Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཁུལ་གྱི་ཆེས་ཐོག་མའི་མཚར་རིས། ༼དྲ་ཐོག་ནས་བསྒྱུར།༽

Posted on 2011-08-23 By དབང་ཕྱུག་ 26 Comments on བོད་ཁུལ་གྱི་ཆེས་ཐོག་མའི་མཚར་རིས། ༼དྲ་ཐོག་ནས་བསྒྱུར།༽

1ནགས་ཤོད་སད་མི།

མཚར་རིས ༼ གློ་བུར་བའི་ཡ་མཚན་རི་མོ ༽ ཟེར་བ་འདི་གླེང་ཚེ། མི་རྣམས་ཀྱིས་ཐོེག་མར་བསམ་བློ་འཁོར་འོངས་བ་ནི་ཞིང་ནང་གི་རྣམ་པ་འདྲ་མིན་གྱི་མཚར་རིས་དེ་དག་ཡིན་སྲིད། ཞིང་ནང་མཚར་རིས་ནི་གོ་ལ་གཞན་གྱི་མིའི་རིག་གནས་དང་སའི་གོ་ལའི་མིའི་དབར་ཁ་བརྡ་བགྱིད་པའི་ཡོ་བྱེད་ཅིག་རེད། དེ་དང་མཉམ་དུ། དུས་ཡུན་རིང་མོ་ཞིག་གི་ནང་། རི་མོ་དེ་ཚོས་ཅི་འདྲའི་ངོ་མཚར་བའི་གསང་གནད་མང་པོ་ཞིག་བསྐུངས་པ་ཡོད་རེད་ལ། གོ་ལ་གཞན་དང་གཞན་གྱི་མིར་དད་མོས་ཆེ་བའི་མི་གང་མང་མང་ཞིག་གིས་འདིར་སྔ་ནས་བརྩད་ཞིབ་བྱ་བཞིན་ཡོད། གོ་ལ་གཞན་གྱི་མིས། ཞིང་ནང་ཕུད། དེ་མིན་ས་ཆ་གཞན་དུ་བརྡ་རྟགས་འགོད་རྒྱུར་འདུན་པ་མེད་པ་ཨེ་ཡིན།2
ཉེ་བའི་ཆར། ངེད་མཚོ་སྔོན་ཕྱོགས་ཀྱི་གཏེར་ལེན་ཁའི་ཁུལ་དུ་ཆེས་ཆེ་བའི ༼ བྱེ་ཐང་མཚར་རིས ༽ ཤིག་གསར་རྙེད་བྱུང་བ་རེད། ས་གནས་མིས་འགྲེལ་བརྗོད་ལྟར་ན། མཚན་ཡུག་ཅིག་གི་རིང་ལ། བྱེ་ཐང་ཅན་དུ་འགྱུར་ཟིན་པའི་འབྲོག་རྭར་གློ་བུ་ངང་འཕྲེད་ཐིག་ལ་རྨིས ༢༠༠༠ ཡོད་པའི་ཆེས་ཆེ་བའི་སྒོར་མོའི་དབྱིབས་ཅན་གྱི་ཐིག་རིས་ངོ་མཚར་ཅན་འདི་དོད་སོང་ཟེར། མཚར་རིས་འདི་ཆ་བྱད་སྒྲོས་བྱེད་ཅན་གྱི་རི་མོ་ཞིག་ཡིན་པ་ཙམ་མ་ཟད། རི་མོའི་མཐའ་སྐོར་གྱི་མུ་ཐིག་སོགས་ལ་ཅི་འདྲའི་ཚད་ལྡན་རྣམ་པ་ཅན་རེད། མཚར་རིས་འདི་ནི། སྤྱིར་བཏང་ཞིང་ནང་གི་འཕྲེད་ཞེང་ལ་རྨིས ༤༠ ནས ༢༠༠ ཙམ་ཡོད་པའི ༼ ཞིང་ནང་མཚར་རིས ༽ ལས་ཆེས་ཆེ་ལ། རྣམ་པའང་དེ་ལས་ཆེས་བརྗིད་ཉམས་དོད་པ་ཡོད།

སྒྱུར་གཞིའི་མ་ཟིན་གྱི་འབྲེལ་ཐག་དྲ་བྱང་ནི། http://www.zjjzx.cn/news/gnxw/87515.html འདིར་གཟིགས་རོགས།

འགྱུར་རྩོམ།

Post navigation

Previous Post: ང་ཡི་ལང་ཚོ་ཡི་དུས།
Next Post: ས་མཐའི་སྐྱོ་བ་འདི་ལྟར་ཤོར་སོང་།

Comments (26) on “བོད་ཁུལ་གྱི་ཆེས་ཐོག་མའི་མཚར་རིས། ༼དྲ་ཐོག་ནས་བསྒྱུར།༽”

  1. རྟ་རྨིག says:
    2011-08-23 at 11:37 pm

    ནག་ཤོད་སད་མི་ལགས། ཁྱད་མཚར་ཅན་གྱི་ས་རིས་འདིས་སའི་གོ་ལ་དང་གོ་ལ་གཞན་ཞིག་བར་གྱི་རྣམ་པ་ཞིག་མཚོན་ཀྱིན་ཡོད་ན་ལྟད་མོ་ཆེན་པོ་ཡོད་རྒྱུ་རེད། ཡིན་ནའང་ད་ཐེངས་གོ་བ་འདྲ་ལོན་མ་སོང་། ཅུང་ཙམ་ཁ་གསལ་རུ་གཏོང་ཐུབ་ཚེ། ཀློག་མཁན་ང་ལྟ་བུའི་རིགས་ལ་ཕན་ཐོགས་ས་རེད། ཐུགས་རྗེ་ཆེ།

  2. ནགས་ཤོད་སད་མི། says:
    2011-08-24 at 4:02 am

    རྒྱ་ཆེའི་ཀློག་པོ་ཚོ།
    ཡ་མཚན་ཆེ་བའི་གློ་བུར་བའི་རི་མོ་འདི་ནི། ཞག་ཅིག་ལ་བྱུང་བ་རེད་ཟེར། རི་མོ་འདིར་རྒྱ་སྐད་ུདུ怪圈ཞེས་བཏགས་འདུག་ནའང་། འདི་འདྲ་ལ་ང་ཚོ་བོད་སྐད་ནང་ད་ཕན་ཐ་སྙད་མེད་སྟབས། ངས་ཐོད་བརྒལ་བྱས་ནས། ༼ མཚར་རིས ༽ ཞེས་པ་འདི་སྤྱད་ཡོད། རྒྱའི་མིང་ཚིག་འདིའི་གོ་དོན་ནི་ཆེས་ཡ་མཚན་པ་དང་ཁྱད་མཚར་ཅན་གྱི་སྒོར་དབྱིབས་རི་མོ་ཟེར་བ་ལྟ་བུ་ཡིན་འདུག་ན། རྣམ་པ་ཚོས་འདིར་མིང་འདོགས་ཡག་པོ་འདྲ་ཡོད་ན་བློ་སྐྱེད་འབུལ་རོགས། སྒྱུར་གཞི་ལས་ཡི་གེ་འདི་ག་རང་ལས་མེད་པས། ངས་ཞིབ་གླེང་བྱེད་ཐུབ་མེད།

  3. ཀླུ་སྨྱོན། says:
    2011-08-24 at 4:40 am

    འདི་ནི་བོད་ལ་མཚོན་ན་གསར་པ་ཡིན་པ་མ་གཏོགས་འཛམ་གླིང་གི་ས་ཁུལ་གཞན་དག་ལ་གསར་པ་གང་ཡང་མ་རེད། ལོ་ངོ་དུ་མའི་སྔོན་ནས་ས་ཆ་མང་པོར་གནམ་མིས་ས་རྟགས་འདི་འདྲའི་རིགས་མང་པོ་བརྒྱབ་ཚར་ཡོད་པ་རེད། མི་བདེན་བསམས་ན་གཤམ་གྱི་དྲ་ཐག་སྤྱད་དེ་ལྟོས།
    http://www.youtube.com/watch?v=AWU0rIiP650&feature=related

  4. མི་རྐང་གླིང་བུ། says:
    2011-08-24 at 4:43 am

    བོད་ཡུལ་དུ་གོར་གོར་ཆེན་པོ་འདི་འདྲ་མཐོང་མ་མྱོང་ཡང་། དབྱར་དུས་སུ་སྤང་ལྗོངས་ཀྱི་ཐོག་ཏུ་ནག་གོར་གོར་ཆུང་ཆུང་དེ་འདྲ་མང་པོ་མཐོང་མྱོང་། རི་མོ་དེ་ཚོ་གསལ་པོ་འདུག ངོ་མཚར་ཆེན་པོ་བརྩི་སྲོལ་མི་འདུག གཅིག་ཏུ་ན་དོ་སྣང་འདྲ་བྱེད་མ་ཤེས་པ་ཡིན་སྲིད། ཡུལ་སྐད་ལ་༼འདྲེས་སྐོར་རུ་སྐོར་རྗེས་༽ཞེས་འབོད་པ་རེད། གོ་དོན་འདིས་མི་ལས་གཞན་པའི་མཐུ་བོ་ཆེ་ཞིག་གིས་བྱས་པའི་ལྟ་ཚུལ་བཟུང་ཡོད་པ་ཤེས་ཐུབ། ད་ཐེངས་འདི་ལ་ཧ་ཅང་གི་ཆེན་པོ་ཡོད་པས་༼འདྲེ་རྒན་གྱིས་སྐོར་རུ་སྐོར་རྗེས་༽ཞེས་བཏགས་ན་ཧཧཧཧཧཧ། སྐོར་རུ་ཞེས་པ་སྐུད་པ་འཁེལ་བྱེད་ཀྱི་ལག་ཆ་ཞིག་སྟེ་འབྲོག་ཕྱོགས་ནས་བྱུང་བ་ཚོ་རྒྱུས་མངའ་ཡོད་ངེས། དེ་དག་སྲོལ་རྒྱུན་གྱི་ལྟ་ཚུལ་ཡིན།
    ཡ་ད་ཚན་རིག་པས་འདི་ལ་འགྲེལ་བཤད་ལེགས་པར་སྐྱོན་རོགས། ????????????????????

  5. ཀླུ་སྨྱོན། says:
    2011-08-24 at 4:51 am

    དབྱིན་སྐད་དུ་འདི་ལ་Crop Circleཟེར་ཞིང་མང་ཆེ་བ་ཞིང་ཁའི་ནང་དུ་དཔར་འདུག་ལ་བཟོ་དབྱིབས་ཀྱང་འདྲ་མིན་རེད། གཤམ་དུ་ལྟོས་དང་བཟོ་ལྟ་འདྲ་མིན་ལ་འགྲེལ་བཤད་ཀྱང་མི་འདྲ་བ་བརྒྱབ་འདུག མཚོ་སྔོན་གྱི་འདི་ས་སྐམ་པོའི་སྟེང་དུ་ཡོད་པ་ནི་ཅུང་མི་འདྲ་བ་ཞིག་རེད། བོད་ཡུལ་དུ་དབྱར་ཁར་རྩ་མི་འདྲ་སྒོར་སྒོར་དུ་སྐྱེས་པ་ལ་ཐོག་གིས་བརྒྱབ་ཤུལ་ཡང་ཟེར་གི་འདུག
    http://www.youtube.com/watch?v=BLt4zo9cLE8&feature=fvwrel

  6. མི་རྐང་གླིང་བུ། says:
    2011-08-24 at 5:11 am

    བོད་ནང་དུ་ཕོ་འདོམ་ལྔ་བཅུ་ཙམ་གྱི་གོར་གོར་རྐྱང་པ་དང་ཕྱི་ནང་གཉིས་ཙམ་ཡོད་པ་དེ་འདྲ་མཐོང་མྱོང་། གཞན་རི་མོ་འདྲ་མིན་སྣ་ཚོགས་ཀླུ་སྨྱོན་ལགས་ཀྱིས་བསྟན་པའི་གློག་བརྙན་ལས་གསལ་བ་འདི་འདྲ་བ་བསམ་བྱས་ནས་མི་སོགས་རྣམ་དཔྱོད་ཅན་ཅིག་གིས་བྱས་པ་མི་འདྲའམ།
    ད་འདི་དག་ཚུལ་ཇི་ལྟར་དུ་བྱུང་བ་དང་། སུས་བཟོས་པ། རྐྱེན་གང་ལ་བརྟེན་པ་སོགས་བཤད་ཐུབ་ན་ཨ་མའི་བུ་རང་རེད།

  7. རང་བཙན་ལྡེའུ་ says:
    2011-08-24 at 5:19 am

    འགའ་རེས་ རི་མོ་དེ་དག་ ༼ངོས་འཛིན་མི་ཐུབ་པའི་ཕུར་གྲུ་༽འམ་(Unidentified Flying Object) ས་ཐོག་དུ་བབས་པའི་རྗེས་ཤུལ་རེད་ཟེར་ཞི་ཡོད་ལེ་རེད་།

  8. ཀླུ་སྨྱོན། says:
    2011-08-24 at 5:20 am

    ངས་བསམས་ན་འདི་དག་གི་བཟོ་དབྱིབས་དང་གནམ་ནས་བབས་པའི་ཁ་བའི་འདབ་མའི་སྟེང་གི་བཟོ་ལྟ་གཉིས་ལ་འབྲེལ་བ་ཞིག་འདུག ཁ་བའི་འདབ་མ་དེ་ཚོར་ཞིབ་ལྟ་བྱེད་ཐུབ་ན་ཡ་མཚན་པའི་བཟོ་དབྱིབས་ཤིག་འདུག གནམ་ན་གཟུགས་མེད་པའི་སེམས་ཅན་སྐྱེ་དངོས་དག་ལ་བཟོ་ལྟ་འདྲ་མིན་བཟོ་རྒྱུར་སྐྱག་ལངས་ཤོར་བསྡད་པ་ཞིག་ཡོད་ཐག་ཆོད་རེད། དེ་བས་ཞིང་ཁ་དང་རྩྭ་ཐང་གི་དབྱིབས་གཟུགས་འདི་ནི་གནམ་གྱི་སེམས་ཅན་དེས་རླུང་ཤུགས་བཟོ་ལྟ་མི་འདྲ་བ་ཞིག་བར་སྣང་ནས་སྟེང་དུ་བཏང་སྟེ་ཡ་མཚན་ཅན་གྱི་བཟོ་ལྟ་འདི་ཚོ་བཟོ་གི་ཡོད་པ་འདྲ། ད་དུང་ཁེ་ན་སྒྲའི་བར་སྣང་མཐོན་པོ་ཞིག་ནས་གནམ་གྲུའི་ནང་ནས་བལྟས་ཚེ་ས་སྟེང་དུ་ཨ་རིའི་གདོད་མིའི་མགོ་བརྙན་ཆེན་པོ་འབག་བཟོ་མཁས་པས་བཞེངས་པ་ལྟ་བུ་སྐྲ་ལྟག་ཏུ་བྱ་སྒྲོ་གཟེར་བའི་སྣང་བརྙན་འབུར་དུ་ཐོན་པ་ཞིག་ཀྱང་ལོ་ཤས་སྔོན་མཐོང་མྱོང་ལ། དེ་ཡང་ཡུ་ཁྲུ་དྲ་རྒྱ་ན་འདུག

  9. མི་རྐང་གླིང་བུ། says:
    2011-08-24 at 5:26 am

    ཀླུ་སྨྱོན་ལགས་ཀྱིས་གནམ་གྱི་སེམས་ཅན་གྱིས་བཟོས་ཚུལ་གསུངས་བྱུང་། འོ་ན་སེམས་ཅན་ཞིག་ཡོད་མེད་ཐེ་ཚོམ་ཡིན་ན་དེས་ཇི་ལྟར་དུ་བཟོ་ཐུབ་ད་དུང་དོགས་པ་ཇེ་མང་རེད། མུ་མཐུད་གསུངས་དང་འབབ་ས་རྙེད་པའི་རེ་བ་ཡོད།

  10. ཀླུ་སྨྱོན། says:
    2011-08-24 at 5:27 am

    བར་སྣང་དང་སྒོ་སྒལ་ས་ཁྲ་ཁོ་ན་ནས་མཐོང་ཐུབ་པའི་ཁེ་ན་སྒྲའི་གདོད་མིའི་མགོ་བརྙན་ལ་གཤམ་དུ་གཟིགས།
    http://www.youtube.com/watch?v=cY65HFr0BxA

  11. མི་རྐང་གླིང་བུ། says:
    2011-08-24 at 5:31 am

    ཀླུ་སྨྱོན་ལགས་ཀྱིས་གནམ་གྱི་སེམས་ཅན་གྱིས་བཟོས་ཚུལ་གསུངས་བྱུང་། འོ་ན་སེམས་ཅན་ཞིག་ཡོད་མེད་ཐེ་ཚོམ་ཡིན་ན་དེས་ཇི་ལྟར་དུ་བཟོ་ཐུབ་ད་དུང་དོགས་པ་ཇེ་མང་རེད། མུ་མཐུད་གསུངས་དང་ང་ཚོས་འབབ་ས་རྙེད་པའི་རེ་བ་ཡོད།

  12. ཀླུ་སྨྱོན། says:
    2011-08-24 at 5:35 am

    འཇིག་རྟེན་གཞན་ན་སེམས་ཅན་ཡོད་མེད་ལ་དེང་སང་ཚན་རིག་པ་མང་པོས་ཁས་ལེན་བྱེད་བཞིན་འདུག་བསམས་སོང་། དེ་ནི་གནམ་མྱི་སྟེ་Alein ཡོད་པ་ཁས་ལེན་པས་ཤེས་ཐུབ། བདུན་ཅུ་དོན་གྲངས་ནས་མེག་སི་ཁོ་ནས་གནམ་མིའི་གནམ་གྲུ་ཞིག་སར་ཟགས་ནས་བཟུང་སྟེ་འཛམ་གླིང་གི་མི་རྣམས་ཀྱིས་གནམ་མི་དང་དེའི་གནམ་གྲུ་ལ་དོ་སྣང་བྱེད་མགོ་བཙུགས་ཤིང་། ད་ལྟ་འཛམ་གླིང་གི་ས་ཁུལ་བརྒྱ་ཕྲག་དུ་མ་ནས་གནམ་མིའི་གནམ་གྲུ་སྒོར་སྒོར་སྡེར་མ་ལྟ་བུ་དེ་མཐོང་མཁན་ཧ་ཅང་མང་ཞིང་། ཐ་ན་ཁ་ཆེ་ཚོས་ཨ་རིའི་ཚོང་དོན་ཁང་བརྩེགས་ཆེན་མོ་གཉིས་གཏོར་དུས་ཀྱང་དེའི་ཉེ་འཁྲིས་སུ་གནམ་མིའི་གནམ་གྲུ་ཞིག་ཀྱང་ཡུད་ཙམ་མངོན་པ་གཤམ་གསལ།
    http://www.youtube.com/watch?v=nNa8SqLy2zQ&feature=related

  13. ནགས་ཤོད་སད་མི། says:
    2011-08-24 at 5:39 am

    གསང་གནད་འདི་དགྲོལ་དགོས་ན། ཚེ་གང་གནམ་དཔྱད་ས་དཔྱད་ལ་ཆེང་སྤྱང་ཡོད་པའི་མགོ་སེར་ཚོའི་ལས་ལ་བབས་པ་རེད། ཡིན་ནའང་། ད་ཕན་ཞིང་ནང་དུ་མཚན་ཅན་རི་མོ་འདི་འདྲ་བ་ཇི་སྙེད་ཅིག་བྱུང་ཡོད་པ་རྣམས་ལ། ཁོ་པ་ཚོས་ཁ་ཚོན་ཆོད་པའི་ལན་འདེབས་གང་ཡང་བྱུང་ཐུབ་མེད་པ་འདྲ། ང་ཚོ་བོད་པ་ཚོས་ཅི་ཡང་འཇོན་གྱི་མེད་ནའང་། མངོན་ཤེས་ཅིག་ཅིག་མུག་མུག་ཟེར་ཤོད་མཁན་མང་པོ་མང་པོ་ཡོད་པས། དེ་ཚོས་འདི་དོན་ཤེས་དགོས་པ་རེད། ཡང་རི་མོ་འདིའི་མིང་སྒྱུར་ཐད་ལ། གནམ་རིས་དང་། ལྷ་རིས། ཡང་ན། འདྲེ་རིས་སོགས་བཏགས་ན་ག་འདྲ་འདུག

  14. ཀླུ་སྨྱོན། says:
    2011-08-24 at 5:47 am

    ལྷོ་ཨ་མེ་རི་ཀ་སྤྱི་དང་ཁྱད་པར་དུ་ཕེ་རུ་ཞེས་པའི་རྒྱལ་ཁབ་དེ་ནི་གནམ་མི་དང་དེ་ཚོའི་གནམ་གྲུའི་འགུལ་སྐྱོད་ཅུང་མང་བའི་ས་ཆ་ཞིག་ཡིན་ཞིང་། ཐེངས་འདིར་མི་འགའ་གནམ་གྲུར་བསྡད་ནས་གནམ་མིའི་ཐིག་རིས་ལ་ལྟ་རུ་འགྲོ་སྐབས་སྟབས་ལེགས་ཏེ་བར་སྣང་གྀ་སྤྲིན་པའི་གསེབ་ནས་གནམ་མིའི་གནམ་གྲུ་སྒོར་སྒོར་ཞིག་ལ་ཐུག་འདུག མི་བདེན་བསམས་ན་གཤམ་དུ་གཟིགས།
    http://www.youtube.com/watch?v=hjfsuBY48c0

  15. མི་རྐང་གླིང་བུ། says:
    2011-08-24 at 6:34 am

    ཨ་ལགས་ཀླུ་ཚང་གི་སྐད་ཆ་རེ་ལ་ཁུངས་རེ་བསྟན་ཡོང་གི་འདུག ཁུངས་འདི་དག་ཀྱང་ཁུངས་དག་མིན་གང་ཤེས་ཀྱང་བློ་སྒོ་གསར་པ་འབྱེད་ཀིན་འདུག
    ནགས་ཤོད་ལགས། ངའི་བསམ་པར་རི་མོ་འདི་ལ་འདྲེ་རིས་ཟེར་ན་བདེ་མོ་དང་། དེ་ལས་ཀྱང་འདྲེ་འཁོར་ཟེར་ན་རན་པོ་འདུག་བསམ། གོང་དུ་ཞུས་པ་བཞིན་སྲོལ་རྒྱུན་དུ་འདྲེས་སྐོར་བའི་རྗེས་ཤུལ་ཡིན་པའི་བཤད་སྒྲོས་དེའི་ཆ་ནས་བོད་ཀྱི་སྲོལ་རྒྱུན་གྱི་སྐད་ཆའི་ནང་བཅུད་འདུས་པ་དང་། དེང་རབས་ཚན་རིག་གིས་(crop circle )འདིའང་གློ་འཁོར་དང་། ཡང་ན་ཐད་འཁྱིལ་སོགས་སུ་གོ་རྒྱུ་འདུག་པས་ཚན་རིག་གི་མིང་འདོགས་ལའང་བསམ་ཞིབ་རེ་བྱས་པའི་རིན་ཐང་འདུག་བསམ། སྤྱིར་གཏང་ནས་གནད་དོན་འདིའི་ཐོག་ཏུ་བོད་པའི་སྲོལ་རྒྱུན་གྱི་འབོད་སྟངས་དང་ཚན་རིག་གིས་བཤད་སྟངས་གཉིས་ཐོད་ཐུག་པའི་ཉིན་མོ་ཞིག་ཡིན་པ་འདྲ།

  16. བོན says:
    2011-08-24 at 6:52 am

    ཨོ་འདི་འདྲ་རྟེན་འབྲེལ་བཟང་པ་ལ། ཀློ་སྨྱོན་ཧ་ར་ཀ་ཤེས་འདོག་མ་སྟོན་ལོ། འི་ནི་ཞང་ཞུང་གི་ཡིག་གེ་རེད། བོད་ཡིག་ཏུ་ཞི་བདེ་ཟེར་བ་དེ་རེད་འདུག ཆེས་ཐོག་མའི་བོན་གྱི་ཡི་གེ་རེད། བོན་བསྟན་དར་བའི་རྟགས་མཚན་རེད། བོན་རྒྱལ་ལོ།
    http://www.himalayabon.com/

  17. ནགས་ཤོད་སད་མི། says:
    2011-08-24 at 8:02 am

    མི་རྐང་གླིང་བུས་འདིར ༼ འདྲེ་སྐོར ༽ ལབ་ན་རྒྱུ་མཚན་དྲངས་རྒྱུ་འདུག་གསུངས་པ་བཞིན། ངས་ཀྱང་དེར་མོས་མཐུན་གང་འཚམ་ཡོད། དེ་ལྟར་བཏགས་ན་ཕྱོགས་ཁ་ཤས་ནས་འཇུ་ས་ཞིག་འདུག ཡིན་ནའང་། ཐ་སྙད་འདི་ཚད་བརྒལ་གྱི་བབ་ཆགས་པོ་དང་ལན་པོ་དེ་འདྲ་རང་མཐོང་གི་མི་འདུག

  18. ཏྲེ་ཧོར་ཐུབ་བསྟན། says:
    2011-08-24 at 11:50 am

    ནགས་ཤོད་སད་མི་ལགས། ཡག་པོ་བྲིས་གནང་འདུག འགྲོ་བ་མིའི་རིགས་ཀྱི་ལྐོག་ཏུ་གྱུར་པ་མཚན་རིག་གི་ཡུལ་ལས་བརྒལ་བ་དེ་ལྟ་བུའི་ཡ་མཚན་གྱི་རིགས་གང་མང་བྱུང་བཞིན་པ་འདི་ནས་ཤེས་ནུས་པ་ནི་འགྲོ་བ་མིའི་རིགས་འདི་ད་དུང་གསང་བའི་ཁམས་ཆེན་པོ་ཞིག་གི་ནང་དུ་འཚོ་བཞིན་ཡོད་པ་མཚོན་ནུས་པ་མིན་ནམ།
    འདི་ལ་གསང་རིས་སམ་གསང་ཐིག་ཅེས་འབོད་ཀྱང་རུང་བར་མཐོང་།

  19. མིག says:
    2011-08-24 at 1:09 pm

    བློ་ཡུལ་དུ་མི་ཤོངས་པ་ཅི་ཞིག་བྱུང་ཡང་ལྷ་འདྲེས་བྱས་ཟེར་འདི་དག་ནི་བློ་གྲོས་དམན་པའི་རང་བཞིན་རེད།
    འདི་ལྷ་འདྲེས་བཟོ་པ་ཞིག་དང་། གནམ་ནས་བབས་པ་ཞྀག་ཡིན་མིན་ཐེ་ཚོམ་རེད།
    འདྲེ་སྐོར་ཟེར་ན་མིང་དེ་ག་རང་ནས་དངོས་གཙོ་སྨྲ་བ་དག་དང་རྩོད་པ་སླེབས་ཟིན་པ་རེད།
    དོན་ལ་གང་ལྟར་ཡང་ཚིག་འདི་དངོས་གནས་གལ་གནད་ཆེ་བ་རེད། སློབ་དཔོན་ཕྱོགས་གླང་གིས་ཀྱང་།
    རྩོད་པའི་ཚེ་ཚིག་གཙོ་བོ་ཡིན། རྒོལ་བ་ཚིག་ལས་ཕམས་པ་འགྱུར་བས་ཕྱིར་གསུངས་ཡོད།
    མཚར་སྐོར་རམ་མཚར་རིས། དེ་ལས་ཀྱང་ཅུང་སྙིང་རྗེ་བ་ཞིག་ནི་ཏྲེ་ཧོར་ཐུབ་སྟན་ལགས་ཀྱིས་བཏགས་པའི་གསང་ཐིག་ཅེས་པ་འདི་འདྲ་བོ་འདུག

  20. རྟ་རྨིག says:
    2011-08-24 at 1:48 pm

    དྲ་གྲོགས་ཚོ། ད་ཐེངས་ཀྱི་གྲོས་བསྡུར་འདི་འདྲ་མུ་མཐུད་ནས་བྱེད་ཐུབ་པའི་རེ་བ་ཤིན་ཏུ་ནས་ཆེ། ད་ལྟའི་ཆ་ལ་ཏྲེ་ཧོར་གྱིས་གསུང་བ་ལྟར་གསང་རིས་སམ་གསང་ཐིག་ལབ་ན་རན་པོ་འདུག་བསམ་སོང་། རིམ་བཞིན་རྒྱུ་མཚན་མང་ཙམ་རྙེད་སོང་ན་དེ་ལུགས་བཞིན་གསང་རིས་སམ་གསང་ཐིག་ཞེས་བའི་མིང་འདི་འགྱུར་བ་བཏང་ཀྱང་ཆོག མ་གཞི་ནས་ད་ལྟའི་ཆ་ལ་རྒྱུ་མཚན་གསལ་བོ་ཤོད་ཐུབ་མཁན་ཞིག་མི་འདུག་ན། དེ་ལུགས་བཞིན་མང་གཙོའི་འགྲོ་རིམ་ལྟར་མང་ཁ་ཉུང་ལེན་བྱེད་རྒྱུ་ཡིན།

  21. ནགས་ཤོད་སད་མི། says:
    2011-08-24 at 3:01 pm

    འོ། ཏྲེ་ཧོར་ཐུབ་བསྟན་གྱིས་མིང་འདོགས་གནང་བའི ༼ གསང་རིས ༽ སམ ༼ གསང་ཐིག ༽ ཅེས་པ་འདི་གོ་རྒྱུ་ཆེན་པོ་འདུག གང་ཞེ་ན། རི་མོའམ་ཐིག་རིས་འདིར་སུས་ཀྱང་བརྟོལ་དཀའ་བའི་གསང་བའི་རྒྱ་རྫོགས་མེད་ཅིག་ཏན་ཏན་ཐིམ་བསྡད་ཡོད་དུས། དེའི་ཕྱིར་ན་གསང་བའི་རི་མོའམ་གསང་བའི་ཐིག་རིས་ཞེས་བཏགས་བཏང་ན་ངེས་པར་སྐབས་དོན་ལ་འབྱོར་ཤས་ཆེ། རེད་དེ། ཤེས་བྱ་མཐའ་ཅན་མིན་དུས་འདི་ལས་ཀྱང་གོ་བ་བཟང་བའི་བརྡ་དང་ཐ་སྙད་ཀྱང་ཡོད་ངེས་པར་སྲིད་པས། བློ་གྲོས་སྤྱན་དཀྱུས་རིང་བ་ཚོས་བསྐྱར་ནན་གྱིས་དགོངས་པ་གཏོད་རོགས།

  22. 索扎 says:
    2011-08-24 at 3:19 pm

    འདི་དངོས་རེད། ངའི་གྲོགས་པོ་འགས་དངོས་སུ་མཐོང་འདུག འཕྲུལ་ཆས་སོགས་ཀྱིས་བཟོས་པ་ཡང་རེད་མི་འདུག

  23. ཨ་ར་དཀར་པོ says:
    2011-08-26 at 5:56 am

    གཅིག་བྱས་ན་འདི་རྒྱུ་སྐར་གཞན་པའི་འཕུར་སྡེར་ཆེན་པོ་ཞིག་ས་ལ་བབས་པའི་རྗེས་ཤུལ་ཙམ་ཡིན་སྲིད། གལ་སྲིད་དེ་འདྲ་ཡིན་སོང་ན་མིང་སྣ་ཚོགས་འཚོལ་བའི་ངལ་བ་མི་དགོས། ཡིན་ནའང་གནས་སྐབས་རིང་གསང་ཐིག་ཅེས་ནའང་གོ་རྒྱུ་འདུག

  24. ནགས་ཤོད་སད་མི། says:
    2011-08-26 at 10:17 am

    མིག་སྔར། རྣམ་པ་ཚོ་སུས་ཀྱང་རི་མོ་འདིར། གསང་རིས་སམ་གསང་ཐིག་ཅེས་པ་ལས་བབ་ཆགས་པའི་ཐ་སྙད་ཅིག་རག་གི་མེད་དུས། གནས་སྐབས་རིང ༼ གསང་རིས ༽ སམ ༼ གསང་ཐིག ༽ གཉིས་ཅི་བདེར་སྤྱོད་ཆོག་པའི་ཐག་གཅོད་བྱས་ཡོད།

  25. རྟ་རྨིག says:
    2011-08-26 at 1:47 pm

    གནས་སྐབས་སུ་གསང་ཐིག་གམ་གསང་རིས་ཞེས་བའི་མིང་འདི་བེད་སྤྱད་ནས་གྲོས་མོལ་མུ་མཐུད་དུ་བྱེད། ཀླུ་སྨྱོན་ལགས་ཀྱིས་༿ལོ་ངོ་དུ་མའི་སྔོན་ནས་ས་ཆ་མང་པོར་གནམ་མིས་ས་རྟགས་འདི་འདྲའི་རིགས་མང་པོ་བརྒྱབ་ཚར་ཡོད་པ་རེད།༾ཞེས་གསུང་བ་ལྟར་ན། གནམ་མི་འམAleinཞེས་བའི་སེམས་ཅན་འདིས་གཏོང་གྱིན་པའི་དབྱིབས་སྡེར་ཅན་གྱི་གནམ་གྲུ་ཞིག སའི་གོ་ལའི་སྟེང་བབས་པའི་ཕབ་རྗེ་ཡིན་ཚུལ་ཙམ་ལབ་ཀྱིན་པ་ལྟར་མུ་མཐུད་ནས་ཉན་འདོད་ཀྱི་མོས་བ་ཤིན་ཏུ་ནས་ཆེ།

  26. ཨ་ར་དཀར་པོ says:
    2011-08-27 at 3:37 pm

    ད་ངས་བལྟས་ན་རྒྱུ་སྐར་གཞན་པའི་མི་དེ་ཚོ་ཡོང་ནས་རྩ་ཐང་འདིའི་སྟེང་གི་རྩ་རྣམས་བཀོག་ནས་ཁོ་ཚོའི་སྐར་མའི་སྟེང་འདེབས་དགོས་བསམ་པ་འདྲ། དེ་མིན་ན་མཚན་གཅིག་ལ་རྩ་ཐང་དེ་བྱེ་ཐང་ག་འདྲ་སེ་ཆགས་ཡིན་ན།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (15)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme