Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༩ པ་སྤེལ་བ།

Posted on 2016-01-142016-01-14 By ཁ་བརྡ 5 Comments on བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༩ པ་སྤེལ་བ།

གནས་ཚུལ་གཏོང་མཁན། ཙ་ཡུས་ཕུན་ཚོགས།

 
ཕྱི་ལོ་༢༠༡༦ ཟླ་༠༡ ཚེས་༡༣ ཉིན་རྒྱལ་ཚོགས་མདུན་དུ་བོད་དོན་ཞུ་གཏུག་ལས་འགུལ་བ་རྣམས་ཀྱིས་སླར་ཡང་སུད་སི་ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ཞེ་དགུ་བ་སྤེལ་ཡོད་འདུག་ཅིང་། ལས་འགུལ་ཐེངས་རྗེས་མ་ནི་བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་ལྔ་བཅུ་བར་ཁེལ་གྱིན་ཡོད་སྟབས། ལས་འགུལ་བ་རྣམས་ཀྱིས་ཐེངས་རྗེས་མའི་ལས་འགུལ་དམིགས་བསལ་བ་ཞིག་ཡོང་ཐབས་ལ་འབད་བརྩོན་དང་། ཐེངས་ལྔ་བཅུ་བའི་ལས་འགུལ་ནང་མི་མང་གཞན་དག་མཉམ་ཞུགས་ཡོང་བའི་འབོད་སྐུལ་ཀྱང་ཞུ་བཞིན་ཡོད་འདུག

unnamed-1

གོང་ཚེས་ཉིན་ལས་འགུལ་བ་རྣམས་ཀྱིས་ཡུ་རོབ་སྤྱི་དང་ལྷག་དོན་སུད་སི་ནང་གི་གནམ་གཤིས་གྲང་ངར་ཆེ་བའི་དཀའ་ངལ་ལ་མ་འཛེམ་པར། ནམ་རྒྱུན་ལྟར་ལས་ཀ་དང་དུས་ཚོད། འགྲོ་གྲོན་དང་དཀའ་སྡུག་སོགས་ཁྱད་དུ་བསད་ནས་སུད་སི་ཇི་ནི་ཝར་རྟེན་གཞི་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་ལས་ཁུངས་མདུན་དུ། བོད་ཕྱི་ནང་གཉིས་སུ་རང་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོའི་གྲངས་དང་མཉམ་པའི་བོད་ཀྱི་རྒྱལ་དར་སྒྲེང་འཛུགས་དང་། བོད་ནང་གི་ཆེས་ཛ་དྲག་གི་གནས་བབ་འཁོད་པའི་ཡིག་ཆ་ཁག་འགྲེམས་སྤེལ། ལྷག་པར་དུ་བོད་ཕྱི་ནང་གི་སྐུ་ལུས་མེར་སྲེག་གནང་མཁན་རྒྱལ་གཅེས་དཔའ་བོ་དཔའ་མོ་ཚོའི་སྐུ་པར་འགྲེམས་འཇོག དེ་བཞིན་ཁོང་རྣམས་ཀྱི་སྐུ་ལུས་མེར་སྲེག་གནང་དགོས་པའི་རྒྱབ་ལྗོངས་འབྲེལ་བརྗོད་དང་།
unnamedཁོང་རྣམས་ཀྱི་འབོད་སྒྲའམ་དགོས་འདུན་འཁོད་པའི་ཡིག་ཆ་ཁག་དང་འཕྲེད་དར། དེ་བཞིན་སྐུ་ལུས་མེར་སྲེག་གནང་བའི་ཐད་༧གོང་ས་མཆོག་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱི་ལངས་ཕྱོགས་དང་དགོངས་ཚུལ་ག་རེ་ཡིན་པའི་སྐོར་གྱི་ཡིག་ཆ་དང་། ཕྱི་ལོ་༢༠༡༥ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ།༧གོང་ས་མཆོག་གིས་དམིགས་བསལ་རྒྱ་རིགས་ཚོར་བཀའ་སློབ་བསྩལ་བའི་ཡིག་ཆ། གསར་འགོད་གསལ་བསྒྲགས་སོགས་རྒྱ་ཡིག་དང་། དབྱིན་ཡིག ཧྥ་རན སིའི་སྐད༼FRENCH༽བཅས་ཀྱི་ནང་ཕྱི་རྒྱལ་མི་རིགས་དང་རྒྱལ་ཚོགས་ཀྱི་ལས་བྱེད། ལྷག་དོན་རྒྱ་རིགས་ཡུལ་སྐོར་བ་སོགས་ལ་འགྲེམ་སྤེལ་གནངཡོད་འདུག

unnamed-3ལས་འགུལ་སྤེལ་ཐེངས་རེ་རེ་བཞིན་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལས་ཁུངས་དང་། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ཆེས་མཐོའི་ལས་ཁུངས་གཉིས་ལ་སླར་ཡང་དོན་ཚན་དགུ་ཅན་གྱི་དགོས་འདུན་སྙན་ཞུ་དང་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་བཏོན་པའི་ཕྱི་ལོ༢༠༡༥ལོའི་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་གི་སྙན་ཐོ་གཉིས་འབུལ་གྱིན་ཡོད་འདུག ཐེངས་འདིའི་ལས་འགུལ་ནང་སུད་སི་དང། ལིཀ་ཏེན་སིཊཡན་བོད་རིགས་མི་མང་གི་པར་པ་འགྲོན་ཐར་བཀྲིས་རྣམ་རྒྱལ་ལགས་ཀྱིས་ཀྱང་ང་ཚོའི་ལས་འགུལ་ལ་རྒྱབ་སྐྱོར་མཚོན་སླད། བོད་དོན་ཁྱབ་བསྒྲགས་གསར་འགོད་ལས་དོན་དྭང་བླངས་གནང་ཡོད་པ་བཅས་ལས་འགུལ་བ་མི་གྲངས་བརྒྱད་ཙམ་གྱིས་ལས་འགུལ་སྤེལ་ཡོད་འདུག

unnamed-2

བོད་དོན་ཞུ་གཏུག་གི་ལས་འགུལ་འདི་ནི་༢༠༡༢ ཟླ་༡༢ ཚེས་༡༠ ཉིན་ནས་ཁྱིམ་ཚང་གཉིས་ཀྱིས་འགོ་འཛུགས་བྱས་ཤིང་། ཁྱིམ་ཚང་གཉིས་ཀྱིས་ཇི་ནེ་ཝ་རྒྱལ་ཚོགས་སུ་བོད་དོན་ཞུ་གཏུག་གི་ལས་འགུལ་སྤེལ་དང་སྤེལ་བཞིན་པ་ལ། རིམ་བཞིན་བཀྲ་བསྟན་ཚང་པ་སངས་ལགས་དང་།ངག་དབང་ཚང་ངག་དབང་དཔལ་ལྡན།རྒྱལ་བསྟན་ཚང་བཀྲ་ཤིས་ལྷ་མོ། ཨོ་སི་ཊི་རེ་ཡར་གནས་སྡོད་ཡེ་ཤེས་ལྷ་མོ་བཅས་མཉམ་ཞུགས་ཀྱིས་ཁྱིམ་ཚང་ལྔ་ཡི་ལས་འགུལ་དུ་ཆགས་ཤིང་། གཞན་ཕྱི་ལོ་༢༠༡༦ ཟླ་༡ ཚེས་༡༣ ཉིན་ནས་སུད་སིར་གནས་བཞུགས་མི་ལིང་བཀྲིས་ཟླ་བ་ལགས་མཉམ་ཞུགས་ཀྱིས་ད་ལྟ་ཁྱིམ་ཚང་དྲུག་གི་ལས་འགུལ་དུ་གྱུར་ཡོད་འདུག

ལས་འགུལ་བའི་ཁྱིམ་མིང་དང་མིང་། ཞལ་པར་ཨང་།
༡ ངག་དབང་ཚང་ངག་དབང་དཔལ་ལྡན། ༠༧༦༣༣༠༣༩༧༣
༢ བཀྲ་བསྟན་ཚང་པ་སངས། ༠༧༦༦༢༠༡༠༥༡
༣ རྒྱལ་ཚང་བཀྲ་ཤིས་ལྷ་མོ། ༠༧༦༨༠༤༨༨༧༡
༤ སྟག་ཚང་དཀོན་ཅོག ༠༧༦༤༧༧༤༡༦༢
༥ ཡེ་ཤེས་ལྷ་མོ། ༠༤༡༠༢༢༣༥༥༨
༦ མི་ལིང་བཀྲིས་ཟླ་བ། ༠༧༦༥༨༨༢༨༥༩

 

གཤམ་གསལ་༢༠༡༦ ལོའི་བོད་དོན་ཞུ་གཏུག་གི་ལས་རིམ་རེའུ་མིག

UNO DEMONSTRATION PLAN 2016

DAY                DATE         MONTH       Appeal letter

Wednesday       13               January          49th
Wednesday       10               February        50th
Wednesday       9                 March             51th
Wednesday       13               April                52th
Wednesday       11                May                 53th
Wednesday       8                 June                54th
Wednesday       13               July                  55th
Wednesday       10               August             56th
Wednesday       14               September      57th
Wednesday       12               October           58th
Wednesday       9                 November       59th
Saturday           10                December       60th

གསར་འགོད་པ། ཙ་ཡུས་ཕུན་ཚོགས།

གསར་འགྱུར།

Post navigation

Previous Post: གོ་ལ་གཞན་དུ་འཚོ་གཞེས་གནང་བའི་སེམས་ཅན།
Next Post: ཁེར་རྐྱང་དང་འབྲེལ་ལམ །

Comments (5) on “བོད་དོན་ཞུ་གཏུག་གི་ལས་འགུལ་ཐེངས་༤༩ པ་སྤེལ་བ།”

  1. གནམ says:
    2016-01-14 at 3:10 am

    ཁ་བྲོ།

  2. ཀརྡོ་གཉེར་ཕྱག་པ་ says:
    2016-01-14 at 4:05 am

    ཕྱི་རྒྱལ་ལ་བསྡད་ནས་སྡོད་དགོས་ཆོད་འདུག རྗེས་སུ་ཡི་ཡང་ཡོད།

  3. པདྨ says:
    2016-01-14 at 6:24 am

    ཡག་པོ་རེད། རང་བཙན་ཆེད་དུ་རང་ལུས་མེ་བསྲེག་གཏོང་བ་ཡིན་པར་ཤེས་དགོས།

  4. རྒྱ་ཞིང་མྱི་དཀར། says:
    2016-01-14 at 2:21 pm

    ཐུགས་རྗེ་ཆེ་ཁ་དྲོ།

  5. གཅན བཟོད་རྒྱམ། says:
    2016-01-15 at 5:13 am

    ལས་འགུལ་ཞིག་གི་རྒྱུན་མཐུད་ནས་ཐེངས་ལྔ་བཅུ་སྤེལ་འདུག་ཟེར་ན་ཉུང་ཉུང་མ་རེད། དངོས་གནས་རིགས་ཞེན་དང་སེམས་ཤུགས་ལྷག་པ་ཞིག་མེད་ན་ལས་དོན་འདི་འདྲ་ཐེངས་གཅིག་གཉིས་ལས་ཐེངས་གཅིག་གཉིས་ལ་མཐུད། གཉིས་ནས་བཅུ་དང་ཉི་ཤུ་སུམ་ཅུ་ལྔ་བཅུ་སོགས་ལོ་ནས་ལོར་བསྟུད་དེ་བོད་དོན་ལས་འགུལ་སྤེལ་བ་ནི་དངོས་གནས་བསྔགས་འོས་ཤིང་རྒྱབ་སྐྱོར་བྱས་དགོས་དང་དགོས་ཞུ་འདོད་བྱུང་།
    ཁྱོད་ཚོའི་སེམས་ཤུགས་དང་ལྷག་བསམ་ལ་ཡི་རངས་དང་རྒྱབ་སྐྱོར་ཡོད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme