Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་དགེ་འདུན་པས་ཐེ་ཝན་ལ་སེམས་འགུལ་ཐེབས་བཅུག་པ།

Posted on 2016-03-312016-03-31 By ཁ་བརྡ 4 Comments on བོད་ཀྱི་དགེ་འདུན་པས་ཐེ་ཝན་ལ་སེམས་འགུལ་ཐེབས་བཅུག་པ།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་།

 
ཐའེ་ཝན་ནི་ཆ་རྐྱེན་བཟང་ཞིང་། མིའི་སྤུས་ཀ་ལེགས་པོ་ཡོད་ན་ཡང་། ཕྱོགས་གཅིག་ནས་རང་བྱུང་གི་གནོད་འཚེ་དང་མིས་བཟོས་དོན་རྐྱེན་མང་པོ་འབྱུང་ཡུལ་ཞིག་ཡིན། ཐའེ་ཝན་དུ་ནང་པའི་ཆོས་ལུགས་ཁྱབ་ཆེན་པོ་ཡོད་ཅིང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འཇུག་ཀྱང་མི་ཉུང་བ་ཞིག་ཡོད།
དེ་ཡང་ཐའེ་ཝན་དུ་ཡོད་པའི་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་རྟག་པར་ས་ཆ་དེར་རང་བྱུང་དང་མིས་བཟོས་ཀྱི་གོད་ཆག་གང་བྱུང་ཡང་། མ་བསྐུལ་དང་བླངས་ཀྱིས་འཛོམས་ཏེ་གསོལ་འདེབས་སྨོན་ལམ་བྱེད་པ་དང་། ཆེ་ཆུང་ལ་མ་ལྟོས་པར་དངོས་པོའི་རོགས་སྐྱོར་དང་འཚམས་འདྲི་སོགས་དུས་ཐོག་གནང་བཞིན་ཡོད་ལ། གསར་འགྱུར་བརྒྱུད་ལམ་དང་མི་མང་གིས་བསྔགས་བརྗོད་ཀྱང་ཐེངས་མང་ཐོབ་མྱོང་།unnamed-1

སྤྱི་ལོ་༢༠༡༦ ཟླ་བ་༣ཚེས་༢༨ ཉིན་རྒྱལ་ས་ཐའེ་པེའི་མངའ་ཁུལ་དུ་གཏོགས་པའི་ནེའི་ཧུའུ་(內湖)ཞེས་པའི་ས་ཁུལ་གྱི་ས་འོག་མེ་འཁོར་གྱི་འབབ་ཚུགས་ཤིག་ནས་བུད་མེད་ཅིག་གིས་རང་གི་ཕྲུ་གུ་བུ་མོ་ལོ་བཞི་ཅན་ཞིག་ཁྲིད་ནས་ཕྱིར་ཐོན་བཞིན་ལམ་འགྲམ་དུ་སླེབས་པའི་སྐབས་དེར་། འགྲམ་ནས་ངོ་མི་ཤེས་པའི་སྐྱེས་པ་ལོ་ན་སུམ་ཅུ་ལྷག་ཡིན་པ་ལག་ཏུ་ཚལ་གྲི་ཆེན་པོ་བཟུང་མཁན་ཞིག་གིས་བསམ་བཞིན་དུ་བུ་མོ་ཨ་མའི་ལག་ནས་འཕྲོག་སྟེ་ཡ་ང་བག་ཚ་མེད་པར་ཐད་ཀར་ཚལ་གྲིས་སྣུན་པར་མ་ཟད། བུ་མོ་ཆུང་ཆུང་གི་མགོ་དང་ལུས་པོ་སོ་སོར་ཕྲལ་ནས་ས་གནས་དེ་གར་བཀྲོངས།

ཧ་ཅང་ཡིད་སྐྱོ་བའི་གནས་ཚུལ་དེས་ཐའེ་ཝན་རྒྱལ་ཡོངས་ལ་ཁོང་ཁྲོ་དང་སྐྱོ་སྣང་ཆེན་པོ་བསླངས། གསོད་མཁན་ལག་དམར་གྱི་ཐོག་ཏུ་མི་མང་ཁོང་ཁྲོ་ཆེན་པོ་བྱེད་པ་དང་། ཕྲུ་གུ་ཆུང་ཆུང་དེར་གདུང་སེམས་མཉམ་བསྐྱེད་བྱེད་མཁན་མང་པོ་ཐོན་ཞིང་། ཐའེ་ཝན་ཧྲིལ་པོའི་ཐུན་མོང་གི་སེམས་སྡུག་ཆེན་ཤོས་ལྟ་བུ་ཞིག་ཏུ་ཆགས།
unnamed-2ཁར་རྩང་། ཞིབ་འཇུག་ཚོགས་པས་གོ་སྒྲིག་གནང་ནས་ཐའེ་པེ་རུ་འཚོགས་བཞིན་པའི་ཐའེ་ཝན་བོད་བརྒྱུད་ནང་བསྟན་དར་སྤེལ་བགྲོ་གླེང་ཐེངས་དྲུག་པ༼ཕྱོགས་ཡོངས་ཀྱི་དགོངས་འཆར་བསྡུ་ལེན༽ཞེས་པའི་བགྲོ་གླེང་ཚོགས་འདུ་མཇུག་གྲུབ་པ་དང་། ཞིབ་འཇུག་ཚོགས་པས་སྣེ་ཁྲིད་དེ་བོད་བརྒྱུད་རིས་མེད་དགེ་འདུན་པ་སུམ་ཅུ་ཙམ་ཞིག་ཡུལ་ངོས་རང་དུ་བསྔོ་སྨོན་གསུངས་སར་ཆེད་ཕེབས་གནང་བར་ཐའེ་ཝན་གྱི་བརྒྱུད་ལམ་ཆེན་པོ་ཁག་དང་མི་སྒེར་གཉིས་ཆར་གྱིས་སེམས་འགུལ་ཆེན་པོས་བསྟོད་བསྔགས་གནང་འདུག

དེ་ཡང་ཐའེ་ཝན་གྱི་ཚགས་པར་ཆེ་ཤོས་ཨང་དང་པོ་ཀུ་ཤུ་ཉིན་རེའི་ཚགས་པར་(蘋果日報)གྱི་དྲ་ངོས་སུ།
http://www.appledaily.com.tw/realtimenews/article/local/20160330/828361/30仁波切誦經文%E3%80%80齊為小燈泡超渡
མགོ་བརྗོད་དུ།
རིན་པོ་ཆེ་སུམ་ཅུས་གྲལ་འགྲིག་པོས་འདོན་པ་འདོན་བཞིན་སྒྲོན་ཏོག་ཆུང་ཆུང་(小燈泡བུ་མོ་ཆུང་ཆུང་དེའི་གཅེས་མིང)ལ་གནས་འདྲེན་བྱེད་པ། ཞེས་བྲིས་པའི་སྐབས་དོན་གསལ་འགྱུར་སྙིང་བསྡུས་སུ་བསྒྱུར་ན།

unnamed-4སྒྲོན་ཏོག་ཆུང་ཆུང་ལ་གནོད་འཚེ་ཕོག་ནས་ཉིན་གསུམ་པ་སྟེ། མི་མང་རང་འགུལ་གྱིས་ས་ཁུལ་རང་དུ་ཡོང་ནས་རྔན་པ་དང་རྩེད་ཆས་འདྲ་མིན་ས་གནས་དེར་བཞག་ནས་མྱ་ངན་ཞུ་བཞིན་ཡོད། ཕྱི་དྲོ་ཆུ་ཚོད་ལྔ་བར་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་སྣེ་ཁྲིད་པའི། རྙིང་མ། དགེ་ལུགས། བཀའ་བརྒྱུད། ས་སྐྱ་བཅས་འདུས་པའི་དགེ་འདུན་པ་སུམ་ཅུ་ལྷག་ཅིག་ཡུལ་ངོས་སུ་བསླེབས་ཤིང་། ཕྱག་ཏུ་སྒྲོན་མེ་ཐོགས་ཀྱིན་བཟང་སྤྱོད་སྨོན་ལམ་དང་བདེ་བ་ཅན་གྱི་སྨོན་ལམ་བཏོན་ཏེ་སྒྲོན་ཏོག་ཆུང་ཆུང་གི་ཆེད་དུ་བསྔོ་སྨོན་གནང་སྟེ་ཁོང་མོ་བདེ་བ་ཅན་དུ་སྐྱེ་བའི་སྨོན་ལམ་བཏབ།
རིན་པོ་ཆེ་རྣམ་པའི་ཕྱག་ཏུ་གློག་མཆོད་བསྣམས་བཞིན་ཞལ་འདོན་གནང་མགོ་ཚུགས་ཤིང་། ཉེ་འཁོར་གྱི་མི་མང་དག་ཀྱང་གཅིག་རྗེས་གཉིས་མཐུད་དུ་མཆོད་མེ་བླངས་ནས་མཉམ་ཞུགས་བྱས། ཚང་མས་བློ་གཅིག་སེམས་གཅིག་གིས་སྒྲོན་ཏོག་ཆུང་ཆུང་གི་ལམ་ལ་བར་ཆད་མེད་པར་དག་ཞིང་གི་བདེ་སྐྱིད་ལྡན་པའི་ལྷ་ཕྲུག་ཅིག་ཡོང་བའི་སྨོན་ལམ་བཏབ།
ཞལ་འདོན་ཚར་བ་དང་། རིན་པོ་ཆེ་རྣམ་པས་མེ་ཏོག་དང་མཆོད་མེ་དག་རེ་རེ་བྱས་ནས་དེ་ཀར་བཞག་གནང་མཛད། ཡུལ་ངོས་ནི་ཧ་ཅང་བརྗིད་ཆགས་ལ་དང་བ་འདྲེན་པ་ཞིག་རེད།
ཅེས་བྲིས་ཡོད་པར་མ་ཟད། དྲ་མཆན་འགོད་མཁན་ཞིག་གིས་གསར་འགྱུར་དེའི་འོག་ཏུ།
ཧ་ཅང་སེམས་འགུལ་ཐེབས་བྱུང་། ཐའེ་ཝན་གྱི་ཞིབ་འཇུག་ཚོགས་པའི་མཁན་སྤྲུལ་དགེ་བཤེས་འདི་དག་འདི་ལྟར་ཐའེ་ཝན་གྱི་སྤྱི་ཚོགས་ཀྱི་གཏིང་རིམ་དུ་ཞུགས་ཏེ། ཐའེ་ཝན་མི་མང་ལ་བརྩེ་བ་བཅངས་ཤིང་འདུག
unnamed-3ནམ་རྒྱུན་རྟག་པར་གང་དུ་གནོད་འཚེ་ཕོག་པ་དང་། གང་དུ་སྡུག་བསྔལ་ཡོད་པ་དེར་ངས་འདི་ལྟར་གུས་པར་འོས་པའི་ནབ་གཟན་དམར་པོ་ཅན་གྱི་དགེ་འདུན་པ་ཁྱེད་ཅག་གི་ཐུགས་བརྩེ་དང་བསྔོ་སྨོན། འབད་བརྩོན་དང་བློས་བཏོང་བཅས་མཇལ་བྱུང་། ཐའེ་ཝན་གྱི་བུ་བུ་མོ་དག་གིས་ཁྱེད་ཚོར་ཐུགས་རྗེ་ཆེ་ཞུ། རྗེས་སུ་ཡི་རངས་ཡོད། ཅེས་དང་།

ཡང་དྲྭ་འབངས་གཞན་ཞིག་གིས།
རང་ཉིད་ཡེ་ཤུའི་ཆོས་ལུགས་རྙིང་པའི་རྗེས་འཇུག་པ་ཞིག་གིས་དགེ་འདུན་པ་འདི་དག་མཐོང་བ་དང་མིག་ལ་ཧ་ཅང་བདེ་བ་བྱུང་བ་དེ་ག་རེ་ཡིན་ནམ། དེ་ལས་ལྡོག་སྟེ། ཚུལ་འཆོས་ཆེ་ཞིང་། སེམས་རྒྱ་དོག་པའི་དམ་བཅའ་ལས་འགལ་བ་བྱེད་མཁན་གྱི་ཐའེ་ཝན་གྱི་ཡེ་ཤུ་བ་དེ་ཚོ་མིག་ལ་འཛེར་བ་ཞིག་རེད། ཅེས་བྲིས་ཡོད།

ཞིབ་འཇུག་ཚོགས་པ་ནི་ཆབ་སྲིད་དང་མ་འབྲེལ་ཞིང་། རིས་མེད་༧སྐྱབས་མགོན་རྣམ་པའི་བཀའ་སློབ་ལམ་སྟོན་བཞིན་ཆོས་དང་རིག་གཞུང་དར་སྤེལ་བྱེད་པའི་ཚོགས་པ་ཞིག་ཡིན། ཚོགས་པ་འདིའི་དམིགས་ཡུལ་གཙོ་བོ་ནི་ཐའེ་ཝན་གཙོ་བོར་གྱུར་པའི་རྒྱ་རིགས་ཀྱི་སྤྱི་ཚོགས་སུ་བོད་བརྒྱུད་ནང་བསྟན་ལ་ཡང་དག་པའི་ངོས་ཟིན་ཐོབ་ཏུ་འཇུག་རྒྱུ་དང་། ནང་བསྟན་དང་སྤྱི་ཚོགས་ཀྱི་བཟང་ཕྱོགས་ཀྱི་འབྲེལ་བ་དམ་དུ་བཏང་སྟེ་དེ་ལས་མང་པའི་སྤྱི་ཚོགས་ཀྱི་མི་སྣས་ནང་ཆོས་ལ་ངེས་ཤེས་དང་ཡིད་ཆེས་རྙེད་པ་བྱ་རྒྱུ་དེ་རེད།

ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཡིག་ཚང་ནས།

ཞིབ་འཇུག་ཚོགས་པའི་དྲ་རྒྱ།
http://www.buddhajnana.org

ངོ་དེབ།
https://www.facebook.com/itbsi

ཞིབ་ཚོགས་དྲྭ་རྒྱའི་བརྙན་འཕྲིན་གྱི་ངོ་དེབ།
https://www.facebook.com/TTBtv心動新媒體-537255982960645/

གསར་འགྱུར།

Post navigation

Previous Post: ངག་གི་གཙང་བོར་དྲི་མ་ཁ་བ་ལ།
Next Post: བོད་མི་རྒྱུ་བདག་ཚོར་མེ་མདའ་བརྒྱབ་འདུག

Comments (4) on “བོད་ཀྱི་དགེ་འདུན་པས་ཐེ་ཝན་ལ་སེམས་འགུལ་ཐེབས་བཅུག་པ།”

  1. བེ་རེ་གདོང་ནག says:
    2016-04-01 at 8:15 am

    རྒྱུན་དུ་ཀུན་སྤྱོད་སོགས་དམ་ཆོས་འདུལ་བ་བཞིན་གནང་དགོས་པ་ལས་འདི་འདྲའི་་སྐབས་འཇིག་རྟེན་ཆོས་བརྒྱད་ཀྱི་དྲིལ་སྒྲགས་བྱེད་པ་ནི་གུང་བྲན་ཏང་གི་གཡོ་རྒྱུ་འཁྲབ་གསུམ་ཀྱིས་མང་ཚོགས་ནང་དུ་སྣང་བརྙན་ཡག་པོ་བསྐྲུན་ཐབས་ཀྱི་ཆབ་སྲིད་ཁྲབ་པ་དང་གཅིག་པ་གཅིག་རྐྱང་རེད་འདུག

  2. ཀརྡོ་གཉེར་ཕྱག་པ་ says:
    2016-04-01 at 8:27 am

    ཡག་པོ་རེད། རྗེ་སུ་ ཡི་རང་ ཡོད།

  3. ཁྱུང་སེ། says:
    2016-04-01 at 8:30 am

    བེ་རི་གདོང་ནག་གིས་གསུངས་པར་མོས་མཐུན་ཡོད། ཐེ་ཝེན་ལ་འགྲོ་མཁན་མང་པོ་ཞིག་ཕར་འགྲོ་དུས་གྲྭ་ཆས་སྣུམ་ཤ་དོད་པོ་དེ་འདྲ་གྱོན་ནས་ཕྱིན། ཚུར་རྒྱ་བལ་འབྲུག་གསུམ་ལ་སླེབས་དུས་གོས་ཐུང་གོན་ནས་བུད་མེད་དང་མཉམ་དུ་འགྲོ་བར་མ་ཟད་མང་པོ་ཞིག་ལ་ཟ་ཚང་ཀྱང་ཡོད་མཁན་འདུག དེ་ཚོས་མ་འོངས་པར་ཐེ་ཝེན་མི་མང་གིས་ཤེས་ན་ནང་བསྟན་ལ་བསྐུར་འདེབས་བྱེད་པའི་རྐྱེན་ཞིག་ཏུ་མི་འགྱུར་བའི་ངེས་པ་མེད། ད་ལྟའང་དེའི་རིགས་མང་པོ་བྱུང་རབས་ཤོད་ཀྱི་འདུག མ་ཟད་ཐེ་ཝེན་ལ་ཡོད་དུས་ཀྱང་ཉིན་མོར་ཞབས་བརྟན་ལ་ཕྱིན། མཚན་མོར་དགོང་ཚོགས་འཁྲབ་ཁང་ནང་དུ་འགྲོ་བསྡད་མཁན་མང་རབས་འདུག་པས་དེ་ཚོ་ལ་གཟབ་གཟབ་གནང་ན་ལེགས།

  4. ཀརྡོ་གཉེར་ཕྱག་པ་ says:
    2016-04-04 at 6:55 am

    མི་སྒེར་པ་གཅིག་ནས་ཛམ་གླིང་ཞི་བདེ་བསྐྲུན་དགོས་པ།
    ྇https://www.facebook.com/DalaiLama/videos/10153507119842616/

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme