང་ཕྱིན་གཟབ་འོས་པར་མ་ཟད། ཉུང་མཐར་མ་བྱིན་ལེན་ལ་འགྱོད་བཤགས་གྲངས་མེད་བྱེད་འོས་པ་ཞིག་རེད།

    ༢ གྲྭ་ལོག་གཟུགས་མེད་ཅིག་ཡིན་ན། མི་ཤེས་ཤེས་མདོག་མ་བྱེད། ཨ་མདོའི་གཏམ་དཔེར། མི་མང་ནང་ནས་ཁ་མ་སྔ། མགར་བའི་ཁོལ་ཁར་ལག་མ་སྔ་ཞེས་པ་ཡིད་ལ་ཟུངས།

  23. རང་གྲོལ། says:
    2011-03-19 at 6:14 am

    ་་་་་་་་་་་་་་་་་་་་་་་་་་་་་་་་་་་་རྒན་པོ་ལ་གདམས་པའི་གཏམ་ཚིགས་བཅད་གཅིག་མ།་་་་་་་་་་་་་་་་་་་་་་་་་་་་་་་་་
    དགུ་འགྱུར་པད་མོ་རོང་ལ། །
    རང་གྲོལ་བྱུང་བ་བདེན་ཀྱང་། །
    ལུང་ཆུང་འདི་ལ་མ་གཏོགས། །
    རང་གྲོལ་མེད་པ་མ་རེད། །

  24. འཇིགས་མེད་ཚེ་རིང་། says:
    2011-03-19 at 6:17 am

    རྩོམ་ཡིག་འདིས་བྱེད་པོ་བོད་ནང་དུ་ཡོད་པ་དངོས་གནས་རེད་འདུག་པས་ང་ཚོས་དེའི་ཐད་རྩོད་པ་རྒན་པོ་རྣམས་ཀྱི་བཤད་རྒྱུན་དུ་བྱ་རོག་སོ་རྟོག་གི་ཟེར་བ་ཞིག་དྲངས་རྒྱུ་ཡོད་པ་རང་རེད་བསམ། དེ་ལས་ནང་གི་སྙིང་བོའི་ཐད་དུ་སྨྲ་་ཤེས་པ་ཡོ་ད་ན་དེ་གལ་ཆེན་པོ་མ་རེད་དམ། བོད་ཕྱི་ནང་སུའི་བསམ་ཚུལ་ཡིན་ནའང་བོད་མི་ཞིག་གི་བསམ་ཚུལ་ཡིན་པ་ཙམ་གྱིས་གླེང་དགོས་པ་ཞིག་ཀྱང་མ་རེད་དམ།

  25. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 6:19 am

    ནག་ཕྱོགས་གཟུགས་ཅན་གཟུགས་མེད་སྡེ།
    མཆོག་གསུམ་བདེན་པས་རྩ་ནས་གཅོད་གྱུར་ཅིག

  26. རང་གྲོལ། says:
    2011-03-19 at 6:22 am

    གཟུགས་ཡོད་མེད་ཀྱི་ཚད་གང་ལ་བྱེད། ཁྱོད་འདོད་པ་ལྟར་བྱེད་དགོས་སམ། མ་བྱིན་ལེན་གྱི་ཉེས་པ་འབྱུང་ན་ང་ལས་ཁྱོད་ལ་བརྒྱ་བསྒྱུར་གྱིས་ཚབས་ཆེ། མི་ཡི་འཇིག་རྟེན་ཙམ་མ་ཟད། ལྷ་ཡི་འཇིག་རྟེན་ཡང་བློས་བླངས་འདུག གནམ་སའི་བར་གྱི་བདག་པོས་བཟུང་དང་མ་བཟུང་བའི་སྣོད་བཅུད་ཐམས་ཅད་ལ་ལག་བསྙབས་བྱས་འདུག ད་ཁྲིམས་ལ་ཐུག་རྒྱུ་རེད།
    ལྷ་སྡེ་ལགས། གོང་དུ་བཤད་པ་ཐམས་ཅད་སྐུ་རྩེད་ཞུས་པ་ཡིན། དགོངས་པ་མ་འགལ། ད་འབྲི་ཡི་མིན།

  27. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 6:38 am

    གཟུགས་མེད་ཅེས་པ་དྲ་རྒྱའི་སྟེང་ནས་གདོང་པ་སྟོན་མཁན་ཡིན་མིན་གྱིས་ཤན་འབྱེད་ཀྱི་ཡོད་ཅིང་། གདོང་པ་སྟོན་མི་ཐུབ་མཁན་དང་ཡིབ་གཏམ་བཤད་མཁན་རིགས་ལ་གཟུགས་མེད་ཅེས་འབོད་ཀྱི་ཡོད་ལ། མི་གྲལ་ནས་རྒྱང་འཕུད་བཏང་བ་མ་ཡིན་པར་རང་ཉིད་ཀྱིས་རང་ཉིད་མི་གྲལ་ནས་འཕུད་ཟིན་པ་ཞིག་ཀྱང་ཡིན།

    རེད་ལགས། ང་རང་བདེན་དོན་བཤད་རྒྱུར་ཧམ་པ་ཚ་བོ་ཡོད། བསམ་ཚུལ་སྣ་མང་ལ་ཉན་རྒྱུར་ལག་པ་སྙོབ་ཀྱི་ཡོད། འོན་ཀྱང་། ཕ་རོལ་བོ་ལའང་མི་འདི་རེད་ཅེས་པ་ཞིག་སྟོན་བཞིན་ཡོད། དེ་ནི་ཉུང་མཐར་བོད་མི་ཞིག་ཡིན་པའི་ཁྱད་ཆོས་བརྩི་བཞིན་ཡོད།

  28. བན་ནག་ཚང་ says:
    2011-03-19 at 7:30 am

    གཟུགས་ཅན་གཟུགས་མེད་ལ་མ་རྩོད་པ་གོང་གིས་རྩོམ་ཡིག་འདི་དངོས་གནས་ཡག་པོ་ཞིག་བྲིས་འདུག
    ཡིན་ནའང་སྤེལ་མཁན་དེའི་ཁོ་རང་གིས་བྲིས་ཡོད་པ་བསམ་བསམ་འདུག

  29. རྨུ་ཐག་གི་བུ་རྒྱུད། says:
    2011-03-19 at 7:53 am

    རྩོམ་ཡིག་འདིའི་ཁ་བྱང་མཐོང་མ་ཉིད་དུ་ཀློག་འདོད་ཆེན་པོ་ཞིག་སྐྱེས་བྱུང་། འོན་ཀྱང་གོང་དུ་མཆན་འགོད་པ་འགའ་ཤས་ཀྱིས་གསུངས་པ་བཞིན་ཁོ་བོས་ཀྱང་རྩོམ་ཡིག་འདི་བོད་ནང་དུ་སྡོད་པའི་རྩོམ་པ་པོ་སྤུན་གྲོལ་གྱིས་བྲིས་པ་ཞིག་ཡིན་མིན་ལ་ཐེ་ཚོམ་ཟོས་སོང་། གང་ཡིན་ཟེར་ན་ཚིག་གི་འགྲོས་དང་ཚིག་སྦྱོད་སྟངས་སོགས་ལས་ཚོར་བ་དེ་འདྲ་ཞིག་སྐྱེ་བར་བྱེད་དོ།
    ནང་དོན་གྱི་ཆ་ནས་རང་འདོད་ཀྱི་ཤུགས་རྐྱེན་ཆེ་དྲགས་པ་ལས་གཞན་གྱི་ཐོག་མཐའ་བར་གསུམ་ལ་དེ་ཙམ་གྱི་མཐོང་ཆེན་བྱས་མི་འདུག
    ཡང་༼2008 ལོར་ཏྰ་ལའི་བླ་མས་ཀརྨ་པ་དང་ཡོངས་འཛིན་གླིང་རིན་པོ་ཆེའི་སྤྲུལ་སྐུ་རྣམ་གཉིས་ལ་ང་རང་འདས་པའི་རྗེས་སུ་ཁྱེད་རང་གཉིས་ཀྱིས་ཤུགས་རྒྱག་པའི་བཀའ་གནང་༽བ་དེར་མི་མང་པོ་ཞིག་གོ་ལོག་ཐེབ་འདུག དེ་ནི་ཆབ་སྲིད་ཀྱི་ཕྱོགས་ནས་གསུངས་པ་མ་ཡིན་པར་ཁོང་མ་བཞུགས་པའི་སྐབས་སུ་དགེ་འདུན་པ་དང་བཙུན་མར་ཚན་རིགས་ཟབ་སྦྱོང་གི་ལས་རིམ་འདིའི་སྣེ་འཁྲིད་དགོས་པའི་བཀའ་གནང་བ་འོད་སྡེར་དེར་ཞིབ་ཏུ་གཟིགས་པས་ཤེས། ལར་ནས་ཁོང་གིས་རྒྱུན་དུ་མིང་དོན་མཚུངས་པའི་མང་གཙོའི་ལམ་ལུགས་ཤིག་ལ་ཐུགས་འདུན་ཆེན་པོ་གནང་གི་ཡོད་པ་དེ་ལས་ཀྱང་ཤེས་ནུས།
    ཚང་མས་ཚིག་རྩུབ་མོ་བཤད་རྒྱུར་འཛེམས་ན་ལེགས། གཞན་ལ་ཚིག་རྩུབ་མོ་སྤྱོད་ཀྱིན་འདུག་ཅེས་ཟེར་བཞིན་རང་གིས་ཚིག་རྩུམ་མོ་སྨྲས་པ་རྣམས་ལ་གཟིགས་རོགས།

  30. ཀླུ་མཁར་བྱམས། says:
    2011-03-19 at 8:00 am

    དགུ་རོང་སྤུན་གྲོལ་ལོ་ལོ། སང་ཕྱིན་ཆད་རང་གི་མིག་གིས་འདི་ཕྱོགས་ལ་མ་བལྟ། རྣ་བའི་འདི་ཕྱོགས་ལ་མ་ཉན། སོ་སོའི་ས་ནས་ཤུགས་བརྒྱོབས། གནས་འདི་ན་ཁྱོད་ཚོ་བཙོང་མཁན་ཞིག་ཡོད་ན་མ་གཏོག སྐྱོབ་མཁན་ཞིག་མེད་ཐག་ཆད་ཡིན། འདི་ན་ཡོད་པ་ནི་གཟིགས་མེད་ཀྱི་དྲ་འབུ་དང་ཡང་སྲིད་ཀྱི་ཚོགས་ཡིན༌༌༌

  31. ཨ་ནུ་ཐང་བསོད་ནམས says:
    2011-03-19 at 8:01 am

    རྒྱ་ནག་གིས་དབུ་མ་ལ་ཁ་ཡ་བྱེད་པ་ནི་ཟམ་གདོང་གི་སྲིད་ཇིས་ཁོ་ན་མིན་པ་ཨོ་ལི་ཕི་ཀན་གྱི་རྩེད་འགྲན་གྱིས་ཡིན་པ་སེམས། ཡིན་དང་ཡིན། དེ་ལས་མང་བའི་རྒྱུ་མཚན་ཡོད་སྲིད་ཀྱང་གཙོ་བོ་དེ་ལྟར་ཡིན་པ་འདོད། ཁེ་ཕན་དང་འཕྲད་ན་རྒྱ་ནག་གིས་ནམ་ཡང་ཁ་ཡ་བྱེད་ངེས་རེད།

  32. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 8:05 am

    ཡིན་མིན་ཤེས་འདོད་ན་མཆན་ཁ་ཚང་ཞིབ་མོ་ཀློག་རོགས། དེ་གཅིག་ཡིན།

    གཞན་དེ་ནི་བོད་ནང་གི་ཤེས་ཡོན་པའི་བསམ་བློ་གཏོང་སྟངས་དང་རྒྱལ་བ་རིན་པོ་ཆེ་ཡིས་དགོངས་པ་བཞེས་སྟངས་གཞི་གཅིག་ལ་བབས་ཡོད་པ་འདི་ལྷན་རྒྱས་ནས་མཁྱེན་དགོས་ཀྱི་ཡོད་པར་མ་ཟད། བོད་ཀྱི་དོན་གྱི་བདག་པོ་གཞིས་ལུས་བོད་མི་ཡིན་པ་དེ་ལས་ཀྱང་མཁྱེན་གལ་ཆེ་སྙམ།

    བརྗོད་བྱའི་སྟེང་ནས་བསམ་ཚུལ་ཡོད་ན་གྲོས་བསྡུར་རིམ་པས་བྱས་ཆོག དེ་མིན་ཡིན་མིན་ཡོད་མེད་རྩོད་པའི་དུས་ཚོད་མི་འདུག

  33. ཀླུ་མཁར་བྱམས། says:
    2011-03-19 at 8:08 am

    གཟིགས་དེ་གཟུགས་ལ་བཅོས་རོགས

  34. གཅན་བཟོད་རྒྱམ། says:
    2011-03-19 at 8:28 am

    དགུ་རོང་སྤུན་གྲོལ་གྱི་རྩོམ་ཡིག་འདི་ཟླ་ངོ་གཅིག་ལྷག་གི་སྔོན་ནས་མཐོང་མྱོང་ལ། ཁོང་ལ་དེའི་སྐོར་ནས་སྐད་རེ་ཡང་བཤད་མྱོང་། འོན་ཀྱང་འདིར་དྲ་གྲོགས་མང་པོའི་རྩོམ་ཡིག་ནང་དུ་ཅི་ཞིག་བཤད་པར་བདེན་རྫུན་དགེ་སྐྱོན་གང་ཡོད་སྐོར་ནས་སྐད་ཆ་རེ་བཤད་ལེགས་སྙམ། དེ་མིན་རྩོམ་ཡིག་འདི་ཁོང་གིས་བྲིས་པ་ཡིན་མིན་དང་། ཚིག་སྦྱོར་སོགས་ཅིག་ཅིག་མིག་མིག་ཟེར་བ་ནི་རྒྱུས་མེད་རྒྱུས་གཏམ་རེད་སྙམ། གོང་དུ་གནམ་ལོ་ཡག་གིས་བཤད་པ་བཞིན་ཡིད་མི་ཤེས་ན་གོང་གི་དྲ་ཏག་ལས་གཟིགས་ཐུབ་ལ། རྩོམ་ཡིག་དེར་བོད་ནང་གི་དྲ་གྲོགས་བཏབ་པའི་མཆན་བུ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་རྣམས་ཀྱང་བདེ་ལེགས་ངང་གཟིགས་ཐུབ་ཀི་འདུག
    གཞན་རྩོམ་པ་པོ་ཁོང་བོད་ནང་དུ་ཡོད་ན་ཚང་མས་ཁོང་གི་བདེ་འཇགས་སོགས་ལའང་དགོངས་པ་རེ་བཞེས་ཏེ་བསམ་ཚུལ་སྤེལ་རྒྱུའི་རེ་བ་ཞུ།

  35. གཅན་བཟོད་རྒྱམ། says:
    2011-03-19 at 8:29 am

    དགུ་རོང་སྤུན་གྲོལ་གྱི་རྩོམ་ཡིག་འདི་ཟླ་ངོ་གཅིག་ལྷག་གི་སྔོན་ནས་མཐོང་མྱོང་ལ། ཁོང་ལ་དེའི་སྐོར་ནས་སྐད་རེ་ཡང་བཤད་མྱོང་། འོན་ཀྱང་འདིར་དྲ་གྲོགས་མང་པོའི་རྩོམ་ཡིག་ནང་དུ་ཅི་ཞིག་བཤད་པར་བདེན་རྫུན་དགེ་སྐྱོན་གང་ཡོད་སྐོར་ནས་སྐད་ཆ་རེ་བཤད་ལེགས་སྙམ། དེ་མིན་རྩོམ་ཡིག་འདི་ཁོང་གིས་བྲིས་པ་ཡིན་མིན་དང་། ཚིག་སྦྱོར་སོགས་ཅིག་ཅིག་མིག་མིག་ཟེར་བ་ནི་རྒྱུས་མེད་རྒྱུས་གཏམ་རེད་སྙམ། གོང་དུ་གནམ་ལོ་ཡག་གིས་བཤད་པ་བཞིན་ཡིད་མི་ཤེས་ན་གོང་གི་དྲ་ཐག་ལས་གཟིགས་ཐུབ་ལ། རྩོམ་ཡིག་དེར་བོད་ནང་གི་དྲ་གྲོགས་བཏབ་པའི་མཆན་བུ་ཉི་ཤུ་རྩ་གྲངས་ཤིག་ཡོད་པ་རྣམས་ཀྱང་བདེ་ལེགས་ངང་གཟིགས་ཐུབ་ཀི་འདུག
    གཞན་རྩོམ་པ་པོ་ཁོང་བོད་ནང་དུ་ཡོད་ན་ཚང་མས་ཁོང་གི་བདེ་འཇགས་སོགས་ལའང་དགོངས་པ་རེ་བཞེས་ཏེ་བསམ་ཚུལ་སྤེལ་རྒྱུའི་རེ་བ་ཞུ།

  36. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 8:51 am

    གྲོགས་བཟོད་རྒྱམ་ལགས་ཕེབས་ནས་གསལ་འགྲེལ་གནང་བར་ཐུགས་རྗེ་ཆེ།

    ཕྲན་ནས་དོན་དག་གཉིས་སྒང་ལ་བསམ་བློ་བཏང་ཡོད།

    ༡ དེང་སྐབས་རྒྱལ་བ་རིན་པོ་ཆེ་མཆོག་བགྲེས་ཡོལ་ལས་འཕྲོས་པའི་གླེང་སློང་ཤུགས་ཆེན་ཡོང་བཞིན་པའི་སྐབས་འདིར་དགུ་སྤུན་གྲོལ་ལགས་ཀྱིས་བོད་ནང་གི་མི་མ་འདུས་པར་ཁ་སྐོང་གནང་ཐུབ་ཡོད་པས། ཁ་བརྡ་དྲ་རྒྱའི་སྒང་མཁོ་སྤྲོད་བྱས་པ་ཡིན།

    ༢ དགུ་རོང་སྤུན་གྲོལ་ལགས་ཀྱིས་དེང་གི་བར་ཤུགས་བརྒྱབ་པར་བརྟེན་ནས་རང་གྲོལ་སྨྱུག་གསར་ལེགས་འགྲུབ་བྱུང་ཡོད་ཅིང་། དེ་རུ་ན་གཞོན་ཤེས་ཡོན་པའི་རུ་དཔུང་ཞིག་གི་བསམ་ཚུལ་ཐོན་བཞིན་ཡོད་པས། རྩོམ་འདི་བོད་ནང་གི་ན་གཞོན་ཤེས་པའི་བསམ་བློའི་བསྡུས་གཟུགས་ཤིག་ཏུ་ལྟ་མ་ཆོག་པའང་མི་འདུག་སྙམ།

  37. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 8:53 am

    ༼ན་གཞོན་ཤེས་པའི༽ནི་ན་གཞོན་ཤེས་ཡོན་པའི་ཞེས་པར་བཅོས་རོགས།

  38. བོད་ལ་དགའ། says:
    2011-03-19 at 9:15 am

    ཀླུ་མཁར་བྱམས་ལོ་ལོ། སྐད་ཆ་རྫབ་ཆེན་དེ་འདྲ་མ་བཤད། ས་འདི་ན་བོད་ནང་གི་བོད་མི་ཚོ་བཙོང་མཁན་ཞིག་ཨེ་ཡོད་ན། ལྷག་པར་དུ་ཚང་མ་ཨེ་ཡིན་ན། རྒྱལ་བ་རིན་པོ་ཆེས་བཙོང་གི་ཨེ་ཡོད་ན། ཁྱོད་ཀྱིས་བཙོང་གི་ཨེ་ཡོད། ཐུབ་ན་མ་ཐུབ་ན་རང་རང་གི་འཇོན་ཚོད་ཐུབ་ཚོད་ཀྱིས་བོད་པར་ཤ་ཚ་དང་རྒྱབ་སྐྱོར་བྱེད་བཞིན་འདུག་ག

    ཡང་སྲིད་ཀྱི་ཚོགས་ཀྱིས་བཙན་བྱོལ་མི་འབོར་གྱི་ག་ཚོད་ཟིན་ཡོད་དམ། ས་འདི་ན་ཡང་སྲིད་དང་དྲ་འབུ་མ་གཏོགས་མེད་ཟེར། ཕྱི་སྡོད་བོད་མི་འབུམ་གཅིག་ལྷག་དེ་ཡང་སྲིད་དང་དྲ་འབུ་རེད་དམ། ཁ་ཚད་ཡོད་ཀྱི་ནང་ནས་གཏམ་ཚོད་མེད།

  39. གཞོན་ནུ་ཟླ་མེད། says:
    2011-03-19 at 9:31 am

    གོང་དུ་ཀླུ་མཁར་བྱམས་ཀྱིས་མཆན་འདི་ལྟར་བཏབ་འདུག ༼དགུ་རོང་སྤུན་གྲོལ་ལོ་ལོ། སང་ཕྱིན་ཆད་རང་གི་མིག་གིས་འདི་ཕྱོགས་ལ་མ་བལྟ། རྣ་བའི་འདི་ཕྱོགས་ལ་མ་ཉན། སོ་སོའི་ས་ནས་ཤུགས་བརྒྱོབས། གནས་འདི་ན་ཁྱོད་ཚོ་བཙོང་མཁན་ཞིག་ཡོད་ན་མ་གཏོག སྐྱོབ་མཁན་ཞིག་མེད་ཐག་ཆད་ཡིན། འདི་ན་ཡོད་པ་ནི་གཟིགས་མེད་ཀྱི་དྲ་འབུ་དང་ཡང་སྲིད་ཀྱི་ཚོགས་ཡིན༌༌༌༽ ཅེས་བཀོད་འདུག གནས་འདི་ནས་དགུ་རོང་སྤུན་གྲོལ་སུས་བཙོང་བ་རེད་དམ། དགུ་རོང་སྤུན་གྲོལ་གྱི་རྩོམ་ཡིག་ཁ་བརྡ་ནང་དུ་དྲུད་ཡོང་མཁན་ལྷ་སྡེ་གནམ་ལོ་ཡག་རེད། གནམ་ལོ་ཡག་གིས་དགུ་རོང་སྤུན་གྲོལ་བཙོང་བ་ཨེ་རེད། གནམ་ལོ་ཡག་གིས་དགུ་རོང་སྤུན་གྲོལ་བཙོང་ནས་ཁེ་སང་ག་རེ་རག་པ་རེད་དམ། གཅིག་ཤོད་དང་། ཡང་གཅིག་བཤད་ན་དགུ་རོང་སྤུན་གྲོལ་སྐྱོབས་མཁན་མི་གཅིག་རང་་གཅིག་ཡོད་པ་རེད། དེ་ཁྱེད་རང་གིས་སྐྱོབས་ན་འགྲིག་གི་མ་རེད་དམ། ཀླུ་མཁར་བྱམས། ཁྱོད་ཀྱིས་འདི་ལྟར་མི་དང་མིའི་བར་དུ། སྤྱི་ཚོགས་དང་སྤྱི་ཚོགས་ཀྱི་བར་དུ་ཁ་དབྱེན་རྒྱགས་རྒྱུ་འདི་གང་ནས་སྦྱང་པ་ཡིན། དབྱེན་དཀྲུག་རྒྱག་པ་ནི་འཇིག་རྟེན་ན་སྐྱེས་པ་ཕོ་ཡི་ཁ་ལ་ཡག་པོ་ཞིག་ཏུ་བརྩི་ཡི་མེད།
    ཡང་གཅིག་བྱས་ན་ཁྱེད་ཀྱིས་བཙན་བྱོལ་ནང་དུ་མེད་རབས་མུག་རབས་བཤད་ནས་བོད་ནང་གི་མི་རྣམས་ཀྱི་སེམས་ཤུགས་བཅགས་པའི་ཁུངས་ཡིན་རྒྱུ་རེད། འོན་ཀྱང་ཁྱེད་ཀྱི་ཚིག་ལ་ཡིད་ཆེས་བྱེད་མཁན་སུ་ཞིག་ཡོད་དམ། ཡ་ད་ང་ལས་ག་འགྲོ་རན་སོང་། འདི་ནས་མཚམས་འཇོག་གི་ཡིན། བདེ་མོ།

  40. གཞོན་ནུ་ཟླ་མེད། says:
    2011-03-19 at 9:41 am

    འོ་གཅིག་བརྗེད་འདུག ང་ཆུང་ཆུང་སྐབས་སུ་བྱིས་པ་ཚོའི་ནང་དུ་གཏམ་དཔེ་ཞིག་ཡོད། གླེན་པ་ཁ་མི་གྲགས། ཁ་གྲགས་ན་བྷང་ཟེ་ར། གཏམ་དཔེ་འདི་ད་ཀླུ་མཁར་ལ་བཞེངས་བཞག་ཡོད་ཀི དཀོན་མཆོག་གསུམ་ང་ཁྱེད་ལ་ཤ་ཚ་ནས་བཤད་ཀྱི་ཡོད། མི་ཁ་ཤས་ཀྱིས་ཁྱེད་མཁས་པ་རེད་ཟེར་མཁན་དང་། ཡང་ཁ་ཤས་ཀྱིས་དཔའ་བོ་རེད་ཟེར་མཁན། ཡང་ཁ་ཤས་ཀྱིས་ཁྱེད་འཇོན་ཐང་ཅན་རེད་ཟེར་མཁན་ཡོད་སྲིད་ན། དེ་ཚང་མ་ཁྱེད་རང་བཙོང་མཁན་ཡིན་པས། ཁྱེད་ཀྱིས་དཔུང་པ་ཡར་ལ་བརྫེས་ནས་༧གོང་ས་མཆོག་ལ་འཐབ་རྩོད་བྱེད་མི་ཉན། དེས་ཁྱོད་དང་ཁྱོད་ཀྱི་ནང་མི། ཁྱོད་ཀྱི་མི་རིགས། ཁྱོད་ཀྱི་རྒྱལ་ཁབ། ཡོངས་ལ་མི་ཕན།

  41. གཅན་བཟོད་རྒྱམ། says:
    2011-03-19 at 9:45 am

    གཞོན་ནུ་ཟླ་མེད་ཡ། ད་འཛིང་རེ་བྱེད་ཀི་མ་འདུག དེ་ལས་ཁོམ་པ་ཡོད་ན་འདི་ལ་གཟིགས་དང་། དེ་ནས་གཟིགས་ཚུལ་རེ་གསུངས་རོགས།
    http://www.rangwang.net/index.php?essayId=1349

  42. ཀླུ་མཁར་བྱམས། says:
    2011-03-19 at 10:34 am

    སྡེ་དགུ་རོང་སྤུན་གྲོལ་ལགས་ཀྱིས་གནས་ཚུལ་རྒྱུས་ལོན་བྱས་པར་ཡུལ་དུས་ཀྱི་བགག་རྒྱ་ཡོད་མོད། དེ་འབྲེལ་གྱི་བསམ་ཚུལ་ནི་གནད་ལ་འཁེལ་འདུག་ལ། འདི་ནི་བོད་ནང་གི་གཞོན་སྐྱེས་ཤེས་ཡོན་པ་རྣམས་ཀྱི་བསམ་བློའི་འཕེལ་མཚོན་པའི་རྩོམ་ཡིག་གལ་ཆེན་ཞིག་རེད་་་

  43. ཀླུ་མཁར་བྱམས། says:
    2011-03-19 at 10:38 am

    སྐབས་འདིའི་གཞོན་སྐྱེས་ནི་མི་དོན་ཁོ་ན་གླེང་མཁན་གྱི་སྔོན་ཐོན་པའི་སྡེ་ལ་ཟེར།

  44. བན་ནག་ཚང་ says:
    2011-03-19 at 10:49 am

    ཀླུ་མཁར་བྱམས་ཟེར་བ་མི་འདི་ངའི་དངོས་གནས་ཐུབ་མ་ཉོན་དེང་ཡིན་ན་ཡང་བོད་མི་རིགས་འམ་བོད་མི་དམངས་ཀྱི་དོན་ལ་ཤ་ཞེན་ཅན་དང་ལ་རྒྱ་ཡོད་མཁན་ཞིག་ཡིན་པ་ངའི་ཤེས་སོང་མ་ཟད་མི་ངན་ཁྱེད་ཚོ་ཨ་མདོ་ཁམས་པའི་ཁོག་ནད་དེ་ཁུར་ནས་མི་ཚོ་ལ་སྐྱོན་བརྒྱབ་པ་ཡིན་ན་དྲང་བདེན་མ་ཡིན་པའི་སྐད་ཆ་རང་རེད།

  45. འོད་ཡུག་པའི་འཁྱམས་པོ། says:
    2011-03-19 at 11:06 am

    ཀླུ་གར་བྱམས་ལགས་གཡམ་རྒྱུགས་ཀྱང་ཀྱང་བྱས་ཏེ་མ་བསྡོད། སྤྱི་ཚོགས་ནང་འགྲོ་བསྡོད་མ་ཤེས་ན་ཉལ་ཏེ་བསྡད་ན་ཡག་ཤོས་རེད། ཡར་༸གོང་ས་མཆོག་ལ་ཡང་སྨྤོད་ཙམ། བཙན་བྱོལ་སྲིད་གཞང་ལ་མི་འདོད་པའི་རྣམ་འགྱུར་ཤ་སྟག་བྱ་ལོག་ཀྱང་ཀྱང་བྱས་མ་འདོད། ཁྱེད་ཀྱིས་ངོ་མ་ཨ་མདོ་བའི་རྐང་པ་ནས་འཐེན་སོང་། དེ་མིན་ཨ མདོ་དེ་ཚོ་བོད་ཤ་ཞེན་ཡོད་པ་ཙམ་མ་ཡིན་པར་དོན་དངོས་ཀྱིས་བོད་དོན་དང་ལྷག་པར་བོད་ཀྱི་ཤེས་རིག་ལ་བསམ་ཤེས་གནང་གི་ཡོད་པ་ཁྱེད་ཀྱིས་ཤེས་ཀྱི་ཡོད་བཞག

  46. གཞོན་ནུ་ཟླ་མེད། says:
    2011-03-19 at 12:55 pm

    བཟོད་རྒྱམ་ལགས་ཀྱིས་དྲ་ཐག་འདྲེན་བཀོད་བྱས་པ་ཐུགས་རྗེ་ཆེ་ཞུ། དོག་པ་མང་པོ་ཞིག་སེལ་སོང་། ༧གོང་ས་མཆོག་གི་གསུང་དེས་དོག་པ་མང་པོ་ཞིག་སེལ་སོང་། གསུང་དེའི་འོག་ཏུ་བསམ་ཚུལ་འདྲ་བཀོད་ཐུབ་པ་མི་འདུག

  47. ཀརྡོ་རབ་འབྱམས་པ་ says:
    2011-03-19 at 1:17 pm

    བཙོང་མཁན་དང་། སྐྱོབ་མཁན་གྱི་སྐད་ཆ་འདི་ལ། ཅུང་ཟད་བློ་ཕམ་བྱུང་གདའ། ཁ་ཁ་རོག་བསྡད་ན། ཁ་མཆུ་མེད། ཟེར་བ་ལ་ཉམས་ལེན་མཛད་ན། རང་གཞན་མི་བདེའམ། གླུད་ཁ་རྩུབ་ལགས།

  48. ཨུ་པ་བཀྲིས says:
    2011-03-19 at 5:00 pm

    གོང་གི་རྩོམ་ཡིག་དེ་ལ་དོགས་གཞི་ཆེན་པོ་འདུག་བོད་ནས་འབྱོར་བ་ཞིག་མ་རེད་འདུག་ལ་ ༧ གོང་ས་མཆོལ་ལ་གུས་ཞབས་མེད་པའི། ཏྰ་ལའི་བླ་མ་ཡབ་སྲས་གཉིས་ ཟེར་བ་དེ་དང་། ན་གཞོན་པ་ཡིན་པའི་མི་རེ་གཉིས་ཀྱིས་ཁོང་གི་དབུ་མའི་ལམ་གྱི་རྒྱུན་སྐྱོང་ཐུབ་པའི་རེ་བ་བསྣམས་ཏེ།

  49. ཨུ་པ་བཀྲིས says:
    2011-03-19 at 5:39 pm

    ༧ གོང་ས་མཆོགས་དང་བོད་མི་རིགས་ལ་འཕྱ་སྨོད་དམ་སྨ་འབེབས་རེད། ཏཱ་ལའི་བླ་མ་ཡབ་སྲས་ཟེར་འདུག་ཏཱ་ལའི་བླ་མ་ལ་སྲས་ཞིག་ག་བར་འདུག ད་དུང་ན་གཞོན་མི་རེ་གཉིས་ཀྱིས་ཁོང་གི་དབུ་མའི་ལམ་གྱི་རྒྱུན་སྐྱོང་ཐུབ་པའི་རེ་བ་བསྣམས། བོད་མི་ས་ཡ་དྲུག་ག་བར་ཕྱེན་པ་རེད།
    བོད་ནང་གི་ཤེས་ཡོན་པས་རྒྱལ་བ་རིན་པོ་ཆེ་བགྲེས་ཡོལ་གླེང་བ། དེ་ལས་ཧུ་ཅེན་ཐོ་གིས་རྒྱལ་བ་རིན་པོ་ཆེའི་བགྲེས་ཡོལ་གླེང་བ། བྱས་ན་གང་འདྲ་འདུག
    རྩོམ་པ་པོ: དགུ་རོང་སྤུན་གྲོལ།

  50. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 7:52 pm

    མཆན་འདེབས་དུས་རྩོམ་གྱི་བརྗོད་བྱའི་ཐད་དྲི་བ་འདོན་པའམ། བསམ་ཚུལ་ལམ་དོགས་འདྲི་བྱེད་འོས་པ་ལས་གཟུགས་མེད་པ་སྐོར་ཞིག་བཙན་བྱོལ་བར་བརྫུས་ནས་བོད་གཞིས་བྱེས་གཉིས་ཀྱི་མཐུན་ལམ་ཐད་གནོད་པའི་སྐད་ཆ་ཚོད་མེད་བཤད་ཀྱིན་པས། དེ་ལུགས་ཀུན་ཀྱིས་དགོངས་འཇགས་གནང་དགོས་པའི་ཁར། བོད་ནང་གི་མི་གཞིར་བསྙོན་འཛུགས་བྱེད་མཁན་ཐེར་འདོན་ཡོང་བར་གཞོགས་འདེགས་ཡོང་བའི་འབོད་བསྐུལ་ཡང་ཡོད།

  51. ཨུ་པ་བཀྲིས says:
    2011-03-19 at 8:39 pm

    . རྫ་ར་ཐང་ལ་རྒྱག་པར། རྒྱགས་ལུགས་རྣམ་པ་བཅོ་བརྒྱད

  52. ལྷ་སྡེ་གནམ་ལོ་ཡག says:
    2011-03-19 at 10:01 pm

    ཤ་ཚ་བའི་ཚིག་ལ་སྙན་མོ་མེད། ནད་མཁྲིས་པའི་སྨན་ལ་ཞིམ་པོ་མེད། འདི་བོད་ཀྱི་སྔ་རབས་པས་ཕྱི་རབས་པར་བཞག་པའི་བསྡོམས་ཚིག་རང་བཞིན་གྱི་ལག་སྐྱེས་རེད།

  53. བོད་ཁམས་ཉི་མ་། says:
    2011-03-20 at 3:58 pm

    དཔྱད་དོན་ཟབ་ཅིང་རྣམ་པ་ཁ་ཐུག་ཡིན་པ་ གཟུ་བོར་གནས་ཤིང་གསོན་ཉམས་ལྡན་པ་ སྐུ་དྲག་དང་རྨོང་དད་ཀྱིས་རྡོག་རྫིས་མ་བཏང་བའི་ང་རྒྱལ་ལྡན་པ་འདིས་བོད་འབྱོར་ཞིག་ཡིན་པ་དཔོགས་ཐུབ་།

  54. ལ་སྟོད་བུ། says:
    2011-03-20 at 4:35 pm

    སྲས་ལ་རྣམ་གྲངས་མང་པོ་ཡོད།
    དེ་བཞིན་ཡུམ་ལའང་རྣམ་གྲངས་མང་པོ་ཡོད།
    སྲས་ཡིན་ན་སྟ་མངལ་གཉིས་ཀྱི་ཐབས་ཤེས་ལས་བྱུང་བ་ཡིན་དགོས་པ་ཨེ་ཡོད་ན།

  55. ཨ་ནུ་ཐང་བསོད་ནམས says:
    2011-03-20 at 9:02 pm

    སྐུ་དྲག་དང་མི་སེར་གྱི་ཁྱད་པ་འབྱེད་ཅིང་ཕན་ཚུན་འཁོན་སེམས་ཀྱི་མནོ་བསམ་འཛིན་པ་ནི་དམར་ཕྱོགས་ཚོགས་པའི་ཤན་ཞུགས་ཤིག་ལས་བོད་ལ་ཕན་ན་རྒན་གཞོན་དང་སྐྱ་སེར། བློ་དཔོན་གྱི་དབྱེ་བ་མེད་པ་གཅིག་གྱུར་གྱིས་གུས་བཀུར་བྱེད་གལ་མཐོང་།

  56. ཨ་ནུ་ཐང་བསོད་ནམས says:
    2011-03-20 at 9:04 pm

    དེ་ནི་ཕྲན་གྱི་མ་རིག་པའི་ལྟ་ཕྱོགས་ཡིན་པས་དྲ་གྲོགས་རྣམས་ཀྱི་དགོངས་འཆར་ལ་གུས་བཀུར་ཡོད།

  57. གཞོན་ནུ་ཟླ་མེད། says:
    2011-03-21 at 1:18 am

    གོང་གསལ་རྩོམ་ཡིག་ལ་ཕྱིར་ལྡོག་དོགས་སློང་ཞིག་བྱེད་དགོས་ས་རེད། ༡༽ ༼དེ་ལ་བརྟེན་ནས་ཧི་མ་ཅལ་མངའ་སྡེའི་གཞུང་གི་འབྲེལ་ཡོད་ལྷན་ཁང་དང་། ཀང་རཱ་རྫོང་ཁྲལ་བསྡུ་ལས་ཁུངས་ཀྱིས་ཀརྨ་པ་དང་ཁོང་གི་བླ་བྲང་། དེར་གནས་བཅས་པའི་བརྒྱུད་སྟོད་དགོན་པ་བཅས་ལ་ཞིབ་བཤེས་བྱས་པ་ན།༽ འདི་ལྟར་བཀོད་འདུག ཀརྨ་པ་དང་ཁོང་གི་བླ་བྲང་རྒྱུད་སྟོན་དགོན་པར་གནས་བྱས་ནས་བཞུགས་ཡོད་པ་ལས། རྒྱུད་སྟོད་གྲྭ་ཚང་ཀརྨ་པའི་བླ་བྲང་ལ་གནས་ཚང་དཡར་ནས་བསྡད་ཡོད་པ་མ་རེད། འདི་ནི་རྒྱུས་མེད་རྒྱུས་གཏམ་བཤད་པ་ཞིག་རེད།
    ༢༽ ༼བརྒྱུད་སྟོད་དགོན་པ་བཞེངས་པའི་ས་ཆ་དེ་བོད་མི་སྒེར་བ་ཞིག་གི་མིང་ཐོག་ནས་དགོན་པ་བཏབ་ཡོད་པ་དང་། ས་ཆ་དེ་བོད་པ་ཨ་རོན་རྡོ་རྗེ་ཟེར་བ་ཞིག་གིས་ས་ཉོས་ཏེ་ཕྱིས་སུ་བོད་པ་དེས་བརྒྱུད་སྟོད་དགོན་པར་བཙོང་བ་ཞིག་རེད་འདུག༽ འདི་ཡང་ཁུངས་མི་འཕེར་བའི་གསར་འགྱུར་རེད། ས་ཆ་དེའི་བདག་དབང་ཡོད་པའི་མི་ནི་དུས་བབ་ནང་གསར་འགྱུར་བཀོད་པ་ལྟར་ན༼རྒྱུད་སྟོད་དགོན་པ་བཞེངས་སའི་ས་ཆ་དེ་ངྷ་སར་ཡོད་པའི་ཨ་རོན་རྡོ་རྗེ་ Arun Dorje ཞེས་པ་ཞིག་དང་། ཀུ་ལུ་མཱ་ནཱ་ལེ་ནས་ཡིན་པ་པི་རིམ་སིན་ Prem Singh ཞེས་པའི་མི་གཉིས་ཀྱི་མིང་ཐོག་ནས་དགོན་པ་བརྒྱབ་ཡོད་པ་ཞིག་ཆགས་ཡོད་འདུག ༽ ཅེས་བཀོད་འདུག་པ་ལས་བོད་མི་ཞིག་གི་མིང་ཐོག་ན་ཡོད་པ་བཀོད་མི་འདུག བོད་མི་ཞིག་གི་མིང་ཐོག་ནས་ཉོས་པའི་ཁུངས་ཁ་གསལ་བཀོད་དགོས།
    ༣༽༼རྒྱ་གར་གྱི་ས་ཆའི་བདག་དབང་ཕྱི་མི་ལ་མིང་བསྒྱུར་བྱེད་མི་ཆོག་པ་ཡིན་བརྟེན། ཀརྨ་པ་བཞུགས་སའི་བརྒྱུད་སྟོད་དགོན་པ་དེ་ཁྲིམས་འགལ་གྱིས་ཕྱག་བཏབ་གནང་བ་ཞིག་ཏུ་གྱུར་འདུག ༽ ཟེར་བ་འདི་ཡང་འཇུ་ས་མེད་པ་ཞིག་རེད། རྒྱུ་མཚན་ས་ཆའི་བདག་པོ་ཕྱི་མི་མ་རེད། རྒྱ་གར་མི་སེར་རེད། ཀུ་ལུ་མྰ་ནྰ་ལེའི་མི་སེར་རེད།
    ༤༽ ༼ཟམ་གདོང་གཙོས་པའི་སྐུ་དྲག་གི་གདུང་རྒྱུད་རྣམས་ལ་ཏྰ་ལའི་བླ་མའི་སྐུ་རིང་ལ་བོད་དོན་ཐག་གཅོད་མི་ཐུབ་པའི་ཡིད་ཆེས་རྙེད་དེ་སེམས་པ་ཅུང་ཙམ་འགྱུར་མགོ་ཚུགས།༽ འདི་ནི་གསར་བཤད་ཞིག་ཡིན་ས་རེད། དེ་མིན་ན་ཟམ་གདོང་རིན་པོ་ཆེ་སྐུ་དྲག་སུ་ཞིག་གི་གདུང་རྒྱུད་ཡིན་ནམ་གསལ་བཤད་དགོས།
    ༥༽ ༼གཙོ་དོན་ཏྰ་ལའི་བླ་མ་རྒྱ་ནག་གཞུང་ཚབ་ཁང་གིས་སྤྲད་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་སེར་གྱི་ཕྱིར་སྐྱོད་སྤ་སེ་བརྒྱུད་བོད་ནང་དུ་ཕེབས་རྒྱུའི་ཐད་ལ་གྲོས་མོལ་མཛད། བོད་རྒྱ་ཞི་མོལ་གྱི་ལས་རིམ་ཁག་ཏུ་མི་རིགས་གཉིས་ཀྱི་གྱོད་གཙོ་གླེང་མི་བྱེད་པར། མི་གཅིག་གི་ལས་དོན་ལབ་གླེང་བྱས་ཏེ་དུས་འདའ་བར་བྱས་པ་ནི་དངོས་གནས་ཡིད་སྐྱོ་དགོས་པ་ཞིག་རེད་འདུག༽ འདི་འདྲ་ཁ་གསལ་བོ་ཞིག་གང་ན་ཡོད་དམ། ཁུངས་འགོད་ཐུབ་བམ། ལྷག་པར་དུ་མི་རིགས་གཉིས་ཀྱི་གྱོད་གཙོ་གླེང་མི་བྱེད་པར། མི་གཅིག་གི་ལས་དོན་ལབ་གླེང་ཟེར་བ་འདི་རྫབ་ཆེན་གྱི་ཚིག་སྒྲུབ་ཞིག་རེད། སྐུ་ཚབ་ཚོགས་པ་སྐབས་རེ་རེའི་གསལ་བསྒྲགས་ལ་གཟིགས་དང་། ཕར་ག་རེ་བཤད་ཡོད་མེད། ཚུར་ག་རེ་བཤད་ཡོད་མེད་གསལ་བསྒྲགས་བྱས་པ་ཁག་ལ་གཟིགས་དང་། མི་གཅིག་གི་ལས་དོན་ཁོ་ན་རེད་དམ།
    ༦༽༼ རྒྱ་རིགས་འབོར་ཆེན་ཞིག་གིས་རྒྱབ་རོགས་བྱས་ན་བོད་རྒྱ་ཞི་མོལ་ལ་དོན་ཕན་འབྱུང་བར་སེམས་འདུག དོན་དམ་པས་གོ་སྐབས་འདི་འདྲ་འབྱུང་སྲིད་པ་ཞིག་མ་རེད། འོན་ཀྱང་། ཁོང་ཚོས་ ཅིའི་ཕྱིར་རེ་བ་དེ་ལྟར་བཟུང་བ་རེད་ཟེར་ན། མ་གཞི་ནས་ཆོས་སྲིད་གང་ཡིན་ཀྱང་གཞན་ལ་བརྟེན་ནས་རང་འཚོ་བའི་སེམས་དམིགས་གཏིང་ཟབ་དྲག་པས། ཡོད་ཚད་ཕུགས་བསམ་ལ་རེ་བ་བཅོལ་འདུག༽ བསམ་ཚུལ་འདི་ལ་དོགས་འདྲི་ཞིག་ཡོད་པ་ནི། དབུ་བཞུགས་རྣམས་ཀྱིས་བོད་འབངས་ཐད་ལ་ལམ་ཁ་བཙལ་སྟངས་དེ་འགྲིག་མེད་ན། དེ་ལས་ཡག་པའི་ལམ་ཁ་ཞིག་སྟོན་ཐུབ་བམ། ལམ་ཁ་གཞན་པ་ཞིག་སྟོན་མ་ཐུབ་པར་ལམ་ཁ་དེར་དགག་པ་བརྒྱབ་བསྡད་ན་དོན་མེད་མ་རེད་དམ། དེ་ལས་ན་མི་འགྲིག འདི་ལས་ན་མི་འགྲིག་ཟེར་བསྡད་པ་ནི་ལས་ཀ་གང་ཡང་མ་རྩོམ་པར་འཁུམས་ནས་སྡོད་ཟེར་བ་དང་གཅིག་པ་རེད།
    ༧༽ ༼གལ་ཏེ་ཏྰ་ལའི་བླ་མས་རྒྱལ་ཁབ་འདྲ་མིན་དུ་ཕེབས་ནས་ཆོས་གསུང་པའི་བགྱི་བའི་དོད་དུ། ཉིན་གཅིག་གཉིས་ཙམ་གྱི་རིང་ལ་ཟས་བཅད་ངོ་རྒོལ་བྱེད་པ་དང་། ཕྱིར་བོད་ནང་དུ་ཕེབས་ནས་ཞི་བའི་ལས་འགུལ་ཁྲོད་དངོས་སུ་ཞུགས་ཚེ། སྟན་ཐོག་གཅིག་ལ་འཚང་རྒྱ་ཐུབ་པར་གདོན་མི་ཟའོ།།༽འདི་ནི་གོང་གི་ཚིག་དང་རྦད་དེ་རྒྱབ་འགལ་རེད། གོང་དུ་བོད་ལ་ཡོང་རྒྱུ་རྒྱ་ནག་ཕྱོགས་ནས་ཡ་བྱེད་ཀྱི་མེད་པར་བཤད་བཞིན་དུ། འདིར་ཡང་བོད་ལ་ཕེབས་ནས་སོགས་བཤད་པ་ནི་གལ་ཏེ་རི་བོང་ལ་ར་ཡོད་ན་འདོམ་པ་བཅོ་བརྒྱད་ཡོད་ཟེར་བ་དང་གཅིག་པ་རེད།
    ཨ་ཡོ་ཤུ ད་ཐང་ཆད་སོང་། གོང་གསལ་དྲི་བ་ཁག་ལ་དམར་སྲུང་དམག་མི་སུ་ཞིག་གི་ལན་བཏབ་ན་ཡང་འགྲིག་པ་རེད། དེ་ནས་དྲི་བ་ལྷག་མ་རྣམས་རིམ་གྱིས་ཕུལ་ཆོག།

  58. ཁ་བརྡ་ཚང་། says:
    2011-03-21 at 1:28 am

    དྲ་གྲོགས་གནམ་ལོ་ཡག་དང་ཨུ་པ་བཀྲ་ཤིས་གཉིས་ཀྱི་མཆན་འགའ་བཀག་ཡོད་།
    མུ་མཐུད་དུ་། ནང་ཁུལ་འཐབ་འཛིང་བྱེད་ཚེ། གཏན་འགོག་ཞུ་གི་ཡིན།

    ཁ་བརྡ་རྩོམ་སྒྲིག་པས།
    http://www.khabdha.org
    khabdha@gmail.com

  59. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 2:17 am

    གོང་གི་དྲི་བ་ཁག་ལ་ལན་འདེབས་མི་བྱེད། རྒྱུ་མཚན་གསུམ་ཡོད།

    ༡ རྒྱལ་བ་རིན་པོ་ཆེ་མཆོག་གི་བགྲེས་ཡོལ་དགོངས་གཞི་ད་ལྟ་སྤྱི་འཐུས་ནང་དུ་ཚོགས་ཆུང་ཆེད་བཙུགས་ཀྱིས་ཁྲིམས་གཞིར་འགྱུར་བ་གཏོང་འགོ་ཚུགས་ཟིན་པ་རེད།

    ༢ རྩོམ་ཡིག་འདི་བཞིན་ཟླ་ངོ ༡ལྷག་གི་ཡར་སྔོན་གྱི་རེད། སྐབས་དེར་རྩོམ་པ་པོས་བསམ་བློ་དེ་ལྟར་བཏང་ཆོག་གི་རེད། དེ་ལ་དགག་སྒྲུབ་ཀྱང་བྱས་ཆོག་གི་རེད།

    ༣ བོད་ནང་ནས་ལྟ་ཚུལ་མཐོང་སྣང་གླེང་རྒྱུ་ལས་སླ་བོ་ཞིག་མ་རེད། བདེ་འཇགས་རྒྱན་ལ་བཙུགས་ནས་གླེང་གི་ཡོད་པ་རེད། ཞིབ་ཕྲའི་དཔྱད་ཡིག་ཁག་ཀྱང་བཀག་རྒྱའི་འོག་ན་ཡོད་པ་ཤེས་གསལ་རེད། འོན་ཀྱང་། བོད་ནང་དུ་འདི་འདྲ་ཞིག་གླེང་བ་ཙམ་གྱིས་དགའ་སྤོབས་སྐྱེས་གཞིར་གྱུར་ཡོད།

  60. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 3:38 am

    ཁ་སྣོན་གཅིག་ཞུས་ཆོག་པ་ཞུ།

    ཉུང་མཐར་ང་རང་ཧང་སངས་ཡོད་པ་ནི་རྩོམ་པ་པོའི་མཐའ་བསྡོམས་དང་རྒྱལ་བ་རིན་པོ་ཆེ་ཡི་ལག་ལེན་གཉིས་མ་གྲོས་གཅིག་མཐུན་བྱུང་ཡོད་པ་འདི་ཡིན་ཞིང་། འདི་ལས་མི་རིགས་ཤིག་གི་རེ་བ་མཐོང་ཐུབ་ཀྱི་ཡོད་པར་མ་ཟད། བོད་ནང་གི་ཤེས་ཡོན་པ་ངེས་པ་དོན་གྱི་ཤེས་ཡོན་པའི་ཐེམ་སྐས་འཛེག་ཟིན་པ་དེའང་སྟོན་བཞིན་ཡོད། དེ་བས། མི་རིགས་འདི་བཞིན་ལས་སླ་བོའི་ངང་ས་སྒང་རྡོག་རྡོག་འདིའི་སྟེང་ནས་ཡལ་གྱི་མིན་པའང་ཟུར་བལྟས་ལེབ་མཐོང་གི་དཔེ་རུ་གྱུར་ཡོད།

  61. གངས་ཅན་པ says:
    2011-03-21 at 7:14 pm

    བོད་ནང་དུ་༸གོང་ས་མཆཽག་གི་མཚན་ཙམ་ཐོས་ནའང་རྒྱ་གཞུང་གིས་མེ་ཤུགས་འཕུར་འདེལ་དྲིད་འོང་གི་རེད། ཡིན་ནའང་དགུ་རོང་སྤུན་གྲོལ་གྱི་རྩོམ་ཡིག་འདིར་བྱ་དགའ་མེད་ན་ཉེས་པ་ཡོད་ས་མ་རེད། འདིར་དགུ་རོང་སྤུན་གྲོལ་ཟེར་བ་ལས། ཡེ་རྡོར་ནུ་བོ་ཟེར་ན་འཚམས་ཤས་རེད།

  62. གངས་ཅན་པ says:
    2011-03-21 at 7:24 pm

    བོད་དོན་ཟེར་བ་ཞིག་མེད། དེ་ཁ་བྲལ་བའི་སྒེར་དོན་རེད། མཐར་ཐུག་ན་ཏཱ་ལེའི་སྒེར་དོན་སྒྲུབ་ཀྱི་ཡོད་པ་རེད། ཟེར་བའི་ཚིག་དེ་རྒྱ་གཞུང་གིས་བོད་མིའི་ཚོའི་སེམས་ཤུགས་གཅོག་སྤྱད་རེད། མགོ་སྐོར་གཏོང་སྤྱད་རེད། ཏཱ་ལའི་བླ་མས་ཁོ་རང་གི་སྒེར་དོན་སྒྲུབ་ཀྱི་ཡོད་པ་ལས་བོད་དོན་ཞིག་གླེང་གི་མེད་ལ། གླེང་སའང་འགྲོ་གི་མ་རེད་ཟེར་བའི་ཚིག་དེ་རྒྱ་གཞུང་གིས་ཁྲི་བཤད་འབུམ་བཤད་བྱས་ནས་མི་མང་གི་རྣ་བ་འོན་ལ་ཁད་བྱས་ཡོད་པ་རེད། དགུ་རོང་སྤུན་གྲོལ་ཟེར་བ་འདིས་ཀྱང་མི་མང་གི་རྣ་བ་ཚ་རུ་འཇུག་གིན་ཡོད་པ་དེ་ཁོ་ན་རེད། རྩོད་པ་བརྒྱག་དགོས་ནི་མེད། དཀྱིལ་འཁོར་ཐོག་ནས་སྐྱག་པ་གཏོང་མཁན་ཚང་མ་སྐད་གྲགས་ཅན་དུ་འགྱུར་ཐུབ་ཀི་མ་རེད། སུས་རྩོག་པ་ཞིག་བཤད་ན་དེ་ཡག་པོ་ཞིག་ཏུ་མ་བརྩི་རོགས་། དྲ་གྲོགས་རྣམས་པ་ལགས།
    ཁ་གདང་ན་ཁོག་པ་རིག་པའི་རྩོམ་ཆད་འདི་ཁྱི་སྔོན་གྱི་རུས་ཐོ་བཞིན་ང་ཚོས་རྩོལ་་རས་བྱས་ན་ཅི་ཕན་་གང་དྲག་་་ཚང་མས་སེམས་གནད་དུ་ཕོབས

  63. གངས་ཅན་པ says:
    2011-03-21 at 7:27 pm

    དེའདྲ་མ་བཤད་ལགས་་་མི་དེ་ཡེ་རྡོར་ཟེར་བ་དང་འདྲ་བོ་འདུག་

  64. གཞོན་ནུ་ཟླ་མེད། says:
    2011-03-21 at 9:18 pm

    བཏང་བཞག་ན་ཁང་པ་གང་། བཟུང་བཞག་ན་སྤར་བ་གང་། འདི་ནི་དམངས་ཁྲོད་ཀྱི་གཏམ་དཔེ་ཞིག་གམ། ཁེད་ཞིག་རེད། དམར་སྲུང་དམག་འདི་ཚོ་འུར་བསྟོད་འུར་མཆོང་གི་ཁ་གཡང་ཁོ་ན་ལས། དོན་སྟེང་ལ་དེད་ན་སྤར་གང་ཡང་མི་འདུག གོང་དུ་མ་རྩོམ་ལ་དོགས་སློང་ཅུང་ཟད་ཙམ་བྱས་པར་ལན་འདེབས་ཐུབ་ཀྱི་མི་འདུག བསམ་ཚུལ་བཤད་པ་ལ་དང་པོ་བསམ་ཚུལ་གཏད་སའི་གནས་ཚུལ་ལམ། ཡང་ན་གསར་འགྱུར་ཁུངས་འཕེར་བ་ཞིག་དགོས་པ་རེད། གོང་དུ་ངས་ཁོང་གི་བསམ་ཚུལ་བཤད་སའི་གཞི་རྟེན་གསར་འགྱུར་ཁག་ལ་དོག་པ་བྱས་པའི་ཁུལ་རེད། གཞི་རྟེན་དེ་ཁུངས་འཕེར་བ་ཞིག་མེད་ན་བསམ་ཚུལ་དེ་ཝུ་བའི་སྟེང་དུ་བཞེངས་པའི་ཁང་པ་དང་གཅིག་པ་རེད།
    མདང་དགོང་ངས་དྲི་བ་བདུན་བཀོད་སྐབས་གོང་གི་མཆན་པ་ཚོའི་ཁྲོད་ན་འུར་བསྟོད་ཀྱིས་ནམ་མཁའ་འགེངས་པ་དག་གིས་ལན་གསལ་བོ་ཞིག་རྒྱབ་ཡོད་ཀྱི་རེད་བསམ་སོང་། འོན་ཀྱང་དེ་རིང་ཁ་ཕྱེས་དུས་གནམ་ལོ་ཡག་སླེབས་ནས་དུང་སེམས་ཀྱི་སྐད་ཆ་ཞིག་བཤད་ནས་སོང་འདུག དྲི་བ་འདྲི་དུས་ལན་ཁ་གསལ་ལྡོན་དགོས་པ་ལས་དུང་སེམས་ཀྱི་སྐད་ཆ་བཤད་ནས་ཅི་ཕན། དུང་སེམས་ཀྱི་སྐད་ཆ་འདི་བཤད་དགོས་པ་ཞིག་མ་རེད། གང་ཡིན་ཟེར་ན་ངེད་ཚོ་ཚང་མ་ཕ་སྤྲེའུ་བྱང་ཆུབ་སེམས་པ་ནས་བརྒྱུད་དེ་འོངས་པ་ཤ་སྟག་ཡིན་པར་མ་ཟད། སྐྱིད་སྡུག་ལེགས་ཉེས་ཅི་བྱུང་ཡང་མདུན་ལམ་གཅིག་ཏུ་གནས་པ་ཤ་སྟག་རེད། དེ་ནི་སྐད་ཆ་ལོག་ཀ་རེད། རྩོམ་ཡིག་གི་དཔྱད་གཞི་དང་། དཔྱད་པ། དཔྱད་པའི་གྲུབ་དོན་སོགས་གླེང་དགོས་མོད། དང་པོ་དཔྱད་གཞི་ལ་ལག་པ་འཆང་ས་མི་འདུག་ན། དེའི་དཔྱད་པ་དང་། དཔྱད་པའི་གྲུབ་དོན་སོགས་ནི་ཆུ་དཀྲུགས་ནས་འོ་མ་ལ་རེ་བ་ཁོ་ན་རེད་ལགས།
    དེ་ནས་གོང་གི་གནམ་ལོ་ཡག་གི་མཆན་ཨང་དྲུག་ཅུ་བ་དེ་ལ་ལན་ཞིག་འདེབས། ༼ཉུང་མཐར་ང་རང་ཧང་སངས་ཡོད་པ་ནི་རྩོམ་པ་པོའི་མཐའ་བསྡོམས་དང་རྒྱལ་བ་རིན་པོ་ཆེ་ཡི་ལག་ལེན་གཉིས་མ་གྲོས་གཅིག་མཐུན་བྱུང་ཡོད་པ་འདི་ཡིན་ཞིང་། འདི་ལས་མི་རིགས་ཤིག་གི་རེ་བ་མཐོང་ཐུབ་ཀྱི་ཡོད་པར་མ་ཟད། བོད་ནང་གི་ཤེས་ཡོན་པ་ངེས་པ་དོན་གྱི་ཤེས་ཡོན་པའི་ཐེམ་སྐས་འཛེག་ཟིན་པ་དེའང་སྟོན་བཞིན་ཡོད། ༽ ༧གོང་ས་མཆོག་གི་དགོངས་པ་ཞུ་རྒྱུ་ཡིན་པ་དེ་ཤེས་ཡོན་པ་ཞིག་གི་སྐད་ཆ་མ་རེད། སྔ་ས་ནས་བོད་ཕྱི་ནང་གི་བོད་འབངས་ཡོངས་ནས་ཤེས་བཞིན་པར་མ་ཟད། དེ་ལ་སེམས་ཁྲལ་དང་། ད་དུང་ཡིག་ངག་གཉིས་ཐོག་ནས་ཞུ་སྐུལ་ཞུས་ཟིན་དང་ཞུ་བཞིན་པ་རེད། མ་རེད་དམ། དེ་ཚོ་ཚང་མའི་ནང་ནས་མི་གཅིག་ལ་ཧང་སངས་གི་འདུག་ཟེར་ན་ཧང་སངས་མཁན་དེ་ལ་ཧང་སངས་དགོས་པ་མ་རེད་དམ། ཧཧཧ ཀུ་རེ་ཡིན།

  65. སྤོབས་པ་མཐའ་ཡས། says:
    2011-03-21 at 10:13 pm

    རྒྱལ་བ་རིན་པོ་ཆེས་སྲིད་འགན་བཞེས་ན་དམངས་གཙོའི་འགོག་རྐྱེན་དུ་འགྱུར་ཟེར་བ་དང་། རྒྱལ་བ་རིན་པོ་ཆེ་དང་ཁོང་གི་དགའ་ལྡན་ཕོ་བྲང་སྲིད་སྟེགས་ལས་བྱོལ་དེ་བོད་ཀྱི་མང་གཙོའི་ལམ་ལུགས་ཀྱི་གོམ་པ་མདུན་སྤོས་ཡིན་ཟེར་བ་དེ་ཚོ་ལ་ངས་ནི་རྒྱུ་མཚན་ཆེན་པོ་ཞིག་མཐོང་གིན་མི་འདུག དཔེར་ན། དབྱིན་ཇི་དང་། སུའུ་ཌིན། ཐའེ་ལན་ཌི་སོགས་ལ་ཡང་རྒྱལ་པོ་ཡོད་བཞིན་དུ་མི་མང་འཐུས་མི་ཡོད་པ་དང་རྩ་ཁྲིམས་གཞིར་བཞག་གིས་འཛིན་སྐྱོང་ཐུབ་ཀྱིན་འདུག སུའུ་ཌིན་ལྟ་བུ་ཡིན་ན་ལོ་རྟག་པར་འཛམ་གླིང་གི་ཡར་ཐོན་ཅན་གྱི་ཡུལ་རིམ་པ་གཉིས་པར་སླེབས་ཡོང་གིན་འདུག དབྱིན་ཇི་ཡིན་ན་མང་གཙོའི་སྣེ་ཁྲིད་མཁན་གྱི་ཡུལ་ཞིག་ཡིན་ཚུལ་འདུག དབྱིན་ཇིའི་རྒྱལ་མོ་ལོ་བརྒྱད་ཅུའི་ནང་ལ་སླེབས་འདུག ཡིན་ན་ཡང་ད་དུང་ཡུལ་གྱི་སྲིད་ལ་ཇུས་གཏོགས་གང་ཐུབ་ཐུབ་གནང་གིན་འདུག ངས་བསམ་ན་རྒྱལ་བ་རིན་པོ་ཆེ་སྲིད་སྟེགས་ལས་བྱོལ་ཟེར་བ་དེ་ལས་སླ་པོ་ཞིག་མ་རེད་བསམ་གིན་འདུག

  66. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 10:47 pm

    མཆན་བ་གངས་ཅན་པ་ལགས། གཟུགས་མངོན་ནས་སྐད་ཆ་བཤད་ཕོད་ཀྱི་མེད་དུས་ཁྱོད་རང་སུ་ཡིན་པའང་དོགས་པ་ཞིག་ཡིན་པར་མ་ཟད། སྒོས་སུ་གཞིས་བྱེས་བར་ལ་དཀྲུགས་གཞིའི་སྐད་ཆ་དེ་རིགས་ཀྱང་སུ་ལ་མཁོ་བཞིན་པ་ཚང་མས་ཤེས་ཀྱི་ཡོད་པས། ངལ་བ་མ་བསྟེན་རོགས་ཞུ་རྒྱུ་ཡིན།

  67. ལྷ་སྡེ་གནམ་ལོ་ཡག says:
    2011-03-21 at 10:51 pm

    གཞོན་ནུ་ཟླ་མེད་ལགས། གཟུགས་མེད་ཅིག་གིས་གཟུགས་ཅན་ཞིག་ལ་དྲི་བ་འདོན་པའི་དུས་ཚོད་ཅིག་མ་རེད། ད་ལྟ་དུས་རབས་ཉེར་གཅིག་པ་རེད། གལ་སྲིད་ཁྱོད་རང་དུས་རབས་སྔོན་མའི་ནང་བྱུང་བ་ཡིན་ན། ཕྱག་འཚལ་མཁན་ཡང་རེ་འགའ་བྱུང་སྲིད་པ་ཞིག་རེད། འོན་ཀྱང་། ཁྱོད་རང་ཡོང་དུས་ནོར་འདུག དགོངས་དག

  68. སྤོབས་པ་མཐའ་ཡས། says:
    2011-03-22 at 12:06 am

    སྐད་ཆ་གང་བཤད་ལ་མི་ལྟ་བར་བཤད་མཁན་སུ་ཡིན་མིན་རྩད་གཅོད་འདུག་པ་འདི་ཡང་ཡག་རྟགས་ཤིག་ཅང་མ་རེད་ཡ། སྐད་ཆ་སུས་བཤད་ཀྱང་སྐད་ཆ་དེའི་རྒྱབ་ལོགས་ན་མི་ཞིག་ཡོད་ཡོད་པ་རེད། བཤད་རྒྱུའི་སྐད་ཆ་ལ་རིན་ཐང་གང་ཡང་མེད་ཀྱང་རང་གི་མིང་དེ་འདོན་ཐབས་བྱེད་འདུག་མཁན་དེ་ཚོས་ནམ་ཡིན་ཡང་མིང་དེའི་ཆེད་དུ་ཅིག་ལས་འདུག་གིན་ཡོད་པ་རེད།

  69. tenzin dhargay says:
    2011-03-22 at 3:25 am

    དྲ་གྲོགས་ལྷན་རྒྱས་ལ་ཞུ་རྒྱུར།
    ཚང་མས་མཁྱེན་གསལ་ཡང་།
    རྒྱལ་བའི་བཀའ་ནི་མ་འོང་ལུང་བསྟན་རེད།།
    རྒྱལ་བའི་དགོང་པ་ཟབས་ཅིང་རྒྱ་ཆེ་རེད།།
    རྒྱལ་བའི་བརྩེ་བ་མ་ལྟར་བུ་འཞིན་རེད། །
    རྒྱལ་བའི་ཕུག་རེ་མང་གཙོ་ཡང་དག་རེད།།

    ༧གོངས་ས་མཆོག་རྒྲེས་ཡོལ་གནང་བ་དང་། ཆབ་སྲིད་ཀྱི་ཐུགས་འགན་བཞེས་གི་མིན་གསུང་བར་དགོས་པ་དང་། རྒྱུ་མཚན་ཡང་དག་ཡོད་པས་རྗེས་སུ་ཡོད་རང་དང་དེར་དངས་ལན་ཞུ་རྒྱུ་ཡིན།
    ཡིན་ནའང་་་་་་་་་་་་་་་་་་་་་་་་་་་་་་་་་་ རང་ངོས་ནས་གནས་འགག་ཆེན་པོ་ཞིག་མཐོང་བ་ནི། བོད་ཀྱི་རྩ་ཁྲིམ་ནང་ངེས་པར་དུ་ ༧རྒྱལ་བའི་བཀའ་དྲིན་དྲན་གསོ་དང་། ཁོང་ནི་བོད་མི་དམངས་ཀྱི་མཐུན་མོང་མ་ཡིན་བའི་འདི་ཕྱིའི་སྐྱབས་གནས་ཡིན་པ་དང་། ༧གོང་ས་ལྔ་བ་ཆེན་པོ་མཆོག་གིས། གཞུང་ས་དགའ་ལྡན་ཕོ་བྲང་དབུ་བརྙེས་པ་ནས་ད་བར། བོད་གཞུང་བཞེས་པ་དེ་ཁོང་གི་བཀའ་དྲིན་ཡིན་པས་ཁོང་ལ་ཁྲིམས་ཐོག་ནས་མཚན་གནས་དང་། བརྩི་མཐོང་ཞིག་ངེས་པར་འབུལ་དགོས་པས། ཚང་མས་དགོང་པ་རྒྱ་ཆེར་ཞེས་སྟེ་ བོད་ཀྱི་རྒྱལ་པོའམ་ཆོས་སྲིད་གཉིས་ཀྱི་མཛུབ་སྟོན་པར་ཁྲིམས་ཐོག་ནས་མཚན་གནས་འབུལ་དགོས་ལ་དེ་ཡང་། ༧གོང་ས་མཆོག་ནས་དངོས་སུ་དབང་ཙད་ཡོད་པ་བཅའ་ཁྲིམས་ནང་ཆ་རྐྱེན་བསྐྲུན་དགོས་པ་བཅས།།

    གུས་པའི་བསམ་འཆར་ཡིན་པས་དགོང་འཆར་གནང་རོག་ཞུ་རྒྱུ་ཡིན།།

    ༄༅།། སེང་དཀར་པོ་གཡུ་ཡི་རལ་པ་ཅན།།
    གངས་དཀར་པོ་ཏི་སེའི་རྒྱན་ཅིག་ཡིན།།
    ཁྱེད་མེད་ན་གངས་དཀར་སྟོང་པ་རེད།།
    ཁྱེད་མེད་ན་གངས་རིའི་རྒྱན་ཅིག་མེད།།

    སྐྱབས་མགོན་པོ་བསྟན་འཛིན་རྒྱ་མཚོ་ཁྱེད།།
    བོད་ཁ་བ་ཅན་གྱི་མགོན་ཅིག་ཡིན།།
    ཁྱེད་མེད་ན་གངས་ལྗོངས་སྟོང་པ་རེད།།
    ཁྱེད་མེད་ན་རང་ཡུལ་སྟོང་པ་རེད།།

    ལྷག་བསམ་བཟོད་མེད་ཀྱིས་
    འཕན་པོ་བསྟན་དར་ནས།།

    ༧

  70. རྨུ་ཐག་གི་བུ་རྒྱུད། says:
    2011-03-22 at 3:47 pm

    གཟུགས་ཅན་གཟུགས་མེད་གང་ཡིན་རུང་གཙོ་བོ་སྐད་ཆར་གཞི་རྩ་ཡོད་པ་དང་རྒྱུ་མཚན་ལྡན་པ་རེ་བཤད་རྒྱུ་གལ་ཆེ། ངས་གོང་དུའང་ཐེངས་གཅིག་བཤད་ཡོད། རྩོམ་ཡིག་འདིར་སྐྱོན་ཆེ་ཤོས་ཤིག་ཡོད་པ་ནི་བོད་རྒྱའི་འབྲེལ་མཐུད་གྲོལ་མོལ་གྱི་ཐོག་མཐའ་བར་གསུམ་ལ་མཐོང་ཆེན་མ་བྱས་པའམ་ཡང་ན་སྣང་མེད་དུ་བཏང་སྟེ་ཡན་གལ་བ་ཞིག་དངོས་མེད་གྲིབ་བཟོ་བྱས་འདུག་པ་དེ་རེད། འབྲེལ་མཐུད་ཁྲོད་དུ་དབུ་མའི་ལམ་དང་རང་སྲིད་རང་སྐྱོང་གི་སྐོར་ལ་རྩལ་དུ་བཏོན་ནས་བཤད་པ་རྣམས་ཟུར་ཙམ་ཡང་བཤད་མེད་པ་དེས་རྩོམ་ཡིག་འདི་དང་དོན་དངོས་ཀྱི་ཡིན་ལུགས་གཉིས་ཀྱི་བར་དུ་རྩིག་གྱང་མཐུག་པོ་ཞིག་བརྒྱབ་པ་དང་། དེ་ལ་བརྟེན་ནས་དེ་གཉིས་ཀྱི་བར་ཐག་ཇེ་རིང་ནས་ཇེ་རིང་དུ་གྱུར་ཏེ་མཐར་གཅིག་གིས་གཅིག་མི་མཐོང་བའི་ཚད་དུ་སླེབས་འདུག བཤད་དགོས་པ་ཞིག་ལ་རྩོམ་པ་པོས་སྤོབས་པ་བཏེགས་ཏེ་སྐད་སྒྲ་འདི་འདྲ་ཞིག་སྒྲོག་ཐུབ་པ་ལ་ང་ཚོས་ཡི་རངས་བྱེད་འོས་པ་ཞིག་རེད། འོན་ཀྱང་རྩོམ་ཡིག་གི་གདེངས་འཇོག་ལ་དེས་ཤུགས་རྐྱེན་ཐེབ་མི་འོས།

  71. གཞོན་ནུ་ཟླ་མེད། says:
    2011-03-22 at 7:36 pm

    ལྷ་སྡེ་གནམ་ལོ་ཡག་ནས་གོང་དུ་འདི་ལྟར་བྲིས་འདུག ༼བརྗོད་བྱའི་སྟེང་ནས་བསམ་ཚུལ་ཡོད་ན་གྲོས་བསྡུར་རིམ་པས་བྱས་ཆོག ༽ མ་ཟད་ད་དུང་༼མཆན་འདེབས་དུས་རྩོམ་གྱི་བརྗོད་བྱའི་ཐད་དྲི་བ་འདོན་པའམ། བསམ་ཚུལ་ལམ་དོགས་འདྲི་བྱེད་འོས་༽ ཞེས་ནན་ཏན་ཆེན་པོས་གསུངས་ཙང་། ངས་ཀྱང་འདི་ནས་རྩོམ་ཡིག་གི་བརྗོད་དོན་ཐད་དོགས་འདྲི་ཁ་ཤས་ཞུས་པ་ཡིན་མོད། འོན་ཀྱང་ཁྱེད་ཀྱིས་གོང་དུ་མི་མང་པོ་ཞིག་ལ་གཟུགས་མེད་རེད་ཟེར་ནས་མཐོང་ཆུང་དང་མི་ངོ་མ་སུ་ཡིན་རྩད་གཅོད་། ས་གནས་ག་བར་བསྡད་ཡོད་མེད་སོགས་ཤེས་འདོད་བྱེད་ཀྱི་ཡོད་པའི་བཟོ་སྟོན་གྱི་འདུག་པ་དེ་བཞིན་དུ་ང་ལ་ཡང་༼གལ་སྲིད་ཁྱོད་རང་དུས་རབས་སྔོན་མའི་ནང་བྱུང་བ་ཡིན་ན། ཕྱག་འཚལ་མཁན་ཡང་རེ་འགའ་བྱུང་སྲིད་པ་ཞིག་རེད། འོན་ཀྱང་། ཁྱོད་རང་ཡོང་དུས་ནོར་འདུག དགོངས་དག༽ཟེར་འདུག དེ་ནི་ཁྱེད་ཀྱིས་རྩོམ་ཡིག་འདིར་འདྲེན་བཀོད་བྱེད་པ་དང་འབྲེལ་བ་ག་རེ་འདུག མ་ཟད་༼གྲོས་བསྡུར་རིམ་པས་བྱས་ཆོག༽ཟེར་བའི་ཚིག་བདག་པོ་རྒྱག་མི་ཐུབ་པ་ག་རེ་རེད་དམ། མ་ཟད་དེ་ལ་དྲི་བ་ཞིག་ཡོད་པ་ཡིན། ཁྱེད་ལ་སྨྱིག་མིང་ཅན་ཡོངས་སུ་རྫོགས་པ་རྩད་གཅོད་པའི་ལས་འགན་ཡོད་དམ། ཁ་བརྡ་དྲ་རྒྱ་འདི་ཡང་དྲ་རྒྱ་གཞན་དག་ལྟར་སྨྱིག་མིང་བེད་སྤྱོད་བཏང་ནས་རྩོམ་ཡིག་བྲིས་ཆོག་པའི་དྲ་རྒྱ་ཞིག་ཡིན།
    རེ་བ་གཅིག་ཡོད་པ་ནི། ཁྱེད་ཀྱིས་རྒྱུ་མཚན་ཡོད་པ་རྐྱང་རྐྱང་གསུང་མ་ནུས་ན་ཡང་། རྒྱུ་མཚན་ཡོད་པའི་སྐད་ཆ་རེ་ཙམ་གསུང་ན་ཤེས་ཡོན་པའི་ཁྱད་ཆོས་སྟོན་སྟངས་ཞིག་མ་ཡིན་ནམ། བདེན་དོན་བཤད་རྒྱུ་ལས་ལྡོག་ནས་ཁ་ཡར་གདངས་མར་བཙུམས་ཐམས་ཅད་པོ་གཞན་ལ་དམའ་འབེབས་རྐྱང་བྱས་བསྡད་པ་ནི་༼ང་རང་བདེན་དོན་བཤད་རྒྱུར་ཧམ་པ་ཚ་བོ་ཡོད། བསམ་ཚུལ་སྣ་མང་ལ་ཉན་རྒྱུར་ལག་པ་སྙོབ་ཀྱི་ཡོད།༽ཟེར་བ་དང་ཅི་འདྲའི་རང་ཚིག་སྔ་ཕྱི་འགལ་བ་ཞིག་རེད་ཨང་།
    ཡ་དྲ་གྲོགས་ལགས། གོ་ཐོས་ལ་སྐུ་ཉིད་སློབ་གྲྭ་མང་པོ་འགྲིམ་ནས་ཤེས་ཡོན་ཅུང་ཟད་ཡོད་རབས་གོ་མྱོང་། འོན་ཀྱང་རེ་བ་མེད་ཀི ད་མཚམས་འཇོག་རྒྱུ་ཡིན།

  72. ལྷ་སྡེ་གནམ་ལོ་ཡག says:
    2011-03-23 at 4:16 am

    ངས་གོང་དུ་བཤད་ཟིན་པ་ལྟར་ཡིན། དྲི་བ་ཁག་ལ་ལན་འདེབས་མི་བྱེད། རྒྱུ་མཚན་གསུམ་ཡོད།

    ༡ རྒྱལ་བ་རིན་པོ་ཆེ་མཆོག་གི་བགྲེས་ཡོལ་དགོངས་གཞི་ད་ལྟ་སྤྱི་འཐུས་ནང་དུ་ཚོགས་ཆུང་ཆེད་བཙུགས་ཀྱིས་ཁྲིམས་གཞིར་འགྱུར་བ་གཏོང་འགོ་ཚུགས་ཟིན་པ་རེད།

    ༢ རྩོམ་ཡིག་འདི་བཞིན་ཟླ་ངོ ༡ལྷག་གི་ཡར་སྔོན་གྱི་རེད། སྐབས་དེར་རྩོམ་པ་པོས་བསམ་བློ་དེ་ལྟར་བཏང་ཆོག་གི་རེད། དེ་ལ་དགག་སྒྲུབ་ཀྱང་བྱས་ཆོག་གི་རེད།

    ༣ བོད་ནང་ནས་ལྟ་ཚུལ་མཐོང་སྣང་གླེང་རྒྱུ་ལས་སླ་བོ་ཞིག་མ་རེད། བདེ་འཇགས་རྒྱན་ལ་བཙུགས་ནས་གླེང་གི་ཡོད་པ་རེད། ཞིབ་ཕྲའི་དཔྱད་ཡིག་ཁག་ཀྱང་བཀག་རྒྱའི་འོག་ན་ཡོད་པ་ཤེས་གསལ་རེད། འོན་ཀྱང་། བོད་ནང་དུ་འདི་འདྲ་ཞིག་གླེང་བ་ཙམ་གྱིས་དགའ་སྤོབས་སྐྱེས་གཞིར་གྱུར་ཡོད།

    ཉུང་མཐར་ང་རང་ཧང་སངས་ཡོད་པ་ནི་རྩོམ་པ་པོའི་མཐའ་བསྡོམས་དང་རྒྱལ་བ་རིན་པོ་ཆེ་ཡི་ལག་ལེན་གཉིས་མ་གྲོས་གཅིག་མཐུན་བྱུང་ཡོད་པ་འདི་ཡིན་ཞིང་། འདི་ལས་མི་རིགས་ཤིག་གི་རེ་བ་མཐོང་ཐུབ་ཀྱི་ཡོད་པར་མ་ཟད། བོད་ནང་གི་ཤེས་ཡོན་པ་ངེས་པ་དོན་གྱི་ཤེས་ཡོན་པའི་ཐེམ་སྐས་འཛེག་ཟིན་པ་དེའང་སྟོན་བཞིན་ཡོད། དེ་བས། མི་རིགས་འདི་བཞིན་ལས་སླ་བོའི་ངང་ས་སྒང་རྡོག་རྡོག་འདིའི་སྟེང་ནས་ཡལ་གྱི་མིན་པའང་ཟུར་བལྟས་ལེབ་མཐོང་གི་དཔེ་རུ་གྱུར་ཡོད།

  73. སད་ན་ལེགས says:
    2011-03-23 at 6:09 am

    གནམ་ལོ་ཡག རྩོད་པ་འདི་འདྲ་བྱས་ན་མཁས་ཉམས་འཆོར་ཉེན་འདུག་པས། དེ་ལས་གཞན་ལ་སྟོན་རི་བའི་དཔྱད་རྩོམ་རེ་འབྲི་བར་བྲེལ་ན་ལེགས། བཤད་བཤད་ཚང་མ་ཉན་རྒྱུ་མེད། ཁ་ཁོམ་ལུས་དལ་གྱི་མི་ལ་ཁ་རྩེ་ན་རང་གི་དུས་ཚོད་ཟད་པ་ལས་ཅང་མེད།

    རྡ་སའི་སད་ན་ལེགས་ནས།

  74. ལྷ་སྡེ་གནམ་ལོ་ཡག says:
    2011-03-23 at 11:14 pm

    སྤྱིར་དུས་ཚོད་མེད་ཀྱང་བོད་ནང་གི་ཤེས་ཡོན་པའི་དཔྱད་བརྗོད་ལ་བྱེས་སུ་ཀློག་གལ་ཆེ་བས། ཁ་ཚོད་མེད་གཟུགས་མཐོང་མེད་ཚོ་རྒྱ་ཡན་དུ་མི་གཏོང་རྒྱུའང་འོས་འགན་ཞིག་ཏུ་བསམ་ཡོད།

  75. རིན་པོ་ཆེ། says:
    2011-03-24 at 5:41 am

    རྩོམ་སྒྲིག་པ་རྡོར་དབང་ལགས།

    གནམ་ལོ་ཡག་གིས་ཉིད་རང་༼ རིན་པོ་ཆེ ༽རེད་ཅེས་བསྙོན་འཛུགས་བྱས་པ། ཁྱེད་ནས་མིན་ཞེས་ལབ་པས་མ་ཆོག ངེད་ཀྱི་སྐོར་ཕྱིར་བཏོན་བྱེད་རྒྱུའི་དབང་ཚད་སུས་གནང་བ་རེད་དམ། ཁྱེད་ནས་མཆན་ལ་བསྐྱར་ཞིབ་བྱས་རྗེས་གལ་སྲིད་ཀེ་ཏ་ཀ་ནང་ལྟར་དཀྲུག་ཤིང་རྒྱབ་པའི་ཚིག་གཅིག་ཡོད་ན། ཁྱེད་ལ་ཅི་ཁག འོན་ཀྱང་ཁྱེད་རང་དེ་ལྟར་ཞུམ་འདར་དགོས་དོན་མི་འདུག་ཅེས་ཞུ་རྒྱུ་ཡིན།

  76. ས་མཐའི་བུ་ says:
    2011-04-03 at 11:44 am

    ལྷ་སྡེ་གནམ་ལོ་ཡག་ནས་སྤེལ་བའི་རྩོམ་དེ་ཆ་ཚང་ཀློག་ཁོམ་མ་བྱུང་མོད། འོན་ཀྱང་ཁོའི་མིང་གོ་བ་ཙམ་གྱིས་རྩོམ་པ་པོ་ཞིག་ཡིན་པའི་ཡིད་ཆེས་ཡོད་ལ་བོད་ལ་ཤ་ཚ་མཁན་གྱི་བོད་མི་རྣལ་མ་ཞིག་ཡིན་པའི་ཡིད་ཆེས་ཡོད། འདི་ལྟར་ང་ཚོ་ཁ་འཐོར་དུ་སོང་བའི་བོད་མི་རེ་རེ་ནས་མི་རིགས་དང་རིག་གཞུང་གི་དཀའ་གནད་གང་ལ་ཐུག་ཚེ་ཕན་ཚུན་གཅིག་གིས་གཅིག་ལ་སེམས་ཤེས་བྱེད་དགོས་པ་གལ་ཆེན་དུ་མཐོང་སོང་། ལྷག་པར་དུ་བོད་ནས་ཕུལ་བའི་བསམ་ཚུལ་གཅིག་ལ་ཁ་ཞེ་གཉིས་མེད་ཀྱིས་གདེངས་འཇོག་བྱེད་དགོས་པར་མཐོང་སོང་བས་གནམ་ལོ་ཡག་ཁྱེད་ཀྱིས་བསམ་ཚུལ་གང་ཡོད་རྗེས་ནས་མུ་མཐུད་དེ་གསུང་རོགས་གནང་། དེ་མིན་འདི་ཕྱོགས་སུ་མི་འདྲ་མིན་ཡོད་པ་སྨྲས་མ་དགོས་པས་དཔེར་ན་ཀླུ་མཁར་བྱམས་ལྟ་བུ་རེད། སྤྱི་ཚོགས་འདིར་བོད་དོན་ལ་ཤ་ཞེན་ཡོད་མཁན་གཅིག་ཀྱང་མེད་པར་སེམས་པ་ནི་རང་ཉིད་ཁེར་རྐྱང་བའི་སེམས་པ་ཤུགས་དྲགས་པས་རེད་ལ་ལྷག་པར་དུ་ད་བར་བཙན་བྱོལ་བོད་གཞུང་དང་༸གོང་ས་མཆོག་ལ་ཡིད་ཆེས་མེད་པས་རེད། ད་བར་ངས་ཀླུ་མཁར་བྱམས་ཟེར་བའི་མི་དེ་གང་འདྲ་ཞིག་ཡིན་མིན་ཤེས་ཀྱི་མེད། སེམས་ལ་གང་དྲན་བཤད་ཕོད་མཁན་གྱི་དཔའ་བོ་ཞིག་ཡིན་པའང་ཤེས་ཀྱི་མེད། ལྷག་པར་དུ་འདི་ཕྱོགས་ལ་རེ་བ་ཆད་པའི་རེ་ཆད་པ་ཞིག་ཡིན་པའང་ཤེས་ཀྱི་མེད། ཡིན་ནའང་ཉེ་ཆར་མདོ་སྨད་སྤྱི་འཐུས་སུ་འཛུལ་གྱི་ཡོད་པའི་ངང་ཚུལ་ཞིག་མཐོང་དུས་ཁོ་རང་ཉིད་ཀྱི་སྐད་ཆ་དེ་ཇི་ལྟར་བཤད་པའང་མི་ཤེས་པ་ཞིག་ཆགས་སོང་། གང་ཡིན་ཞེ་ན་༼གནས་འདི་ན་ཁྱོད་ཚོ་བཙོང་མཁན་ཞིག་ཡོད་ན་མ་གཏོག སྐྱོབ་མཁན་ཞིག་མེད་ཐག་ཆད་ཡིན། ༽ཅེས་པ་བཞིན་ཁྱོད་ཚོ་བཙོང་མཁན་ཞིག་གི་ཚོགས་པའི་གྲལ་ནས་ཁྱེད་རང་གཅིག་བུ་སྤྱི་འཐུས་སུ་ལངས་ན་ཕན་ཐོག་ག་རེ་ཡོད་དམ། གལ་སྲིད་རང་ཉིད་གཅིག་བུས་ནུས་ཤུགས་འདོན་ཐུབ་པ་གཅིག་ཡིན་ན་སྤྱི་འཐུས་སུ་འཚང་དགོས་དོན་ཅི་ཡིན་ནམ། མགོ་རྔ་མི་མཚུངས་པའི་འཆལ་གཏམ་མང་པོ་ཞིག་གིས་བོད་ཕྱི་ནང་གཉིས་ཀར་དཀྲུགས་ཤིང་གི་རྒྱུ་ལས་མེད་པས་རེ་ཤིག་ང་ཚོས་འདིའི་སྐོར་ལ་གང་གཟབ་གཟབ་བྱེད་དགོས་པར་མཐོང་།

  77. thegchok says:
    2011-04-04 at 4:57 pm

    ཁྱོད་རང་གི་བསམ་ཚུལ་དེ་ཧ་ཅང་ཡག་པོ་འདུག་འོན་ཀྱང་སྡེ་སྲིད་ལྷན་ཚོགས་ཞིག་མི་དགོས་པར་མི་སྐྱ་ཡིས་མགོ་འཁྲིད་པའི་བཀའ་ཤག་ལྷན་ཚོགས་ཤིག་མང་ཚོགས་ཀྱིས་འོས་འདེམས་བྱེད་འཆར་འདུག་པས་མང་གཙོ་ལམ་ལུགས་དང་ཡོངས་སུ་མཐུན།

  78. kathag kapou says:
    2011-04-06 at 4:49 am

    དེང་བོད་ནང་དར་དམར་འོག་འཚར་ལོངས་བྱུང་བའི་ན་གཞོན་རེ་ཟུང་བསམ་བློ་འཁྱེར་ཕྱོགས་དེ་འདྲ་ཡོད་པ་བདེན་ནའང་། འདི་ནི་ཕྱི་ལོགས་སུ་ཡོད་པའི་རྒྱ་ནག་འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁང་གི་གཅེས་ཕྲུག་ཞིག་ཡིན་པ་མངོན་སུམ་དཔག་ཐུབ་པ་ཞིག་ཡིན།

  79. kathag kapou says:
    2011-04-06 at 11:10 am

    འཐབ་ཕྱོགས་གཅིག་གྱུར་ལས་དོན་ཁང་གི་དམིགས་དོན་དེ་དག་དག་དང་མཐུན་པའི་ཆ་ལ་ང་ཚོས་སྔ་ཕྱི་བར་གསུམ་དུ་ཡིད་ཟབ་གནང་གལ་ཆེ།
    ཕྱི་སྡོད་བོད་རིགས་སྤྲུན་ཟླའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་ང་ཚོས་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་ཀྱི་གལ་ཆེའི་གྲུབ་ཆ་ཞིག་དང། བོད་རང་སྐྱོངས་ལྗོངས་ཀྱི་འཐབ་ཕྱོགས་གཅིག་གྱུར་གྱི་གལ་ཆེའི་ལས་འགན་ཞིག་ཡིན། སྔར་ལས་མང་བའི་ཕྱི་སྡོད་བོད་རིགས་མེས་རྒྱལ་ལ་སེམས་པ་ཕྱོགས་པ་འགུག་ཐབས་བྱེད་དགོས་པ་དང། ཏཱ་ལའི་རུ་ཚོགས་ཀྱི་ཕྱི་རྒྱལ་སྤྱི་ཚོགས་རྨང་གཞི་ཇེ་ཞན་གཏོང་དགོས། ཁ་བྲལ་ངོ་རྒོལ་ལ་འཐབ་རྩོད་ཀྱི་དམིགས་པ་རྒྱུན་འཁྱོངས་ཀྱི་ཐོག་མཐའ་བར་གསུམ་དུ་འགལ་ཟླ་བེད་སྤྱོད་བྱེད་པ། ནང་དཀྲུག་ཁ་གཏོར་བྱེད་པའི་རྩ་དོན་ཕྱི་སྡོད་བོད་རིགས་སྤུན་ཟླའི་ལས་དོན་རིམ་པ་ཁག་གི་ནང་དུ་ཁྱབ་དགོས། ཕྱི་སྡོད་བོད་རིགས་ཀྱི་གནས་བབས་གཞིར་བཟུང་སྟེ། དམིགས་བཙུགས་ཀྱི་བོད་རིགས་ཀྱི་མི་རབས་གཉིས་པ་དང་གསུམ་པའི་འབྲེལ་གཏུག་གི་ལས་དོན་ཡག་པོ་སྒྲུབ་དགོས། རྒྱལ་གཅེས་བོད་རིགས་སྤུན་ཟླས་ཕྱི་རྒྱལ་དུ་ཚོགས་སྡེ་དང་དཔལ་འབྱོར་ཚོང་གཉེར་ཁང་སོགས་བཙུགས་པར་རྒྱབ་སྐྱོར་ནུས་ལྡན་གྱི་བརྒྱུད་ལམ་སྤྱད་དེ། ཏཱ་ལའི་རུ་ཚོགས་དང་འགྲན་རྒོལ་བྱེད་ཐུབ་པའི་ཕྱི་སྡོད་བོད་རིགས་སྤུན་ཟླའི་སྟོབས་ཤུགས་གསོ་སྐྱོང་བྱེད་དགོས་པ་དང། ཕྱི་སྡོད་བོད་རིགས་སྤུན་ཟླར་སྣེ་ལེན་དོ་དམ་གྱི་དྲ་བའི་མ་ལག་འཛུགས་དགོས།

  80. ཤར་ཕྱོགས་ཁུག་རྟ། says:
    2011-04-07 at 7:08 am

    གཤམ་དུ་ངས་སྤྱི་འཐུས་ཚོགས་གཙོ་མཆོག་གི་གསུང་བཤད་དུམ་བུ་ཞིག་དགོས་དབང་གིས་བཀོད་ཡོད།

    ༼ སྤྱིར་བཏང་ང་ཚོ་ཆབ་སྲིད་ཀྱི་ཐད་ནས་ཡིན་རུང་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་ རེད། བཀའ་བློན་ཁྲི་པ་གསར་པ་སླེབས་དགོས་རྒྱུ་དང༌། སྤྱི་འཐུས་སྐབས་བཅོ་ལྔ་པ་གསར་པ་སླེབས་དགོས་རྒྱུའི་གནས་སྟངས་ཆགས་ཡོད། དེ་མིན་སྤྱིར་བཏང་གི་སྤྱི་ཚོགས་ནང་དུ་འགྱུར་བ་མང་པོ་ཞིག་འགྲོ་གི་ཡོད་རེད། སྔོན་མའི་དུས་ཚོད་ལ་ྋརྒྱལ་བ་རིན་པོ་ཆེར་ཁ་བཏང་བ་ཙམ་གྱིས་ཉེས་རྡུང་རག་པའི་ དུས་ཚོད་དེ་འདྲ་ཡོད་རེད། དེང་སང་ྋརྒྱལ་བ་རིན་པོ་ཆེར་ཁ་བཏང་བ་ཡིན་ན་ད་དུང་ཁ་གཏོང་མཁན་གྱི་མི་དེ་ལ་ རྒྱབ་སྐྱོར་བྱེད་པའི་དུས་ཚོད་ལ་སླེབས་བསྡད་ཡོད་རེད། དེ་ག་རེ་ཟེར་དགོས་རེད། ང་རང་ཚོའི་བསོད་ནམས་དམན་པའི་རྐྱེན་གྱིས་ཡིན་ནའང་འདྲ་འདུག ྋརྒྱལ་བ་རིན་པོ་ཆེར་སྐུར་འདེབས་ཞུ་མཁན་གྱི་མི་དེ་གང་ཟག་མི་གཅིག་རེད་དེ། ད་གིན་སྤྱི་འཐུས་གཅིག་གིས་གོང་དུ་གསུངས་པ་ནང་བཞིན་སྐྱོན་བརྗོད་ཟེར་དུས་ སྐྱོན་གཅིག་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱེད་དགོས་པ་རེད་མ་གཏོགས། ཡོན་ཏན་ལ་མཛུབ་མོ་བཙུགས་ནས་སྐྱོན་བརྗོད་བྱས་པ་ཡིན་ན་འགྲིག་ཐབས་ཡོད་མ་རེད་ ཅེས་གསུངས་པ་དེ་ངའི་སེམས་ལ་བབས་པོ་ཞིག་བྱུང༌། ད་དུང་མི་དེའི་རིགས་དེ་སྤྱི་ཚོགས་ཀྱི་གོ་གནས་ལ་སླེབས་ནས་སྡིངས་ཆ་བསྐྲུན་ རྒྱུ་དང༌། རླུང་འཕྲིན་ཁང་གིས་ཆེད་མངགས་མི་དེ་ཚོ་ལ་གོ་སྐབས་སྤྲོད་པ། དེ་ཚོའི་གྲས་དེས་ང་ཚོའི་སྤྱི་ཚོགས་ལ་ཕན་པའི་ཐོག་ལ་བྱེད་ཀྱི་ཡོད་དམ། ཡང་ན་ང་ཚོའི་སྤྱི་ཚོགས་ལ་གཏོར་བཤིག་གཏོང་རྒྱུའི་ཆེད་དུ་བྱེད་ཀྱི་ཡོད་རེད་ དམ། དེའི་དམིགས་ཡུལ་དང་དགོས་པ་དེ་ཚོ་ཤེས་ཀྱི་མི་འདུག སྐབས་རེར་དུས་ཚོད་ཡོད་པའི་སྐབས་ལ་དྲ་རྒྱ་དེ་ཚོའི་ནང་དུ་བལྟ་གི་ཡོད། དེའི་འོག་ལ་མཆན་བརྒྱབས་པ་དེ་འདྲ་ཡང་བལྟ་གི་ཡོད། ྋརྒྱལ་བ་རིན་པོ་ཆེར་སྐྱོན་མེད་པ་ལ་སྐྱོན་བརྗོད་བྱེད་མཁན་གྱི་མི་དེ་ཚོ་ལ་ རྒྱབ་སྐྱོར་བྱས་ནས་ཁོའི་འགྲོ་བ་མིའི་ཐོབ་ཐང་རེད། སྨྲ་བརྗོད་རང་དབང་རེད་ཟེར་མཁན་དེ་འདྲ་གང་ལ་གང་འཚམ་ཞིག་ཐོན་ཡོང་གི་འདུག་ཨང་། དེར་རྒྱབ་སྐྱོར་བྱེད་མཁན་དེ་ཚོས་ཁོ་རང་ཚོ་སྨྱུག་ཐོགས་པ། ཤེས་ཡོན་ཅན་ཡིན་ཞེས་ཟེར་གྱི་ཡོད་རེད། ད་དུང་མིང་ཆེན་པོ་ཞིག་ཁྱེར་ནས་དེ་འདྲ་བྱེད་བསྡད་མཁན་མང་པོ་ཞིག་ཡོང་གི་འདུག ྋརྒྱལ་བ་རིན་པོ་ཆེར་སྐྱོན་ཡོད་པ་ཡིན་ན་དངོས་གནས་ཀྱི་སྐྱོན་བརྗོད་བྱ་ཆོག་གི་ རེད། ཡིན་ནའང་ྋརྒྱལ་བ་རིན་པོ་ཆེའི་ད་ལྟའི་དགོངས་པ་བཞེས་ཕྱོགས་ལྟ་བུ་ཞིག་ཡིན་ན་ ལོ་ནས་ལོ་བསྟུད་བང་བསྒྲིགས་ཏེ་ཕེབས་ནས་ད་ལྟའི་དེ་འདྲ་ཞིག་ལ་མར་བབས་གནང་གི་ ཡོད་རེད། དེ་འདྲའི་དགོངས་པ་རྒྱ་ཆེན་པོ་བཞེས་སྡོད་མཁན། འཛམ་བུ་གླིང་ནང་ལ་དབུ་ཁྲིད་འདི་ལྟ་བུ་ཞིག་མེད་པ་ཚང་མས་ཤེས་གསལ་རེད། བར་སྐབས་ཤིག་ལ་་ཚགས་པར་རྒྱག་མཁན་མང་པོ་ཞིག་རྡ་རམ་ས་ལར་འཚང་ཁ་ཤིག་ཤིག་གིས་ ཡོང་ནས་ཁོ་རང་ཚོ་ཧང་སངས་བསྡད་ཀྱི་འདུག་ཨང༌། ཁྱེད་རང་ཚོའི་དབུ་ཁྲིད་ནང་བཞིན་དབང་ཆ་མར་རྩིས་སྤྲོད་མཁན་དེ་ལྟ་བུ་ཞིག་ཡོད་ མ་རེད། ད་ཁྱེད་རང་ཚོས་དེ་ལ་བདག་པོ་རྒྱག་པའི་དུས་ཚོད་ལ་སླེབས་ཡོད་པ་མ་རེད་དམ་ཞེས་ ཁོ་ཚོས་ང་ལ་སྐད་ཆ་འདྲི་གི་འདུག དེར་བརྟེན་དབུ་ཁྲིད་འདི་འདྲ་ཞིག་གི་ཐོག་ལ་སྐུར་འདེབས་དང་སྒྲོ་བཏགས་མང་པོ་ ཞིག་བྱས་ཡོང་དུས་སེམས་ལ་ཤོང་གི་མི་འདུག མཚམས་མཚམས་སུ་ཁོང་ཁྲོ་ཟ་ཡོང་གི་འདུག བཟོད་བསྲན་བྱ་རྒྱུའི་ཐབས་ཤེས་མང་པོ་བྱེད་ཀྱི་ཡོད་རུང་ཁོང་ཁྲོ་ཟ་ཡོང་གི་འདུག བྱས་ཙང་དེ་རིང་གི་མཇུག་བསྡོམས་གཏམ་བཤད་འདིའི་ནང་དུ་འཁྱུག་ཙམ་ཞིག་བཤད་པ་ཡིན་ ན་ཕན་གྱི་རེད་བསམ་གྱི་མེད། གཅིག་བྱས་ན་ཚོགས་གཙོས་མཇུག་བསྡོམས་གཏམ་བཤད་དེ་འདྲ་བཤད་འདུག ང་ཚོའི་སྨྲ་བརྗོད་རང་དབང་ལ་དོ་ཕོག་གཏོང་གི་འདུག་ཅེས་དྲ་རྒྱའི་ནང་དུ་བྲིས་མ་ སྲིད་པ་མ་རེད། ཡིན་ནའང༌། དེ་ལྟ་བུར་གདོང་ལེན་མ་བྱས་པ་ཡིན་ན་དེའི་རིགས་མང་དུ་མང་དུ་ཕྱིན་ཏེ་ང་ཚོའི་ སྤྱི་ཚོགས་རུལ་འགྲོ་རྒྱུའི་ཉེན་ཁ་འདུག ད་ངས་ཐབས་རྡུགས་ནས་བཤད་པ་ཡིན་ན་མཚམས་རེར་ག་རེ་བསམ་གྱི་འདུག་ཟེར་ན། དེ་ངའི་བསམ་ཚུལ་ཙམ་ཞིག་རེད། དཔང་རྟགས་གང་ཡང་མེད། བོད་པའི་གནད་དོན་དང་རྒྱ་ནག་གི་མི་དགའ་སའི་གནད་དོན་གང་འདྲ་ཞིག་ཡིན་རུང་རྒྱ་ ནག་གིས་དྲ་རྒྱའི་བརྒྱུད་ལམ་ཐོག་ནས་ཁ་དམག་ཞེ་དྲག་རྒྱག་གི་འདུག་ཨང༌། རྡ་རམ་ས་ལར་ཆེད་མངགས་མི་འགའ་ཤས་ཤིག་བཙུགས་བཞག་མེད་དམ་བསམ་བསམ་དེ་འདྲ་བསམ་ བློའི་ནང་དུ་འཁོར་ཡོང་གི་འདུག དཔང་རྟགས་གང་ཡང་མེད། ག་རེ་རེད་ཟེར་ན། འབྲི་སྟངས། བརྗོད་བྱ། དེ་ཚོའི་གྲས་ལ་དུས་ཚོད་ཡོད་སྟངས་ལ་བལྟས་ཡོང་དུས་དེ་འདྲའི་ཚོར་བ་ཞིག་ཡོང་གི་ འདུག དེ་རིང་གི་གྲོས་ཚོགས་ཀྱི་ནང་དུ་ཞུ་འདོད་བྱུང་སོང༌།༽

  81. ལྷ་སྡེ་གནམ་ལོ་ཡག says:
    2011-04-07 at 11:27 am

    མི་ལོ་དྲུག་ཅུ་བརྒལ་བའི་རིང་རང་དབང་བྲལ་ཞིང་བཙན་གནོན་སྡུག་སྦྱོང་དང་འཇིགས་སྣང་རྒྱུན་ཆད་མེད་པའི་འོག་གནས་པའི་བོད་མི་རྣམས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང༌། ཡ་རབས་བཟང་པོའི་གོམས་གཤིས་སོགས་བོད་མིའི་ཐུན་མིན་ངོ་བོ་ཉམས་མེད་རྒྱུན་འཛིན་བྱས་པར་མ་ཟད། གཞོན་སྐྱེས་མི་རབས་གསར་པ་གནའ་བོའི་རང་དབང་བོད་ཀྱི་གནས་བབ་རྒྱུས་མངའ་མེད་པ་ཚོས་ཀྱང་སྙིང་སྟོབས་དང་ལྷག་བསམ་ཞུམ་པ་མེད་པའི་སྒོ་ནས་བོད་མིའི་བདེན་དོན་འཐབ་རྩོད་ཀྱི་རྒྱུན་འཛིན་བྱེད་བཞིན་ཡོད་པ་ནི་ངོ་མཚར་བསྔགས་འོས་ཀྱི་གནས་དང༌། བོད་མི་རིགས་ཀྱི་གཟི་བརྗིད་དང་རླབས་ཆེན་གྱི་བྱས་རྗེས་བཅས་ཡིན་པས་ལེགས་སོའི་དབུགས་དབྱུང་ཡོད།

    ༅། །སྤྱི་ནོར་ྋགོང་ས་ྋསྐྱབས་མགོན་ཆེན་པོ་མཆོག་ནས་གསུམ་བཅུའི་དུས་དྲན་ཐེངས་ ༥༢ པའི་ཐོག་ཡོངས་ཁྱབ་ཏུ་སྩལ་བའི་གསུང་འཕྲིན་ལས་དྲངས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme