Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སློབ་གསོ་བ་གྲགས་ཅན་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས།

Posted on 2022-12-222022-12-22 By ཁ་བརྡ No Comments on བོད་ཀྱི་སློབ་གསོ་བ་གྲགས་ཅན་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས།

སྤྱི་ཟླ12པའི་ཚེས22ཉིན། བོད་ཀྱི་སློབ་གསོ་ལ་མཛད་རྗེས་ཆེ་བའི་དགེ་རྒན་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྙུང་གཞིའི་རྐྱེན་གྱིས་དགུང་ལོ་ང་བཅུའི་སྟེང་སྐུ་གཤེགས་པར་གདུང་སེམས་དྲག་པོས་མྱ་ངན་ཞུ།

ནག་ཀྱཱ་བ་ཤ་བོ་ཚེ་རིང་། (1973-2022)

༡༩༧༣ལོའི་ཟླ༡༢བའི་ཚེས༡ཉིན་མདོ་སྨད་རེབ་གོང་སྨད་པ་ནག་ཀྱཱ་སྡེ་བ་སྐྱེས་ཤིང་། ༡༩༩༠ལོའི་ཟླ༩ནས་མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོའི་གྲངས་ཉུང་མི་རིགས་སྡེ་ཁག་ཏུ་བོད་ཀྱི་རྩོམ་རིག་དང་ལོ་རྒྱུས། མཚན་ཉིད། སྐར་རྩིས་སོགས་ལ་སློབ་གཉེར་བྱས། ༧པར་དངོས་གཞི་སློབ་གྲྭ་ཆེན་མོའི་ཆེད་རྩོམ་དམ་བཅའ་འཇོག་སྐབས། «རོ་སྒྲུང་དང་ཏུང་ཧོང་ལས་ཐོན་པའི་གནས་བོའི་བོད་ཀྱི་དམངས་ཁྲོད་གཏམ་རྒྱུད་ཁག་གཅིག་གི་འབྲེལ་བའི་སྐོར་ཐོག་མར་གླེང་བ»ཞེས་པ་དེ་འཛིན་གྲྭ་ཡོངས་ནས་ཕུལ་བྱུང་དཔྱད་རྩོམ་གྱི་གྲས་སུ་བདམས་ཐོན་བྱུང་བ་དང་། རྒྱལ་ཁབ་རིམ་པའི་དུས་དེབ«ཀྲུང་གོ་བོད་ཀྱི་ཤེས་རིག»སྟེང་བཀོད་པར་མ་ཟད། ཕྱིས་སུ་ནུབ་བྱང་མི་རིགས་སློབ་ཆེན་གྱིས་གཙོ་སྒྲིག་མཛད་པའི་བོད་ཁམས་རང་བཞིན་གྱི་ཕུལ་བྱུང་དཔྱད་རྩོམ་ཕྱོགས་བསྒྲིགས«བོད་ཀྱི་གནའ་བོའི་ཡིག་རྙིང་ཞིབ་འཇུག»ཏུ་བདམས་ལ། ཆེད་རྩོམ་གྱི་ལྟ་གྲུབ་རྣམས་འཇར་ཕན་གྱི་ཡི་གེར་ཡང་བསྒྱུར་ཡོད།

༡༩༩༥ལོའི་ཟླ༩པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་ཞིབ་འཇུག་སློབ་མའི་སློབ་གླིང་གི་གེ་སར་སྒྲུང་དང་བོད་ཀྱི་རྩོམ་རིག་ལས་ཐོག་ཞིབ་འཇུག་སློབ་མའི་འཛིན་གྲྭ་ཞུགས་ཏེ། གེ་སར་ཞིབ་འཇུག་ཆེད་མཁས་འཇམ་དཔལ་རྒྱ་མཚོ་དང་ཡོངས་ཀྱི་དགེ་བའི་བཤེས་གཉེན་ཆེན་པོ་བསེ་ཚང་བློ་བཟང་དཔལ་ལྡན་སོགས་ཀྱི་སྐུ་དྲིན་ལས་ཕྱི་ནང་གི་རིག་གནས་ཀུན་ལ་སྦྱངས་བརྩོན་མཛད། ཁོས་རྒྱ་ཡིག་གི་ལམ་ནས་བྲིས་པའི«གེ་སར་སྒྲུང་གི་དམངས་སྲོལ་གྱི་རབ་དབྱེ་འགའ་བརྗོད་པ»ཞེས་པར་ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གི་དགེ་རྒན་ཆེན་མོ་དབྱངས་ཨེན་ཧོང་ལགས་ཀྱིས་ཞིབ་འཇུག་སློབ་མའི་དཔྱད་རྩོམ་ཞིབ་བསྡུར་གྲོས་ཚོགས་སུ་བསྔགས་བརྗོད་ཚད་མེད་གནང་། ༡༩༩༨ལོའི་ཟླ༧པར་རྒྱལ་ཡོངས་སུ་མིང་དུ་གྲགས་པའི་བོད་ཀྱི་ཤེས་རིག་སྨྲ་བ་ཁྲིན་ཆིན་དབྱིན་སོགས་ཀྱི་མདུན་སར«གེ་སར་སྒྲུང་ལས་བླའི་རིག་གནས་སྐོར་རགས་ཙམ་བརྗོད་པ»ཞེས་པའི་མཐར་ཕྱིན་ཆེད་རྩོམ་དམ་བཅའ་བཞག་སྟེ་སློབ་མཐར་ཕྱིན།

ལོ་དེའི་ཟླ༩པར་ཕ་ཡུལ་དུ་ལོག་ནས་བོད་ཀྱི་སློབ་གསོའི་བྱ་བར་ཞུགས་ཤིང་། ལས་ཞོར་དུ་བོད་ཀྱི་ཤེས་རིག་དང་གླིང་སྒྲུང་། སློབ་གསོའི་སྐོར་ལ་ཞིབ་འཇུག་གནངས་པ་དང་། སྐྱེས་ཆེན་དམ་པ་དུ་མའི་སྐུ་དྲིན་ལ་བསྟེན་ནས་ནང་དོན་རིག་པའི་སྐོར་ལའང་སློབ་གཉེར་བྱས་པར་མ་ཟད། ༢༠༠༩ལོའི་ཟླ༩བར་རེབ་གོང་དབྱི་ཧྥུ་མི་རིགས་སློབ་འབྲིང་ནས་རྫོང་སློབ་དཔྱོད་ཁང་དུ་ལས་གནས་སྤར་བས། རེབ་གོང་གི་སློབ་ཁུལ་དང་སློབ་འབྲིང་སོ་སོར་སོང་ནས་དགེ་རྒན་སུམ་བརྒྱ་ལྷག་གི་སློབ་ཁྲིད་ལ་ཉམས་ཞིབ་མཛད་ཅིང«རེབ་གོང་སློབ་གསོ»དང«རེབ་གོང་སློབ་གསོའི་བརྙན་དེབ»སོགས་དཔེ་དེབ་བཞི་ལྔ་ཙམ་རྩོམ་སྒྲིག་མཛད།    ༢༠༡༠ལོར་པེ་ཅིན་སློབ་གསོ་སློབ་གླིང་དུ་བསྐྱོད་ནས་མཐོ་འབྲིང་དབྱིན་ཡིག་བསླབ་གཞི་གསར་བའི་སྐོར་ལ་སློབ་སྦྱོང་མཛད་ཅིང་པེ་ཅིན་ནས་རྒྱལ་སའི་དགེ་ཐོན་སློབ་ཆེན་གྱི་ཁོངས་གཏོགས་སློབ་འབྲིང་སོགས་སློབ་འབྲིང་བཞི་ལྷག་ཏུ་བསྐྱོད་ནས་དངོས་སུ་སློབ་ཁྲིད་ལ་ཉན་ཞིང་དགེ་རྒན་དང་སློབ་མ། འབྲེལ་ཡོད་སློབ་གསོ་དོ་དམ་པ། སློབ་གསོ་སློབ་གླིང་གི་ཆེད་མཁས་པ་དང་དགེ་རྒན་ཆེན་མོ་དག་ལ་སློབ་ཁང་སློབ་ཁྲིད་ཀྱི་ཐད་ནས་ཉམས་མྱོང་བརྗེ་རེས་བགྱིས།

༢༠༡༢ལོའི་ཟླ་གཉིས་པར་ཕྱི་རྒྱལ་དུ་སློབ་འགྲིམས་སུ་བསྐྱོད། དབྱིན་ཇིའི་རེན་ཇེན་སློབ་གྲྭ་ཆེན་མོ་ནས་དབྱིན་ཇིའི་སློབ་གསོ་གཙོ་བྱས་ཏེ་དེ་གའི་གཉུག་མའི་ཤེས་རིག་ལ་ཉམས་ཞིབ་མཛད་པའི་གོ་སྐབས་ཐོབ་པར་མ་ཟད། ལའེ་ཐའོ་ཧེ་སློབ་གྲྭ་རུ་ཕྱིན་ནས་སློབ་གསོ་དོ་དམ་དང་སློབ་གསོའི་སྒྲིག་གཞི། ཁོར་ཡུག་སློབ་ཁང་། སློབ་ཁྲིད། དགེ་སློབ་བར་གྱི་བྱ་འགུལ། སློབ་མའི་སེམས་ཁམས་དང་འཚོ་བ་སོགས་ཀྱིས་མཚོན་པའི་སློབ་གསོ་ལ་དངོས་ཡུ་ཡུལ་དངོས་རྟོག་དཔྱོད་མཛད་པ་དང་། «བོད་ཀྱི་ཤེས་རིག་ལས་སྙིང་རྗེའི་རིག་གནས་གླེང་བ»ཞེས་པ་དེ་དབྱིན་ཇིའི་སློབ་མ་རྣམས་ལ་འཆད་ཁྲིད་བྱས་པས། དགེ་སློབ་རྣམས་ཀྱིས་དགའ་བསུ་ཐོབ། ཅན་ཆའོ་དང་ཉིག་ཅིན་སློབ་ཆེན་སོགས་ས་གནས་དང་གྲོང་ཁྱེར་བཅོ་ལྔ་ཙམ་ལ་བསྐྱོད་དེ་ཡོ་རོབ་གླིང་གི་ཤེས་རིག་ལ་འཚོལ་ཞིབ་མཛད།

ཁོང་གིས་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་དུས་དེབ«ཀྲུང་གོ་བོད་ཀྱི་ཤེས་རིག»དང«བོད་ལྗོངས་ཞིབ་འཇུག»«ཀྲུང་གོའི་བོད་ལྗོངས»«བོད་ཀྱི་སློབ་གསོ»«བོད་ལྗོངས་སློབ་གསོ»སོགས་དུས་དེབ་དང་དྲ་ལམ་སྣ་ཚོགས་ཀྱི་སྟེང་དཔྱད་རྩོམ་བཞི་བཅུ་ལྷག་སྤེལ་ཞིང་སྙན་རྩོམ་དང་ལྷུག་རྩོམ་སོགས་རྩོམ་ཡིག་ཉིས་བརྒྱ་ལྷག་དངོས་འབྲི་བྱས། ༢༠༡༡ལོའི་བོད་ཀྱི་ཤེས་རིག་དཔྱད་འབྲས་སུ་ཕུལ་བའི«གེ་སར་སྒྲུང་དང་གནའ་བོའི་བོད་ཀྱི་གནའ་སྲོལ»ཞེས་པའི་ཆེད་རྩོམ་ཡིག་འབྲུ་ཁྲི་ཚོ་ལྔ་ལྷག་བརྒལ་བ་དེ་ཉིད་ཀྲུང་དབྱང་མི་རིགས་དཔེ་སྐྲུན་ཁང་གིས་དཔེ་ལེགས་པར་སྐྲུན་འཆར་འགོད་དུ་བཞག་སྟེ་དངོས་སུ་པར་སྐྲུན་བྱས་ཤིང་། ༢༠༡༢ལོར་ཆེད་རྩོམ་འདི་ཉིད་ལ་མཚོ་སྔོན་ཞིང་ཆེན་རྩོམ་རིག་སྒྱུ་རྩལ་ལྷན་ཚོགས་དང་ཞིང་ཆེན་གེ་སར་སྒྲུང་ཞིབ་འཇུག་སོའོ་གཉིས་ཀྱིས་གཙོ་སྒྲུབ་མཛད་པའི་ཞིང་ཆེན་ཡོངས་ཀྱི་སྐབས་དང་པོའི་གེ་སར་ཞིབ་འཇུག་བརྩམས་ཆོས་རྒྱ་བོད་སྤྱི་ཚན་གྱི་གྲུབ་འབྲས་བྱ་དགའ་ཨང་གཉིས་པ(བོད་ཡིག་གི་ཨང་དང་པོ)བསྩལ་ཞིང་། ཁོང་ཉིད་ལ་མཚོ་སྔོན་ཞིང་ཆེན་གེ་སར་ཞིབ་འཇུག་ཆེད་མཁས་ཀྱི་ཐོབ་ཐང་གནངས་ནས་ཆེད་ལས་མཁས་པའི་ཨུ་ཡོན་དུ་གདན་ཞུ་མཛད། རྩོམ་པ་པོ་ཁོང་ཉིད་ཀྱིས་མདོ་སྨད་རེབ་གོང་རྫོང་སློབ་དཔྱོད་ཁང་དུ་ལོ་མང་ལ་ཕྱག་ལས་གནང་བ་རེད།

    ༢༠༢༢ལོའི་སྤྱི་ཟླ༡༢པའི་ཚེས༢༢ཉིན་སྐུ་གཤ།

སྣ་ཚོགས།

Post navigation

Previous Post: ཁྱེད་ལ་ཁ་ཞེ་གཉིས་ཀྱི་མྱ་ངན་ཞུ་བཞིན་ཡོད། གཞིས་བཞུགས་པ་གསོ་རིག་འབུམ་རམས་པ་དབྱངས་དགའ་ལ་མྱ་ངན་ཞུ།
Next Post: སློབ་གསོ་བ་ནག་ཀྱཱ་བ་ཤ་བོ་ཚེ་རིང་ལགས་སྐུ་གཤེགས་པར་མྱ་ངན་ཞུ།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།
  • ན་ཟུག
  • སྔ་འགྱུར་སྨོན་ལམ་དང་གཙུག་ལག་ཁང་པདྨ་སམ་བྷ་ཝར་སྟོད་པ།
  • མིག་ཆུའི་གཏིང་འཚོལ་བ་དང་སྨོན་ལམ་དུ་གསོལ་བའི་མདོ།
  • སྟག་ཚལ་བུང་བའི་སྨྱུག་མདའ།།
  • ལོག་རྟོག་མུན་སེལ་རིག་པའི་གློག་ཞགས།
  • བོད་མི་རིགས་དང་བོད་མིའི་ཆོས་དང་སྐད་ཡིག་རིག་གཞུང་དང་བཅས་པ་གསོན་གནས་ཐུབ་པའི་ཐབས་ལམ་བཟང་བཤོས་དེ་གཉིས་སྨན་དབུ་མའི་ལམ་ཡིན་པ།
  • ༄༅། རྗེས་ལོ་ ༢༠༢༦ ལོའི་སྲིད་སྤྱིའི་འོས་བསྡུ་དང་འབྲེལ་བའི་སྐོར་ལ་དཔྱད་པའི་གཏམ།
  • ༄༅།  རང་བཙན་དང་དབུ་ལམ་སྐོར་ལ་དཔྱད་པའི་གཏམ།   
  • བརྩེ་ཆེན་གྱི་ཟླ་ཞུན་དྭངས་མ།
  • བཅའ་ཁྲིམས་དང་གནས་སྟངས་ལས་འཕྲོས་པའི་བསམ་ཚུལ།  
  • ལྗིད་ཁོག་ཆེ་བའི་སྲིད་སྐྱོང་གི་ཞབས་འདེགས་འདི་སླར་ཡང་མཁས་དབང་མི་རྗེ་སྤེན་པ་ཚེ་རིང་ལགས་ལ་ལོས་ཤིང་འཚམ་ཤོས་ཡིན་པའི་རྒྱུ་མཚན་བཅུ་གླེང་བ། 
  • << གློའུ་མོ >> བཀླགས་པའི་མྱོང་ཚོར།
  • མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བཅུ་པ།

ཉེ་ཆར་གྱི་མཆན་བུ།

  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ། ༼ གཉིས་པ། ༽
  • ཚེ་བརྟན་འགྱུར་མེད། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ཆུང་དུས་ཚོར་སྣང་འགའ་ལས་འཕྲོས་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • གཞུང་པ་ཚེ་དབང་བསོད་ནམས། on ༈ མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • ཚེ་བརྟན་འགྱུར་མེད། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། བརྒྱད་པ།
  • རིག་པའི་རྡོ་རྗེ། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on གསང་བའི་ལྷ་ཁང་ཞིག་གི་གསང་བ་བརྟོལ་བ།
  • གཞུང་པ་ཚེ་དབང་བསོད་ནམས། on མི་འབོར་མང་ཤོས་ཀྱང་སྲིད་སྐྱོང་གི་འོས་མི་མེད་པའི་དབུས་གཙང་རྣམ་པ།
  • ཚེ་བརྟན་འགྱུར་མེད། on བོད་རྒྱའི་འབྲེལ་ལམ་གྱི་ཁོར་ཡུག་ལ་དཔྱད་པའི་གཏམ།   

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • །།འོག་མིན་ཨོ་རྒྱན་སྨིན་གྲོལ་གླིང་གི་རྟེན་དང་བརྟེན་པར་བསྔགས་པའི་སྙན་ངག་གཏེར་ཆེན་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།། (14)
  • ན་ཟུག (5)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme