Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་འཐབ་རྩོད་དང་སེམས་ཀྱི་དྲན་ཕྱོགས།

Posted on 2008-08-25 By དབང་ཕྱུག་ 1 Comment on བོད་དོན་འཐབ་རྩོད་དང་སེམས་ཀྱི་དྲན་ཕྱོགས།

བཙུན་ཐར་ཚེ་རིང༌།
ྋགོང་ས་མཆོག་གིས་གཙོས་བོད་མི་སེར་སྐྱ་ཁྲི་ཕྲག་མང་པོ་གཞན་ཡུལ་ལ་སྐྱབས་བཅོལ་དུ་འབྱོར་ཞིང༌། གཞིས་བྱེས་གཉིས་སུ་གྱུར་ནས་དུས་རབས་ཕྱེད་ལྷག་ཕྱིན་པའི་དུས་སྐབས་ཏེ། ཕྱི་ལོ་ཉིས་སྟོང་བརྒྱད་ཀྱི་དེ་རིང༌། ཆོ་འཕྲུལ་སྨོན་ལམ་ཆེན་མོའི་མཆོད་མཇལ་འདུ་འཛོམས་ཀྱི་གོ་སྐབས་དང་བསྟུན་མདོ་སྨད་རེབ་གོང་བ་སྐྱ་སེར་མི་མང་གིས་བོད་མི་རིགས་ཀྱི་རང་དབང་བདེན་དོན་ཆེད་རྒྱ་ནག་གཞུང་ལ་ཞི་བའི་ངོ་རྒོལ་སྐད་འབོད་ཤུགས་ཆེ་བྱས་པ་ལ་རྐྱེན་བྱས། བོད་ཆོལ་ཁ་གསུམ་གྱི་ས་གནས་དྲུག་ཅུ་རེ་དགུ་ནས་རང་འགུལ་གྱིས་ཡར་ལངས་ཏེ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་སྤེལ་ནས་ཟླ་གཉིས་ལྷག་འགྲོ་བཞིན་ཡོད་ལ། ཞི་བའི་ངོ་རྒོལ་སྐབས་ཆོས་བྱེད་སེར་མོ་བ་གཙོས་སློབ་གྲྭ་དང༌། ཞིང་འབྲོག་མང་ཚོགས། ས་གནས་ལས་བྱེད་སོགས་ལས་རིགས་མི་འདྲ་བའི་བོད་རིགས་སྤུན་ཟླ་ཕོ་མོ་རྒན་གཞོན་གང་མང་མཉམ་ཞུགས་བྱས་ཡོད་པ་ན་མང་ཆེ་ཤོས་གཞོན་སྐྱེས་མི་རབས་རེད།
བོད་མི་ཞི་རྒོལ་བ་ཚོས་ལོ་མང་རིང་སེམས་ལ་ཉར་བའི་གཅིག་མཐུན་གྱི་འབོད་ཚིག་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་སྐུ་ཚེ་ཁྲི་ལོར་བརྟན་པ་དང༌། གང་མགྱོགས་བོད་ནང་གདན་འདྲེན་ཞུ་དགོས་པ། བོད་རང་དབང་རང་བཙན་ཡིན་པ་སོགས་ཞི་བདེ་དང་མང་གཙོར་ཕྱོགས་པའི་ཞི་བའི་སྐད་འབོད་ཁོ་ན་ལས། འཚེ་བ་དང་དྲག་སྤྱོད་ཀྱི་ལས་ཀ་གང་ཡང་བྱས་མེད་ནའང༌། རྒྱ་དམར་གཞུང་གིས་དེང་རབས་ཀྱི་གོ་མཚོན་མེ་མདའ་སོགས་ཐོགས་པའི་དམག་མི་སྟོང་ཕྲག་མང་པོ་ཆེད་གཏོང་གིས་བོད་མི་ཞི་རྒོལ་བ་ཚོ་དམར་གསོད་དང༌། བཙོན་འཇུག རྡུང་རྡེག་སོགས་བསམ་ཡུལ་ལས་འདས་པའི་དྲག་གནོན་བྱས་པ་མ་ཟད། ད་དུང་རྒྱ་གཞུང་གིས་ཐེངས་འདིའི་ཞི་རྒོལ་ངན་སྐུལ་བྱེད་མཁན་ནི་ྋགོང་ས་སྐྱབས་མགོན་ཆེན་པོ་ཡིན་པའི་མ་ཉེས་ཁ་གཡོག་དང་མི་བདེན་རྫུན་སྒྲིག་གི་སྐད་ཅོར་སྣ་ཚོགས་རྒྱལ་སྤྱིའི་གསར་ལམ་ཁག་ལ་བརྒྱུད་བསྒྲགས་དང༌། ྋགོང་ས་སྐྱབས་མགོན་ཆེན་པོས་བོད་ལྗོངས་མཐུན་སྒྲིལ་དང་བརྟན་ལྷིང༌། འཕེལ་རྒྱས་བཅས་ལ་གཏོར་བརླག་བྱས་པ་སོགས་ཀྱི་མཚན་དམོད་སྐུར་འདེབས་ཀྱི་རྒོལ་གཏམ་འདྲ་མིན་གཅིག་འཇུག་གཉིས་མཐུད་ཀྱིས་སྤེལ་བཞིན་འདུག
ཐེངས་འདིའི་ཞི་བའི་ངོ་རྒོལ་སྐད་འབོད་ནི་བོད་ཆོལ་ཁ་གསུམ་ཡོངས་ཁྱབ་དང༌། ལྷག་པར་མདོ་སྟོད་སྨད་གཉིས་སུ་ཞི་བའི་ངོ་རྒོལ་གྱི་ལས་འགུལ་ལྷ་ས་ལས་ཤུགས་ཆེ་བྱས་ཏེ་རྒྱ་གཞུང་གིས་ཀྱང་དམར་གསོད་བཙོན་འཇུག་སོགས་དྲག་སྤྱོད་ནན་མོ་བྱས་ཡོད་ནའང༌། རྒྱ་ནག་གི་ངོས་ནས་གནས་སྟངས་དངོས་རྣམས་སྦས་སྐུང་བྱ་ཅི་ཐུབ་བྱེད་ཀྱིན་ཡོད་པ་ནི། ཆབ་སྲིད་ཀྱི་གཡོ་ཐབས་ཤིག་ཡིན་པས། རྒྱ་ནག་རང་གི་དབང་སྒྱུར་འོག་གནས་བཞིན་པའི་རྩོམ་པ་པོ་བང་ལི་ཞུ་སོགས་ཀྱིས་ཐེར་འདོན་ཀྱི་དཔྱད་བརྗོད་སྤེལ་དང་སྤེལ་བཞིན་ཡོད།
དེ་མཚུངས་རྡ་རམ་ས་ལས་གཙོས་ཨ་རི་དང༌། ཨོ་སུ་ཊོ་རུ་ཡ་སོགས་ཕྱི་རྒྱལ་ཡུལ་ལུང་གང་སར་ཡོད་པའི་བྱེས་འཁོད་བོད་རིགས་སྤུན་ཟླ་ཡོངས་དང་བོད་དོན་རྒྱབ་སྐྱོར་བ་ཚོས་ད་རེས་བོད་ནང་གི་སྤུན་ཟླ་ཚོས་སྤེལ་བའི་ཞི་བའི་ངོ་རྒོལ་ལ་གདུང་སེམས་མཉམ་བསྐྱེད་ཀྱིས་ལས་འགུལ་སྣ་ཚོགས་ཤིག་སྤེལ་ཡོད་པ་དང༌། ལྷག་པར་དུ་ད་ལོའི་ཨོ་ལམ་ཕིག་རྩེད་འགྲན་ཆེན་མོ་རྒྱ་ནག་ཏུ་འཚོགས་ཉེར་ཡོད་པའི་སྐབས་དང་བསྟུན་བོད་དོན་རྒྱབ་སྐྱོར་བ་ཚོའི་རོགས་འདེགས་མཐུན་སྦྱོར་འོག་ཨོ་ལན་ཕིག་རྩེད་འགྲན་དཔལ་འབར་བསྐོད་བསྐྱོད་ལའང་ཞི་བའི་ངོ་རྒོལ་ཤུགས་ཆེན་བྱས་པར་བརྟེན། རྒྱལ་སྤྱིའི་ནང་བོད་མིའི་བདེན་དོན་འཐབ་རྩོད་ལ་དོ་སྣང་ཇེ་ཆེར་དང་བདེན་ཁ་ཆེ་རུ་སོང་སྟེ། དེང་རབས་ཚན་རིག་དང་དཔལ་འབྱོར་སོགས་ཕྱོགས་གང་ཅིའི་ཐད་ཡར་ཐོན་ཅན་གྱི་རྒྱལ་ཁབ་ཨ་རིའི་གཞུང་དང་ཡོ་རོབ་མཉམ་འབྲེལ་ཚོགས་པ། ཉི་ཧོང་གཞུང་བཅས་ཀྱི་སྲིད་བློན་སོགས་ཀྱིས་རྒྱ་ནག་གིས་བོད་མི་དམར་གསོད་མཚམས་འཇོག་དང༌། བཙོན་དུ་བཅུག་པ་རྣམས་གློད་གྲོལ། རྨས་སྐྱོན་བྱུང་བ་རྣམས་ལ་སྐབས་མཁོའི་སྨན་བཅོས་བྱེད་དགོས་པ་སོགས་ཛ་དྲག་གི་འབོད་སྐུལ་རབས་དང་རིམ་པར་བྱས་པའི་ཉེར་ལེན་གྱིས་རྒྱ་ནག་གཞུང་ཁ་སྐྱེངས་དགོས་པ་ཆགས་ཡོད་ནའང༌། ད་དུང་རྒྱ་ནག་གཞུང་གིས་ཆབ་སྲིད་ཀྱི་དགོས་མཁོའི་དབང་གིས་བོད་རྒྱའི་མི་རིགས་བར་འཆམ་མཐུན་མི་ཡོང་བའི་འགལ་བཟོའི་སྲིད་ཇུས་ངན་པ་མུ་མཐུད་ལག་བསྟར་བྱེད་བཞིན་ཡོད་ལ། དེ་མིན་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་དང་བཙན་བྱོལ་བོད་མིར་འཛིན་པའི་ཀུན་སློང་ངན་པ་དང༌། གཡོ་ཟོལ་གྱི་སློབ་གསོའི་འོག་ཕྱི་སྡོད་རྒྱ་རིགས་རྣམས་ཀྱིས་ཀྱང་ཉེ་སྔོན་ྋགོང་ས་མཆོག་ཨ་རིར་ཕེབས་སྐབས་ངོ་རྒོལ་བྱས་ཡོད།
ཡིན་ནའང༌། ྋགོང་ས་རྒྱལ་དབང་མཆོག་གིས་རྒྱ་ནག་གི་གཡོ་ཇུས་སྲིད་དབང་འོག་བོད་རྒྱ་མི་རིགས་གཉིས་མཉམ་གནས་བྱེད་པར་འགལ་བ་འབྱུང་བར་ཐུགས་འཚབ་ཀྱིས། ད་ལྟའི་བོད་རྒྱའི་གནད་དོན་འདི་ནི། བོད་རྒྱ་མི་རིགས་གཉིས་ཀྱི་འགལ་བ་ཞིག་མ་ཡིན་པར་དེ་ནི་རྒྱ་ནག་དབང་འཛིན་པ་ཁ་ཤས་དང་བོད་མི་རིགས་ཀྱི་འགལ་བ་ཞིག་ཡིན་པ། ཁོང་གི་ངོས་ནས་ཨོ་ལམ་ཕིག་རྩེད་འགྲན་ལ་ཐོག་མཐར་བར་གསུམ་དུ་རྒྱབ་སྐྱོར་ཡོད་པ་རྒྱལ་སྤྱིའི་གང་སར་གསལ་སྟོན་གནང་ཡོད་པ་མ་ཟད། མི་རིགས་འཆམ་མཐུན་གྱི་ཐད་ལའང་གལ་འགངས་ཆེ་བའི་གསུང་འཕྲིན་ཐེངས་ཁ་ཤས་གནང་ཡོད་ལ། དམིགས་བསལ་གྱིས་ཨ་རི་ནས་རྒྱ་ནག་གསར་འགོད་པ་ཉི་ཤུ་ལྷག་ལ་གསར་འགོད་གསལ་བསྒྲགས་བསྐྱངས་པའི་ཐོག་རྒྱལ་སྤྱིའི་གསར་འགོད་པ་ཚོས་བོད་དོན་གསལ་པོ་བཟོ་རྒྱུའི་ཐུགས་རེ་དང་གསུང་བཤད་གནང་ཡོད།
བཙན་བྱོལ་གཞུང་གི་ངོས་ནས་ཀྱང་བོད་གཞིས་བྱེས་གཉིས་ཀྱི་ཛ་དྲག་གི་གནས་སྟངས་འདི་ལ་བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་པ་ཞིག་གསར་འཛུགས་བྱས་ཏེ་ལས་འགུལ་སྣ་ཚོགས་ཤིག་སྤེལ་བཞིན་ཡོད་ལ། རྒྱལ་སྤྱིའི་ནང་བོད་དོན་གླེང་བའི་མེ་ཕུང་དེ་ཚ་ཚ་འུར་འུར་གྱིས་ཆེ་རུ་ཕྱིན་ཏེ། བོད་མིའི་ཞི་རྒོལ་གྱི་ལས་འགུལ་ལ་རྒྱ་ནག་གཞུང་གིས་ལོག་འགྲེལ་སྣ་ཚོགས་རྒྱག་བཞིན་ཡོད་པ་དེར་རྒྱལ་སྤྱྀའི་སྤྱི་ཚོགས་དང་སྒོས་སུ་རྒྱ་ནག་མི་མང་ནས་དངོས་ཡོད་གནས་ཚུལ་གྱི་གོ་རྟོགས་གསལ་པོ་ཡོང་བའི་ལས་འགུལ་སྣ་ཚོགས་སྤེལ་བཞིན་པ་རེད།
ཕྱི་ལོ་ ༢༠༠༨ ཟླ་ ༢ ཚེས་ ༢༡ ནས་བཟུང་རྒྱ་ནག་གཞུང་གིས་བོད་ནང་དུ་ཞི་བའི་ལས་འགུལ་སྐབས་མི་གསོད་ཁྲག་སྦྱོར་བྱས་པའི་པར་དང༌། བརྙན་ཕབ་འཁོར་ཐག ད་ལྟའི་བར་གྱི་གནས་ཚུལ་ཅི་བྱུང་སྐོར་སོགས་ཡིག་ཐོག་ཏུ་ཕབ་འགོད་གསང་ཉར་ཡོད་པ་དེ་སྔོན་ཨེ་ཤ་ཡའི་རླུང་འཕྲིན་ནས་གོ་ཐོས་ཡོང་གི་འདུག་པ་རྣམས། བོད་གཞུང་དམངས་ཛ་དྲག་ལས་འགུལ་ཚོགས་ཆུང་ནས་ཐབས་ལམ་སྣ་ཚོགས་ཀྱི་སྒོ་ནས་རྩད་གཅོད་དང་ལག་སོན་ཡོང་ཐབས་བྱས་ཏེ། རྒྱལ་སྤྱིའི་སྤྱི་ཚོགས་ཡོངས་ལ་བདེན་པའི་ར་སྤྲོད་གང་མྱུར་འགྲེམས་སྤེལ་བྱ་དགོས་པ་མ་ཟད། ྋགོང་ས་མཆོག་གིས་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ལ་འབོད་སྐུལ་ཞུས་པ་བཞིན་རྒྱལ་སྤྱིའི་རང་དབང་གསར་འགོད་ལྷན་ཚོགས་ཞིག་ཆེད་དུ་བོད་ནང་ལ་གཏོང་དགོས་པ་སྐབས་ཐོག་འདིའི་ཁ་ཚ་དགོས་གཏུགས་ཆགས་ཡོད་པས༌། བོད་གཞུང་ནས་ཀྱང་དེ་ལ་དངོས་ཤུགས་བརྒྱུད་གསུམ་ནས་འབོད་སྐུལ་དང༌། བཀའ་ཁྲི་མཆོག་དང་བཀའ་བློན་སོགས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་དངོས་ཕེབས་ཀྱིས་འདས་པའི་བོད་ཀྱི་ལོ་རྒྱུས་དང༌། ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས། ད་ལྟ་རྩོད་བཞིན་པའི་ྋགོང་ས་མཆོག་གིས་ལམ་སྟོན་གནང་བའི་ཚད་མཐོའི་རང་སྲིད་རང་སྐྱོང་གི་གནས་བབ་སོགས་ལ་གླེང་སློང་དང་ལག་ལེན་དངོས་ཀྱི་ཐོག་ནས་གསལ་བསྒྲགས་ཞུ་དགོས་པ་དུས་ལ་བབ་ཡོད།

སྣ་ཚོགས།

Post navigation

Previous Post: རྨས་སྐྱོན་ཐེབས་པའི་མི་རིགས་ཤིག་གི་ཚེ་སྲོག་སྐྱོབས་པའི་མཐའ་མའི་དམག་འཐབ།
Next Post: བོད་རྒྱའི་བར་གྱི་བོད་དོན།

Comments (1) on “བོད་དོན་འཐབ་རྩོད་དང་སེམས་ཀྱི་དྲན་ཕྱོགས།”

  1. འབིག says:
    2008-08-25 at 8:58 am

    ཨ་རོགས། ངས་བལྟས་ན་ཁྱོད་རེབ་གོང་བ་ཞིག་ཡིན་ས་རེད། རྩོམ་འགོ་འཛུགས་དུས་ནས་བོང་བུ་ལྟར་རྣ་འབྱོག་རིང་དྲགས་ན་ཡག་པོ་ཡོད་པ་མ་རེད། རྩོམ་ལ་ཀློག་འདུན་མེད་པ་བཟོ་གི་རེད། ཤ་ཚའི་སྐད་ཆ་ཡིན། ལག་པར་སྙུག་གུ་འཛིན་མཁན་ཞིག་ཡིན་ཚེ་བོང་བུའི་རྣ་འབྱོག་ཡོད་ན་རྩ་བའི་གཏན་ཚིགས་འགལ་ཡོད་པ་རེད། འདི་སེམས་ལ་བཟུང་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (71)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (38)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme