Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་སྲིད།

Posted on 2012-02-06 By དབང་ཕྱུག་ 13 Comments on བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་སྲིད།

༼བོད་ཀྱི་བང་ཆེན་དྲ་ཚིགས་ནས་འདིར་འདྲེན་བཀོད་ཞུས་པ་ལགས༽

ང་ཚོའི་འཐབ་རྩོད་དེའི་འགོ་ཁྲིད་མཁན་དེ་བོད་ནང་གི་མི་མང་ཚོ་རེད། བོད་ནང་གི་གནས་སྟངས་དང་བསྟུན་ནས་འགྲོ་དགོས་རེད་མ་གཏོགས། ང་ཚོས་ལས་འཆར་ཞིག་བཟུང་ནས་དེའི་ཐོག་ལ་འགྲོ་དགོས་ཟེར་རྒྱུ་ཡོད་མ་རེད་ཅེས་ ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་གསུངས་སོང་།
ཟླ་འདིའི་ཚེས་༦ ཉིན་གྱི་སྔ་དྲོ་ཆུ་ཚོད་༡༡ ཐོག་དྷ་ས་གངས་སྐྱིད་ཕྱི་དྲིལ་ལྷག་པ་ཚེ་རིང་དྲན་རྟེན་ཚོགས་ཁང་དུ་ཕྱི་དྲིལ་བཀའ་བློན་བདེ་སྐྱིད་ཆོས་དབྱངས་མཆོག་གིས་བོད་ནང་གི་ཛ་དྲག་གནས་བབ་སྐོར་ལ་གསར་ འགོད་ལྷན་ཚོགས་ཤིག་བསྐོང་ཡོད་པ་རེད།
སྐབས་དེར་ཡིག་ཐོག་གསལ་བསྒྲགས་ཤིག་སྤེལ་བའི་ནང་བོད་མདོ་ཁམས་གསེར་རྟོ་ རྫོང་ཕུ་འུ་ཡུལ་ཚོའི་ནང་བོད་མི་གསུམ་གྱིས་རང་ལུས་མེར་བསྲེག་གིས་རྒྱ་ནག་ གཞུང་ལ་ངོ་རྒོལ་བྱས་པར་སེམས་འཚབ་ཡོད་སྐོར་དང་། ཁོང་གསུམ་གྱི་ད་ལྟའི་གནས་སྟངས་གསལ་པོ་ཤེས་རྟོགས་མེད་སྐོར་འཁོད་ཡོད་པ་རེད།
བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་སྲིད་སྐོར་འཁོད་དོན། “བོད་ཀྱི་རྒྱལ་ས་ལྷ་ས་དང་ལྷ་སའི་ཉེ་འཁོར་གྱི་སེ་ར་འབྲས་སྤུངས། དགའ་ལྡན་བཅས་དགོན་སྡེ་ཆེ་ཁག་ནང་ད་ཆ་དམག་མི་དང་ཉེན་རྟོག་མི་སྣ་མང་དུ་བཏང་སྟེ་རྒྱལ་ས་ལྷ་སའི་ནང་བོད་མི་འགྲོ་བསྐྱོད་ལ་དམ་དྲག་ཤུགས་ཆེ་རུ་བཏང་བ་སོགས་ ཀྱི་བྱ་སྤྱོད་ལ་བརྟེན་ནས་གནས་སྟངས་དེ་བས་ཚབས་ཆེ་རུ་འགྲོ་སྲིད་”ཅེས་འཁོད་ཡོད་པ་རེད།
མུ་ མཐུད་གསལ་བསྒྲགས་དེའི་ནང་བོད་མིའི་གནས་བབ་ཛ་དྲག་ཆགས་ཉེན་ཡོད་སྐོར་འཁོད་དོན། “ཕྱི་ཟླ་ ༢ ཚེས་ ༢༢ ཉིན་བོད་པའི་ལོ་གསར་དང་ཕྱི་ལོ་ ༡༩༥༩ ལོར་བོད་མི་ཚོས་རྒྱ་ནག་དབང་བསྒྱུར་ལ་ཞི་རྒོལ་བྱས་ནས་མི་ལོ་ ༥༣ འཁོར་བའི་དུས་དྲན་དེ་བཞིན་ཕྱི་ཟླ་ ༣ ཚེས་ ༡༠ ཉིན་ཁེལ་གྱི་ཡོད་སྟབས། བོད་མི་དེ་བས་མང་བ་ཚེ་སྲོག་ཤོར་རྒྱུའི་འཇིགས་སྣང་ཡོང་བཞིན་འདུག་”ཅེས་རྒྱལ་སྤྱིའི་ཐོག་ནས་རྒྱ་ནག་ལ་བོད་མི་ཚོར་དྲག་གནོན་དང་མེད་རྒྱག་རྒྱུ་མཚམས་འཇོག་ ཡོང་བའི་འབོད་སྐུལ་གནང་དགོས་སྐོར་དང་། “རང་ལུས་མེར་བསྲེག་གཏོང་དགོས་ཐུག་པ་དེར་གཞིགས་ཚེ་ད་ཆ་བོད་ནང་དུ་རྒྱ་མིས་དམ་ དྲག་ཅན་གྱི་སྲིད་བྱུས་སྔར་བས་ཤུགས་ཆེ་རུ་བཏང་ཡོད་པ་ང་ཚོས་གསལ་པོར་རྟོགས་ ཐུབ་”ཅེས་བོད་དོན་འཐབ་རྩོད་བྱེད་རྒྱུར་ཆོད་སེམས་བརྟན་པོ་ཡོད་སྐོར་འཁོད་ཡོད་པ་རེད།
དེ་བཞིན་རྒྱལ་སྤྱིའི་ཐོག་ནས་བོད་དོན་རྒྱལ་སྐྱོར་དགོས་སྐོར་དང་། ཟླ་འདིའི་ཚེས་༨ ཉིན་བོད་ནང་གི་ལས་འགུལ་ཁག་ལ་བཙན་བྱོལ་ནང་ནས་གདུང་སེམས་མཉམ་བསྐྱེད་ཆེད་བསྔོ་ སྨོན་མཆོད་འབུལ་དང་མར་མེའི་ཁྲོམ་སྐོར་གྱི་ལས་འགུལ་སྤེལ་རྒྱུ་ཡིན་སྐོར་སོགས་འཁོད་ཡོད་པ་རེད།

སྐབས་དེར་གསར་འགོད་པས་དྲི་ཁག་ཅིག་བཏང་བར། བཀའ་བློན་གྱིས་དྲིས་ལན་གནང་བ།

དྲི་བ། བོད་མིས་རང་ལུས་མེར་བསྲེག་གི་ལས་འགུལ་མ་སྤེལ་སྔོན་ནས་རྒྱལ་སྤྱིའི་ཐོག་རྒྱབ་ སྐྱོར་ཞིགོཡོད་པ་རེད། རང་ལུས་མེར་བསྲེག་གི་ལས་འགུལ་མང་པོ་བྱུང་རྗེས་དང་བསྡུར་ན། རྒྱལ་སྤྱིའི་ཐོག་བོད་དོན་རྒྱབ་སྐྱོར་ལ་འགྱུར་བ་ག་རེ་ཕྱིན་ཡོད་པ་རེད།

ལན། ད་ལྟའི་བར་དུ་ང་ཚོས་ཞི་བའི་ལམ་ནས་འཐབ་རྩོད་བྱས་པ་རེད། དེང་སང་རང་ལུས་མེར་བསྲེག་གི་ལམ་ནས་རྩ་དོན་འཐབ་རྩོད་ཅིག་བྱེད་ཀྱི་ཡོད་པས། རྒྱལ་སྤྱིའི་ནང་ལ་འཐབ་རྩོད་དེ་མངོན་གསལ་དོད་པོ་ཞིག་བྱུང་ནས། རྒྱབ་སྐྱོར་ག་འདྲ་ཞིག་ཡོང་གི་ཡོད་མེད་མ་འོངས་པར་ང་ཚོས་བལྟ་དགོས་རེད། ཡིན་ན་ཡང་རང་ལུས་མེར་བསྲེག་གི་གནས་ཚུལ་དེ་བྱུང་ནས། འགྱུར་ལྡོག་ག་རེ་བྱུང་པ་རེད་ཟེར་ན། རྒྱལ་སྤྱིའི་སྡིངས་ཆའི་ཐོག་ནས་བོད་ནང་ལ་དཀའ་ངལ་ཞིག་ཡོད་པ་ཏན་ཏན་ཤེས་ཡོད་པ་ དང་། དཀའ་ངལ་དེ་ག་རེ་ཡིན་མིན་གྱི་ཐད་ལ་དོ་སྣང་ཤུགས་ཆེ་རུ་སོང་ཡོད་པ་རེད། དེར་བརྟེན་ང་ཚོས་བོད་ནང་གི་བོད་མི་ཚོའི་ཚབ་བྱས་ནས། ཁོང་ཚོའི་མངོན་འདོད་གཙོ་བོ་གང་ཡིན་རྒྱལ་སྤྱིའི་ཐོག་ལ་གསལ་པོ་བཟོ་དགོས་པ་གལ་ ཆེན་པོ་རེད། རང་ལུས་མེར་བསྲེག་གི་གནས་ཚུལ་དེ་སོ་སོ་སྒེར་གྱི་གནད་དོན་ཞིག་མ་རེད། ཁོང་ཚོའི་འབོད་སྒྲ་དང་དམིགས་ཡུལ་གཅིག་པ་ཡིན་པས། བོད་སྤྱིའི་ཐོག་ལ་དཀའ་ངལ་ཞིག་འཕྲད་ནས་དེ་འདྲའི་གནས་ཚུལ་ཞིག་བྱུང་བ་ཏན་ཏན་ རེད།

དྲི་བ། བོད་ནང་གི་ལས་འགུལ་སྤེལ་ཕྱོགས་ལྟ་བུ་ཞིག་ཡིན་ན། བོད་དོན་འཐབ་རྩོད་ཆེད་ལས་འགུལ་གསར་པ་མང་དུ་འགྲོ་ཡི་ཡོད་པ་རེད། དེང་སྐབསརང་ལུས་མེར་བསྲེག་གཏོང་མཁན་མང་དུ་སོང་བ་དང་། འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་རུ་སོང་ཡོད་པ་རེད། བཙན་བྱོལ་བོད་གཞུང་ངོས་ནས་ལས་འགུལ་གསར་པ་ག་རེ་ཡོད་དང་། བོད་ནང་གི་ལས་འགུལ་ལ་དཔག་པའི་གྲ་སྒྲིག་གང་ཡོད།

ལན། ང་ཚོ་མི་ཚང་མ་གཅིག་པ་རེད། མ་འོངས་པར་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་ཤེས་ཐུབ་ཀྱི་མ་རེད། ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ན། བཀའ་བློན་ཁྲི་པས་གསུངས་པ་ནང་བཞིན་ལངས་ཕྱོགས་དེ་རང་རེད། དེ་རིང་ང་ཚོས་ཀྱང་མུ་མཐུད་ནས་ལངས་ཕྱོགས་དེའི་ཐོག་ནས་ཞུ་ཡི་ཡོད།

དྲི་བ། ཁྱེད་རང་གིས་གསུངས་པ་ལྟར་བྱས་ན། གནས་སྐབས་གནས་སྐབས་ལ་བལྟས་ནས་ལས་འགུལ་སྤེལ་རྒྱུ་ཡིན་གསུངས་སོང་། གནས་སྐབས་གནས་སྐབས་ཀྱི་ལས་འགུལ་སྤེལ་བ་ཡིན་ན་ལས་འགུལ་གྱི་ནུས་པ་ཤུགས་ཆེན་ པོ་ཐོན་གྱི་རེད་དམ།

ལན། ང་ཚོས་གནས་སྟངས་ལ་ལྟ་ཞོར་ལྟ་ཞོར་གྱིས་ལས་འགུལ་སྤེལ་ཟེར་བ་དེ། སྤྱིར་བཏང་གི་དེ་འདྲ་ཞིག་ཞུས་པ་ཡིན་མ་གཏོགས་ཐ་མའི་དམིགས་ཡུལ་དེ་ང་ཚོས་རྒྱལ་ ཁབ་ལེན་ཐུབ་པ་དང་། བོད་ནང་གི་བོད་མི་ཚོར་རང་དབང་དང་བདེ་སྐྱིད་ཡོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་ རེད། དེ་ལྟ་བུའི་དམིགས་ཡུལ་བསྒྲུབ་ཐབས་གཙོ་བོ་དེ་བོད་རྒྱ་འབྲེལ་མོལ་གྱི་ལམ་ནས། ཡོང་དགོས་པའི་ཐད་ལ་ང་ཚོས་ག་དུས་ཡིན་ན་ཡང་ལས་འགུལ་སྤེལ་གྱི་ཡོད་པ་རེད། གནས་སྟངས་ལ་བལྟ་ཞོར་བལྟ་ཞོར་ལས་འགལ་སྤེལ་དགོས་རེད་ཟེར་བ་དེ། ཕྱོགས་གཅིག་ནས་བལྟས་ན་དེ་འདྲའི་ལས་འགུལ་སྤེལ་དགོས་རེད་བསམ་གྱི་འདུག། དཔེར་གཞག་ན་ང་ཚོ་བཙན་བྱོལ་པ་ཚོས་བོད་ནང་ལ། ཉེ་དུས་ཀྱི་གནས་ཚུལ་འདི་འདྲ་ཞིག་ཡོང་གི་རེད་ཟེར་ནས་ལོ་བཞིའི་སྔོན་ནས་སུས་ ཞུ་ཤེས་ཀྱི་རེད། གནས་ཚུལ་འདི་ང་ཚོའི་བསམ་ཡུལ་ལ་མེད་པ་ཞིག་བྱུང་ཡོད་རེད། དེ་འདྲ་ཡིན་དུས་བོད་ནང་གི་གནས་སྟངས་དང་བསྟུན་ནས་ང་ཚོས་ལས་འགུལ་སྤེལ་དགོས་ རེད་མ་གཏོགས། ང་ཚོ་བཙན་བྱོལ་དུ་བསྡད་ནས་བོད་ནང་གི་གནས་སྟངས་འདི་འདྲ་ཞིག་ཡིན་རྒྱུ་རེད། ང་ཚོས་འདི་འདྲ་བྱེད་དགོས་རེད་ཟེར་རྒྱུ་ཡོད་མ་རེད། ང་ཚོའི་འཐབ་རྩོད་དེའི་འགོ་ཁྲིད་མཁན་དེ་བོད་ནང་གི་མི་མང་ཚོ་རེད། བོད་ནང་གི་གནས་སྟངས་དང་བསྟུན་ནས་འགྲོ་དགོས་རེད་མ་གཏོགས། ང་ཚོས་ལས་འཆར་ཞིག་བཟུང་ནས་དེའི་ཐོག་ལ་འགྲོ་དགོས་ཟེར་རྒྱུ་ཡོད་མ་རེད།

དྲི་བ། ད་ལྟའི་ཆར་བོད་མི་ཉི་ཤུ་ཙམ་གྱིས་རང་ལུས་མེར་བསྲེག་བཏང་ཚར་བ་རེད། ཟླ་བ་ཁ་ཤས་ཤིག་གི་རྗེས་ལ་མི་ཉིས་བརྒྱ་ལྷག་གིས་རང་ལུས་མེར་བསྲེག་གཏོང་གི་མ་ རེད་ཟེར་ཐུབ་ཀྱི་མ་རེད། གལ་ཏེ་དེ་འདྲའི་གནས་ཚུལ་ཞིག་བྱུང་བ་ཡིན་ན་འདིར་གྲ་སྒྲིག་ག་རེ་བྱེད་དགོས་པ་རེད།

ལན། གནས་ཚུལ་འདི་དེ་འདྲའི་ཚབས་ཆེན་པོ་ཞིག་མི་ཆགས་རྒྱུ་ང་ཚོའི་རེ་བ་ཡིན། གལ་ཏེ་དེ་འདྲའི་གནས་ཚུལ་ཞིག་བྱུང་བ་ཡིན་ན། སྐབས་ཐོག་གི་གནས་སྟངས་དང་བསྟུན་ཏེ་བསམ་བློ་གཏོང་རྒྱུ་རེད། ང་ཚོས་ག་དུས་ཡིན་ན་ཡང་རྒྱ་གཞུང་དང་ཞི་མོལ་གྱི་ཐོག་ནས་བོད་མི་མང་གི་དཀའ་ངལ་ སེལ་ཐུབ་པའི་འབོད་སྐུལ་ཞུ་ཡི་ཡོད།
མཐའ་མའི་བསྐྱར་བཅོས། ( ‘༢༠༡༢, ༠༢, ༦’ )

གསལ་བསྒྲགས།

Post navigation

Previous Post: གནམ་གང་ཉིན་སྐད་ཡིག་བགྲོ་གླེང་ཚོགས་འདུའི་གསལ་བརྡ།
Next Post: རང་སྲིད་རང་སྐྱོང་དང་རྒྱལ་ཁབ་ཚུར་ལེན།

Comments (13) on “བོད་ནང་གི་གནས་སྟངས་ཚབས་ཆེ་རུ་འགྲོ་སྲིད།”

  1. བོན་རྒྱ་བསྟན་འཛིན་རབ་རྒྱས། says:
    2012-02-06 at 11:53 am

    རིག་བཟང་མ་ལན་ཚ་བོ་གནང་འདུག དེ་ནི་བསམ་བློ་གནད་སྨིན་བཏང་བའི་ཏན་རྟགས་རེད། “ང་ཚོའི་འཐབ་རྩོད་དེའི་འགོ་ཁྲིད་མཁན་དེ་བོད་ནང་གི་མི་མང་ཚོ་རེད། བོད་ནང་གི་གནས་སྟངས་དང་བསྟུན་ནས་འགྲོ་དགོས་རེད་མ་གཏོགས། ང་ཚོས་ལས་འཆར་ཞིག་བཟུང་ནས་དེའི་ཐོག་ལ་འགྲོ་དགོས་ཟེར་རྒྱུ་ཡོད་མ་རེད།”མཁས་དབང་ཟམ་གདོང་གི་སྡོམ་ཚིག་ཅིག་དང་ཤིན་ཏུ་འདྲ་བོ་འདུག

  2. དྲང་བདེན། says:
    2012-02-06 at 12:07 pm

    འདི་ནི་ངོ་ཚ་བྲལ་བའི་གཏམ་ཞིག་རེད། བོད་ནང་གི་བོད་མི་ཚོར་ཐབས་ཤེས་ཡོད་རྒུས་འབོད་སྐུལ་བྱས། འགོ་ཁྲིད་མཁན་ཡིན་ཞེས་བཤད། ༧གོང་ས་མཆོག་གིས་སྨོན་ལམ་འདོན་གྱི་ཡོད་ཅེས་ཀྱང་ལབ། ག་ལེར་ག་ལེར་ཁོང་ཚོ་གང་མང་མང་མེར་བསྲེགས་རྒྱུར་འབོད་སྐུལ་བྱེད་པ་འདི་དངོས་གནས་དབུ་ཁྲིད་ཡོད་པའི་ཡོད་གོ་མ་ཆོད་པའི་རྟགས་རེད། གླེན་པ་གླེན་ནག་གིས་སྐད་ཆ་བཤད་སྟངས་རེད། ད་དུང་ཞེ་དྲག་ཆབ་སྲིད་ཀྱི་སྐད་ཆ་ཡིན་བསམས་ཀྱིན་མེད་འགྲོ ཚོང་པ་དང་ཁྲམ་པ་འདི་ཚོས་བོད་ནང་གི་བོད་མི་ཚོ་མ་གཞི་ནས་མི་ཞིག་ལ་བརྩི་རྩིས་མི་འདུག

  3. བྱེ་རླུང་འཚུབ་མ། says:
    2012-02-06 at 1:44 pm

    དྲང་མོར་བཤད་ན་ང་ཚོས་ཅི་ཞིག་བྱེད་དགོས་རེད། རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གིས་རང་ལུས་མེ་རུ་སྒྲོན་པའི་ཤུལ་འདིར་ད་ང་ཚོར་ལས་འགན་ཅི་ཞིག་ལྷག་འདུག ངས་བསམ་ན་དྲིལ་བསྒྲགས་ཀྱི་ནུས་པའི་ཐོག་ལ་ཤུགས་རྒྱག་དགོས་རེད། ངས་རང་ཅག་གི་བཀའ་ཁྲི་འོས་བསྡུས་སྐབས་ཀྱི་བློ་སེང་གི་སྐད་ཆ་ཞིག་ཡིད་ལ་དྲན་བྱུང་། ཁོང་གིས་བཤད་རྒྱུར་སྟོང་ལོ་བརྒྱད་པའི་མི་དམངས་སྒེར་ལངས་ཆེན་མོའི་སྐབས་སུ་རང་གཞུང་ནས་དྲིལ་བསྒྲགས་ཐད་ཀྱི་ལས་དོན་འཐུས་ཤོར་ཕྱིན་འདུག་བསམ་བསམ་མང་པོ་འདུག་ཅེས་བའི་སྐད་ཆ་འདི་རེད། གང་ལྟར་ད་ལྟའི་དུས་འདིར་ང་ཚོས་ངེས་པར་དུ་དྲིལ་བསྒྲགས་ཐོག་ལ་ཤུགས་རྒྱག་དགོས་རེད།

  4. ཁཱ་ཏ་ཁ་ཏ་བ། says:
    2012-02-06 at 2:24 pm

    རེད་རེད་། ད་ག་རང་གི་ཐོག་ཞི་བུ་བྱེད་རྒྱུ་ཡོད་ཚུལ་སྐོར་ལན་མང་གོ་སོང་། ད་དུས་ལ་བབ་ཀྱང་སྐུ་ངོ་ལགས་ནི་སྐུ་ངོ་རང་། ་་་་་་་་་་་ཨ་ལ་ཐ་ལ་་་་རེད་འདུག་གཱ

  5. ལྷོ་པ་ལུང་རིགས says:
    2012-02-06 at 2:59 pm

    ༼ང་ཚོས་གནས་སྟངས་ལ་ལྟ་ཞོར་ལྟ་ཞོར་གྱིས་ལས་འགུལ་སྤེལ་ཟེར་བ་དེ། སྤྱིར་བཏང་གི་དེ་འདྲ་ཞིག་ཞུས་པ་ཡིན་མ་གཏོགས་ཐ་མའི་དམིགས་ཡུལ་དེ་ང་ཚོས་རྒྱལ་ཁབ་ལེན་ཐུབ་པ་དང་། བོད་ནང་གི་བོད་མི་ཚོར་རང་དབང་དང་བདེ་སྐྱིད་ཡོང་རྒྱུ་དེ་དམིགས་ཡུལ་གཙོ་བོ་རེད།༽འདི་ནི་དེ་རིང་ཕྱི་དྲིལ་བཀའ་བློན་མཆོག་གིས་གསར་འགོད་གསལ་བསྒྲགས་སྐབས་ཀྱི་དྲི་བ་ཞིག་ལ་བཀའ་ལན་གནང་བའི་ཚིག་དུམ་ཞིག་ཡིན།

    ངའི་ངོ་ཤེས་གྲོས་ཚོགས་འཐུས་མི་ཁག་ཅིག་གིས། བཀའ་ཤག་གསར་པའི་ལངས་ཕྱོགས་ཅི་ཡིན་ད་དུང་གསལ་པོ་ཆགས་མེད། ཕྱི་ཟླ་གསུམ་པའི་ནང་གསལ་པོ་ཆགས་པའི་ཚོད་དཔག་བྱེད་ཀྱི་ཡོད་རབས་ཟེར། དེ་རིང་ཕྱི་དྲིལ་བཀའ་བློན་མཆོག་ནས་ང་ཚོའི་མཐའ་མའིོ་དམིགས་ཡུལ་དེ་རྒྱལ་ཁབ་ལེན་ཐུབ་པ་ཡིན་སྐོར་གསལ་པོར་གསུང་སོང་། ད་བཀའ་ཤགགསར་པའི་ལངས་ཕྱོགས་གསལ་པོ་ཆགས་ཡོད། དེ་རིང་ནས་རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་སྒྲོམ་གཞིའི་འོག་ནས་འདུག་རྒྱུའི་༼བསམ་འཆར་ཡིག་ཆ༽་དེ་ངས་ཀློག་མ་དགོས་པ་ཆགས་སོང་། ད་ནི་ང་ཚོས་ཡིག་ཆ་གསར་པ་ཞིག་ལ་རེ་བ་བྱེད་དགོས། ཁྱེད་རང་གི་ལྟ་སྟངས་བྱས་ན། ཡིག་ཆ་གསར་པ་དེ་རི་མོ་འབྲི་སྟངས་གང་འདྲ་ཞིག་ཏུ་བྱས་ན་ལེགས་སམ།

    ང་ནི་དབུ་མའི་ལམ་ལ་ཞུགས་མཁན་ཞིག་ཡིན། འོན་ཀྱང་། བོད་གཞུང་གི་སྲིད་བྱུས་ལངས་ཕྱོགས་གསར་པ་ལ་གཞོགས་འདེགས་བྱེད་དགོས་པ་སེམས་ལ་ཉར་དགོས་པ་རེད་བཟམ་གྱི་ཡོད། འདི་ངས་འགལ་བ་ཞིག་རེད་བསམ་གྱི་མེད། ད་ཆ་བོད་གཞུང་གི་ལངས་ཕྱོགས་དེ་སྔའི་རང་སྐྱོང་ནས་༼རྒྱལ་ཁབ་ཚུར་ལེན༽་ལ་འགྱུར་བ་ཕྱིན་པའི་སྐོར་གྱི་གསལ་བཤད་ཐུང་ངུ་འདི་མཇལ་མ་ཐག ད་ནི་ང་ཚོས་མ་འོངས་པ་ཟེར་བ་དེར། ཡང་བསྐྱར་རི་མོ་གསར་པ་ཞིག་བཞེངས་རྒྱུ་ཡིན་པ་མཐོང་སོང་། ལོ་ངོ་སུམ་ཅུ་ལྷག་གི་སྲིད་བྱུས་ཁ་ཕྱོགས་ལ་འགྱུར་བ་བཏང་བ་འདི། འགྱུར་བ་རྩ་ཆེན་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    ཡིན་ནའང་། ཡང་གསར་འགོད་པས་དེ་སྔ་བཙན་བྱོལ་ནང་བོད་དུ་ལོག་རྒྱུའི་ཞི་བའི་གོམས་བགྲོད་སོགས་གནང་མྱོང་ཡོད་པ་རེད། བོད་གཞུང་ལ་གོམ་བགྲོད་ལས་འགུལ་དེ་འདྲ་གོ་སྒྲིག་གནང་འཆར་ཡོད་མེད་དྲིས་སྐབས། ཁོང་མོས་༼བོད་མིའི་སྒྲིག་འཛུགས་ལ་ད་སྔ་གོམ་བགྲོད་ལས་འགུལ་དེའི་རིགས་སྤེལ་འཆར་གང་ཡང་མེད། མ་གཞི་ལས་འགུལ་དེའི་རིགས་བོད་ཀྱི་གཞོན་ནུ་ལྷན་ཚོགས་དང་གཞུང་འབྲེལ་མིན་པའི་ཚོགས་པ་ཁག་གིས་སྤེལ་གྱི་ཡོད་པ་རེད༽ཅེས་གསུངས་སྟངས་འདིར་ངོས་ལེན་མེད། བོད་དོན་ལས་འགུལ་སྤེལ་བ་ལ་གཞུང་དང་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་ཟེར་ནས་དབྱེ་བ་ཕྱེ་ས་ཡོད་པ་མ་རེད་བསམ་གྱི་ཡོད།

  6. ལྷོ་པ་ལུང་རིགས says:
    2012-02-06 at 3:02 pm

    ཁ་བརྡའི་རྩོམ་སྒྲིག་པ་ཚོས་གོང་གི་བསམ་ཚུལ་འདི་རྩོམ་ཡིག་འགོད་ས་ལ་འགོད་ཆོག་ན་འགོད་པའི་རེ་བ་ཡོད།

  7. ལྷོ་པ་ལུང་རིགས says:
    2012-02-06 at 3:03 pm

    ཁ་བྱང་ལ་༼རང་སྲིད་རང་སྐྱོང་དང་རྒྱལ་ཁབ་ཚུར་ལེན༽ཞེས་འགོད་པའི་རེ་བ་ཡོད།

  8. ཁཱ་ཏ་ཁ་ཏ་བ། says:
    2012-02-06 at 3:31 pm

    ང་ཚོས་ཐད་ཀར་འགོད་ཐབས་ཡོད་མ་རེད་པས་། ང་ལ་ཡང་ཐུང་ཐུང་གཅིག་ཡོད་ཀྱང་འགོད་སྟངས་མ་ཤེས་ནས་ལུས་སོང་། བློ་མཐུན་དྲ་གྲོགས་ཚོས་ནམ་རྒྱུན་གང་འདྲ་གནང་གི་ཡོད་། དེ་ལམ་སྟོན་གནང་མཁན་ཡོད་ན་ཐུགས་རྗེ་མི་ཆུང་།

  9. བོད་ཡིག་སྐྱབས། says:
    2012-02-06 at 4:56 pm

    “དྲི་བ། བོད་ནང་གི་ལས་འགུལ་སྤེལ་ཕྱོགས་ལྟ་བུ་ཞིག་ཡིན་ན། བོད་དོན་འཐབ་རྩོད་ཆེད་ལས་འགུལ་གསར་པ་མང་དུ་འགྲོ་ཡི་ཡོད་པ་རེད། དེང་སྐབསརང་ལུས་མེར་བསྲེག་གཏོང་མཁན་མང་དུ་སོང་བ་དང་། འཐབ་རྩོད་ཀྱི་ལས་འགུལ་ཤུགས་ཆེ་རུ་སོང་ཡོད་པ་རེད། བཙན་བྱོལ་བོད་གཞུང་ངོས་ནས་ལས་འགུལ་གསར་པ་ག་རེ་ཡོད་དང་། བོད་ནང་གི་ལས་འགུལ་ལ་དཔག་པའི་གྲ་སྒྲིག་གང་ཡོད།
    ལན། ང་ཚོ་མི་ཚང་མ་གཅིག་པ་རེད། མ་འོངས་པར་གནས་ཚུལ་ག་རེ་ཡོང་གི་ཡོད་མེད་ཤེས་ཐུབ་ཀྱི་མ་རེད། ད་ལྟའི་གནས་སྟངས་ལ་བལྟས་པ་ཡིན་ན། བཀའ་བློན་ཁྲི་པས་གསུངས་པ་ནང་བཞིན་ལངས་ཕྱོགས་དེ་རང་རེད། དེ་རིང་ང་ཚོས་ཀྱང་མུ་མཐུད་ནས་ལངས་ཕྱོགས་དེའི་ཐོག་ནས་ཞུ་ཡི་ཡོད།”

    ཅི་འདྲའི་བཀའ་ལན་སྟབས་བདེ། གོ་རྒྱུ་མེད་པ་ཞིག འདིའི་ལན་ཐད་ཀར་གསལ་བོར་བཏབ་ན། ཡིག་འབྲུ་གཅིག་རང་སྟེ། མེད། ཅེས་པ་དང། ཡང་ན། མི་ཤེས། ཞེས་པའི་ཡིག་འབྲུ་གཉིས་མ་རེད་དམ། ལན་དེ་ལན་ཞིག་མ་རེད་ཟེར་བ་མིན་མོད། ལན་དེས་དམར་བོ་མེ་རུ་མཆོངས་པ་ཚོའི་སེམས་བསྲེགས་པ་མ་རེད་དམ། ཨ་ཙི་་་་་

  10. སྟག་སྨྱོན། says:
    2012-02-06 at 9:43 pm

    བློ་བཟང་སེང་གེ་ལྟ་བུ་སློབ་མ་རྒན་པ་ཞིག་བཀའ་ཁྲིར་བཞག་རྗེས། བློ་སེང་གིས་ཀྱང་ཁོ་རང་འདྲ་བོ་སློབ་མ་རྒན་པ་ཁ་ཤས་ལ་བཀའ་བློན་གྱི་མིང་བཏགས་ནས་ངོས་བཟུང་བ་རེད། ད་གསར་འགོད་པ་ཚོས་སློབ་ཕྲུག་ཁ་ཤས་ལ་བོད་རྒྱལ་ཁབ་ཀྱི་ཆེད་དུ་ག་རེ་བྱེད་ཡ་ཡོད་ཅེས་ཚ་འདྲི་བྱེད་རིན་ཡོད་མ་རེད། བྱེ་མ་བཙིར་ནས་མར་ཐོན་གི་མ་རེད། སློབ་ཕྲུག་ཁ་ཤས་ཀྱིས་ཅི་འཇོན། ད་དུང་འདི་ཚོར་དེད་ཤར་མང་པོ་བཏང་ན་འདི་ཚོས་མི་ཤེས་ཤེས་ཁུལ་གྱིས་ཨུ་ཚུགས་བརྒྱབ་ནས་འཆར་ཞིག་འདྲ་བོ་ཉེན་ཁ་ཚ་བོ་དེ་འདྲ་གང་བྱུང་མང་བྱུང་བཟོ་རྒྱུའི་ཉེན་ཁ་ཡོད་རེད་གདའ། གཟབ་གཟབ་བྱས་ན་མ་གཏོགས་བཀའ་ཤག་གསར་བའི་སྲིད་ཇུས་ཟེར་བ་འདྲ་བོ་ཤོག་སྙིགས་ལུང་པ་གང་བཏོན་བྲོ་མེད་པའི་ངེས་མེད་པ་རེད།

  11. སྟག་སྨྱོན། says:
    2012-02-06 at 9:48 pm

    ད་རྡོག་རྡོག་བཀའ་ཤག་གིས་བོད་ལ་གནས་ཚུལ་དང་འགྱུར་བ་ག་རེ་ཡོང་གི་ཡོད་མེད་ཤེས་ཀི་མེད། བྱས་ཙང་བཀའ་ཤག་གི་ངོས་ནས་ག་རེ་བྱེད་དགོས་ཤེས་ཀི་མེད་ཟེར་བ་དེ་རེད་འདུག ད་ལན་རག་འདུག འོ་ན་འོས་འདེམས་སྐབས་བློ་སེང་གིས་ངར་ངར་དང་རྫིག་རྫིག་ག་རེའི་སྐོར་བཤད་ནས་ཡོང་བ་རེད་དམ།

  12. འདོད་ལྷ་ཁམས་པ། says:
    2012-02-06 at 11:43 pm

    ཁོག་པའི་ནང་གྲ་སྒྲིག་གི་རྩིས་མེད་པ་དང་།
    ལག་པའི་ནང་ལས་འགུལ་གྱི་ནུས་ཤུགས་མེད་ན།
    འཆར་གཞི་ཟེར་བ་དང་།
    ལངས་ཕྱོགས་ཟེར་པ་དེ་ཚོ་ནི།
    ཤོག་བུའི་ཐོག་གི་རི་མོ་བཞིན།
    ཅི་འདྲ་མཛེས་ཡང་།
    རླུང་ཆུང་གིས་འཁུར་འགྲོ་བ་དང་།
    ཆུ་ཐིགས་གིས་སྦང་འགྲོ་བ་།
    ད་དུང་མེ་སྟག་གིས་ཚིགས་འགྲོ་བ་ཞིག་རེད།

    བོད་རྒྱའི་གནད་དོན་ལ་བསམ་ཤེས་ཐུབ་མཁན་ཞིག་ཡིན་ན།
    ཁ་ནས་ལྷ་བཞེངས་ཐུབ་པ་ལྟར་ལག་པས་ཇི་བཞིན་ཡོང་མི་ཐུབ།
    གནས་སྐབས་སུ་རྒྱལ་ཁབ་དང་རང་བཙན་ཟེར་བའི་ཚིག་སྦོམ་པོ་ལ་དགའ་བོ་བྱེད་རྒྱུ་སྔ་དྲག་པ་རེད།

  13. བདུད་རྡོ says:
    2012-02-07 at 6:44 am

    ཕྱི་འབྲེལ་བཀའ་བློན་གྱི་གསུངས་བཤད་འདི།ཆབ་སྲིད་པ་ཞིག་གི་སྐད་ཆ་དང་འདྲ་བོ་མི་འདུག།འོན་ཀྱང་གོ་རྒྱུ་འདུག།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ།
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ།
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (80)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (40)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། གཉིས་པ། (14)
  • སངས་རྒྱས་སྒྲོལ་མ་མཉམ་དུ་ཁ་རྩོད།  ལིམ་བིའི་ཚལ་ནས་སངས་རྒྱས་གླེང་བ། (8)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme