Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བར་ངོ་རྒོལ།

Posted on 2012-09-032012-09-03 By ཁ་བརྡ་ 13 Comments on རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བར་ངོ་རྒོལ།

གནས་ཚུལ་མཁོ་གཏོང་བ། བོད་རང་བཙན་སློབ་ཕྲུག་ཚོགས་པ།

ཕྱི་ལོ་༢༠༡༢་ལོའི་ཟླ་༩་པའི་ཚེས་༢་ཉིན། བོད་ལ་རང་དབང་དགོས་པ་དང་བོད་ནང་གི་ད་ལྟའི་དྲག་གནོན་གྱི་སྲིད་ཇུས་མཚམས་འཇོག་དགོས་པའི་འབོད་སྐུལ།
ད་ལྟའི་བོད་ནང་གི་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་དང་འབྲེལ་ནས་བོད་དོན་ལས་འགུལ་བ་ཚོས་སྤེལ་འཆར་ཡོད་པའི་གཞི་རྒྱ་ཆེ་བའི་རྒྱལ་སྤྱིའི་རང་བཞིན་གྱི་བོད་དོན་ལས་འགུལ་གྱི་ཆ་ཤས་གཅིག་ཏེ། དེ་རིང་རྒྱ་ནག་གི་བདེ་སྲུང་བློན་ཆེན་ལེང་ཀོང་ལེ་དང་བོད་རང་སྐྱོང་ལྗོངས་དམག་ཁུལ་ཁང་གི་དམག་སྤྱི་ཡཱང་ཅིན་ཧྲན་གཉིས་རྒྱ་གར་ནང་འབྱོར་བར་བོད་དོན་ལས་འགུལ་བ་ཁག་ཅིག་གིས་སྒྲིག་འཛུགས་རང་བཞིན་དང་འཆར་འགོད་རང་བཞིན། འཐབ་ཇུས་རང་བཞིན་ལྡན་པའི་ལས་འགུལ་མང་པོ་བང་བསྒྲིགས་ནས་ཡོད་པའི་གྲས་ཀྱི་ལས་འགུལ་ཐོག་མ་དེ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་རྟེན་གཞི་བྱས་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་སྤེལ་ཡོད་ལ། ཁོང་ཚོའི་ལག་ཏུ་བཟུང་བའི་འཕྲེད་དར་དང་ཤོག་བྱང་གི་ཐོག་ཏུ་“བོད་མི་༥༡་གིས་རང་ལུས་མེར་བསྲེགས་བཏང་ཡོད། རང་བཙན་གྱི་ཆེད་དུ་བོད་མི་ཚོས་རང་སྲོག་བློས་གཏོང་བྱེད་ཀྱི་ཡོད། བོད་རང་བཙན་ནི་རྒྱ་གར་གྱི་བདེ་འཇགས་ཡིན”ཞེས་པའི་འབོད་ཚིག་སོགས་བཀོད་འདུག་ལ། ལས་འགུལ་གྱི་བརྒྱུད་རིམ་ཁྲོད་དུ་ཁོང་ཚོས་རྒྱ་ནག་གི་སྐར་ལྔའི་དར་དམར་དེ་ཡང་མེ་ལ་བསྒྲོན་སོང་། “བོད་པའི་དཀའ་རྙོག་གཙང་སེལ་མ་བཟོས་བར་དུ་རྒྱ་དཀར་ནག་གཉིས་དབར་གྱི་གྲོས་མོལ་དེ་དུས་ནམ་ཡང་ལམ་ལྷོང་དང་གྲུབ་འབྲས་སོན་ཐབས་མེད་ལ། རྒྱ་ནག་གིས་བོད་ཧམ་བཟུང་བྱས་པ་ནས་རྒྱ་གར་གྱི་མཐའ་མཚམས་ས་ཁུལ་དུ་ག་དུས་ཡིན་ཡང་དཀའ་ངལ་དང་ཉེན་ཁ་འཕྲད་ཀྱིན་ཡོད་པ་མ་ཟད། རྒྱ་གར་རྒྱལ་ཁབ་ཆེན་པོའི་འཐུང་ཆུ་གཙོས་གནད་དོན་མང་པོ་ ཞིག་གི་ཐོག་ལ་རྒྱ་ནག་གཞུང་གིས་ག་དུས་ཡིན་ཡང་སུན་གཙེར་བཟོ་གི་ཡོད།” ཅེས་རྡ་ས་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་ཐུབ་བསྟན་ལགས་ཀྱི་བརྗོད་སོང་། ཁོས་མུ་མཐུད་ནས་“ད་ཐེངས་ལེང་ཀོང་ལེ་རྒྱ་གར་དུ་འབྱོར་བ་དེ་ནི་བོད་ནང་གི་བོད་མི་ཚོས་རྒྱ་ནག་ གཞུང་གི་གདུག་རྩུབ་ཀྱི་སྲིད་ཇུས་འོག་མནར་གཅོད་ཚད་མེད་མྱངས་དང་མྱོང་བཞིན་ ཡོད་པ་མ་ཟད། བཟོད་ཐབས་བྲལ་བའི་དྲག་གནོན་གྱི་ལས་གཞི་དེའི་འོག་བོད་མི་༥༡་ ལྷག་གིས་བོད་བསྟན་སྲིད་ཀྱི་དོན་དུ་རང་ལུས་མེར་བསྲེགས་བཏང་བའི་དུས་སྐབས་དང་འཁེལ་ཡོད་པས། ང་ཚོས་ཁོང་རྒྱ་གར་དུ་སླེབས་པར་མཐའ་གཅིག་ཏུ་ངོ་རྒོལ་ཡོད་ལ། དུས་མཚུངས་སུ་རྒྱ་གར་གཞུང་ངོས་ནས་ཀྱང་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ཐོག་ལ་ཁ་ཞེ་གཉིས་མེད་ཀྱི་རྒྱབ་སྐྱོར་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་”ཅེས་བརྗོད་སོང་།
ཕྱི་ཟླ་༨་པའི་ཚེས་༢༧་ཉིན་བོད་མདོ་སྨད་རྔ་པ་རུ་རང་ལོ་༡༨་ཙམ་ཡིན་པའི་གྲྭ་བློ་བཟང་སྐལ་བཟང་། རང་ལོ་༡༧་ཙམ་ཡིན་པའི་གཅའ་ཞང་རྭ་རུ་བའི་ཚེ་པོ་ཚང་གི་བུ་དམ་ཆོས་གཉིས་ཀྱིས་རང་ལུས་མེར་བསྲེགས་བཏང་སྟེ་རྒྱ་ནག་གཞུང་གི་སྡུག་རྩུབ་ཀྱི་སྲིད་ཇུས་ལ་ངོ་རྒོལ་བྱས་པ་དང་། དེ་ཡང་ཕྱི་ལོ་ཉིས་སྟོང་དགུ་ནས་བརྩིས་ན་ད་ལྟའི་དབར་རྒྱལ་གཅེས་དཔའ་བོའི་རང་ལུས་མེར་བསྲེགས་ཀྱི་གྲངས་འབོར་ལྔ་བཅུ་ང་གཅིག་བརྒལ་ཡོད་པ་རེད།
བོད་མི་ཚོས་རང་ལུས་མེར་བསྲེགས་བྱེད་པ་ནི་རྒྱ་ནག་གཞུང་གི་དྲག་རྩུབ་ཀྱི་སྲིད་ཇུས་ལ་རྒོལ་བའི་ཚད་མཐོའི་རང་བཞིན་ལྡན་པའི་ཆབ་སྲིད་ཀྱི་ལས་འགུལ་ཞིག་ཡིན་ལ། འདས་པའི་ལོ་གཅིག་གི་ནང་དུ་བོད་མི་༤༩་ལྷག་གིས་རང་ལུས་མེར་བསྲེགས་བཏང་ཡོད་པ་དང་། ཕྱི་ལོ་༢༠༡༢་ལོའི་ཟླ་༨་པའི་ནང་གཅིག་པུར་ཉུང་མཐར་ཡང་བོད་མི་༧་ལྷག་གིས་དེ་བཞིན་གྱི་ལས་འགུལ་སྤེལ་ཡོད་ལ། རང་ལུས་མེར་བསྲེགས་གཏོང་མཁན་གྱི་གྲས་ནས་དུས་ད་ལྟའི་ཆར་བོད་མི་༤༠་ཙམ་འདས་གྲོངས་སུ་ཕྱིན་ཡོད། ཡིན་ཡང་རྒྱ་ནག་གཞུང་གིས་བོད་མི་ཚོའི་དཀའ་སྡུག་གི་འཚོ་བའི་གནས་སྟངས་ངོ་མ་ཁས་ལེན་བྱེད་རྒྱུ་ཕར་ཞོག ད་དུང་རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོའི་ཐོག་ལ་ཡང་ཧ་ཅང་ཐབས་སྡུག་གི་རྩུབ་སྤྱོད་སྤེལ་ཡོད་ལ། དཔེར་ན་རང་ལུས་མེར་བསྲེགས་གཏོང་མཁན་ཁ་ཤས་ལ་དྲག་ཆས་མི་སྣས་རྡུང་རྡེག་ཚད་མེད་བཏང་ཡོད། དེ་ཙམ་མ་ཟད། བོད་ཀྱི་རྒྱལ་ས་ལྷ་ས་གཙོས་བོད་ནང་གི་རང་ལུས་མེར་བསྲེགས་གཏོང་ཡུལ་གྱི་ ས་ཁུལ་ཁྱོན་ཡོངས་ལ་དམག་མི་འབོར་ཆེན་སྤོས་ནས་བོད་མི་ཚོའི་ཉིན་རེའི་བྱ་བཞག་ཡོད་ཚད་ལ་སོ་ལྟ་དང་ཚོད་འཛིན་ནན་མོ་བྱེད་ཀྱིན་ཡོད་པ་རེད།
“ང་ཚོས་དེ་རིང་འདིར་རྒྱ་གར་གཞུང་ཡང་འཛམ་གླིང་གི་སྲིད་གཞུང་ཚང་མ་དང་ལྷན་དུ་ལངས་ནས་ཁྱབ་རྒྱ་ཆེ་ལ། ནུས་ཤུགས་ལྡན་པའི་རྒྱལ་སྤྱིའི་རང་བཞིན་གྱི་དཔུང་སྡེ་ཆེན་པོ་ཞིག་བསྐྲུན་ཏེ་རྒྱ་ནག་གཞུང་ལ་གནོན་ཤུགས་འཕར་མ་སྤྲད་པའི་ཐོག་ད་ལྟའི་བོད་ནང་གི་རྒྱ་གཞུང་གི་ཆེས་སྡུག་རྩུབ་ཀྱི་སྲིད་ཇུས་དེ་བསྒྱུར་བཅོས་མི་གཏོང་ཐབས་མེད་ཆགས་ཏུ་འཇུག་པའི་འབོད་སྐུལ་ཞུ་བཞིན་ཡོད་” ཅེས་རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པའི་རྒྱལ་ཡོངས་འགན་འཛིན་རྡོ་རྗེ་ཚེ་བརྟན་ལགས་ཀྱིས་བརྗོད་སོང་། ཁོས་ད་དུང་མུ་མཐུད་ནས “རྒྱ་ནག་གཞུང་གིས་བོད་ནང་དུ་ཆེས་ཡ་ང་བའི་སྡུག་རྩུབ་ཀྱི་སྲིད་ཇུས་འདྲ་མིན་སྤེལ་གྱིན་པའི་དུས་སྐབས་འདིར། འཛམ་གླིང་གི་རྒྱལ་ཁབ་དང་ཚོགས་སྤྱི་ཁག་གིས་མིག་ཟུང་བཙུམས་ཤིང་རྣ་བ་བཀབས་ནས་སྡོད་ཐབས་གཏན་ནས་མེད་ལ། ང་ཚོས་རྒྱ་ནག་གི་བདེ་སྲུང་བློན་ཆེན་དེ་རིང་རྒྱ་གར་དུ་འབྱོར་བར་འཆར་གཞི་དང་འཐབ་ཇུས་ལྡན་པའི་ངོ་རྒོལ་གྱི་ལས་འགུལ་རབ་དང་རིམ་པ་ཞིག་བང་བསྒྲིགས་ནས་བཞག་ཡོད”་ཅེས་བརྗོད་སོང་། མི་འགྱངས་པར་འཛམ་གླིང་གི་རྒྱལ་ཁབ་འདྲ་མིན་དུ་བོད་དོན་ལས་འགུལ་བ་དང་རྒྱབ་སྐྱོར་བ་ཚོས་འཛམ་གླིང་གི་རྒྱལ་ཁབ་ཚང་མའི་ཕྱི་སྲིད་བློན་ཆེན་དག་གི་ངོས་ནས་སླེབས་ལ་ཉེ་བའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་དང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་ཆེན་གཉིས་ཀྱི་སྐབས་སུ་བོད་དོན་ཐོག་མཉམ་རུབ་ཀྱི་རྒྱབ་སྐྱོར་ཡོང་བར་དམིགས་ཏེ་ཕྱི་ཟླ་༩་པའི་ཚེས་༥་ཉིན་གྱི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཉིན་མོ་ཁྲོད་མཉམ་ཞུགས་བྱས་ནས་དོན་ནུས་ལྡན་པའི་ཚ་ཚ་འུར་འུར་གྱི་ལས་འགུལ་སྣ་མང་སྤེལ་འཆར་ཡོད་པ་དང་། རྒྱལ་སྤྱིའི་རང་བཞིན་ལྡན་པའི་འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་བོད་དོན་ལ་རྒྱབ་སྐྱོར་ཡོང་བར་དམིགས་ནས་སྤེལ་བའི་ང་ཚོའི་ལས་འགུལ་ཁག་ལ་གྲུབ་འབྲས་ཆེན་པོ་སྨིན་གྱི་ཡོད་ལ། ཉེ་ཆར་ཨ་རིའི་གྲོགས་ཚོགས་ཀྱི་ཚོགས་མི་ཧྥི་རན་ཁི་་བོལ་ཧྥུ་དང་ཇེམ་སི་་མེད་ཁི་གྷ་བིན་གཉིས་ཀྱིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལེད་རེ་་ཁི་ལིན་ཌོན་ལ་དམིགས་བསལ་ཕྱག་འཕྲིན་བཏང་ནས་རྒྱལ་སྤྱིའི་བོད་དོན་ཚོགས་འདུ་ཞིག་གང་མགྱོགས་བསྐོང་དགོས་བའི་རེ་སྐུལ་ཞུས་ཡོད་ལ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཚོགས་ཆེན་སྐབས་སུ་བོད་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་ཡོད་པའི་རྒྱལ་མང་རང་བཞིན་ གྱི་རུ་ཁག་ཅིག་ཀྱང་རྩ་འཛུགས་བྱེད་དགོས་སྐོར་གྱི་གྲོས་འགོ་ཡང་བཏོན་ཡོད་པ་རེད།
ལས་འགུལ་གོ་སྒྲིགས་པ། རྒྱ་གར་བོད་རང་བཙན་སློབ་ཕྲུག་ཚོགས་པ། རྡ་ས་ས་གནས་གཞོན་ནུ་ལྷན་ཚོགས།
དཔྱད་གཞིའི་ཟིན་ཐོ།:
རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ལ་རྒྱ་ནག་གི་ཉེན་རྟོག་མི་སྣས་གཅེར་རྡུང་བྱེད་བཞིན་པའི་བརྙན་པར་ལ་གཟིགས་འདོད་ཡོད་ན། དྲ་ཐག་འདིའི་ཐོག་ལ་བསྣུན་རོགས http://www.savetibet.org/media-center/ict-news-reports/vivid-new-footage-shows-young-tibetan-being-beaten-police-while-fire

བོད་རང་བཙན་སློབ་ཕྲུག་ཚོགས་པས་རྒྱ་ནག་གཞུང་ལ་བཏོན་པའི་དགོས་འདུན་ཁག
བོད་ནང་གི་ས་ཁུལ་ཁག་དང་དམིགས་བསལ་དགོན་སྡེ་རེ་ཟུང་གི་ནང་ཏུ་རྟེན་གཞི་བྱས་པའི་དམག་མི་འབོར་ཆེན་རྣམས་གང་མགྱོགས་ཕྱིར་འཐེན་བྱེད་དགོས་རྒྱུ་དང་། བོད་ནང་དུ་ལག་བསྟར་བྱེད་བཞིན་པའི་ཆོས་ལུགས་དང་བདེ་འཇགས་སོགས་དང་འབྲེལ་བའི་ཚུལ་མིན་ གྱི་སྲིད་བྱུས་རྣམས་འཕྲལ་དུ་མཚམས་འཇོག་བྱེད་དགོས།
རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོ་དང་འབྲེལ་བའི་གཉེན་ཉེ་ནང་མི་སོགས་མྱུར་དུ་ཀློད་གྲོལ་གཏོང་དགོས་པ་མ་ཟད། རང་ལུས་མེར་བསྲེགས་གཏོང་མཁན་གྱི་བོད་མི་ཚོ་ད་ལྟ་གང་དུ་ཡོད་མེད་དང་ཁོང་ཚོའི་གཟུགས་གཞི་དང་འཕྲོད་བསྟེན་གྱི་གནས་སྟངས་སོགས་ག་འདྲ་ཡོད་མེད་གསལ་བཤད་དང་ཕྱིར་བསྒྲགས་བྱེད་དགོས།
ཕྱིའི་རྒྱལ་ཁབ་ཁག་གི་ཕྱི་འབྲེལ་མི་སྣ་དང་རང་དབང་ཅན་གྱི་ཕྱི་རྒྱལ་གྱི་གསར་འགོད་པ་ཅི་རིགས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བསྐྱོད་བྱེད་ཏུ་བཅུག་ནས་བོད་ནང་གི་གནས་སྟངས་ངོ་མ་རྒྱུས་ལོན་བྱེད་དུ་འཇུག་དགོས།
བོད་ནང་གི་བོད་མི་ཚོའི་དངོས་ཡོད་ཀྱི་དཀའ་སྡུག་ལ་བསམ་བཞེས་བྱས་ནས་༧་གོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས། བོད་ལ་རང་དབང་དགོས་ཞེས་པའི་ཁོང་ཚོའི་མངོན་འདོད་ངེས་པར་དུ་སྐོང་དགོས།

བོད་རང་བཙན་སློབ་ཕྲུག་ཚོགས་པས་འཛམ་གླིང་གི་རྒྱལ་ཁབ་ཁག་ལ་བཏོན་པའི་དགོས་འདུན་ཁག
འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ངེས་པར་དུ་མཉམ་རུབ་ཐོག་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲད་དེ་རྒྱལ་ཁབ་འདྲ་མིན་གྱི་ཕྱི་འབྲེལ་མི་སྣ་དང་རང་དབང་ཅན་གྱི་ཕྱི་རྒྱལ་གྱི་གསར་འགོད་པ་ཅི་རིགས་བོད་ཀྱི་ས་ཁུལ་ཁག་ཏུ་འགྲོ་བསྐྱོད་བྱེད་ཏུ་འཇུག་ཐུབ་པ་བྱ་དགོས།
འཛམ་གླིང་གི་རྒྱལ་ཁབ་ཁག་གིས་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་བབ་ལ་དམིགས་ནས་རྒྱལ་མང་རང་བཞིན་གྱི་ནུས་ཤུགས་ལྡན་པའི་རུ་ཁག་ཅིག་རྩ་འཛུགས་བྱས་པའི་ཐོག་འབྱུང་འགྱུར་བོད་དང་འབྲེལ་བའི་ཕྱི་འབྲེལ་གྱི་ལས་གཞི་མཐའ་དག་ཚང་མས་མོས་མཐུན་དང་ལག་བསྟར་ཡོང་བར་འབད་དགོས།
འཛམ་གླིང་གི་རྒྱལ་ཁབ་ཁག་གི་དབུ་ཁྲིད་ཚོས་གཞི་རིམ་མང་ཚོགས་ཀྱི་ཁྲོད་དང་གོ་སྐབས་གང་ཡོང་ལ་ངེས་པར་དུ་རྒྱ་ནག་གི་འགོ་ཁྲིད་ཚོར་ད་ལྟའི་བོད་ནང་གི་ཛ་དྲག་གི་གནས་སྟངས་སྐོར་ལ་སེམས་འཚབ་ཡོད་སྐོར་གྱི་གླེང་སློང་དང་བསྒྲགས་གཏམ་སྤེལ་དགོས།

ཨ་རིའི་གྲོགས་ཚོགས་མི་སྣས་བོད་དོན་ཐོག་སེམས་འཚབ་ཀྱིས་ཨ་རིའི་རྒྱལ་དོན་དྲུང་ཆེ་ལྕམ་ཧེ་ལེད་རེ་་ཁི་ལིན་ཌོན་ལ་བཏང་བའི་དམིགས་བསལ་གྱི་ཕྱག་འཕྲིན་ལ་གཟིགས་འདོད་ཚེ་དྲ་ཐོག་འདིའི་ཐོག་ལ་བསྣུན་རོགས། https://www.studentsforafreetibet.org/news/us-congressmen-calls-for-more-action-on-tibet

བོད་ནང་དུ་རང་ལུས་མེར་བསྲེགས་གཏོང་མཁན་གྱི་རྒྱལ་གཅེས་དཔའ་བོ་དཔའ་མོ་དག་གི་ཐོ་གཞུང་རྒྱས་པ་ལ་གཟིགས་འདོད་ཚེ། དྲ་ཐག་འདིའི་ཐོག་ལ་བསྣུནརོགས། www.StandupforTibet.org/learn-more. སྐྱབས་བཅོལ་བོད་མིའི་ཁྲོད་དུའང་རང་ལུས་མེར་བསྲེགས་ཀྱི་དོན་རྐྱེན་ཐེངས་ལྔ་ཙམ་བྱུང་ཡོད།

གསར་འགྱུར།

Post navigation

Previous Post: མདོ་སྨད་འབོ་ར་དགོན་པའི་གྲྭ་བ་ཞིག་ཡང་བསྐྱར་འཛིན་བཟུང་།
Next Post: གནམ་འོག་གི་མགྱོགས་བྲིས།

Comments (13) on “རྒྱ་ནག་གི་བདེ་སྲུང་བློན་ཆེན་རྒྱ་གར་ལ་འབྱོར་བར་ངོ་རྒོལ།”

  1. མངའ་རིས་ཕྲིན་ལས། says:
    2012-09-03 at 12:21 pm

    དཔེ་ཡག་པོ་བྱུང་འདུག་ཐུགས་རྗེ་ཆེ་ཆབ་སྲིད་ཀྱི་གནད་དོན་ནི་བསྔོ་སྨོན་གྱི་བསེལ་མི་ནུས་པས་གཞོན་ནུ་དང་། བོད་རང་བཙན་སློབ་ཕྲུག་ཚོགས་པ་སོགས་ལ་སྙིང་ནས་ཡི་རངས་བསྔགས་བརྗོད་དང་། ལས་འགུལ་སྤེལ་ཕྱོགས་ལ་མོས་མཐུན་ཡོད།

  2. གསེར་འབྲུག་སྡེར་ལྔ་ says:
    2012-09-03 at 1:17 pm

    ཨ་ཨ། ད་མི་རབས་གསར་པ་ཚོ་ཞེ་དྲག་གནང་རྒྱུ་མ་མང། མི་རབས་གྲེས་པ་ཚོ་ཐུགས་ལ་མ་བབས་ན་ཕན་ཐོགས་ཅང་མེད་པ་རེད་དོ། དེ་ལས། ཕོ་རྒོད་པ་ལས་གཉིད་སྐྱིད་པ་དགའ། བྱས་པ་རེད།

  3. རྣ་བ་བརྒྱདཔ་ says:
    2012-09-03 at 2:01 pm

    ཡག་པོ་འདུག་ཐུགས་རྗེ་ཆེ། ཡིན་ན་ཡང། རང་བཞིན་ལ་མ་འདུག་པར་སྐད་འབོད་རྒྱབ་པ་དང་གཏམ་བཤད་སྤེལ་བ་སོགས་ནི་ནམ་རྒྱུན་ང་ཚོས་ལས་མགུལ་གྱི་ངོ་བོ་རེད། དེ་ཙམ་གྱིས་ཡིད་ཚིམ་པོ་བྱུང་སོང་ཟེར་བ་ཡང་ང་ཚོས་ཚོགས་པ་ཁེག་གི་རང་བཞིན་རེད། ཡིན་ན་ཡང་ང་ཚོས་རེ་འདུན་ག་ཙེ་བཏོན་ན་ཉན་མཁན་དང་བསྒྲུབ་མཁན་མེད་པ་ཡང་ཤེས་གསར་རེད་དེ་ཙམ་དུ་མ་ཟད་དེའི་བཟློག་ཕྱོགས་བཟུང་ནས་ཐ་ན་མིང་ཙམ་ཡང་གླེང་མི་ཆོག་པ་དང་གལ་དེ་གླེང་མཁན་བྱུང་ཚེ་བསད་པ་དང་བཙོན་འཇུག་སོགས་གྱི་སྒོ་ནས་ཐབ་ཟད་འུ་ཐུག་གི་ལས་མགུལ་སྤེལ་དང་སྤེལ་བཞིན་པ་ད་ལྟ་གྲངས་ང་གཅིག་བརྒལ་བ་འདི་རང་རེད།

  4. ཡ་ཐོག་ཚེ་རིང་། says:
    2012-09-03 at 2:23 pm

    ང་རང་སྒེར་ངོས་ནས་ཁྱེད་རྣམས་པར་ཐུགས་རྗེ་ཆེ་ཞུ་བཞིན་ཡོད། ད་གཟབ་ཙམ་གྱིས་མ་གཏོགས་བཙན་བྱོལ་ནང་བོད་རང་བཙན་ཡིན་སུས་ཟེར་ན་དེ་ལྟ་བ་ལོག་པ་དང་བོད་མི་རིགས་ལ་ཤ་ཞེན་མེད་མཁན།བོད་མི་སྒྲིག་འཛུགས་ལ་མི་བརྩི་མཁན་རེད་ཟེར་འཆར་འདུག

  5. མདོ་སྨད་པ་བླུན་པོ་ says:
    2012-09-03 at 9:37 pm

    སྤྱིར་བཏང་ལས་འགུལ་ག་རེ་སྤེལ་ན་ཕར་རྒྱ་ནག་ལ་ཁ་ཕྱོགས་ཏེ་སྤེལ་ན་མ་འགྲིག་པ་གང་ཡང་མཐོང་གི་མི་འདུག མ་ཟད་རྒྱབ་སྐྱོར་ཡོད། དེ་མིན་ཉིན་ཞིག་ལས་འགུལ་འདིའི་ནང་ཞུགས་དགོས་བྱུང་ན་ཞུགས་གི་ཡིན། ཡིན་ན་ཡང་སྐབས་རེར་ཁ་ནང་དུ་སྐོར་ནས་ལས་འགུལ་སྤེལ་ཏེ་རང་བཙན་རྩོད་ཀྱི་ཡོད་མེད་སོགས་ལ་རྩོད་པ་ཤོར་ཡོང་དུས་རང་བཞིན་གྱིས་མི་མང་མི་དགའ་བ་ཞིག་ཆགས་འགྲོ་བ་ཆོས་ཉིད་རེད། དེའི་ཕྱིར་གཞོན་ནུ་དང་སློབ་ཕྲུག་ཚོས་ཁ་ཕར་ཁོར་ནས་རྒྱ་ནག་ལ་རང་བཙན་རྩོད་རོགས་ཀྱིས། སྐབས་རེར་བོད་གཞུང་དང་། ཚོགས་པ་ག་གེ་མོའི་བར་ལ་རྩོད་གླེང་བྱུང་ན་ཕན་ཐོག་མེད་པ་གསལ་བོ་རེད།

  6. མགོན་པོ་ཕྱག་གཉིས་པ། says:
    2012-09-03 at 10:15 pm

    དང་པོ་བོད་གཞུང་གི་ལག་ནས་རང་བཙན་ལེན་དགོས་པ་རེད། དེ་ནས་རྒྱ་མིའི་ལག་ནས་རང་བཙན་ལེན་དགོས་པ་རེད། ལས་སླ་པོ་ཡོད་པ་མ་རེད། བོད་གཞུང་གི་ལག་ནས་རང་བཙན་ལེན་རྒྱུ་དེ་རྒྱ་ལག་ནས་རང་བཙན་ལེན་རྒྱུ་ལས་ལས་སླ་བ་ཞིག་ཏུ་ངས་མཐོང་དཀའོ། བོད་མི་ཕལ་ཆེ་བ་དབུ་མ་ལས་བློ་ལོག་ཏེ་རང་བཙན་ལ་ཁ་ཕྱོགས་པ་དང་བོད་གཞུང་གི་ལག་ནས་རང་བཙན་རག་པ་རེད།
    དེ་ནས་ད་རྒྱག་གཅིག་མཆོངས་གཅིག་བྱས་ནས་རྒྱ་ལག་ནས་རང་བཙན་རྩོད་དགོས་པ་རེད། དེ་མིན་བོད་གཞུང་གི་ལག་ནས་རང་བཙན་མ་རག་པར་རྒྱ་ལག་དང་རྒྱལ་སྤྱིའི་ཐོག་རང་བཙན་རྩོད་ས་ཞིག་ཡོད་པ་མ་རེད། རང་བཙན་ཟེར་ན་ཕ་རིའི་སྤང་ཁ་རེད། རང་བཙན་དགོས་ན་དེ་ལེན་པའི་གོ་རིམ་དེ་འདྲ་ཞིག་རེད། དབུ་མའི་ལམ་དེ་རང་བཙན་གྱི་ཁུག་མའི་ཁ་དིག་རེད། ཁུག་མའི་ཁ་དིག་དེ་རྣོ་ལྕགས་ཀྱིས་གྲུབ་ཡོད་པ་རེད། ཁུག་མའི་ཁ་དིག་དེ་ཡག་པོ་ཡོད་ན་བོད་མི་མང་གིས་མུ་མཐུད་ཉར་ཆོག་གི་རེད་ལ་ཁ་དིག་དེ་ཡག་པོ་མེད་ན་བོད་མི་མང་གིས་གཅོད་ཀྱང་ཆོག་གི་རེད། རྒྱལ་བ་རིན་པོ་ཆེ་ལ་ངའི་དགོངས་གཞི་འདི་ཡིན་ཟེར་ནས་འགྱུར་མེད་ཐེར་ཟུག་ཅིག་ཡོད་པ་མ་རེད། བོད་མི་མང་གི་འདོད་འདུན་དེ་༧རྒྱལ་བ་རིན་པོ་ཆེའི་དགོངས་གཞིའང་རེད། དེ་རིང་ཡང་ཁ་འདུག་མ་ཐུབ་པར་སྐད་ཆ་འགའ་བཤད་ན་དེ་མོ་ཟིག་རེད། དྲང་མོ་བཤད་ན་མི་མི་དགའ་གི་མོད། དབྱུག་པ་ཕྱར་ན་ཁྱི་མི་དགའ་གི་མོད། མ་དགའ་ན་ཡང་རང་གི་གང་དྲན་པ་དེ་དྲང་མོ་བཤད་བཞག་ན་རང་སེམས་གུ་ཡངས་པའི་ཁྱད་ཅིག་ཡོད་གི་མོད། ད་དེ་བྱས།

  7. ལུང་རྟོགས། says:
    2012-09-04 at 12:48 am

    ཧིན་་་་དྲ་འབུ་ལྟས་ངན་འདི་ཚོ། ནམ་རྒྱུན་རང་བཙན་རྩོད་དགོས་ཤེས་དཔའ་གཏམ་དཔུང་ངོམ་བྱེད་མཁན་ཚོས། དེ་རིང་རྒྱ་ནག་གཞུང་ཚབ་མདུན་ལས་འགུལ་སྤེལ་བ་ལ་མ་རང་བ་བྱེད་ཀྱི་འདུག ཁྱོད་ཚོའི་ངོ་གདོང་ངོ་མ་དེ་དེ་རེད་དམ།

  8. བླ་སྨྱོན་ says:
    2012-09-04 at 1:24 am

    ཁྱོད་རང་ཚོས་ལས་འགུལ་ཞིག་སྤེལ་བར་དགའ་གུས་ཡོད། ཡིན་ཡང་བོད་ལ་རང་ལུས་མེ་ལ་བསྲེགས་མཁན་ཚོའི་དམིགས་ཡུལ་གང་ཞིག་ཡིན་པ་མཁྱེན་དགོས། ཁོ་རང་ཚོའི་དམིགས་ཡུལ་ནི་རང་བཙན་དང་གོང་ས་མཆོག་བོད་ལ་ཕེབས་རྒྱུ་དེ་རེེད། ཁྱོད་རང་ཚོའི་ལས་འགུལ་དེ་གང་ཞིག་གི་ཆེད་དུ་ཡིན་པ་རྟོགས་དཀའ། གང་ཡིན་ཞེ་ན་ཁྱོད་རང་ཚོ་བཙན་བྱོལ་སྒྲིག་འཛུགས་ཀྱིས་འཛུབ་གུ་ག་བཙུག་ཤར་བྱེད་དགོས་པ་ལས་དེ་མིན་ལས་རིམ་གང་སྤེལ་བའི་ནུས་པ་དང་སྤོབས་པ་མེད་པ་མཁྱེན་གསལ་རེད། རང་བཙན་གི་ཆེད་དུ་ཡིན་ཟེར་ན་དང་པོ་རྒྱལ་སྤྱི་ཡི་མདུན་ལྕོག་ཐོག་ཏུ་བཞག་པའི་ཡིག་ཆ་དེ་ཕྱིར་མཐུན་གནང་། མ་ཟད་བྱམས་དང་སྙིང་རྗེ་ཡིས་སྦྱིན་པ་བཏང་ཟིན་པའི་རང་བཙན་དེ་སྐྱར་སློང་གནང་དགོས། དེ་མིན་རང་བཙན་གྱི་ཆེད་དུ་ཡིན་ཟེར་ན་བདེན་པ་རང་ཨེ་ཡིན། གོང་ས་མཆོག་གི་དགོངས་པ་དང་མ་མཐུན་པའི་བྱ་བ་གང་སྒྲུབ་ཀྱང་མཐའ་མ་གྲུབ་འབྲས་གང་ཡང་མི་སྨིན། དབུ་མ་ལམ་ནི་ཁོང་གི་ཐུགས་དགོངས་ཟབ་མོ་དེ་ཡིན་ལ་དེ་ནི་རང་བཙན་དང་འགལ་ཟླ་ཡིན། དེང་སང་བཙན་བྱོལ་དུ་རང་བཙན་རྩོད་ལེན་བྱེད་མཁན་དེ་བོད་མི་ཁ་བྲལ་གཏོང་མཁན་ཞིག་ཏུ་ངོ་འཛིན་བྱས་པ་མ་ཟད་དོལ་རྒྱལ་རྗེས་འབྲང་པ་རེད་ཅེས་ཟེར་མཁན་མི་ཉུང་བ་ཞིག་ཡོད། གུས་པའི་ཞུ་རྒྱུ་ལ་དང་ཐོག་ལྷ་དང་འདྲེ་རང་བཙན་དང་དབུ་ལམ་གྱི་རྩོད་པ་བཞག་ནས་གཅིག་སྒྲིལ་གི་ལས་འགུལ་ཞིག་སྤེལ་ན་མི་ལེགས་སམ།།

  9. བླ་སྨྱོན་ says:
    2012-09-04 at 1:49 am

    ཕྱིར་འཐེན་ལ་བཅོས་རོགས།

  10. གནམ says:
    2012-09-04 at 2:44 am

    གཞོན་ནུ་ཚོགས་ལ་རང་བཙན་དགོས་བ་རེད། སློབ་ཕྲུག་ཚོགས་པ་ལ་རང་བཙན་དགོས་བ་རེད། བུ་མེད་ཚོག་པ་ལ་རང་བཙན་དགོས་པ་རེད། མ་འོངས་བུ་ཆུང་ཚོགས་པ་ལ་ཡང་རང་བཙན་དགོས་སྲིད་པ་ཞིག་རེད། དེ་ནས་གྲྭ་བ་ཚོགས་པ་དང་ཨ་ནེ་ཚོགས་པ་གཉིས་རང་བཙན་གྱི་ལྟ་བ་ལ་སྒྱུར་ཐུབ་ན། དེའི་ཤུལ་ན་ལྷག་ཡོད་པ་ནི་རྒན་མགོན་ཚོགས་པ་རེད། དཀའ་ལས་དག་ཙམ་རྒྱབ་ནས་སྒུག་པ་ཡིན་ན་རང་བཙན་ལ་རེ་བ་ཡོད་ཁག་ཐེག་རེད།

    རྒྱ་སྤྲང་ཚང་གི་ཁྱི་སྙིང་དེ་ཚོ་སྐྲག་ནས་མ་འདར་རང་འདར་རེད། མགོ་བོ་སྒུར་ནས་འདུག་འདོད་མེད་ན་མགོ་བོ་བཀྱགས་ནས་རང་བཙན་རྩོད། རྒྱ་མི་མཉམ་དུ་ཁྱིམ་ཚང་གཅིག་ནང་བཞིག་འདུག་གི་ཡིན། ག་རེ་བྱས་ནས། རྒྱ་འདི་བ་ཚང་མྱི་ཡ་རབས་གོ་ཤེས་དང་ཉན་ཤེས་ཡོད་ནི་ཞིག་མིན་ནོ་ཤེས་གསལ་རེད། ལྟོས་དང་བོད་མི་དྲུག་ཅུ་མ་ཟིན་ཙམ་ཤིག་གིས་རང་ལུས་གཅིག་པོ་མེ་ལ་སྒྲོན་ཏེ་རེ་བ་ཞུ་བ་དེ་ཚོར་ཡ་བྱེད་ནི་ཞིག་འདུག་གམ། རྒྱ་དཔོན་ཚོས་བདག་པོ་མ་བྱས་རུང་རྒྱ་མི་དཀྱུས་མ་དེ་ཚོ་ཡོང་ནས་སྐྱིད་མཉམ་དང་སྡུག་མཉམ་རེ་བྱས་ན་ཆོག་ཀྱང་བྱས་སོང་ངམ། འདི་ནི་རྒྱ་གཤིས་ངན་པའི་རང་གཟིགས་རེད། ཉི་མ་གཅིག་ལ་ཡང་མཉམ་དུ་འདུག་འདོད་མི་འདུག ཤི་མགོ་ཁྲོག་ལ་སྐོར་རྒྱུ་ཚང་།

  11. བཙན་པོ། says:
    2012-09-04 at 3:53 am

    དཔེ་ཡག་པོ་བྱུང་འདུག ཐུགས་རྗེ་ཆེ། བོད་རང་བཙན་སློབ་ཕྲུག་ཚོགས་པ་དང་གཞོན་ནུ་ཚོགས་པ་གཉིས་དབུ་མའི་ལམ་ལས་འགུལ་ཁང་ལྟ་བུ་ཕྱི་བ་བཞིན་བཞིན་ཁུང་ཏུ་འཛུལ་ནས་སྐད་རྒྱག་མཁན་ཞིག་མ་ཡིན་པར་དུས་ཐོག་དང་གནད་ཐོག་ཏུ་ལས་འགུལ་སྤེལ་བར་རྗེས་སུ་ཡིད་རངས་ཡོད།

  12. འཇམ་གཅེས says:
    2012-09-04 at 5:22 am

    མགོན་པོ་ལག་གཉིས་འདི་སུ་ཡིན་ཤེས་དགོས་པ་གལ་ཆེ་གྲོགས་པོ་ཚོ། ཡིད་གཟབ་གནང་གལ་ཆེ། མི་འདི་ནི་༧གོང་ས་མཆོག་དང་བོད་གཞུང་གི་མ་འགྲིག་པ་དང་མི་འཇོན་པ་སྨ ་མཁན་ཞིག་ཡིན་པ་མ་ཟད་ད་དུང་ཁོའི་རྒྱབ་ཏུ་སུ་ཡོད་མིན་ངེས་པར་དུ་ཤེས་དགོས། གཅིག་བྱས་ན་དོལ་འདྲེ་་་་་ཡང་ན་དགྲ་བོ་རྒྱ་དམར་ཡོད་ངེས་པ་ཡིན་པའི་་་་་་ཁ་བརྡའི་དྲྭ་བདག་གིས་ངེས་པར་དུ་དོ་སྣང་དགོས་་་་་་་་་་་་ད་དུང་གསེར་འབྲུག་སྡེ་ལྔ་འདི་ཡང་་་དྲྭ་དཀྲུགས་ཤིག་ཡིན་པར་ཤེས་དགོས།

  13. གསེར་འབྲུག་སྡེར་ལྔ་ says:
    2012-09-04 at 6:31 am

    རྒྱ་གུང་ཁྲན་ལ་འཇམ་འཇམ་དང་གཅེས་གཅེས་བོད་མི་ནང་ཁུལ་རྩུབ་རྩུབ་ཀྱི་མདུང་རྩེ་གཏད་མཁན་ཁྱོད་ཁྱི་ཁ་བཙུམས། ཁྱོད་ལ་བྱེད་རྒྱུ་འཇོན་རྒྱུ་ཞིག་ཡོད་ན་ངོ་བོ་ཉིད་ཀྱིས་སྟོང་པའི་ཀྲུང་ཧཱ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས་ནང་གི་རང་སྐྱོང་དེ་ད་ལྟ་ཉིད་དུ་ལེན་དུ་སོང་། གུང་ཁྲན་ཏང་ཡོན་ཁྱོད་ཕར་རྒྱུགས། ཅིའི་ཕྱིར་བཙན་བྱོལ་ན་འདུག་གི་ཡོད། ལྷ་འདྲེ་གདོན་གེགས་ངོ་མ་ཁྱོད་ཚོ་ཡིན། བོད་མི་རིགས་ཀྱི་ཤ་ཁྲག་འཇིབས་མཁན་རྒྱ་དངུལ་ཏཱ་ཡཱང་དང་བོད་རྒྱལ་ཁབ་ཚོང་བྱེད་མཁན་ཁྱོད་ཚོ་བོད་ནས་མར་རྒྱུགས། སྡུག་ཤི་དམྱལ་བར་རྒྱོབས། ཁྱོད་རྫིག་གཏམ་བཤོད་པའི་དུས་མ་རེད། དུས་རབས་ག་པར་སླེབས་འདུག། མི་ཚང་མ་འདྲ་མཉམ་གྱི་ཐོབ་ཐང་ཡོད། ཁྱོད་ཀླད་རྙིང་ཀླད་ལྗང་ཐར་ས་ཡོད་ནི་མ་རེད། འཇོན་པོ་ཡོད་ན་མདུན་དུ་བུད་ཤོག་ཨ། གནས་ཡུལ་གྱི་ཡུལ་ཁྲིམས་དང་མ་འགལ་ན་སོ་སོའི་ལྷན་སྐྱེས་ཀྱི་ཐོབ་ཐང་རྩོད་པའི་དབང་ཆ་ཆ་ཚང་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme