Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

བོད་ཀྱི་སྐད་ཡིག་ལ་གསར་བརྗེ་གཏོང་རན།

Posted on 2023-02-27 By ཁ་བརྡ 5 Comments on བོད་ཀྱི་སྐད་ཡིག་ལ་གསར་བརྗེ་གཏོང་རན།

ཉག་རོང་དོན་གྲུབ་ནས།

དང་པོ། སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་མིན། 

“སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་ཡིན་”ཞེས་ཟེར་སྲོལ་ཡོད་མོད། དོན་ལ་སྐད་ཡིག་ནི་མི་རིགས་ཀྱི་བླ་སྲོག་མིན། གང་ཡིན་ཟེར་ན། མི་རིགས་ཤིག་ལ་མཚོན་ན་སྐད་ཡིག་ལ་བཅོས་སྒྱུར་གཏོང་ཆོག་པ་དང་། རིམ་བཞིན་འགྱུར་བ་འགྲོ་བ། སྐད་ཡིག་གཉིས་གསུམ་ཡང་ཡོད་ཆོག་པ་ཞིག་རེད། ད་ལྟ་བོད་པར་མཚོན་ན་ཡང་། གཞན་གྱི་སྐད་ཡིག་མ་གཏོགས། བོད་རང་གི་སྐད་ཡིག་མི་ཤེས་པའི་བོད་རིགས་གཞོན་སྐྱེས་མང་པོ་ཞིག་འཚར་གྱིན་ཡོད་པ་དང་། བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཡང་བོད་ཡིག་ནང་ལ་ཆ་ཚང་ཞིག་མེད་པ། གལ་ཏེ་སྐད་ཡིག་དེ་མི་རིགས་འཆི་གསོན་དང་འབྲེལ་བ་ཡོད་པ་ཡིན་ན། དེང་སང་མི་རིགས་ཤི་བོ་མང་པོ་ཞིག་ཡོད་དགོས་ངེས་རེད་ལ། རྡ་སའི་བོད་མིའི་སྒྲིག་འཛུགས་ཡང་མི་རིགས་ཤི་བོའི་རོ་སྒམ་ཞིག་ཡིན་ངེས། མི་རིགས་གཞན་གྱི་སྐད་ཡིག་ལ་བསྟེན་པའི་མི་རིགས་དང་རྒྱལ་ཁབ་མང་པོ་ཡོད་པ་དང་། ད་ལྟའི་བོད་མིའི་ཁ་སྟབས་ལ་མཚོན་ན། ཆེས་རྗེས་ལུས་ཅན་གྱི་བོད་མི་རིགས་ཤིག་འདི་མུར་འཚོ་དགོས་མིན་དེ་གལ་གནད་རེད། 

གཉིས་པ། སྐད་ཡིག་སྣ་མང་ཅན་གྱི་དེང་རབས་མི་རིགས་ཡོད།

ང་ཚོ་ལ་མཚོན་ན་མི་རིགས་སྲུང་སྐྱོབ་དང་རྒྱལ་ཁབ་སླར་གསོ་བྱེད་དགོས་པ་ལས། ཆོས་ལུགས་དང་རིག་གཞུང་སྲུང་སྐྱོབ་ནི་དེ་ཙམ་གལ་ཆེན་པོ་མ་རེད། དུས་རབས་གསར་པའི་མི་རིགས་ནི། རིག་གཞུང་གསར་བ་དང་སྐད་ཡིག་སྣ་མང་ཅན་ཡིན་པ་རེད། ང་ཚོ་ཕྱི་དངོས་པོའི་ཆབ་དཔལ་རིག་གསུམ་གྱི་རྗེས་ལུས་གཅིག་པོ་ཙམ་མིན་པར། ནང་སེམས་ཀྱི་བསམ་བློ་དང་ཀུན་སྤྱོད་ཀྱི་རྗེས་ལུས་ཐེབས་ཡོད་པའི། ཆོས་ལུགས་པའི་བྲན་གཡོག་གྱི་མི་རིགས་ཤིག་ཆགས་བསྡད་ཡོད་པ་དང་། ལྷ་ཆོས་ནི་འཕྲུལ་སྣང་རིང་ལུགས་པའི་རྟོག་བཟོའི་སེམས་ཁམས་ཀྱི་གསང་སྒྲུང་ཞིག་ཡིན་ཕྱིར། ལྷ་ཆོས་ལ་བསྟེན་ནས་ཚོང་ཁེ་ཡག་པོ་རག་མཁན་དང་། གོ་ཐོབ་ཆེན་པོ་ཐོབ་མཁན་ནི་ཡོད་ངེས་མོད། རྟོག་བཟོའི་ལྷ་ཆོས་ཡང་ཡར་རྒྱས་ཅན་གྱི་སྤྱི་ཚོགས་དང་བསྟུན་ནས། བཅོས་སྒྱུར་གཏོང་དགོས་པ་ནི་དུས་རབས་ཀྱི་དགོས་མཁོ་གལ་ཆེན་ཞིག་རེད། 

བོད་མི་རིགས་ལ་མཚོན་ན། ཐ་ན་བོད་ཀྱི་རྒྱལ་རབས་ལོ་རྒྱུས་ཆ་ཚང་ཞིག་ཡང་བོད་ཀྱི་སྐད་ཡིག་ནང་འབྲི་ཐུབ་མེད་པར། བྲིས་ཚད་ཚང་མ་རྒྱ་གར་བའི་ལྷ་ཆོས་ཀྱི་རྟོག་སྒྲུང་གི་ཆོས་འབྱུང་ཤ་སྟག་རེད། ད་ལྟ་ད་དུང་ང་ཚོ་འདི་ལྟར་ཆོས་ལུགས་གྱི་བྲན་གཡོག་པ་ཞིག་བྱས་ནས་བསྡད་པ་ཡིན་ན། བོད་ཀྱི་སྐད་ཡིག་དེ་འཇིག་རྟེན་འདིར་གནས་པ་ལ་དགོས་པ་དང་རྒྱུ་མཚན་ཆེན་པོ་ཅི་ཡོད་མ་རེད། མ་གཞི་དབུ་མའི་ལམ་གྱི་སྲིད་ཇུས་ལ་བསྟེན་ནས། བོད་ཕྱི་ནང་གཉིས་ཀར་བོད་ཀྱི་སྐད་ཡིག་དམར་གསོད་གཏོང་བཞིན་ཡོད་ཁར། ང་ཚོའི་ཆོས་དཔོན་ཚོས་ནང་ཆོས་ནུབ་ཕྱོགས་ལ་ཁྱབ་སྤེལ་བྱེད་ཐུབ་ན། བོད་མི་རིགས་ཤི་ཡང་ཁྱད་པར་མེད་པའི་སྐད་ཆ་ཡང་བཤད་བཞིན་པ་འདི་རེད།

གསུམ་པ། བོད་མི་རིགས་ནི་ཆོས་ལུགས་ཀྱི་བྲན་གཡོག་པ་ཡིན། 

ཆོས་ལུགས་པས་འགྲོ་བ་མིའི་རིགས་མགོ་སྐོར་བཏང་པ་ལ་ནི་ཚོད་ཅིག་མེད། ད་ང་ཚོ་ཆོས་ལུགས་པའི་བྲན་གཡོག་ལས་ཐར་ཐབས་ལ་བསམ་བློ་དགོས་ན། དང་པོ་བཀའ་བསྟན་བྲག་རི་ལྟར་བརྩིགས་པའི་བོད་ཀྱི་སྐད་ཡིག་འདི་མེད་པར་བཟོ་དགོས། བོད་ཀྱི་སྐད་ཡིག་ལ་གསར་བརྗེ་གཏོང་དགོས། བོད་ཀྱི་སྐད་ཡིག་འདི་མེད་པ་བཟོ་ཐུབ་པ་ཡིན་ན། ད་ལྟའི་བོད་བརྒྱུད་ནང་བསྟན་པའི་རྟོག་སྒྲུང་གི་གླེགས་བམ་ཆ་ཚང་བསྣུབ་ཐུབ་ཀྱི་ཡོད་པ་དང་། ད་གཟོད་ཡར་ཐོན་ཅན་གྱི་སྐད་ཡིག་དང་མི་རིགས་གསར་བ་ཅིག་བཟོ་ཐུབ་པ་ལ་ཕན་ཐོགས་ཡོད། དེ་མིན་བོད་ཀྱི་སྐད་ཡིག་འདི་ཇི་སྲིད་ནམ་གནས་ཀྱི་བར་དུ། བོད་འདི་ཆོས་ལུགས་པའི་བྲན་གཡོག་ལས་ཐར་དཀའ་ལས་ཁག་པོ་རེད། ནུབ་ཕྱོགས་ལ་མཚོན་ན་ཡང་དང་པོ་རྟོག་བཟོའི་ལྷ་ཆོས་ཀྱི་མགོ་སྐོར་འོག་ལ་ཚུད། ཆོས་ལུགས་པའི་བྲན་གཡོག་ཏུ་གྱུར། དེ་ནས་རིག་གཞུང་གསར་བརྗེ་བྱས་ནས་དེ་དག་མེད་པར་བཟོས། ཆོས་ལུགས་བཅོས་སྒྱུར་བཏང་། གཞི་ནས་དམངས་གཙོ་ཅན་དང་ཡར་རྒྱས་ཅན་གྱི་རྒྱལ་ཁམས་དག་བྱུང་འདུག །ད་ལྟ་ཡེ་ཤུ་སོགས་ནུབ་ཕྱོགས་ལྷ་ཆོས་མང་ཆེ་བ་འཇིག་རྟེན་གྱི་ཉིན་རེའི་འཚོ་བ་དང་འདྲེས་ནས་ཡོད་པ་ལས། བོད་ལྟར་འཇིག་རྟེན་ལས་འདས་པའི་སྤྲང་ཆོས་ཉིན་རེའི་འཚོ་བའི་བར་ཆད་དུ་གྱུར་པ་གཅིག་ཀྱང་མེད། རྒྱ་ནག་ཡང་གསར་བརྗེའི་རང་བཞིན་ལ་བསྟེན་ནས་གཅིག་གྱུར་དང་ཡར་རྒྱས་བྱུང་བ་རེད། རྒྱལ་ཁབ་དང་མི་རིགས་ལ་བསམ་བློ་བཏང་ན། ད་ལྟའི་བོད་བརྒྱུད་ནང་བསྟན་ཟེར་བ་དེ་ནི། འཕུང་འདྲེ་ངོ་མ་ཆེ་ས་ནས་རྒྱལ་ཁབ་རྩ་མེད་གཏོང་བ་དང་། ཆུང་ས་ནས་མི་རིགས་རྣམས་སྡར་མ་ཝ་མོ་ནང་བཞིན་བཟོ་འགྲོ་བ་འདི་རེད། འཛམ་གླིང་སུམ་གཉིས་ལ་དམག་དཔུང་གིས་ཁ་ལོ་བསྒྱུར་མྱོང་བའི། སོག་པོ་ལ་ཡང་ནང་ཆོས་འདི་དར་ནས་བཟུང་མཐར་ཉམས་རྒུད་དུ་ཕྱིན་སོང་བ་རེད། དེ་མིན་འབྱོར་ལྡན་ཁ་ཤས་དང་སྤྲང་འཁྱམས་ཁ་ཤས་ལ་ནི། སེམས་པ་སྐྱིད་པོ་ཡོང་ཡ་ལ་ཕན་ཐོགས་རེ་ཡོད་སྲིད་པ་ཙམ་རེད། 
 ཅེས་ཉག་རོང་དོན་གྲུབ་ནས། ༠༢/༢༦/༢༠༢༣

བསམ་ཚུལ།

Post navigation

Previous Post: བོད་རིག་པའི་མཁས་དབང་དང་ལོ་ཙཱ་བ་ཆེན་མོ་སྐུ་ཞབས་སངས་རྒྱས་ལགས་སྐུ་ཚེའི་འཕེན་པ་རྫོགས་པར་མྱ་ངན་ཞུ།
Next Post: ཨ་ཕར་བྲིས་པ།

Comments (5) on “བོད་ཀྱི་སྐད་ཡིག་ལ་གསར་བརྗེ་གཏོང་རན།”

  1. སྐྱབས། says:
    2023-02-27 at 1:03 am

    ཉག་རོང་དོན་གྲུབ་ཟེར་བ་འདི་གུང་ཁྲན་ཏང་གི་རྒྱུགས་ཁྱི་དང་། དོལ་རྒྱལ་ཚོགས་པའི་ཨབ་ཕྲུག་རེད། མི་ཁྱོད་འདྲ་པོས་བོད་མི་རིགས་དང་བོད་ཀྱི་རིག་གཞུང་། བོད་རྒྱལ་ཁབ་སྐོར་ལ་གླེང་བའི་འོས་བབ་དང་ཐོབ་ཐང་ཏིལ་ཙམ་མེད། ཟ་འདྲེ་ཁྱོད་ཁྱི་ཁ་བཙུམས་ནས་བསྡད་ན་དགའ།

  2. Dechen says:
    2023-02-27 at 9:35 am

    རྒྱ་རྒན་མའོ་ལས་མཁས་པ།།
    ཐུང་ཀྲན་པུའུ་ལས་སྤྱང་བ།།
    ལོ་རྒན་དྲག་ཅུའི་རིང་ལ།།
    ཏང་རྒན་སོ་རུལ་ཆ་བོས།།
    བོད་ལ་ཤ་བཏོག་རུས་བཏོག།
    དེ་ལས་གསར་བརྗེ་དཔའ་རྒོད།།
    རྒན་ཀྱོག་དོན་གྲུབ་ཟེར་རེད།།
    གངས་ཅན་བོད་ཀྱི་རྒྱན་རེད།
    ཉག་རོང་ལུང་བའི་ཏོག་རེད།།
    སྔོན་ཐོན་ཝ་མོའི་སྡུག་སྐད།།
    སྤང་རིའི་ཟུར་ལ་བུད་ནས།།
    གངས་རིའི་རྩེ་ལ་སྒྲོག་པ།།
    འདྲེ་ཡི་འགྲམ་ལྕག་མིན་ཚེ།།
    གདོང་ལྔའི་གཟི་བརྗིད་སྙིང་ལ།།
    མ་བཟོད་དཔའ་སྐད་ཡིན་འགྲོ།།

  3. Gangjong says:
    2023-03-06 at 4:31 am

    ཁོ་བོ་ནི་བོད་ཀྱི་བརྡ་སྤྲོད་སྐོར་ནས་ཉམས་ཞིབ་བྱེད་མཁན་ཞིག་ཡིན་པས། “བོད་ཀྱི་སྐད་ཡིག་ལ་གསར་བརྗེ་གཏོང་རན།’ཞེས་པའི་རྩོམ་བྱང་འདི་མཐོང་མ་ཐག་དགའ་བ་དང་བཅས་ཏེ་ཀློག་སྐབས། བླུན་བཤད་ལུང་པ་གང་བྱས་འདུག་པས། བླུན་པོ་སྙིང་ཁམ་ཅན་འདི་རིགས་སྙིང་མ་རྗེ་བསམས་སོང་།

  4. ཇ་མ། says:
    2023-03-20 at 9:53 pm

    ཉག་རོང་དོན་འགྲུབ་ནས་ཁྱི་ལབ་རྒྱབ་པ་ཙམ་ལས་རང་ཉིད་ཀྱི་བོད་ཡིག་གི་རྨང་གཞི་གང་འདྲ་ཡོད་པ་ཤེས་དགོས།

  5. བེ་རི་འཇིགས་མེད། says:
    2023-03-21 at 7:30 am

    དེ་རིང་དགའ་དགོས་པའི་གནས་ཚུལ་ཞིག་མཐོང་བྱུང་། དེ་ནི་ཁ་བརྡ་ཀློག་གྲངས་མང་ཤོས་དེ་རྩོམ་ཚན་འདི་རེད་འདུག་འདི་ཀློག་མཁན་ ༣༨༠ ཙམ་ལས་བྱུང་མི་འདུག།དེ་ནི་ཧ་ཅང་དགའ་དགོས་པ་ཞིག་རེད། རྒྱུ་མཚན་ནི་ཁ་མ་དགེ།་བཀྲ་མ་ཤིས་པའི་དྲ་ཚིགས་འདི་བཟོས་ནས་བཟུང་ཕུ་ནུ་ནང་འཁྲུགས་རྒྱག་ས་སྡུག་ཤོས་ཤིག་ཆགས་སོང་། དེ་ནི་དྲ་བདག་ཚོ་སྐུལ་སལོང་མ་དག་པའི་སྐྱོན་ཁོ་ན་ལས་བྱུང་བ་ཞིག་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • ཨ་མའི་དཀའ་ལས་དང་བྱམས་བརྩེ།
  • ཨེ་ལི་སི།
  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད།
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།

ཉེ་ཆར་གྱི་མཆན་བུ།

  • ཀླུ་སྨྱོན་ཧེ་རུ་ཀ on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན།
  • གཞུང་པ་ཚེ་དབང་བསོད་ནམས། on ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ།
  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ནཱ་ལེན་དྲའི་ལྟ་གྲུབ་ཀྱི་མཚམས་ལས་འདས་པའི་དགེ་འདུན་ཆོས་འཕེལ། (93)
  • ཤེས་རིག་ལས་ཁུངས་ལ་སྤྲིངས་པའི་འཕྲིན། (62)
  • ཨེ་ལི་སི། (53)
  • ཨ་མའི་དཀའ་ལས་དང་བྱམས་བརྩེ། (35)
  • ཨ་རིའི་རླུང་འཕྲིན་ཁང་གི་འོག་བོད་སྐད་སྡེ་ཚན། ༼ VOA  དང་ ༼ RFA ༽ གཉིས་ནི་བོད་མི་གཞིས་བྱེས་གཉིས་ཀྱིས་སྨྲ་བརྗོད་རང་དབང་གིས་མགྲིན་ཚབ་པ་བླ་ན་མེད་པ་དེ་ཡིན་པའི་ངོས་འཛིན་ཞུ་གི་ཡོད། (23)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme