Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཆེན་པོའི་ན་ཚ་ཆེ་ཤོས།

Posted on 2010-10-042010-10-04 By ཁ་བརྡ་ 3 Comments on བོད་ཆེན་པོའི་ན་ཚ་ཆེ་ཤོས།

རྩིས་ཆེ།

གུང་ཁྲན་རིང་ལུགས་ཀྱི་དམག་བོད་དུ་མ་འབྱོར་གོང་དུ་བོད་ལ་རང་བཙན་ཡོད་མེད་དང་། གལ་སྲིད་ཡོད་ཀྱང་རང་སྐྱོང་གི་རྣམ་པ་ཡིན་ནམ། འབྲུག་དང་རྒྱ་གར་གྱི་འབྲེལ་པ་ལྟ་བུར་སྤྱིར་རང་བཙན་ཡིན་ཀྱང་ཕྱི་སྲིད་ཀྱི་གནད་དོན་དང་སྟངས་འཛིན་རྣམས་གཞུང་ཆེན་པོས་བྱེད་པའི་དབྱིན་སྐད་ཐོག་SOVEREIN STATE ཡིན་ནམ་གང་ཡིན་སྐོར་ཁ་གསལ་མེད་པས་མཁས་པ་མང་པོའི་བགྲོ་གླེང་གི་གཞིར་གྱུར་ཡོད། འོན་ཀྱང་ལྔ་བཅུའི་ལོ་རབས་ནང་གི་དུས་འགྱུར་དེས་བོད་ལ་བློ་ཡུལ་ལས་འདས་པའི་འགྱུར་བ་བཏང་ཡོད་པ་ནི་འཛམ་གླིང་ཡོངས་གྲགས་རེད། བོད་མི་ཚོས་གལ་སྲིད་བོད་ལ་རང་བཙན་ཡོད་ན་ཟེར་ནས་བཟང་ཕྱོགས་ཤ་སྟག་ནས་བལྟ་ཡི་ཡོད་ཀྱང་། གལ་སྲིད་བོད་ལ་རང་བཙན་ཡོད་ན་ཡར་རྒྱས་ཀྱི་རྣམ་པ་གང་འཚམས་ཡོད་པ་སྨོས་མི་དགོས་ཀྱང་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གྲ་མང་པོ་ཞིག་བསླངས་ནས་ད་ལྟ་རྒྱལ་སྤྱི་མི་མང་གི་བསམ་བློར་བོད་ཟེར་བའི་སྣང་བརྙན་དེ་ཅི་འདྲ་ཞིག་བྱུང་ཡོད་མེད་སྐོར་ང་ཚོས་བཤད་མི་ཐུབ། དུས་འགྱུར་གྱི་སྔོན་དུ་བོད་ལ་རྙོག་གེླང་མང་བ་ནི་མི་རིགས་ཀྱི་ཆ་ནས་ཁམས་པ་དང་དབུས་གཙང་སོགས། ཆོས་ལུགས་ཀྱི་ཐོག་ནས་བཀའ་བརྒྱུད་དང་དགེ་ལུགས་སོགས། བླ་མའི་ནང་རྒྱལ་བ་པཎ་ཆེན་སོགས། གྲུབ་མཐའི་ཐོག་ནས་ས་སྐྱ་དང་དགེ་ལུགས་སོགས་རྨ་ཁ་མང་པོ་ཞིག་ཡོད་པ་དེ་ཚོ་གལ་སྲིད་བོད་ལ་རང་དབང་ཚད་ལྡན་ཞིག་ཡོད་ན་དེ་ཚོ་ཇེ་གསལ་དུ་སོང་ནས་མི་རིགས་དང་ཆོས་ལུགས་ཀྱི་མིང་ངན་པ་བཟོ་བའི་སྐྱུགས་བཤལ་སྣ་ཚོགས་ཤིག་བྱས་ཡོད་ངེས་རེད། གང་ཡིན་ཟེར་ན་བོད་ཀྱི་ཆེས་ཛ་དྲག་གི་གནས་སྟངས་དུས་འགྱུར་ཆེན་མོའི་སྐབས་སུ་ཡང་བོད་མི་མང་པོ་ཞིག་གིས་བོད་སྤྱི་ལས་ཀྱང་རང་ཕྱོགས་ཀྱི་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གྲར་དོ་སྣང་ཤུགས་ཆེན་བྱེད་ཀྱི་ཡོད་པ་དང་། བཙན་བྱོལ་དུ་གནས་སྐབས་ཧ་ཅང་ཉམས་ཐག་པའི་དུས་སུ་ཡང་ད་བར་ཆོལ་ཁ་དང་ཆོས་ལུགས་ཀྱི་རྙོག་གྲ་ནི་རྒྱུན་ཆད་མྱོང་མེད་པའི་ཁར་སྐབས་རེ་སྡུག་ཏུ་སོང་བའི་གནས་ཚུལ་ཡང་ཐོན་གྱི་ཡོད།

དཔེར་མཚོན་ན་དེང་སང་བོད་ཀྱི་བཀའ་བློན་དང་སྤྱི་འཐུས་ཀྱི་འོས་ཤོག་འཕེན་བཞིན་པའི་གལ་ཆེའི་དུས་སྐབས་འདི་ལྟ་བུར་ཁོ་བོ་རང་གིས་དངོས་སུ་གོ་བ་ཞིག་ལ་བུད་མེད་ཞིག་གིས་ཟམ་གདོང་རིན་པོ་ཆེ་དགེ་ལུགས་ཀྱི་སྤྱི་འཐུས་ལ་འདེམས་དགོས་རེད་གང་ཡིན་ཟེར་ན་དེ་འདེམས་ཐུབ་པ་ཡིན་ན་ང་ཚོ་རྦད་དེ་འགྲིག་པ་ཟེར། ཡང་གོ་ཐོས་ལ་བོད་གཞུང་སློབ་གྲྭའི་དགེ་ལས་མང་པོ་ཞིག་གིས་སློབ་ཕྲུག་དཀྱུས་མ་ཚོར་བློ་བཟང་སེང་གེ་ལ་འོས་ཤོག་བླུག་རྒྱུ་ཡོད་མ་རེད་གང་ཡིན་ཟེར་ན་ཁོ་བོད་པ་གཙང་མ་མ་རེད་ཟེར་བ། ཡང་ཁོ་ལ་ཉམས་མྱོང་ཡོད་པ་མ་རེད་ཟེར་བ་དང་། ཁོ་ཁམས་པ་རེད་ཟེར་བ། ཁོ་ཆུ་བཞི་སྒང་དྲུག་གསར་པ་རེད་ཟེར་བ་དང་ཐ་ན་བུ་མོ་ཞིག་གིས་བློ་བཟང་སེང་གེ་ལ་འོས་ཤོག་བླུགས་ནས་ཨ་མས་ནང་ལ་ཡོང་མི་ཆོག་ཅེས་གཤེ་གཤེ་བཏང་བའི་སྐོར་ཡང་གོ་རྒྱུ་ཡོད་པས་མདོར་ན་འདི་དག་ནི་ཆེས་སེམས་ཕངས་དགོས་པའི་གནས་སྟངས་ཤིག་རེད།

ང་ཚོས་བོད་རང་བཙན་ཞེས་ལབ་ཀྱང་འདྲ། དབུ་མའི་ལམ་ཞེས་གང་ཞིག་བཤད་ཀྱང་མདོར་ན་ང་ཚོ་ལ་དགོས་པ་ནི་རང་དབང་དེ་རེད། རང་དབང་དེ་འདྲ་ཞིག་ཐོབ་པར་ང་ཚོས་འབད་རྩོལ་ཆེན་པོ་བྱེད་དགོས་ལ། གལ་སྲིད་ནམ་ཞིག་རང་དབང་ཚད་ལྡན་ཞིག་ཐོབ་པ་ཡིན་ན་སྐབས་དེ་དུས་ང་ཚོས་རྒྱལ་ཁབ་གཞན་དང་མཚུངས་པར་ཆབ་སྲིད་དང་དཔལ་འབྱོར། ཤེས་ཡོན། ཚན་རིག བདེ་འཇག མཐུན་འབྲེལ་གང་ཅིའི་ཐད་ནས་ཚད་དང་མཐུན་པ་ཞིག་ངེས་པར་དུ་དགོས་པ་ལས་རང་དབང་ཆུང་ངུ་ཞིག་ཐོབ་མ་ཐག་ཆོལ་ཁ་ཆོས་ལུགས་ཀྱི་རྙོག་གྲ་ལངས་ཆོག་ཆོག་ཅིག་བྱུང་ན་དེ་ནི་ང་ཚོས་ཡུན་རིང་དཀའ་ལས་བརྒྱབས་པ་ཐམས་ཅད་ཆུད་ཟོས་རེད། སྤྱིར་རྙོག་གྲ་ནི་སྤྱི་ཚོགས་ཀྱི་གྲུབ་ཆ་ཡིན་པ་དང་། ཆོས་ལུགས་ཀྱིས་མི་ཚོས་ཉོན་མོངས་མ་སྤངས་ན་རྙོག་གྲ་ཡོང་གི་ཡོད་ཚུལ་ཤོད་ཀྱི་ཡོད་ཀྱང་ཉེ་ཆར་མི་མང་པོས་ཨོ་བྷ་མ་མི་རིགས་ནག་པོ་ཡིན་པས་སྲོག་ཉེན་ཆེ་བའི་ཚོད་དཔག་བྱས་ཀྱང་སྲོག་ཉེན་ཞིག་ད་བར་བྱུང་མེད་པ་ནི་ཨ་རིའི་མི་སེར་ཚོའི་ཉོན་མོངས་ཆུང་དུ་སོང་བ་མ་ཡིན་པར་ཁོ་ཚོའི་མི་རིགས་དང་ཆོས་ལུགས་ཀྱི་བསམ་ཚུལ་གུ་ཡང་དུ་སོང་བའི་རྟགས་ཤིག་རེད། ཉོན་མོངས་མ་སྤངས་ཀྱང་ཤེས་ཡོན་དང་མཐོང་ཐོས་རྒྱ་ཆེ་བའི་མི་མང་པོ་ཞིག་ལ་ཆོས་ལུགས་འདྲ་མིན་གྱི་ཤེས་ཚད་མཐོན་པོ་ཡོད་ཀྱང་ཆོས་ལུགས་ཀྱི་ཕྱོགས་ཞེན་མེད་པ་ནི་དུས་རབས་གསར་པའི་རྒྱན་ཆ་རེད། འུ་ཚོ་ནི་ཆོས་ལུགས་ཀྱི་ཤེས་ཚད་ཧ་ཅང་དམའ་ན་ཡང་ཆོས་ལུགས་ཀྱི་ཞེན་ཁོག་ཧ་ཅང་ཆེ་བ། མི་རིགས་ལ་ཕན་པའི་བྱས་རྗེས་གང་ཡང་མེད་ཀྱང་ཕྱོགས་ཞེན་ཧ་ཅང་ཆེ། གནད་དོན་འདི་དག་ལ་བརྟེན་ནས་ད་བར་ང་ཚོ་བོད་མི་ཚོས་དཀའ་སྡུག་མྱངས་ཡོད་ལ། གནད་དོན་འདི་ཚོའི་བྱས་ནས་ད་དུང་ཡང་དཀའ་སྡུག་མྱོང་རྩིས་ཡོད་ལ། གནད་དོན་འདི་ཚོའི་བྱས་ནས་འུ་ཚོས་དུས་ནམ་ཡང་བདེ་སྐྱིད་དང་ཆིག་སྒྲིལ་ཞིག་ཐོབ་དཀའ།

ད་རེས་ཀྱི་དུས་འདིར་སྤྱིར་སྐྱ་སེར་ཚང་མ་དང་། ལྷག་པར་དུ་གཞོན་སྐྱེས་ཁག་མང་པོ་ཞིག་གིས་འོས་ཤོག་བླུག་རྒྱུ་དང་བཀའ་ཁྲི་བསྐོ་འདེམས་ཀྱི་གནད་དོན་ལ་དོ་སྣང་ཤུགས་ཆེན་བྱས་ཏེ་དངོས་ཤུགས་བརྒྱུད་གསུམ་ནས་ལས་འགུལ་ཤུགས་ཆེན་སྤེལ་ཡོད་པ་ནི་བོད་གཞུང་གི་ཤི་མ་གསོན་གྱི་རོ་འདི་ལ་ཤི་ན་ཤི་རྒྱུ་མེད། གསོན་ན་གསོན་རྒྱུ་མེད། རོ་འདི་ལ་ཕྱི་རོལ་ནས་སྒུལ་བསྐྱོད་གང་ཡང་མེད་པར་ནང་ལོགས་ནས་ལྐོག་ཟ་རུལ་སོང་ཕྱོགས་རིས་འཐེན་འཁྱེར་གྱི་ནད་འབུ་ཧ་ཅང་མང་བའི་གློག་ཀླད་རྙིང་པ་ལྟ་བུ་འདིས་རྒྱལ་ཕྱི་ནང་གི་མི་ཡོངས་རྫོགས་ཐང་ཆད་དུ་བཅུག་པས་མི་རབས་གསར་པའི་གཞོན་སྐྱེས་བློ་བཟང་སེང་གེ་ལགས་ལྟ་བུ་བཀའ་ཁྲིར་བསླེབས་ན་ཡག་ཉེས་གང་ལྟར་ཡང་འཕོ་འགྱུར་ཞིག་ཐེབས་ཀྱི་རེད་དྲན་ནས་ཚང་མས་དེ་ལ་རྒྱབ་སྐྱོར་དང་དོ་སྣང་སྤྲད་ཡོད་པ་རེད། འོན་ཀྱང་གཞུང་ཞབས་ལས་བྱེད་ཚོ་སྤྱི་དང་ཆོལ་ཁའི་འཐེན་ཁྱེར་དུ་སོང་བའི་མི་བྱེ་བྲག་པ་མང་པོས་དེ་ལ་ངོ་རྒོལ་ཤུགས་ཆེན་བྱས་ཏེ་ཐ་ན་རྒྱ་རི་སྒྲོལ་མ་སོགས་གཞུང་ཞབས་ལས་བྱེད་གལ་ཆེན་མང་དག་ཅིག་དོན་མེད་བཀའ་བློན་ཁྲི་པར་ལངས་པ་དེ་བློ་བཟང་སེང་གེ་ལ་གནོད་སྐྱེལ་རྒྱུ་ཁོ་ནའི་ཆེད་དུ་རེད་ཟེར་ནས་ཆ་ཚང་གིས་ཚོད་དཔག་བྱེད་ཀྱི་ཡོད་ལ་དེ་བདེན་ངེས་པ་ཞིག་ཀྱང་རེད། བྱེད་སྟངས་འདིའི་མཐའ་མའི་གྲུབ་འབྲས་གང་ཞིག་རེད་ཟེར་ན་ང་ཚོ་ཚང་མས་ཤེས་ཐུབ་པ་ཞིག་ལ་བོད་རིགས་གཞོན་སྐྱེས་མང་པོ་ཞིག་གི་སེམས་ཤུགས་ཆགས་ནས་མ་འོངས་པར་བོད་པའི་གནད་དོན་ལ་བྱུས་གཏོགས་མི་བྱེད་པ་དང་། རང་མགོ་གར་ཐོན་ཁོ་ན་བྱས་ནས་མཐའ་མ་ལ་དགའ་ལྡན་ཕོ་བྲང་ཞེས་པ་ཡང་ས་གནས་ཀྱི་དཔོན་པོ་ཙམ་ཞིག་ལས་ནུས་པ་གང་ཡང་མེད་མཁན་ཞིག་ཏུ་འགྱུར་གྱི་རེད། སྐབས་དེ་དུས་ད་ལྟའི་གནས་བབ་འདི་ཉིད་བསྐྱར་གསོ་བྱེད་དགོས་ན་བོད་གཞུང་གི་སྤྱི་འཐུས་དང་བཀའ་བློན་ཡོད་ཚད་ཀྱིས་གསོལ་བ་སྨོན་ལམ་བཏབས་ཀྱང་ནམ་ཡང་ཡོང་ཐབས་མེད་པའི་སྐད་ཆ་ཞིག་རེད།

ལས་ཀ་བྱེད་སྟངས་སྐྱོ་བ་ཞིག་ལ་བོད་པའི་སྤྱི་ཚོགས་འདིར་བོད་ཡིག་གི་ཤེས་ཚད་ཧ་ཅང་སྐྱོ་བོ་ཡོད་པའི་གནས་ཚུལ་དང་། འཛམ་བུའི་གླིང་ཕལ་མོ་ཆེར་འོས་ཤོག་བླུག་སྐབས་འོས་མིའི་རྣམ་ཐར་ཆ་ཚང་ཞིག་འབྲི་དགོས་པ་རྒྱལ་ཁབ་གང་གི་ཡང་ལུགས་སྲོལ་ལ་མེད་ཀྱང་ང་ཚོ་བོད་པ་ཚོས་ཁུངས་མེད་ལུང་མེད་ཀྱི་ཁྲིམས་དེ་འདྲ་ཞིག་གཏན་འབེབ་བྱས་ཏེ་འོས་ཤོག་མང་པོ་ཞིག་འཕྲོ་བརླག་ཏུ་འགྲོ་ཡི་ཡོད་པ་དང་། མི་མང་པོ་ཞིག་ལ་སེམས་ཤུགས་ཡོད་ཀྱང་ཆ་རྐྱེན་ལེན་མི་ཐུབ་པའི་དཀའ་རྙོག་མང་པོ་ཞིག་བཟོས་ཡོད། འོན་ཀྱང་འདི་ནི་འོས་བསྡུ་ལས་ཁང་སོགས་ཀྱིས་ཧ་མ་གོ་བ་ཞིག་མ་ཡིན་པར་ནམ་རྒྱུན་ལྟར་ཆོལ་ཁ་དང་ཆོས་ལུགས་ཀྱི་ན་ཚ་ཞིག་ཡོད་པ་ཏན་ཏན་རེད་ཟེར་ནས་མི་མང་ཚོས་ཤོད་ཀྱི་ཡོད་པ་རེད།

སྤྱིར་བྱས་ན་འདི་ནི་དམངས་གཙོ་ལམ་ལུགས་ཀྱི་ལྡོག་ཏུ་མེད་པའི་སྐྱོན་ཆ་ཞིག་ཡིན་ཅིང་གནད་དོན་འདི་དང་འདི་ལྟ་བུའི་རྐྱེན་པས་རྒི་རིས་སི་མཁས་པ་ཆེན་པོས་པ་ལ་ཊོ་ཡིས་དམངས་གཙོ་ལམ་ལུགས་ལ་སྐྱོན་བརྗོད་ཤུགས་ཆེན་་བྱས་པ་དང་། ཉེ་ཆེར་གྱི་མཁས་དབང་ཡིས་ཊ་ལིས་ནས་ཡིན་པའི་ཝིལ་ཧྥེ་རེ་ཌོ་དང་རྒི་ཊ་ནོ་སོགས་ཀྱིས་དམངས་གཙོ་ནི་འཁྲུལ་སྣང་ལྟ་བུ་དང་དོན་དངོས་སུ་སྐུ་དྲག་རིང་ལུགས་ཀྱི་གདོང་འབག་ཅིག་རེད་ཅེས་བཤད་ཡོད།

རྩོམ་རིག

Post navigation

Previous Post: ལྕགས་པོ་རི།
Next Post: གཉིད་ཉལ་བའི་སྤྱོད་ལམ་དང་འཕྲོད་བསྟེན།

Comments (3) on “བོད་ཆེན་པོའི་ན་ཚ་ཆེ་ཤོས།”

  1. མེ་ཏོག་དཀར་པོ། says:
    2010-10-04 at 10:08 pm

    ཡ་ཡ། ཁྱོད་ཀྱིས་མི་རིགས་དང་ཆོས་ལུགས་ཀྱི་རྙོགས་ཟིང་མེད་པའི་རྒྱལ་ཁབ་ག་ཚོད་འདུག་གྲངས་ཀ་ཞིག་རྒྱོབས། ད་ལྟའི་འོས་བསྡུ་སོགས་ཀྱི་སྐབས་ཀྱི་སྐད་ཆ་ཤིག་འདྲ་བ་ཞིག་འཁྱེར་ཡོང་ནས་འབྱུང་འགྱུར་གྱི་ཚོད་དཔག་རི་ལྟ་བུ་བྱེད་པ་དང་། ལྡོག་ཕྱོགས་སྐྱོན་ཁོ་ན་ལ་བསམ་ནས་བྲིས་པའི་རྩོམ་འདི་ལ་དགའ་བསུ་མེད།

    ད་དུང་རྒྱ་སྒྲོལ་སོགས་འོས་ལང་བ་བློ་སེང་ལ་གནོད་སྐྱེལ་ཆེད་རེད་སོགས་མིས་བཤད་ལུགས་ཀྱི་ལུང་དྲངས་ཁུལ་བྱས་ཀྱང་དོན་ལ་རང་གི་ཞེ་འདོད་དང་ཨ་ན་མ་ན་རེད་སོང་བའི་ཟོལ་ཞིག་ཀྱང་འདུག

    རང་གཞུང་ལ་ཤི་མ་གསོན་སོགས་ཟེར་བ་སོགས། ཡོད་ཚད་ཀྱོག་ཀྱོག་མཐོང་བ་ལ་དཔག་ན་ཁྱོད་རང་ཡང་ཀྱོག་ཀྱོག་ཅིག་མིན་ནམ་བསམ་པ་འདུག

    གང་ལྟར་་་་་་་་་་་་་་་

  2. གངས་ལྷ། says:
    2010-10-04 at 11:21 pm

    ངས་བལྟས་ན། དེང་སྐབས་འོས་བསྡུ་དང་འབྲེལ་ནས་རྙོག་དྲ་བཟོ་མཁན་ཚང་མ། བློ་བཟང་སེང་གེའི་ཕྱོགས་གཏོགས་པ་ཁ་ཤས་རེད། མི་འདིས་བཀའ་ཁྲིར་ལངས་ན། དེ་བློ་བཟང་སེང་གེ་ལ་གནོད་བསྐྱལ་བྱེད་རེད་ཟེར། ཕ་གིས་བསམ་ཚུལ་མི་མཐུན་པ་ཞིག་བཤད་ན། ཡང་བློ་བཟང་སེང་གེ་ལ་གནོད་བསྐྱལ་རྩིས་རེད་ཟེར། མདོར་ན། བློ་བཟང་སེང་གེའི་ཕྱོགས་གཏོགས་ལ་གདེང་ཚོད་མེད་པ་འདྲ། བཤད་མི་དགོས་པ་ཞིག་བཤད་ཀྱིན་འདུག ལས་མི་དགོས་པ་མང་པོ་ཞིག་ལས་ཀྱིན་འདུག

  3. ཚེ་རིང་རྡོ་རྗེ། says:
    2010-10-05 at 1:42 am

    མི་སྒེར་གྱི་ན་ཚ་དང་བོད་ཆེན་པོའི་ན་ཚ་དབྱེ་བ་དགོས། བོད་ཆེན་པོ་དང་བོད་ཞེས་པའི་ཚིགས་འབྲུ་འདི་ལ་དཔྱད་ཚེ་ཆོལ་ཁ་ཞེས་ཚིགས་ཀྱི་མ་ཟིན་པ་ཙམ་ལས་དོན་དངོས་ཐོག་འཐེན་འཁྱེར་ཡོད་པ་འགོ་བརྗོད་ནས་རྟོགས་ཐུབ། ༡༩༥༩སྔོན་གྱི་ལོ་བརྒྱུད་ལ་དཔྱད་པ་བྱས་ན་རྒྱལ་སྤྱིའི་གནས་སྟངས་དེ་ཡང་སྐབས་དེ་དུས་གང་འདྲ་ཞིག་ཡོད་མེད་ངེས་པར་དུ་ཤེས་དགོས། བོད་ཀྱི་དཀའ་སྔལ་དང་ནང་ཁུལ་མི་མཐུན་པ་སོགས་མང་དག་ཞིག་ཁྱེད་ནས་བཤད་ཀྱང་སྐབས་དེ་དུས་དཔེར་ན་༸གོང་ས་སྐུ་གོང་མའི་སྐུ་དུས་སུ་གང་བྱུང་ཡོད་པ་དང་དེའི་རྗེས་ར་སྒྲེངས་རྒྱལ་ཐོག་དང་རྟ་བྲག་རྒྱལ་ཐོག་སྐབས་སུ་ཕྱི་ནང་གང་ས་དཀའ་ངལ་གཅིག་འཇུག་གཉིས་འཐུས་ཡོད་པ་དེ་དག་ཤེས་སམ། ཚིགས་གཅིག་དང་རྩོམ་ཐུང་དེས་བསྡོམས་ཆེན་པོ་དེ་འདྲ་རྒྱབ་མི་ཐུབ། རྒྱལ་སྤྱིའི་ནང་དུས་རབས་འཐབ་རྩོད་ནས་འཐབ་རྩོད་མི་མང་ལ་དཀའ་ཚེགས་ཆེ་ཤོས་ཀྱི་གནས་སྐབས་ནི་1975ཡན་མས་ནས་1965བར་གནས་ཡོད་པ་ཤེས་དགོས། དེ་དག་ལ་ཞིག་ན་བོད་ནང་དུ་རྙོག་ཟིང་མེད་པ་མིན་ཀྱང་རྒྱལ་ཁབ་གཞན་ནང་ཡོད་པ་ལས་ཆེས་ཉུང་བ་བྱུང་ཡོད་པ་ཤེས་དགོས། རང་གི་མི་རབས་གོང་མ་རྨོངས་པ་ཡིན་སྲིད་ཡང་ཞི་བར་གནས་པ་ཡིན་ཞེས་འབྲེལ་བཤད་བྱས་ཆོག

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (16)
  • ན་ཟུག (6)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme