Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་ཞུ་གཏུག་གི་ལས་འགུལ་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་པ།

Posted on 2017-01-292017-01-29 By ཁ་བརྡ་ 6 Comments on བོད་དོན་ཞུ་གཏུག་གི་ལས་འགུལ་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་པ།

ཡོང་ཁུངས། བོད་མིའི་སྒྲིག་འཛུགས་དྲ་རྒྱ
 

རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ལ་དམིགས་ནས་བོད་དོན་ཞུ་གཏུག་གི་ལས་འགུལ་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་པ།

༄༅། །འཆར་ཟླའི་ནང་སུད་སི་གྲོང་ཁྱེར་ཇི་ནི་ཝར་ Geneva འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་འཚོགས་རྒྱུ་ཡིན་སྟབས། ལྷན་ཚོགས་ཐོག་བོད་ནང་གི་བོད་མིའི་འགྲོ་བ་མིའི་ཐོབ་ཐང་གི་གནས་སྟངས་ཧ་ཅང་ཛ་དྲག་པོ་དང་ཞེན་པོ་ཡོད་པ་དེ་དག་གསལ་སྟོན་ཐུབ་པ་ཞིག་དང་། ལྷག་པར་རྒྱལ་སྤྱིའི་རྒྱབ་སྐྱོར་དང་གནོན་ཤུགས་ཐོབ་པ་བརྒྱུད་རྒྱ་ནག་གཞུང་ལ་བོད་མིའི་ཐོག་དམ་བསྒྲགས་བྱེད་བཞིན་པ་དེ་དག་འཕྲལ་མར་མཚམས་འཇོག་ཡོང་སླད། ཕྱི་འབྲེལ་དྲུང་ཆེ་དྭགས་པོ་བསོད་ནམ་ནོར་བུ་ལགས་དང་། དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་ཞིང་གཤེགས་དམ་པ་མཆོག་གི་ཚ་མོ་ཉི་མ་ལྷ་མོ་ལགས། དེ་བཞིན་ཕྱི་དྲིལ་འགྲོ་བ་མིའི་ཐོབ་ཐང་ཚན་པའི་འགན་འཛིན་སྐལ་ལྡན་མཚོ་མོ་ལགས་བཅས་ཀྱིས་དེང་སྐབས་སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་དོན་ཞུ་གཏུག་གི་ལས་འགུལ་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་ཡོད་འདུག

Printདེ་ཡང་ཐེངས་འདིར་ཕྱི་དྲིལ་ལས་ཁུངས་དང་སུད་སི་སྐུ་ཚབ་དོན་གཅོད་ཁང་གཉིས་མཉམ་རུབ་ཐོག་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ དམིགས་ནས་བདུན་ཕྲག་གཅིག་ཙམ་རིང་བོད་དོན་ལས་འགུལ་སྤེལ་རྒྱུ་མ་ཟད། རྒྱལ་སྤྱིའི་ལྷན་ཚོགས་སྐབས་བོད་མིའི་སྒྲིག་འཛུགས་ཀྱིས་ཞུ་གཏུག་ལས་འགུལ་ཇི་ལྟར་སྤེལ་དགོས་མིན་ཐོག་རྒྱལ་སྤྱིའི་ཞུ་གཏུག་ལས་འགུལ་སྤེལ་ཕྱོགས་ཐད་མཁས་ལས་མི་སྣ་ཁག་གཅིག་དང་ཐུག་ནས། ཞུ་གཏུག་སྐབས་འཆར་གཞི་བང་སྒྲིག་སྟངས་དང་ཞུ་གཏུག་བྱ་རྒྱུའི་གོ་སྐབས་འཚོལ་སྟངས། གནད་དོན་གོ་རིམ་ལྡན་པའི་ཐོག་ནས་ཞུ་གཏུག་ཚགས་ཚུད་དང་ལམ་ལྷོངས་ལྡན་པ་ཞིག་ཇི་ལྟར་སྤེལ་ཐབས་སྐོར་སོགས་ཀྱི་ཐོག་བློ་སྐྱེས་ལེན་རྒྱུ་དང་གོ་བསྡུར་སྦྱངས་བཤད་གནང་རྒྱུ་ཡིན་སྐོར་ཕྱི་འབྲེལ་དྲུང་ཆེས་གསུངས།

སྤྱིར་ལྷན་ཚོགས་ཐེངས་ ༣༤ སྐབས་ཕྱི་དྲིལ་ལས་ཁུངས་ནས་བོད་ནང་གསེར་རྟ་བླ་རུང་སྒར་གཏོར་བཤིག་གཏོང་བཞིན་པ་དེ་དཔེ་མཚོན་དུ་བཀོད་ནས་རྒྱ་ནག་གཞུང་གིས་བོད་མིའི་ཆོས་དད་རང་དབང་ལ་དམ་བསྒྲགས་བྱེད་བཞིན་པ་མ་ཟད། པཎ་ཆེན་རིན་པོ་ཆེ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དཔེ་མཚོན་དུ་བཞག་ནས་རྒྱ་ནག་གཞུང་གིས་བོད་མི་གང་བྱུང་འཛིན་བཟུང་བཙན་ཁྲིད་བྱས་མཐར་བོད་མི་དེ་དག་གར་སོང་ཆ་མེད་དུ་འགྱུར་བཞིན་པའི་གནས་སྟངས་གསལ་སྟོན་དང་། དེ་བཞིན་བོད་མིའི་ཕྱི་བསྐྱོད་ལག་འཁྱེར་ལ་དམ་བསྒྲགས་ཚོད་འཛིན་བྱེད་བཞིན་པ་སོགས་ཞུ་གཏུག་གནང་རྒྱུ་དང་། བཀྲ་ཤིས་དབང་ཕྱུག་ལྟ་བུ་དཔེར་བཀོད་ནས་རྒྱ་ནག་གཞུང་གི་བོད་མིའི་སྐད་ཡིག་ཐོག་དམ་བསྒྲགས་བྱེད་བཞིན་པ་མ་ཟད། ཕྱི་ལོ་ ༢༠༠༩ ནས་ད་བར་བོད་མི་ ༡༤༥ རང་ལུས་མེར་སྲེག་བཏང་ནས་རྒྱ་ནག་གཞུང་གིས་དམ་བསྒྲགས་ཅན་གྱི་སྲིད་བྱུས་ལ་ཞི་རྒོལ་རྔམ་སྟོན་གནང་ཡོད་པ་དང་། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས་རིན་པོ་ཆེ་དམ་པ་མཆོག་དཔེ་མཚོན་དུ་བཞག་ནས་བོད་མི་ཆབ་སྲིད་བཙོན་པ་རྣམས་ལ་སྡུག་སྦྱོང་མནར་གཅོད་བཏང་བ་མ་ཟད། མཐའ་ན་བཙོན་ཁང་ནས་སྨན་བཅོས་ཀྱི་མཐུན་འགྱུར་སོགས་རྩ་བ་ནས་མ་སྤྲད་པར་ལྐོག་བསད་བྱས་པའི་གནས་ཚུལ་རྣམས་གསལ་སྟོན་བྱ་རྒྱུ་ཡིན་འདུག

དེ་ཡང་དྲིལ་བསྒྲགས་དྲུང་ཆེ་ཤར་གླིང་བསྟན་འཛིན་ཟླ་སྒྲོན་ལགས་ཀྱིས་གསུང་དོན། རྒྱ་ནག་ལྟ་བུར་མཚོན་ན་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན། འོན་ཀྱང་རྒྱ་ནག་གཞུང་གིས་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན་བཞིན་དུ་ལྷན་ཚོགས་ཀྱི་རྩ་འཛིན་བྱེད་དགོས་པའི་སྲིད་བྱུས་དེ་དག་ལ་བརྩི་མེད་རྡོག་རོལ་གཏོང་བཞིན་ཡོད། དེར་བརྟེན་ཐེངས་འདིར་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཐེངས་ ༣༤ གོ་སྐབས་འདི་གོ་སྐབས་བཟང་པོ་ཞིག་མཐོང་ནས་ཕྱི་དྲིལ་ལས་ཁུངས་ཀྱིས་རྒྱ་ནག་གཞུང་གིས་བོད་ནང་བོད་མིའི་འགྲོ་བ་མིའི་ཐོབ་ཐང་ལ་བརྩི་མེད་རྡོག་རོལ་བཏང་དང་གཏོང་བཞིན་པའི་གནས་སྟངས་དེ་དག་གསལ་སྟོན་ཐོག་ནས་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་གཞན་ཚོས་རྒྱ་ནག་གཞུང་ལ་གནོན་ཤུགས་སྤྲོད་ཐབས་ཡོང་སླད་ཞུ་གཏུག་ལས་འགུལ་སྤེལ་བཞིན་ཡོད། ཅེས་གསུངས། །

གསར་འགྱུར།

Post navigation

Previous Post: ཞང་བོད་ལོ་གསར་གྱི་གཏན་ཚིགས་འཚོལ་བ།
Next Post: {འདྲ་ཞེས་པའི་ཐ་སྙད་གླེང་བ།}

Comments (6) on “བོད་དོན་ཞུ་གཏུག་གི་ལས་འགུལ་ཚ་ཚ་འུར་འུར་ཐོག་སྤེལ་བཞིན་པ།”

  1. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-29 at 10:20 am

    ང་ཚོའི་དབུ་མའི་ལམ་གྱི་སྲིད་ཇུས་དེ་གསོན་པོར་དམ་འཛིན་
    བྱ་རྒྱུ་ཡིན་ན་རྒྱ་ནག་གི་འགོ་འཁྲིད་དང་ང་ཚོའི་འགོ་འཁྲིད་བར་མི་དང་མི་ཐུག་ནས་ཕར་བཤད་ཚུར་ཉན་དང་ཚུར་བཤད་ཕར་ཉན་གྱི་རྒྱུད་ནས་སྤྲོད་ལེན་ཆབ་སྲིད་ལ་འགན་འཁུར་ནས་་བོད་རྒྱའི་དཀའ་སྙོགས་སེལ་དགོས་པ་ལས་ཕྱིའི་རྒྱལ་ཁབ་ལ་རེ་བ་བཅོལ་ནས་དབུ་ལམ་ལ་དོན་འབྲས་གསོན་མིན་ཇི་ལྟར་ཡང་ང་ཚོའི་རང་བཙན་རྩོད་རྒྱུ་ཡིན་ན་ཕྱིའི་རྒྱལ་ཁབ་ལ་རོགས་མགོན་ཞུས་ནས་རྒྱ་ནག་ལ་ཁ་གཏད་བཅོག་དགོས་པ་དེ་འཛམ་གླིང་སྤྱི་སྲོལ་དང་མཐུན་པའི་ཕྱི་འབྲེལ་ཆབ་སྲིད་ཀྱི་འགྲོ་སྟངས་དང་མཐུན་པ་ཞིག་ལ་ངེས་འཛིན་ཞུ་གི་ཡོད་།

  2. ཁམས་རི་བོ་ཆེ། says:
    2017-01-29 at 11:43 am

    བོད་ཀྱི་ལོ་རྒྱུས་དང་། བོད་ཀྱི་རིག་གཞུང་། བོད་ཀྱི་སྐད་ཡིག བོད་ཀྱི་རྩ་དོན་མཐིལ་ཕྱིན་པ་མི་ཤེས་མཁན་རེས་བོད་ལ་ཤ་ཚ་མདོག་གིས་བོད་དོན་གླེང་གི་ཡོད་མདོག་བྱེད་པ་དེ་བསམ་ན། མཚམས་རེར་ཁོ་ཆད་ཅིང་། མཚམས་རེར་ངུ་ཤོར་གི

  3. ཀརྡོ་རབ་འབྱམས་པ་ says:
    2017-01-29 at 3:31 pm

    འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་ཡིན།
    འདི།
    འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱི་ཚོགས་མི་རེད།

  4. ཀརྡོ་རབ་འབྱམས་པ་ says:
    2017-01-30 at 12:53 pm

    སུད་སི་གྲོང་ཁྱེར་ཇི་ནི་ཝར་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་བཞིན་པ།
    ་
    http://www.rfa.org/tibetan/exile/discussion-on-undertaking-a-major-effort-to-strengthen-human-rights-advocacy-for-tibet-at-the-united-nations-01282017121304.html

  5. ཨ་འབར་འཇིགས་དབང། says:
    2017-01-30 at 11:47 pm

    ༅༅། ཤར་གླིང་ཟླ་སྒྲོན་ལགས་ནས་མགོ་ཚོས་པོའི་ལན་ཡག་པོ་བརྒྱབ་སོང་དགའ་བོ་ཡོད།
    རིག་པ་སྒྲིམ་ཤོག་ཨང། ཟླ་སྒྲོན་ལགས།
    ལས་དོན་གསར་པ་གང་མང་སྤེལ་གནང་རོགས་གནང།
    ཁ་ཁུ་སིམ་པོར་བསྡད་ན་འགྲིགས་ཐབས་རྩ་བ་ནས་མི་འདུག།
    ༧གོང་ས་མཆོག་དགུང་ལོ་ག་ཚོད་ཕེབས་འདུག།

  6. གཞུང་པ་ཚེ་དབང་བསོད་ནམས་ says:
    2017-01-31 at 2:40 am

    བོད་རྒྱལ་ཁབ་དང་བོད་མི་རིགས་ཀྱི་ཆབ་སྲིད་དེ་གང་ཟག་སྒེར་གྱི་ཆབ་སྲིད་ཐབས་རྩོད་ལ་ནམ་ཡང་ཁ་ཕྱོགས་མི་ཉན་ནོ་ཨ་རོགས་ཚོ་ཆབ་སྲིད་ཤེས་ལེ་ཨེ་ཡོད་།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (94)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (65)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme