Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་འཐབ་རྩོད་ཀྱི་རྣམ་ཤེས་གསར་བ།

Posted on 2010-07-12 By དགེ་རབ་ 6 Comments on བོད་དོན་འཐབ་རྩོད་ཀྱི་རྣམ་ཤེས་གསར་བ།

ཨ་རིའི་བོད་པ་ནས་་་་་

རྒྱ་ནག་ནི་འཛམ་གླིང་ཐོག་གི་ཡར་རྒྱས་བཞིན་པའི་སྟོབས་ཆེན་རྒྱལ་ཁབ་ཨང་དང་པོ་ཡིན་ལ།བོད་བཙན་བྱོལ་གཞུང་ནི་འཛམ་གླིང་ཐོག་གི་བཙན་བྱོལ་བའི་ནང་གི་སྟོབས་ཆེན་བཙན་བྱོལ་གཞུང་ཨང་དང་པོ་ཡིན། རྒྱ་ནག་པོའི་གཞུང་གིས་ཕྱིའི་རྣམ་པར་བོད་ལ་མཐོང་ཆུང་བྱས་ནས་བོད་ལ་གནད་དོན་ཞིག་མེད་པར་བརྗོད་ཀྱིན་ཡོད། དོན་དངོས་སུ་བོད་ནི་རྒྱ་ནག་གི་འཇིགས་སྣང་བྱེད་ས་དང་དོགས་ཟོན་བྱེད་ས་གཙོ་བོ་ཡིན་པ་བོད་ལ་དམག་འབོར་ཆེན་དང་།དངུལ་འབོར་ཆེན། རྒྱ་མི་འབོར་ཆེན་གཏོང་བཞིན་པས་ཧ་གོ་ཐུབ།
རྒྱ་གཞུང་གིས་༧་གོང་ས་མཆོག་གི་སྐུ་རྒས་པ་དང་མཉམ་དུ་བོད་དོན་ཉམས་རྒུད་ལ་འགྲོ་བ་དང་ཁོང་གི་སྐུ་མ་བཞུགས་ན་བོད་དོན་རྩད་མེད་ལ་འགྲོ་བར་རེ་སྨོན་བྱེད་ཀྱིན་ཡོད། རེ་སྨོན་དེ་ལ་རྒྱ་མི་དང་རྒྱལ་སྤྱིའི་དཔྱད་བརྗོད་པ་མང་པོས་ཚོད་དཔག་བྱེད་པ་ལས་དེ་ལ་སྒྲུབ་བྱེད་རྣོན་པོ་ཞིག་མི་འདུག བཙན་བྱོལ་བོད་གཞུང་གིས་བོད་པ་སྐྱབས་བཅོལ་བ་རྣམས་རྒྱ་གར་ནས་ཡང་བསྐྱར་ལོ་ལྔ་བཅུར་སྐྱབས་བཅོལ་ལ་སྡོད་ཆོག་པའི་ཆོག་མཆན་ཐོབ་ཡོད་པ་དང་། རྒྱལ་བ་ཀརྨ་བའི་སྐུ་ཡོན་དང་མཛད་འཕྲིན་ཞོགས་གསར་གྱི་ཉི་མ་དང་འདྲ་ལ། ལོ་གཉིས་ཀྱི་སྔོན་བཙན་བྱོལ་བོད་མིའི་ཁྲོད་ཀྱི་ཚོགས་པ་ཆེས་ཤོས་དང་ནུས་པ་ཆེས་ཤོས་གཞོན་ནུ་ལྷན་ཚོགས་ཀྱི་གཙོ་སྟོབས་ཆེན་བྱང་ཨ་རི་ལ་གནས་བསྡོད་པ་ཞིག་འོས་འདེམས་བྱུང་ནས་ཕྱིར་རྡ་རམ་ས་ལར་ཕེབས་སྟེ་བྱ་བ་སྒྲུབ་བཞིན་ཡོད་པ་དེས་ནུབ་ཕྱོགས་ན་གནས་པའི་ཤེས་ལྡན་པས་ནུས་པ་ཤར་ཕྱོགས་ནས་འདོན་པ་མགོ་བཙུགས་པ་མཚོན་ཡོད།
རང་མིན་ནུབ་ཕྱོགས་སུ་བསྡོད་པའི་བོད་མིའི་སྤྱི་འཐུས་ཇེ་མང་ལ་གཏོང་རྩིས་ཡོད་པར་མ་ཟད།ལོ་བཅོ་ལྔ་ཙམ་གྱི་སྔོན་ནས་བོད་པ་མི་ཉུང་ཞིག་ནུབ་ཕྱོགས་སུ་གནས་སྤོར་བྱས་དང་བྱེད་བཞིན་པ་དེས་བོད་གཞུང་དང་རྡ་སའི་གཙོས་རྒྱ་བལ་འབྲུག་གསུམ་གྱི་བོད་པ་སྐྱབས་བཅོལ་བ་ཚོའི་དཔལ་འབྱོར་ལ་སྟོགས་ཤུགས་གསར་བ་ཞིག་ཐོབ་ཀིན་འདུག
དེ་ལས་ཀྱང་དགའ་སྤྲོ་དང་རེ་བའི་ཁེངས་བའི་ལས་དོན་ཞིག་ཡོད་པ་ནི་༢༠༡༡་ལོའི་བཀའ་བློན་ཁྲི་བའི་འོས་འདེམས་ཆེན་མོའི་འགྲན་རྩོད་ཀྱི་མགོ་ཡང་བྱང་ཨ་རི་ནས་ཚུགས་སོང་བ་དེ་ཡིན། མི་གཅིག་ཁྲི་ཙམ་གྱི་ནང་འགྲན་རྩོད་པ་གསུམ་བྱུང་བ་ནི་གནས་ཚང་ཨ་རི་ཚང་མང་གཙོ་དང་ཆབ་སྲིད་ཀྱི་ཚོར་ཤུགས་རྣོ་བའི་རྐྱེན་ཡིན་རྒྱུ་རེད་ལ། འགྲན་རྩོད་པ་གསུམ་གྱིས་བོད་ཆས་གཙང་མ་གྱོན་ནས་ཀུན་སྤྱོད་ལེགས་པ་ནི་ཨ་རི་ཚང་སྲོལ་རྒྱུན་གྱི་ལྟ་བ་མཁྲེགས་ཤིང་ཆོས་སེམས་ཆེ་བའི་མཚུངས་རྐྱེན་གྱིས་ཡིན་རྒྱུ་རེད།
སྐུ་ཞབས་ཕུར་བུ་རྡོ་རྗེ་ལགས་འགྲན་རྩོད་པ་གཅིག་ཡིན། ཁོང་གིས་ཨ་རིའི་མཐོ་སློབ་ཞིག་གི་ནང་ཁྲིམས་ལུགས་སློབ་མཐར་ཕྱིན་ནས་བོད་པའི་སྤྱི་ཚོགས་ནང་ཕྱག་ལས་གནང་མྱོང་བར་མ་ཟད།བོད་ཀྱི་ལོ་རྒྱུས་ཐོག་བཀའ་ཁྲིར་བཞེངས་མཁན་དང་པོ་ཡིན།
དེང་སྐབས་ཨ་རིའི་སློབ་གྲ་ཆེན་མོ་ཞིག་ན་ཕྱག་ལས་གནང་བཞིན་པའི་བཀྲས་མཐོང་བསྟན་འཛིན་རྣམས་རྒྱལ་ཡང་འགྲན་རྩོད་པ་གཅིག་ཡིན། ཁོང་གིས་ནེའུ་ཡོག་དང་ཝ་ཤིན་ཀྲོན་ནས་དོན་གཅོད་དང་སྐུ་ཚབ་ཀྱི་ཕྱག་ལས་གནང་མྱོང་ལ།ཁོང་བཀའ་ཁྲིའི་སྐབས་བོད་མི་ཆིག་སྟོང་ཨ་རིར་གཞི་ཆགས་ལ་བཏང་བ་དང་དོན་གཅོད་ཁང་འགའ་ཤས་སྒོ་ཕྱེ་ཐུབ་ཡོད་པའི་ཁར་ཁོས་གྲོས་འཚོགས་ཀྱིས་ཐགས་གཅོད་ལས་བརྒལ་ནས་ལས་དོན་སྒྲུབ་ཡོད། བཀྲས་མཐོང་ཁོང་ནི་མི་མང་གིས་ཐད་འདེམས་བྱུང་བའི་བཀའ་ཁྲི་ལས་ཐོག་འདིའི་སྔོན་གྱི་བཀའ་བློན་ཕྱག་རྗེས་ཆེས་ཤོས་དང་།ཤེས་ཡོན་དང་འཇོན་ཐང་།ལྷག་བསམ་དང་ཉམས་མྱོང་བཅེས་ལྡན་པ་ཞིག་ཡིན་པས།ཁོང་ལ་མི་མང་གིས་ཐད་འདེམས་བཀའ་ཁྲི་སྐབས་གསུམ་པར་འོས་ཤོག་འཕེན་འདོད་མཁན་མང་པོ་ཡོད།
ཕྱི་སྡོད་བོད་མི་མང་པོས་དོ་སྣང་བྱེད་སའི་བཀའ་ཁྲིའི་འགྲན་རྩོད་པ་གཞན་ཞིག་ཡོད་པ་ནི་ལོ་ན་གཞོན་ཞིང་ཡོན་ཏན་ཆེ་བའི་སྐུ་ཞབས་བློ་བཟང་སེང་གེ་ཡིན། ཁོང་འཛམ་གླིང་གི་གཙུག་ལག་སློབ་ཆེན་ཨང་དང་པོ་ཧ་བར་ཌེ་གཙུག་ལག་སློབ་ཆེན་་Harvard University དུ་ཁྲིམས་ལུགས་མཐར་ཕྱིན་ནས་སློབ་དཔོན་གྱི་མཚན་རྟགས་བླངས་ཡོད། ཨེ་ཤ་ཡའི་གཞོན་སྐྱེས་ཤེས་ལྡན་པའི་མཚན་སྙན་ཐོབ་པའི་བློ་བཟང་སེང་གེ་ཁོང་གིས་ཆབ་སྲིད་རྣོ་ངར་ཆེ་བའི་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ས་གནས་དང་དབུས་རྒྱུན་ལས་ཁང་ནས་ཕྱག་ལས་གནང་མྱོང་བར་མ་ཟད་ནུབ་ཕྱོགས་དང་རྒྱ་ནག་གི་མཁས་པ་མང་པོར་འབྲེལ་བ་ཆེན་པོ་ཡོད། བོད་པ་རྣམས་སེང་གེ་ལ་དགའ་བ་དང་ཁོང་གི་མིང་རྗེས་མ་སེང་གེ་ཡིན་པ་དེས་ཡང་སེམས་ཁམས་རིག་པས་དཔྱད་ན་ཡིད་འགུགས་ཀྱི་འབྲེལ་བ་ཞིག་ཡང་འདུག་ཟེར། བློ་སེང་ཁོང་སྐབས་གསུམ་པའི་བཀའ་ཁྲིའི་འགྲན་རྩོད་ཁྲོད་ཀྱི་སྐར་མ་འོད་ཆེན་ཞིག་ཡིན།
གོང་གི་གནས་ཚུལ་འདི་དག་གིས་བློ་སྟོབས་ལྡན་པའི་བོད་པ་ཚོས་རང་དབང་འཐབ་རྩོད་ཀྱི་མི་ལོ་ལྔ་བཅུ་གཞན་པ་ཞིག་གི་ལེའུ་གསར་བ་ཞིག་གི་མགོ་རྩོམ་བཞིན་ཡོད་པ་མཚོན་ལ།ནུབ་ཕྱོགས་ཀྱི་དཔལ་འབྱོར་དང་ཆབ་སྲིད་ཀྱིས་རྡ་རམ་ས་ལར་གསོན་ཤུགས་རྒྱས་བཞིན་ཡོད་པ་ཤེས།
གནས་ཚུལ་འདིས་རྒྱ་གཞུང་གི་སྟོང་བསམ་རེ་སྨོན་ལ་སེམས་ཁྲལ་གསར་བ་ཞིག་སྤྲད་པར་མ་ཟད།བོད་པ་རྣམས་ནུབ་ཕྱོགས་ནས་དངུལ་ཁོ་ནར་མགོ་འཁོར་ནས་ཡོད་པར་བསམ་པ་ལ་ལན་ཚ་བོ་ཞིག་ཡང་བརྒྱབས་འདུག
བོད་དོན་ནམ་ཡང་ཤི་གི་མ་རེད།འདི་ནི་བོད་དོན་འཐབ་ཀྱི་རྣམ་ཤེས་གསར་བ་ཡིན།

རྩོམ་རིག

Post navigation

Previous Post: བོད་ཀྱི་ཁྲིམས་མཐུན་བདག་དབང་གླེང་བ།
Next Post: ཁྱེད་ཀྱི་བཞད་སྒྲ་གོ་ལའི་རྨི་ལམ་ཡིན། །

Comments (6) on “བོད་དོན་འཐབ་རྩོད་ཀྱི་རྣམ་ཤེས་གསར་བ།”

  1. མདོ་ལྷ་ཁམས་པ། says:
    2010-07-12 at 8:23 pm

    ཨ་རིའི་བོད་པས་ཨ་རིའི་སྒྲོ་ལོ་འདྲ་བའི་སྐད་ཆ་ཞིག་བཤད་འདུག
    ངོ་མ་རིན་ཐང་ཡོད་ཀི
    བོད་མི་ཚོ་རང་རང་ས་ནས་བློ་སྤོབས་རྒྱས་པའི་དུས་ལ་བབ་འདུག

  2. དཀོན་མཆོག་ནོར་བུ says:
    2010-07-13 at 4:37 am

    ཐུགས་རྗེ་ཆེ ། དེ་འདྲ་ཞིག་ཡིན་པར་ཤོག ། ད་ཡིན་ན་དཀོན་མཆོག་མཁྱེན་ནོ ། ༧ རྒྱལ་བ་དོན་གྱི་བདག་པོའི་བུ་ཕྲུག་ཚོའི་རེམ་ཤོག ། ༧ ཁོང་གིས་མི་ལོ་ལྔ་བཅུའི་རང་གསོ་སྐྱོང་གནང་བའི་འདབས་གཤོག་གཉིས་ལྡན་གྱི་གཞོན་སྐྱེས་ཚོ་མདུན་དུ་ཕེབས་ཤོག །

  3. tsok chen says:
    2010-07-13 at 7:59 am

    ཐུགས་རྗེ་ཆེ། འདི་འདྲ་བཤད་དུས སེམས་གཏིང་ནས་དགའ་ཚོར་ཞིག་ཡོང་གི་འདུག །

  4. ལོ་ལོ་ says:
    2010-07-13 at 11:55 am

    སྒྲུབ་ཕྱོགས་ནས་འདི་འདྲ་འབྲི་དགོས་པར་བསམ་གི ད་སྐབས་བཀག་རྩོམ་མང་དྲག་འདུག ཉན་ཁ་ཆེན་པོ་རེད།

  5. རྒྱ་མཚོ། says:
    2010-07-13 at 5:20 pm

    བོད་ཕྱི་ནང་དང་རྒྱ་བོད་གཉིས་ཀ ནུབ་ཕྱོགས་དང་ཤར་གླིང་གཉིས་ཀྱི་གནས་ཚུལ་ལ་རྒྱུས་མངའ་ཡོད་ཅིང་རྒྱ་སྐད་དབྱིན་སྐད་དང་། ཆོལ་གསུམ་སྐད་ལ་ཐོགས་པ་མེད་པའི་ཨ་གྱ་རིན་པོ་ཆེ་བཀའ་ཁྲིའི་འོས་གཞི་མ་ཕེབས་པ་བློ་ཕམ་ཡོད།

  6. པད་དྲག says:
    2010-08-02 at 9:58 pm

    རིག་རྒོད་ཀྱི་བུ་ལགས། ཁྱེད་ཀྱི་་དོན་ལ་གནས་ཤིང་གནད་ལ་ཁེལ་པའི་དཔྱད་པ་དེས། རྨོངས་མུན་ལ་འཐོམས་པའི་རང་གཞན་གྱི་སྤུན་ཟླ་ཚོར་སེམས་ཤུགས་དང་སེམས་ཁུར་གྱི་བློའི་སྒོ་མོ་ཆེ་ཆེར་ཕྱེ་སོང་སྙམ། ངོ་མ་ཡག་པོ་རེད་། ཐུགས་རྗེས་ཆེ།།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (98)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (75)
  • ཨེ་ལི་སི། (54)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (39)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme