Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ།

Posted on 2011-10-122011-10-12 By དབང་ཕྱུག་ 7 Comments on བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ།

pressrelease
༄༅། །བོད་ནང་ཕྱི་ལོ་ ༢༠༠༨ ལོར་ས་བྱི་ཞི་རྒོལ་ཆེན་མོ་བྱུང་བ་ནས་བཟུང་གནས་སྟངས་ཇེ་ཞན་ཇེ་སྡུག་ཏུ་ཕྱིན་ཡོད། ལྷག་པར་འདི་ལོ་ཕྱི་ཟླ་ ༣ ནས་རྒྱ་གཞུང་གིས་བཙན་བཟུང་དབང་བསྒྱུར་འོག་དྲག་གནོན་གྱི་སྲིད་བྱུས་རྒྱུན་འཛིན་ལག་བསྟར་མུ་མཐུད་བྱས་པར་བརྟེན་བཟོད་ཐབས་བྲལ་ཏེ་རྒྱ་གཞུང་ལ་ངོ་རྒོལ་ཆེད་བོད་མི་གཞོན་སྐྱེས་ཚོས་རང་ལུས་ཞུགས་འབུལ་གནང་བའི་གནས་ཚུལ་ཇེ་མང་ཇེ་མང་དུ་ཐོན་བཞིན་ཡོད།
བོད་ནང་གི་བོད་མི་ཚོས་འུ་ཐུག་ཐབས་ཟད་ཀྱི་བྱ་སྤྱོད་དེ་རིགས་མ་སྤེལ་ཐབས་མེད་ཆགས་པའི་རྒྱུ་རྐྱེན་གཙོ་བོ་ནི་ད་ལྟ་བོད་ནང་ཆབ་སྲིད་ཀྱི་དམ་བསྒྲགས་དང་རིག་གཞུང་རྩ་གཏོར། དཔལ་འབྱོར་དབྱེ་འབྱེད། ཁོར་ཡུག་གཏོར་བཤིག་ སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་ཡིན།
བོད་ནང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་གཞོན་སྐྱེས་བདུན་ཡོད་ཁོངས་བོད་བྱང་ཤར་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༢༡ སོན་པ་ཕུན་ཚོགས་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༣ ཚེས་ ༡༦ ཉིན་དང་། བོད་ཤར་ཕྱོགས་ཉ་མཚོ་དགོན་པའི་དགེ་འདུན་པ་རང་ལོ་ ༢༩ སོན་པ་ཚེ་དབང་ནོར་བུ་ལགས་ཀྱིས་ཕྱི་ལོ་ ༢༠༡༡ ཟླ་ ༨ ཚེས་ ༡༥ ཉིན་སོ་སོར་རང་ལུས་མེར་བསྲེགས་བཏང་རྗེས་འདས་གྲོངས་སུ་གྱུར་ཡོད། ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༧ ཉིན་དེ་སྔ་ཀིརྟི་དགོན་པར་ཆོས་ཞུགས་གནང་མྱོང་མཁན་རང་ལོ་ ༡༩ སོན་པ་སྐྱ་བོ་མཁའ་དབྱིངས་ལགས་དང་། རང་ལོ་ ༡༩ སོན་པ་ཆོས་འཕེལ་ལགས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་རྗེས། མཁའ་དབྱིངས་ལགས་ཕྱི་ཚེས་ ༨ ཉིན་དང་། ཆོས་འཕེལ་ལགས་ཕྱི་ཚེས་ ༡༡ ཉིན་སོ་སོར་འདས་གྲོངས་སུ་གྱུར་བའི་ཡིད་སྐྱོའི་གནས་ཚུལ་ཐོན་ཡོད།
དེ་བཞིན་རང་ལུས་མེར་བསྲེགས་གཏོང་མཁན་རྔ་པ་ཀིརྟི་དགོན་པའི་དགེ་འདུན་པ་རང་ལོ་ ༡༨ སོན་པ་བློ་བཟང་སྐལ་བཟང་ལགས་དང་རང་ལོ་ ༡༩ སོན་པ་བློ་བཟང་དཀོན་མཆོག་ལགས། རང་ལོ་ ༡༧ སོན་པ་སྐལ་བཟང་དབང་ཕྱུག་ལགས་བཅས་ད་ཆ་ས་གནས་གང་དུ་ཡོད་མེད་ཤེས་རྟོགས་མེད།
བོད་མིའི་སྒྲིག་འཛུགས་ཀྱིས་ཁོང་གསུམ་ད་ལྟ་གང་དུ་ཡོད་མེད་དང་། གནས་སྟངས་ཇི་འདྲ་ཡིན་མིན་ཐད་སེམས་འཚབ་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། རྒྱལ་གཅེས་པ་ཁོང་རྣམ་པའི་བློས་བཏང་ལ་རྗེས་སུ་ཡི་རངས་ཞུ་རྒྱུ་དང་དཔའ་ངར་ལྡན་པའི་ཐོག་རང་དབང་གི་འབོད་སྒྲ་སྒྲོག་མཁན་ད་ལྟ་བཙོན་ཁང་དུ་ཡོད་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུ་ཡིན།
བོད་ནང་གི་གནས་སྟངས་ཧ་ཅང་ཚབས་ཆེན་པོ་ཆགས་པའི་དུས་སྐབས་འདིར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་དང་རང་དབང་ལ་དགའ་བའི་རྒྱལ་ཁབ་དང་མི་མང་ཚོས་བོད་མི་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་གནང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
ད་ལྟ་བོད་ནང་མངོན་པར་མི་གསལ་བའི་དྲག་པོའི་དམག་ཁྲིམས་འོག་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཇེ་མང་དུ་འགྲོ་བཞིན་པའི་སྐབས་འདིར། རྒྱལ་སྤྱིའི་ཚོགས་པ་ཁག་གིས་བོད་ནང་དམ་བསྒྲགས་མཚམས་འཇོག་བྱ་རྒྱུ་དང་སྨྲ་བརྗོད་རང་དབང་སྤྲོད་རྒྱུ། འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཡར་རྒྱས་གཏོང་རྒྱུ་དང་། ལྷག་པར་བོད་རྒྱ་མི་རིགས་གཉིས་ཕན་ཆེད་བོད་ཀྱི་དངོས་ཡོད་དཀའ་ངལ་དེ་དག་གྲོས་མོལ་གྱི་ལམ་ནས་སེལ་རྒྱུར་རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ལ་གནོན་ཤུགས་སྤྲོད་དགོས། ཕྱོགས་མཚུངས་རྒྱལ་སྤྱིའི་ཚོགས་པ་ཁག་དང་གསར་འགོད་པ་རྣམས་ལ་བོད་ནང་གི་དངོས་ཡོད་གནས་ཚུལ་ཇི་ཡིན་ཞིབ་འཇུག་ཆེད་སྐུ་ཚབ་འཕྲལ་མར་གཏོང་རོགས་ཞེས་འབོད་སྐུལ་ཞུ་རྒྱུ་ཡིན།
བཀའ་ཤག་དང་བོད་མི་མང་སྤྱི་འཐུས་ལྷན་ཚོགས་གཉིས་ཀྱིས་ཟུང་འབྲེལ་ཐོག་རྒྱ་གར་གཙོས་རྒྱལ་སྤྱིའི་སྟེང་བོད་ནང་གི་དངོས་ཡོད་ཛ་དྲག་གི་དཀའ་ངལ་ཇེ་ཆེར་འགྲོ་བཞིན་པའི་གནས་སྟངས་གསལ་སྟོན་གྱི་ལས་གཞི་ལག་བསྟར་ཞུ་རྒྱུ་ཡིན།
རང་དབང་ལུང་པར་གནས་པའི་བོད་རིགས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཕྱར་གྲུ་མཉམ་འདེགས་ཐོག་འབྲེལ་ཡོད་ས་གནས་སོ་སོར་བོད་ནང་ཛ་དྲག་གི་གནས་སྟངས་སྐོར་གོ་རྟོགས་རྒྱ་ཁྱབ་ཏུ་སྤེལ་རྒྱུ་དང་། ལས་འགུལ་དེ་རིགས་སྤེལ་སྐབས་འཚེ་བ་མེད་པ་དང་ས་གནས་སོ་སོའི་ཡུལ་ཁྲིམས་ལ་བརྩི་བཀུར་ཐོག་ཚུལ་མཐུན་གྱི་ལམ་ནས་སྤེལ་རྒྱུར་འབོད་སྐུལ་ཞུ་རྒྱུ།
བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་མཆོད་འབུལ་སྨོན་ལམ་དང་། ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པར་བརྟེན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་དེར་མཉམ་ཞུགས་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན།
ང་ཚོས་བོད་ནང་རང་སྲོག་བློས་བཏང་གནང་མཁན་གྱི་གཞིས་ལུས་བོད་རིགས་སྤུན་ཟླ་ཚོའི་སྡུག་བསྔལ་མཉམ་མྱོང་ཐོག་གཞིས་བྱེས་བོད་རིགས་ཐུན་མོང་གི་མངོན་འདོད་ལྷུན་གྱིས་འགྲུབ་ཆེད་རྒྱབ་སྐྱོར་དང་རྗེས་སུ་ཡི་རངས་ཞུ་རྒྱུ་ཡིན། བཀའ་སྤྱི་ཐུན་མོང་ནས་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༢ ལ། །

བོད་མི་མང་སྤྱི་འཐུས་ལྷན་ཚོགས། བཀའ་ཤག།

གསལ་བསྒྲགས།

Post navigation

Previous Post: བོད་ཡང་དག་པར་བརྗོད་པ་ཞེས་བྱ་བའི་མདོའི་གཏམ་གྱི་རྣམ་གྲངས།
Next Post: དམར་ཤོག་གཞུང་འཛིན་ཚོགས་པ་འདར་སིག་རྒྱག་གིན་འདུག

Comments (7) on “བོད་ནང་གི་ཛ་དྲག་གནས་སྟངས་ཐད་བཀའ་སྤྱི་ཐུན་མོང་གི་བསྒྲགས་གཏམ།”

  1. བཙན་སྨྱོན་ནས་། says:
    2011-10-12 at 1:02 pm

    ༄བོད་ཡུལ་བདེ་བའི་སྨོན་ལམ་བཞུག་སོ་།། སྐྱབས་གནས་བསླུ་མེད་དཀོན་མཆོག་རྩ་བ་གསུམ་། ཁྱད་པར་གང་ཅན་མགོན་པོ་སྤྱན་རས་གཟིགས་། རྗེ་བཙུན་སྒྲོལ་མ་གུ་རུ་པདྨ་འབྱུང་། གསོལ་བ་འདེབས་སོ་ཐུགས་དམ་ཞལ་བཞེས་དགོངས་། སྨོན་ལམ་ཡོངས་སུ་འགྲུབ་པར་བྱིན་གྱས་རློབས་། སྙིགས་དུས་འགྲོ་རྣམས་བསམ་སྦྱོར་ལོག་པ་དང་། ཕྱི་ནང་འབྱུང་བ་འཁྲུགས་པའི་རྒྱུ་རྐྱེན་གྱིས་། སྔར་མ་གྲགས་པའི་མི་ཕྱུགས་དལ་ཡམས་ནད་། གཟའ་ཀླུ་རྒྱལ་གདོན་ནག་ཕྱོགས་འབྱུང་པོའི་ཟེར་། བཙའ་སད་སེར་གསུམ་ལོ་ཉེས་དམག་འཁྲུག་རྩོད་། ཆར་ཆུ་མི་སྙོམས་གངས་ཆེན་བྲག་བྱིའི་ཐན་། ས་གཡོ་མེ་དགྲ་འབྱུང་བཞིའི་འཇིགས་པ་དང་། ཁྱད་པར་བསྟན་ལ་འཚེ་བའི་མཐའ་དམག་སོགས་། གངས་ཅན་ལྗོངས་འདིར་གནོད་འཚེའི་རིག་མཐའ་དག་། མྱུར་དུ་ཞི་ཞིང་རྩད་ནས་འཇོམས་གྱུར་ཅིག་། མི་དང་མི་མིན་འགྲོ་བ་མཐའ་དག་གི་། རྒྱུད་ལ་བྱང་ཆུབ་སེམས་མཆོག་རིན་པོ་ཆེ་། ངང་གི་སྐྱེས་ནས་གནོད་འཚེའི་བསམ་སྦྱོར་བྲལ་། ཕན་ཚུན་བྱམས་པའི་སེམས་དང་ལྡན་ནས་ཀྱང་། བོད་ཡུལ་མཐའ་དབུས་བདེ་སྐྱིད་དཔལ་གྱིས་འབྱོར་། སངས་རྒྱས་བསྟན་པ་དར་རྒྱས་ཡུན་གནས་ཤོག་། རྩ་གསུམ་རྒྱལ་བ་སྲས་བཅས་བདེན་པའི་སྟོབས་། འཁོར་འདས་དགེ་བའི་རྩ་བགང་མཆིས་དང་། བདག་ཅག་ལྷག་བསམ་རྣམ་པར་དཀར་བའི་མཐུས་། གསོལ་བཏབ་སྨོན་པའི་འབྲས་བུ་འགྲུབ་གྱུར་ཅིག་།

  2. རག་ཕྱགས་རྡོར says:
    2011-10-12 at 2:41 pm

    ངོ་མ་དགའ་སོང་འུ་ཅག་ཚང་གི་དབུ་འཁྲིད་ན་གཞོན་གཉིས་ཀྱིས་ལས་འགུལ་གང་མང་སྤེར་བའི་ཆ་གཞི་འདུག་ཁྱེད་རྣམས་གཉིས་ལ་གཞི་བྱེས་གཉིས་ཀྱིས་ཡིད་ཆེས་ཚང་མ་ཁྱེད་རང་གཉིས་ལ་བྱས་ཡོད་ད་ཡིན་ན་རེ་བ་ཆུ་ཟོས་སུ་མ་གཏོང་གྲོགས་མཆོག་གཉིས་རྒྱབ་བཅོལ་ཆ་ཚང་ཡོད་ངོ་མ

  3. སྐྱུ་རྩི་ནས། says:
    2011-10-13 at 12:43 am

    ཐུགས་རྗེ་ཆེ། ཕྱིས་མ་དྲག་ན་སྔ་དྲག་མ་སོང་། གུས་ཀྱི་རེ་བར་བཙན་བྱོལ་གཞུང་ནས་རྔ་བའི་དཔའ་བོས་སྐུ་ལུས་ཞུགས་སུ་ཕུལ་བ་དེའི་ཞིབ་ཕྲའི་གནས་ཚུལ་རྣམས་རྒྱལ་སྤྱིར་དྲིལ་བསྒྲགས་ཤུགས་ཆེན་པོ་གནང་དགོས་ཀྱི་འདུག སྒེར་གྱི་ཚོགས་པས་དྲིལ་བསྒྲགས་གནང་བ་ལས་གཞུང་རང་ནས་གནང་ན་ནུས་པ་ཐོན་པ་འོང་ངེས།

  4. ཀུན་གསལ་ཟླ་བ། says:
    2011-10-13 at 12:53 am

    ཤིན་ཏུ་ནས་བཀའ་དྲིན་ཆེ།

  5. གུ་རུའི་སྲས། says:
    2011-10-13 at 3:17 am

    སྤྱི་མཐུས་ཀྱིས་གྲོས་ཆོད་རྫིག་པོ་མང་པོ་བཞག་སོང་།
    དེ་སྔ་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མའི་སྐོར་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་ཀྱི་སྐོར་སོགས་རེད།
    གྲོས་ཆོད་བཞག་ཀྱང་བཀའ་ཤག་གིས་ལས་འགུལ་གཅིག་ཀྱང་སྤེལ་མ་སོང་།
    ཐ་ན་བཀའ་བློན་ཚོས་གཏམ་བཤད་སྤེལ་སྐབས་ཁོང་ཚོའི་མཚན་ཟུར་ཡང་ཐོན་གྱི་མི་འདུག

    མི་རབས་གསར་བའི་བཀའ་ཤག་དེ་འདྲ་མིན་པ་ཤོག

  6. གྲགས་པ་རྒྱ་མཚོ་ says:
    2011-10-13 at 5:05 am

    བཀའ་སྤྱི་གཉིས་ཀྱིས་ལས་འགུལ་གྱི་འགོ་ཁྲིད་ནས་བོད་ནང་གི་དཔའ་བོ་ཚོར་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་དགའ་བསུ་ཞུ། དེ་སྔོན་གྱི་ཛ་དྲག་ཚོགས་ཆུང་གི་གནང་སྟངས་ནང་བཞིན་མི་གནང་བར་ཞུ། ད་དུང་བཀའ་ཁྲི་མཆོག་གིས་དེ་སྔོན་ང་ཚོས་གོ་སྐབས་དེ་ཚོ་འཆོར་ཆུག་ཉན་གྱི་མ་རེད་གསུངས་པ་དེ་ཚོ་དྲན་ཡོང་གི། ད་རེས་དངོས་གནས་གོ་སྐབས་ཧ་ཅང་གི་ཆེན་པོ་ཞིག་རེད། བོད་ནང་གི་གནས་སྟངས་ག་ཚོད་ཀྱིས་ཛ་དྲག་ཏུ་ཕྱིན་པ། དེ་ཚོད་ཀྱིས་ང་ཚོར་གོ་སྐབས་རག་གི་ཡོད། ང་ཚོས་གོ་སྐབས་ཤིག་བླངས་ནས་རྒྱལ་སྤྱིའི་ཐོག་ཞུ་གཏུགས་ཤུགས་ཆེ་གནང་རྒྱུ་དེ་ཧ་ཅང་གི་གལ་གནད་ཆེ་བར་མཐོང་། གཞིས་ལུས་དཔའ་བོ་ཚོས་ག་ཚོད་ཀྱིས་བློས་བཏང་བྱས་པ་དེ་ཚོད་ཀྱིས་ང་ཚོ་ཕྱི་ཕྱོགས་ན་ཡོད་པའི་གཞུང་གི་ངོས་ནས་འགན་རྐང་ལེན་གནང་རྒྱུ་དེ་ཁུར་དུ་བབ་པའི་མཛད་འགན་ཡང་རེད་སྙམ།

  7. རྡོ་ཤུལ། says:
    2011-10-14 at 2:41 am

    བོད་མིའི་སྒྲིག་འཛུགས་ཀྱིས་གཞིས་བཞུགས་བོད་རིགས་སྤུན་ཟླ་ཚོར་རྒྱབ་སྐྱོར་དང་གདུང་སེམས་མཉམ་བསྐྱེད་ཞུ་ཆེད་ཕྱི་ལོ་ ༢༠༡༡ ཟླ་ ༡༠ ཚེས་ ༡༩ རེས་གཟའ་ལྷག་པ་ཉིན་མཆོད་འབུལ་སྨོན་ལམ་དང་། ཉིན་གཅིག་རིང་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུ་རྒྱུ་ཡིན་པར་བརྟེན། འཛམ་གླིང་ས་ཕྱོགས་གང་སར་གནས་པའི་བོད་རིགས་སྤྱི་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ཉིན་བརྒྱ་དུས་གཅིག་ཏུ་ལས་འགུལ་དེར་མཉམ་ཞུགས་གནང་རོགས་ཞེས་རེ་འདུན་ཞུ་རྒྱུ་ཡིན། འདི་ལ་ཚང་མས་རྒྱབ་སྐྱོར་ཤུགས་ཆེན་གནང་ཐུབ་པའི་རེ་བ་ཆེན་པོ་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme