Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་ལས་འགུལ་བ་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་འཕྲེད་དར་དཔྱངས་པ།

Posted on 2012-03-292012-03-29 By ཁ་བརྡ་ 18 Comments on བོད་དོན་ལས་འགུལ་བ་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་འཕྲེད་དར་དཔྱངས་པ།


གསར་འགོད་པ། ལྡི་ལི་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་གཙོ་ཚེ་རིང་བཀྲ་ཤིས།

ལྡི་ལི། ཕྱི་་ཟླ་༣་པའི་ཚེས་༢༩ཉིན།
དེ་རིང་ཡང་བསྐྱར་བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་ཚོགས་མི་༡༡་ལྷག་གིས་རྒྱ་ནག་གི་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་སྐད་འབོད་བྱས་པར་རྒྱ་གར་གྱི་ཉེན་རྟོག་མི་སྣས་འཇུ་བཟུང་བཀག་ཉར་བྱས་ཡོད། དེ་རིང་ངོ་རྒོལ་སྐད་འབོད་གྱི་ལས་འགུལ་དེ་ཉིན་གུང་ཆུ་ཚོད་༡༢:༢༠་ཡས་མས་ཞིག་ལ་སྤེལ་འདུག་ལ།ཁོང་ཚོས“ཕམ་ཟིན་པའི་འགོ་ཁྲིད་ཧུའུ་ཅིན་ཐའོ། བོད་རང་བཙན།”ཞེས་བྲིས་པའི་5.5×12 ཧྥེ་ཁྲི་ཅན་གྱི་འཕྲེད་དར་ཆེན་པོ་ཞིག་ཧུའུ་ཅིན་ཐའོ་སྡོད་སའི་དཱ་ཇི་ཕོ་བྲང་མགྲོན་ཁང་དང་ཐག་ཉེ་བའི་ཟམ་པ་ཞིག་གི་སྟེང་ནས་མར་དཔྱངས་ཡོད། ལས་འགུལ་འདི་ནི་ཕྱི་ཚེས་ ༢༦ ཉིན་རྒྱལ་གཅེས་དཔའ་བོ་འཇམ་དཔལ་ཡེ་ཤེས་ལགས་ཀྱིས་ལྡི་ལི་ཇན་ཏར་མན་ཏར་ས་གནས་སུ་རང་ལུས་མེར་བསྲེགས་བཏང་རྗེས། རྒྱལ་ས་ལྡི་ལིའི་སྨན་ཁང་རཱམ་མན་ནོ་ཧར་ལོ་ཧའེ་ནང་སྐུ་གྲོངས་པའི་རྗེས་ཀྱི་བོད་མི་ཚོའི་ལས་འགུལ་རིམ་པ་གསུམ་པ་དེ་ཆགས་ཡོད་ལ། དེ་ཡང་ཁ་སང་བོད་ནང་དུ་ཨ་མདོ་རྔ་བའི་རང་ལོ་ ༢༠ ཡིན་པའི་གྲྭ་བློ་བཟང་ཤེས་རབ་ཀྱིས་ཀྱང་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་གཞུང་གི་དྲག་རྩུབ་ཀྱི་སྲིད་བྱུས་ལ་ངོ་རྒོལ་སྐད་འབོད་བྱས་རྗེས་སྐུ་གྲོངས་ཡོད།

ཧུའུ་ཅིན་ཐའོ་རྒྱ་ནག་གཞུང་གི་མགོ་ཁྲིད་སྡོད་རིང་ཁོས་བོད་ནང་གི་བོད་མིའི་ཐོག་སྔར་ལས་ལྷག་པའི་བཙན་གནོན་དང་དྲག་པོའི་དམག་་ཤུགས་བེད་སྤྱོད་བྱས་ཡོད་པས། ཁོས་ངེས་པར་དུ་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་བཏང་བའི་ནག་ཉེས་ཡོད་ཚད་དང་ལེན་བྱེད་དགོས། བོད་ཕྱི་ནང་གཉིས་ཀྱི་བོད་མི་ཚོས་ཐབས་ཤེས་ཡོད་རྒུ་བཏོན་ནས་ལས་འགུལ་འདྲ་མིན་སྤེལ་བའི་ཐོག་རྒྱལ་སྤྱིའི་རང་བཞིན་གྱི་གནོན་ཤུགས་ལ་བརྟེན་ནས་རྒྱ་ནག་གིས་བོད་ནང་དུ་སྤེལ་དང་སྤེལ་བཞིན་པའི་མཁྲེགས་འཛིན་གྱི་སྲིད་ཇུས་མཇུག་སྒྲིལ་ཡོང་བར་འབོད་སྐུལ་ཞུ་བཞིན་ཡོད་ཅེས་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ལས་འགུལ་བ་བསྟན་འཛིན་ཡོན་ཏན་ལགས་ཀྱིས་བརྗོད་སོང་།

ཧུའུ་ཅིན་ཐའོ་རྒྱ་ནག་གུང་ཁྲན་ཏང་གི་མགོ་ཁྲིད་ཀྱི་སྐས་འཛེགས་ནས་མར་འབབ་པའི་དུས་སྐབས་འདིར་ང་ཚོས་ཁོ་ནི་ཆེས་གདུག་རྩུབ་ཅན་གྱི་འགོ་ཁྲིད་ཅིག་ཡིན་པ་གསལ་བཤད་བྱེད་ཐུབ།གང་ཡིན་ཞེ་ན་ཁོང་རྒྱ་ནག་གི་འགོ་ཁྲིད་སྡོད་རིང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་ཚད་མེད་བཏང་བའི་ཉེར་ལེན་ལ་བརྟེན་ནས་བོད་མི་༣༠་ལྷག་གིས་རང་ལུས་མེར་བསྲེགས་བཏང་ནས་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་ཡོད་ལ། ཕྱི་ལོ་༢༠༡༢་གཅིག་པུར་བོད་མི་༡༨་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་རེད། ཁོང་ཚོས “བོད་ལ་རང་དབང་དགོས། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་”ལ་སོགས་པའི་གཅིག་གྱུར་གྱི་འབོད་ཚིག་བསྒྲགས་ནས་བོད་མི་ཚོའི་མངོན་འདོད་འཛམ་གླིང་མི་མང་ཡོངས་ལ་ཁྱབ་སྤེལ་བྱས་ཡོད། བོད་མི་ཚོའི་གཅིག་གྱུར་གྱི་འབོད་སྒྲ་དེ་ཉེ་ལམ་བོད་ནང་གི་ས་ཆ་འདྲ་མིན་ནང་བོད་མི་ཚོས་སྤེལ་བའི་འཚེ་མེད་ཞི་བའི་ལས་འགུལ་གྱི་ཁྲོད་དུ་ཡང་གསལ་བོར་ཐོས་ཐུབ། འོན་ཀྱང་རྒྱ་ནག་གཞུང་གིས་སྔར་བཞིན་མཁྲེགས་འཛིན་གྱི་སྲིད་ཇུས་ལག་བསྟར་བྱས་ནས་ངོ་རྒོལ་སྐད་འབོད་བྱེད་མཁན་གྱི་མི་ཚོགས་ཁྲོད་གང་བྱུང་མེ་མདའ་བརྒྱབ་ཏེ་བོད་མི་གང་མང་རྐྱེན་ལམ་དུ་བཏང་ཡོད་ལ་ལས་འགུལ་གྱི་རྗེས་སུ་བོད་མི་མང་པོ་གང་བྱུང་འཇུ་བཟུང་་བཀག་ཉར་དང་བཙོན་འཇུག་བྱས་ཡོད་པ་རེད།

བོད་ནང་གི་བོད་མི་ཚོས་ད་དུང་ཡང་མུ་མཐུད་ནས་རྒྱ་ནག་གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་ལ་གདོང་ལེན་དང་བཙན་འཛུལ་ལ་འགོག་རྒོལ་བྱེད་བཞིན་ཡོད་པ་རེད་ཅེས་རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས་གཉིས་ཀྱི་ཚོགས་མི་དགེ་ལེགས་ལགས་ཀྱིས་བརྗོད་སོང་། ཁོས་མུ་མཐུད་ནས་ “ངས་དེ་རིང་ཧུའུ་ཅིན་ཐའོ་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་བོད་ནང་གི་བོད་མི་ཚོར་གདུང་སེམས་མཉམ་བསྐྱེད་དང་། ལྷག་པར་དུ་རྒྱ་གར་དང་ར་ཞི་ཡ། སྦར་ཛིལ། ལྷོ་ཨ་ཧྥེ་རི་ཁའི་(BRICS)མགོ་ཁྲིད་ཚང་མས་སྲིད་འཛིན་ཧུའུ་ཅིན་ཐའོ་ལ་གནོན་ཤུགས་སྤྲད་ནས་བོད་མི་ཚོའི་ཚེ་སྲོག་སྐྱོབ་པར་འབོད་སྐུལ་ཞུ་གི་ཡོད”ཅེས་བརྗོད་སོང་།

གསར་འགྱུར།

Post navigation

Previous Post: ལྡི་ལིར་འཚོགས་པའི་(BRICS SUMMIT)་དང་བོད་མི་ངོ་རྒོལ་བའི་གནས་སྟངས།
Next Post: འཇོན་གྲེམ་ཕུལ་ཀྲོན་གཟེངས་རྟགས་༧གོང་ས་མཆོག་འབུལ་གཏན་འཁེལ་བ།

Comments (18) on “བོད་དོན་ལས་འགུལ་བ་ཚོས་རྒྱ་ནག་གི་སྲིད་འཛིན་ལ་ངོ་རྒོལ་གྱི་འཕྲེད་དར་དཔྱངས་པ།”

  1. ཨ་རིག་དགེ་མཐོང་། says:
    2012-03-29 at 3:16 pm

    ལས་འགུལ་བ་ཚོ་ལ་རྗེས་སུ་ཡི་རང་ཞུ། ངོ་མ་ངར་གི

  2. ཆོས་འཕེལ་དར་རྒྱས་ says:
    2012-03-29 at 4:32 pm

    རྒྱ་ནག་གི་སྲིད་འཛིན་ཟེར་དུས་རྒྱ་མི་རིགས་ཀྱི་རྒྱལ་ཁབ་ཡིན་པ་ལ་གོ་བས་འདིར་ཀྲུང་གོའི་སྲིད་འཛིན་ཞེས་ན་ག་འདྲ་འདུག
    རྒྱ་ཡིག་ནང་ལ་༼中国主席༽ཟེར་བ་ལས་༼汉族国主席༽མི་ཟེར་བས་སོ།

  3. འཇིགས་བྲལ་བསྟན་འཛིན། says:
    2012-03-29 at 4:46 pm

    ཧུ་ཅིན་ཐའོ་ནི་རྒྱ་མི་རིགས་སམ་ཧན་མི་རིགས་ཀྱི་མཚོན་རྟགས་རེད་དོ། བོད་དང་། ནང་སོག ཤར་ཏུར་ཀི་སུ་ཐན་སོགས་རྩ་བ་ནས་མཚོན་གྱི་མ་རེད་དོ། རྒྱལ་ཁབ་འདི་དག་ལ་སོ་སོའི་མཚོན་རྟགས་རེ་ཡོད་པ་རེད།

    མ་གཞི་ནས་ཀྲུང་གོ་དང་རྒྱ་ནག་དོན་གཅིག་རེད། དེང་སང་རྒྱ་ནག་གཞུང་གིས་དོན་གཅིག་མིན་མདོག་བྱེད་པ་ནི་སྲིད་དོན་གྱི་གཡོ་གཏམ་རེད། ཀྲུང་གོའི་སྤྱི་སྐད་ཟེར་ན་རྒྱ་སྐད་རེད། དེ་ཙམ་མོ།

  4. མེ་ཏོག་དཀར་པོ། says:
    2012-03-29 at 9:33 pm

    ལས་འགུལ་བར་བསྔགས་བརྗོད་ཚད་མེད་ཡོད། བོད་དང་བོད་མི་རྒྱལ་ལོ།

  5. རག་ཕྱགས་རྡོར says:
    2012-03-29 at 10:08 pm

    ལས་འགུར་ཡག་པོ་དཔལ་འདུག་སྙིང་ཐག་པ་ནས་རྗེས་སུ་ཡི་རིང་ཡོད་བོད་ཀྱི་གཞོན་ནུ་དག་ལ། ད་ཡིན་ན་ཉམས་ཆུང་གྱི་བོད་པ་ཚོ་རྒྱལ་བཅེས་ཀྱི་དཔའ་བོ་ཚོ་ཁྱེད་རྣམས་ཀྱིས་ཡོད་ཚད་བློས་བཏང་ཚར་ཟིན་པས་གདུག་རྩུབ་ཅན་གྱི་མཁྲིགས་བཟུང་ཅན་གྱི་རྒྱ་གཞུང་གི་དཔོན་ངན་དག་གིས་ད་དུང་ཡང་མགོ་མེད་གཞུག་མེད་ཁྲེལ་མེད་ལུགས་མེད་ཀྱི་གཏམ་ཁོ་ན་ལོངས་སུ་སྤྱོད་བཞིན་རེད་འཛམ་བུ་གླིང་གི་རྒྱལ་ཁབ་དག་གིས་ཀྱང་ཅི་ཡང་མི་ཟེར་བས་རང་ཉིད་ཀྱི་ཁེ་ཕེན་ལ་དོ་ཕོག་ཡོང་བར་དོགས་ནས་བསྡད་ཡོད་ཐ་ན་ཆེས་བསྐུལ་བར་འུས་པ་གནས་ཚང་རྒྱ་གར་ཡང་ནེ་པལ་ལེས་ནང་བཞིན་དམར་ནག་ཇོད་ཀྱི་སྡུང་པོའི་དཔོན་ངན་དག་ངོས་མི་ཟིན་ནས་ཁྱི་ཡིས་ལྟོ་ཆས་ལྷུང་བར་བཞིན་རང་ཉིད་ཀྱི་ཚུལ་འཆོས་ཡོངས་སུ་ཤོར་ཟིན་པས། ད་ཡིན་ན་ང་ཚོ་བོད་མི་དག་གིས་གང་བྱས་ན་ཡག་གང་བྱས་ན་བཟང་འཛམ་གླིང་འདི་ཡི་ནང་དུ་རང་ཚུག་སྐད་ཆ་འཆད་ཐོབ་ཉིན་ཨི་ཡོད་ན་བདེན་པར་ངོས་འཛིན་ཐོན་ཉིན་ཨི་ཡོད་ན་ང་ཚོ་བོད་མི་དག་གིས་རང་དབང་ཇི་བལྟར་ལེན་དགོས་ཡང་ན་ཕྱི་ཡི་རྒྱལ་ཁབ་དག་གི་མི་སྣ་ལ་མིག་དཔེ་བལྟ་ནས་རང་ཉིད་བློས་གཏོང་བ་དང་མཉམ་དུ་མཁྲིགས་བཟུང་ཅན་གྱི་དཔོན་ངན་དག་གང་གསོད་ཐོབ་ཐོབ་བྱེད་དགོས་དེ་ནས་འཛམ་བུ་གླིང་འདི་ཡིས་དོ་སྣང་འདྲ་མ་བྱས་རང་བྱས་ཡོང་སྲིད་མཁྲིགས་བཟུ་ཅན་གྱི་དཔོན་ངན་དག་ཡང་འགྱོད་པ་གཞི་ཀྱི་སྐྱེ་སྲིད་

  6. རག་ཕྱགས་རྡོར says:
    2012-03-29 at 10:17 pm

    ལས་འགུར་ཡག་པོ་དཔལ་འདུག་སྙིང་ཐག་པ་ནས་རྗེས་སུ་ཡི་རིང་ཡོད་བོད་ཀྱི་གཞོན་ནུ་དག་ལ། ད་ཡིན་ན་ཉམས་ཆུང་གྱི་བོད་པ་ཚོ་རྒྱལ་བཅེས་ཀྱི་དཔའ་བོ་ཚོ་ཁྱེད་རྣམས་ཀྱིས་ཡོད་ཚད་བློས་བཏང་ཚར་ཟིན་པས་གདུག་རྩུབ་ཅན་གྱི་མཁྲིགས་བཟུང་གྱི་རྒྱ་གཞུང་གི་དཔོན་ངན་དག་གིས་ད་དུང་ཡང་མགོ་མེད་གཞུག་མེད་ཁྲེལ་མེད་ལུགས་མེད་ཀྱི་གཏམ་ཁོ་ན་ལོངས་སུ་སྤྱོད་བཞིན་རེད་འཛམ་བུ་གླིང་གི་རྒྱལ་ཁབ་དག་གིས་ཀྱང་ཅི་ཡང་མི་ཟེར་བས་རང་ཉིད་ཀྱི་ཁེ་ཕེན་ལ་དོ་ཕོག་ཡོང་བར་དོགས་ནས་བསྡད་ཡོད་ཐ་ན་ཆེས་བསྐུལ་བར་འུས་པ་གནས་ཚང་རྒྱ་གར་ཡང་ནེ་པལ་ལེས་ནང་བཞིན་དམར་ནག་ཇོད་ཀྱི་སྡུང་པོའི་དཔོན་ངན་དག་ངོས་མི་ཟིན་ནས་ཁྱི་ཡིས་ལྟོ་ཆས་ལྷུང་བར་བཞིན་རང་ཉིད་ཀྱི་ཚུལ་འཆོས་ཡོངས་སུ་ཤོར་ཟིན་པས། ད་ཡིན་ན་ང་ཚོ་བོད་མི་དག་གིས་གང་བྱས་ན་ཡག་གང་བྱས་ན་བཟང་འཛམ་གླིང་འདི་ཡི་ནང་དུ་རང་ཚུག་སྐད་ཆ་འཆད་ཐོབ་ཉིན་ཨི་ཡོད་ན་བདེན་པར་ངོས་འཛིན་ཐོན་ཉིན་ཨི་ཡོད་ན་ང་ཚོ་བོད་མི་དག་གིས་རང་དབང་ཇི་བལྟར་ལེན་དགོས་ཡང་ན་ཕྱི་ཡི་རྒྱལ་ཁབ་དག་གི་མི་སྣ་ལ་མིག་དཔེ་བལྟ་ནས་རང་ཉིད་བློས་གཏོང་བ་དང་མཉམ་དུ་མཁྲིགས་བཟུང་ཅན་གྱི་དཔོན་ངན་དག་གང་གསོད་ཐོབ་ཐོབ་བྱེད་དགོས་དེ་ནས་འཛམ་བུ་གླིང་འདི་ཡིས་དོ་སྣང་འདྲ་མ་བྱས་རང་བྱས་ཡོང་སྲིད་མཁྲིགས་བཟུ་ཅན་གྱི་དཔོན་ངན་དག་ཡང་འགྱོད་པ་གཞི་ཀྱི་སྐྱེ་སྲིད་

  7. དགྲ་འདུལ་ says:
    2012-03-29 at 11:09 pm

    ཧུ་ཅིནཐའོ་ཕམ་ཞིང་བོད་རྒྱལ་བར་ཤོག།

  8. ཤར་ཕྱོགས་ཁུག་རྟ། says:
    2012-03-29 at 11:29 pm

    འདིར་གནས་ཚུལ་ཞིག་འདུག

    http://tb.tibet.cn/2010news/xzxw/zzzj/201203/t20120330_1730298.html

    རྒྱ་གར་གྱི་ཙུང་ལི་ཞིན་ཀོས་བོད་ལྗོངས་ནི་ཀྲུང་གོའི་ཆ་ཤས་ཤིག་ཡིན་པས་བོད་མིས་རྒྱ་གར་དུ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྒོ་སྤེལ་མི་ཆོག་ཅེས་གསུངས་པ།

    སྤེལ་དུས། 2012-03-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་སྒྲིག་པ། བསྟན་འཛིན་གྱིས་བསྒྱུར།

    ཟླ་བ༣པའི་ཚེས༢༩ཉིན། ཧུའུ་ཅིན་ཐའོ་ཡིས་ལྡེ་ལེ་གསར་པར་རྒྱ་གར་གྱི་ཙུང་ལི་ཞིན་ཀོ་དང་མཇལ་འཕྲད་གནང་བ།

    རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཧུའུ་ཅིན་ཐའོ་ཡིས་ཟླ་བ༣པའི་ཚེས༢༩ཉིན་ལྡེ་ལེ་གསར་པར་རྒྱ་གར་གྱི་ཙུང་ལི་ཞིན་ཀོ་དང་མཇལ་འཕྲད་གནང་བ་དང་ཀྲུང་གོ་དང་རྒྱ་གར་འབྲེལ་བའི་འཕེལ་རྒྱས་དང་ཐུན་མོང་ཐོག་དོ་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གཙོ་བོའི་གནད་དོན་ཐད་དགོངས་འཆར་བརྗེ་རེས་གནང་ནས་ཐུན་མོང་གི་གལ་ཆེའི་བསམ་འཆར་གཅིག་མཐུན་བྱུང་བ་རེད། རྒྱལ་ཁབ་གཉིས་ཀྱི་དབུ་ཁྲིད་ཀྱིས་མཉམ་དུ༢༠༡༢ལོ་ནི“ཀྲུང་གོ་དང་རྒྱ་གར་མཛའ་གྲོགས་མཉམ་ལས་ཀྱི་ལོ”ཡིན་པ་ཁྱབ་བསྒྲགས་གནང་བ་མ་ཟད་གོ་སྐབས་དེ་དང་བསྟུན་ནས་ཀྲུང་གོ་དང་རྒྱ་གར་གྱི་འཐབ་ཇུས་མཉམ་ལས་ཀྱི་རོགས་པའི་འབྲེལ་བའི་ཆུ་ཚད་གསར་པ་ཞིག་ཏུ་གོང་མཐོར་གཏོང་རྒྱུའི་སྐོར་གསུངས་པ་རེད།

      ཞིན་ཀོས་རྒྱ་གར་ཕྱོགས་ནས་དོན་མེད་དུ་ཀྲུང་གོར་འཐབ་ཇུས་བཀག་སྡོམ་གྱི་བྱ་བར་ཞུགས་རྒྱུ་མིན་ཞེས་གསུངས་པ་དང་རྒྱ་གར་ཕྱོགས་ནས་བོད་ལྗོངས་ནི་ཀྲུང་གོའི་མངའ་ཁོངས་ཀྱི་ཆ་ཤས་ཞིག་ཡིན་པ་ཁས་ལེན་པ་དང་བོད་མིས་རྒྱ་གར་དུ་ཀྲུང་གོར་ངོ་རྒོལ་བྱེད་པའི་བྱེད་སྒོ་སྤེལ་མི་ཆོག་པ་མ་ཟད་རྒྱ་གར་ཕྱོགས་ནས་རེ་བར་ཀྲུང་གོས་ཐུན་མོང་ཐོག་རྒྱལ་ཁབ་གཉིས་ཀྱི་མཐའ་མཚམས་ས་ཁུལ་སྲུང་སྐྱོབ་དང་ཞི་བདེ་ཡོང་རྒྱུར་འབད་བརྩོན་བྱེད་པ་དང་མཛའ་གྲོགས་གྲོས་མོལ་བརྒྱུད་ནས་མཐའ་མཚམས་ཁུལ་གྱི་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

  9. ཀླུ་སྨྱོན། says:
    2012-03-29 at 11:35 pm

    རེད་རེད། རྒྱ་གར་སྲིད་འཛིན་མཆོག་ལགས། ཁྱེད་ཀྱིས་གཅིག་བརྗེད་འདུག “ཤར་མོན་རྟ་དབང་ནས་ནུབ་ལ་དྭགས་བར་གྱི་བོད་ས་ཡོངས་རྫོགས་རྒྱ་ནག་གི་མངའ་ཁོངས་བསྙོན་མེད་རེད། བོད་པ་དང་རྒྱ་གར་བ་སུས་ཀྱང་དེ་ས་ཆ་དེ་དག་རྒྱ་ནག་གི་མངའ་འོག་ནས་བཙན་བཟུང་བྱེད་མི་ཆོག་ལ་ས་ཆ་དེ་ཚོའི་བདག་དབང་གི་སྐོར་ཡང་བརྗོད་མི་ཆོག་”ཅེས་བརྗོད་པ་རེད། ཁྱེད་ལ་ཀླད་རྡིབ་བྱུང་ནས་སྐད་ཆ་ཡོངས་རྫོགས་དྲན་མ་ཐུབ་པ་རེད། ཡིན་གྱི་རེད་པ། གནམ་གཤིས་ཚ་བོ་དེ་འདྲའི་ནང་མགོ་ལ་རས་ལྷེབ་ཛ་རེ་ཛོ་རེ་ཆེ་ཐག་ཆོད་ཅིག་དཀྲིས་ནས་མགོ་ནང་ནག་ཐོམ་ཆགས་པ་ལོས་ཡིན། སྐད་འདི་སུས་གོ་ན་རྒྱ་གར་སྲིད་འཛིན་རྒྱ་བོ་རེད་ལབ་རོགས།

  10. ཀླུ་སྨྱོན། says:
    2012-03-29 at 11:36 pm

    ཅེས་བརྗོད་དགོས་པ་རེད།

  11. ཀླུ་སྨྱོན། says:
    2012-03-29 at 11:37 pm

    རྒྱ་བོ་དེར་ལབ་རོགས།

  12. ཨ་ར་དཀར་པོ says:
    2012-03-30 at 12:27 am

    ངས་སྐད་དེ་རྒྱ་གར་སྲིད་འཛིན་མཆོག་ལ་ལབ་ཚར་ཡིན། སྲིད་འཛིན་མཆོག་གིས་སྐད་སྐུར་མཁན་དེ་ཕལ་ཆེར་སྨྱོན་པ་ཞིག་ཡིན་པ་ཐག་ཆོད་་་་་་་་་་་་ཟེར། ཧཧཧ

  13. ཀླུ་སྨྱོན། says:
    2012-03-30 at 1:35 am

    བྱི་ལ་དཀར་ནག་གཉིས་ཀས་ཙི་ཙི་བཟའ། །
    རྒྱ་མི་དཀར་ནག་གཉིས་ཀས་བོད་པ་འཇུ། །

  14. ལོག་སྨྲ་ཚར་གཅོད། says:
    2012-03-30 at 2:02 am

    ལས་འགུལ་ཡག་པོ་སྤེལ་འདུག ཡི་རངས་ཡོད། འོན་ཀྱང་སྔོན་མ་དང་བསྡུར་ན་འདི་ལོར་རྒྱ་གར་གྱིས་ལྡི་ལིར་བོད་མི་རྣམས་བཙོན་འཇུག་བཀག་ཉར་ཤུགས་ཆེན་བྱས་རྐྱེན་ཀྱིས་མི་མང་པོ་ལངས་ཐུབ་མེད་པ་འདྲ། རྒྱ་གར་གྱིས་བྱས་སྟངས་འདི་ལ་བལྟས་ན་ང་ཚོའི་བོད་གཞུང་གི་མཚན་སྙན་འདི་རྒྱ་གར་ནང་སླར་གསོ་བྱེད་རྒྱུ་ཁག་པོ་ཡིན་པ་འདྲ། ད་བོད་པ་ཚོས་ནམ་ཡང་སེམས་ཤུགས་མ་ཆགས་ནས་གཞུང་དམངས་ཀྱི་བསྟི་གནས་དེ་ས་ཆ་གཙང་ས་དང་བརྟན་ས་ཞིག་ལ་གཞི་འཛུགས་རྒྱུའི་བསམ་བློ་གཏོང་དགོས།

  15. ཐུབ་པ། says:
    2012-03-30 at 2:47 am

    ད་བཙན་བྱོལ་བོད་གཞུང་ཨ་རི་ལ་གནས་སྤོར་ན་གང་འདྲ་འདུག
    དེར་སོང་ན་ང་ཚོར་སློབ་སྦྱོང་རག་པར་མ་ཟད། དཔལ་འབྱོར་གྱི་དཀའ་ངལ་ཡང་སེལ་འགྲོ་གི་རེད།
    བཙན་བྱོལ་བོད་གཞུང་ངེས་པར་ཨ་རི་ལྟ་བུ་སྟོབས་ཆེན་རྒྱལ་ཁབ་ཅིག་ཏུ་གནས་སྤར་དགོས་གི་འདུག

  16. བྲོ་འཚལ། says:
    2012-03-30 at 2:59 am

    ལས་འགུལ་སྤེལ་བ་ངོ་མ་ཡག་པོ་རེད།་་ཡིན་ན་ཡང་མི་བཅུ་ཉི་ཤུ་ཞིག་གིས་འཕྲེད་དར་འཁྱེར་ནས་སྐད་འབོད་ཙམ་བྱས་པ་ནི་ཅི་ཡང་ཡོང་ཐུབ་ཀྱི་མ་རེད་བསམ།་་་ད་ཡིན་ལ་ང་ཚོས་དེ་ལས་ལྷག་ཅིག་དང་ལྡབ་བཅུ་དང་བརྒྱ་ཡི་ལས་འགུལ་རྒྱ་ཆེན་པོ་ཞིག་སྤེལ་ན་མི་ལེགས་སམ།་་་དཔེར་ན་བྱེས་འབྱོར་བོད་མི་ཡོད་དོ་ཅོག་གིས་ཉིན་གཅིག་དུས་གཅིག་ལ་ཟས་བཅད་ངོ་རྒོལ་བྱེད་པའམ་ཡང་ན་བོད་ནང་ཞི་བའི་གོམ་བགྲོད་ཅེས་པ་ཞིག་བཀོད་བསྒྲིགས་བྱས་ཏེ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཁག་གི་མགོ་ལས་ཚང་མ་གཙོ་བྱས་པའི་བྱེས་འབྱོར་བོད་མི་ཚང་མ་མཉམ་གཅིག་ཏུ་གོམ་བགྲོད་བྱས་ན་མི་ལེགས་སམ།་་་་དེ་མིན་ན་བྱེས་འབྱོར་བོད་མིའི་ཁྲོད་ཀྱི་བླ་ཆེན་དང་དཔོན་ཆེན་ཁག་ཕྱོགས་གཅིག་ཏུ་བསྡུས་ནས་བླ་ཆེན་དང་མི་ཆེན་གྱི་ཟས་བཅད་ངོ་རྒོལ་བྱེད་པའམ་ཞི་བའི་གོམ་བགྲོད་ཆེན་མོ་ཞིག་བྱས་ན་ག་འདྲ་འདུག་གམ།

  17. ཀརྡོ་གཉེར་ཕྱག་པ་ says:
    2012-03-30 at 3:14 am

    ད་ལོ་ནི། ཧུ་ཅིན་ཐའོ་རྒྱ་གར་རྒྱལ་སར་སྡོད་དུས། ཧི་མ་ལའི་ནང་པ་ཚོས། ནང་ཆོས་དང་། རང་རང་གི་བོ་པའི་བླ་མའི་ཆེད་དུ། ཞི་བའི་ལས་འགུལ་སྤེལ་གནང་བའི་རེ་བ་ཡོད་ལགས།

  18. ཆུ་ཤེལ་དྭངས་མོ། says:
    2012-03-30 at 5:04 am

    ཧོ་ཅན་ཐོ་རྒྱ་མི་རིགས་ཀྱི་མཚོན་རྟགས་རེད་ཟེར་བ་དེ་འགྲིག་གི་མ་རེད། རྒྱ་མི་རིགས་ཀྱིས་གུང་ཁྲུན་ཏང་གིས་སྲིད་གཞུང་བཟུང་བ་ལ་འདོད་མོས་མེད་པ་དེ་ཡང་གསལ་པོ་ཤེས་དགོས་པ་རེད། མདོར་བསྡུས་ནས་བཤད་ན་ཏིང་ཁག་གཅིག་གིས་སྒེར་གཅོད་བྱས་ཏེ་སྲིད་དབང་ཧམ་བཟང་བྱས་ནས་མི་ལོ་དྲུག་ཅུ་འགྲོ་བཞིན་ཡོད་ཀྱང་ཧམ་པ་དང། སྐྱག་རྫུན། མེ་མདའ་མང་ཚོགས་ལ་གཏད་ནས་ཉིན་མཚན་མ་འཁྱོལ་བར་འགྲོ་བཞིན་ཡོད་པ་དེ་ཡང་དྲ་གྲོགས་ཚོས་གསལ་པོ་མཁྱེན་ན་ལགས།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (60)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (49)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (33)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (25)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme